མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་གི་འཇུ་བཟུང་ཆེན་པོ་གཉིས། ལྷ་ལུང་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

ལྷ་ལུང་རྒྱལ།

༼བག་ཆགས་དོང་སྤྲུགས་༽སོགས་ཀྱི་རྩོམ་ཡིག་མང་པོ་བྲིས་རྗེས། ཞོགས་དུང་ཟེར་བ་ཞིག་བོད་མི་མང་གིས་ཤེས་པར་གྱུར་ཅིང༌། དེ་འང་མཆེ་བ་དང༌། རྭ་ཅོ་ཡོད་པ་ལྟ་བུ་འཇིགས་སུ་རུང་བ་ཞིག་གི་རྣམ་པས་ཤེས་ཡོད། ཡིན་ནའང༌། དོན་ངོ་མས་ཞོགས་དུང་དྲག་ཤལ་གྱི་ཉམས་དང་ལྡན་པའི་དེ་ལྟའི་བདུད་པོ་ཞིག་རེད་དམ། གལ་སྲིད་ཡིན་ན། བདུད་པོ་དེས་བདུད་ཀྱི་བྱེད་ལས་ཅི་ཞིག་བསྟན་སོང༌། འདི་ནི་ཞོགས་དུང་བདུད་དུ་གླེང་མཁན་ཚོར་ལྷགས་པའི་དྲི་བ་རེད་ལ། དྲི་བ་དེས་ཁོང་ཚོར་ན་ཟུག་གཏོང་གི་ཡོད།

སྤྱིར་བཏང༌། བདུད་དང་འདྲེ། ལྷ་ཟེར་བ་འདི་རིགས་དོན་དངོས་ཡོད་མེད་ཀྱི་རྩོད་པ་ཆེ་ཞིང༌། མིའི་རིགས་ལ་ཡོད་པའི་ཀུན་སློང་བསྐྱེད་མཁན་ནི། ཆོས་ལུགས་པ་ཚོ་རེད་ཅེས་བཤད་ཆོག་པ་འདྲ། ཆོས་ལུགས་པ་ནི་ལྷ་འདྲེ་གདོན་རིགས་ཀྱི་འགྲོ་འདུག་སྤྱོད་པ་མི་ཚོར་ངག་གིས་གསལ་བཤད་བསྐྱོན་མཁན་ཡིན་པ་མ་ཟད། ཁོང་ཚོས་ལྷ་འདྲེ་གདོན་ཐེའུ་ལ་ཁ་ལོ་ཡང་བསྒྱུར་ཐུབ་རབས་བཤད། དེའི་ཕྱིར། ཞོགས་དུང་གདོན་དུ་མཐོང་ཞིང༌། མི་མང་མང་ཚོགས་ལ་ཐོག་མའི་གདོན་གྱི་རྣམ་རྟོག་བསྐྱེད་མཁན་ཡང་བོད་ཀྱི་ཆོས་ལུགས་པ་ཚོ་ཡིན་པར་གྱུར་ཡོད།

ཁོང་ཚོས་ཞོགས་དུང་གདོན་རེད། གདོན་འདིས་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་ཕུང་པོར་རྒོལ་གྱི་འདུག དམ་པའི་ཆོས་ལ་རྒོལ་བ་དང་དམོད་རྒྱུ་ལྟ་ཅི། དེ་ཚུལ་ཡིད་ལ་འཆར་བ་ཙམ་གྱི་མི་ཡང་བདུད་རེད་ཅེས་བཤད་ཡོད། ཆོས་ལུགས་པ་འདི་རིགས་ཀྱི་བཤད་སྟངས་འགྲིག་མིན་དང༌། ཞོགས་དུང་གིས་ཆོས་ལ་དམའ་འབེབས་བྱས་ཡོད་མེད་ངས་མི་ཤེས། ངས་ཤེས་པ་ནི་ཁོང་གིས་མི་རིགས་ཀྱི་ཉམ་ཐག་པའི་གནས་སྟངས་སེམས་ཀྱིས་མ་བཟོད་པར། དེ་ལ་བསམ་བློ་ཡང་ཡང་བཏང། དབྱེ་ཞིབ་རིམ་པར་བྱས་པའི་རྙེད་དོན་དེ། ཁ་ཁོག་པས་མ་གསང་བ་དང༌། བློ་སྒྱུ་མས་མ་སྐུམ་པར་བོད་མི་རིགས་ལ་སྐད་གསེང་མཐོན་པོས་བསྒྲགས་པ་རེད། དེ་འདྲ་ཡིན་དུས། ཁོང་འཆུགས་ནས་དམྱལ་བར་ལྷུང་ཡང༌། མི་རིགས་ཀྱི་ཆེད་དུ་འཆུགས་ནས་དམྱལ་བར་ལྷུང་བ་གསལ་པོ་རེད། དེ་འདྲ་ཡིན་དུས། ཞོགས་དུང་གིས་ཕ་བསད་ཀྱང་རུང༌། མར་རྡུང་ཡང་འགྲིག བོད་མི་རིགས་ཀྱི་ཆེད་དུ་རྡུང་ཞིང་བསད་པ་ཡིན་ཕྱིན། རང་གི་མི་རིགས་ལ་དགའ་མཁན་ཞིག་ཡིན་ན། ཞོགས་དུང་ལ་དགའ་ཁོ་ཐག་ཡིན་ནི་རེད་ལ། ངའང་དེ་བཞིན་ཡིན། མ་གཞི་ནས། ང་འདྲ་བོར་མཚོན་ནའང༌། བོད་བརྒྱུད་ནང་བསྟན་འདིར་སེམས་ཀྱི་མཐིལ་ནས་དགའ་ཞེན་ཆེ་ཞིང༌། བསྐལ་བ་ནས་བསྐལ་བར་སྐྱབས་ལས་འདོར་བ་མེད་པའི་གསོལ་བ་སྨོན་ལམ་འདེབས་མཁན་ཞིག་ཡིན།

ཡིན་ནའང༌། ང་ལ་མི་ཞིག་གིས། ཁྱོད་ཀྱིས་མི་རིགས་དང་ཆོས་ལུགས་གཉིས་ལས་གཅིག་དེ་འདམས་ལེན་གྱིས། ཅིག་ཤོས་མེད་པར་གཏོང་གི་ཡིན་ཟེར་ན། ངས་ནི་དོགས་པ་ཐེ་ཚོམ་ཅི་གང་མེད་པར། རང་གི་མི་རིགས་སྐྱོབ་ངེས་ཡིན། ངའི་བསམ་པར། མི་རིགས་དང་ཆོས་ལུགས་གྱི་འབྲེལ་བ་དེ་བྱ་དེ་དང་སྒོང་ངའི་འབྲེལ་བར་མཐོང་གི་ཡོད་པས་ཡིན། བྱ་དེ་མ་ཤི་ན་སྒོང་ང་ཡོད་པ་དེ་ཚང་མས་ཤེས་རྒྱུ་རེད།

གང་ལྟར། ཞོགས་དུང་གི་ལྟ་བ་དང་ལག་ལེན་དེ་ཡག་རུང་སྡུག་རུང༌། བག་ཆགས་རྙིང་རུལ་གྱི་དབང་བཙན་པོས། བོད་མི་རིགས་ཀྱི་མིག་ལམ་དུ་ཁོང་བདུད་ལ་བསྒྱུརབ་དང༌། བདུད་དུ་སྙམ་པ་ནས་བོད་མི་རིགས་ཀྱིས་ཁོང་འཇུས་པ་རེད། འཇུས་ནས་དྲང་བདེན་མ་ཡིན་པའི་སེམས་ཀྱི་ཁྲིམས་རར་བཅུག་སྟེ་མནར་གཅོད་ཀྱང་གང་འཚམ་གཏོང་ཐུབ་ཡོད། མ་གཞི་ནས་བོད་མིས་བོད་མི་འཇུས་ཏེ་ཁྲིམས་ར་འདིར་བཅུག་པ་ནི་ཞོགས་དུང་གཅིག་པུ་མིན་པར། ཞོགས་དུང་སོགས་བོད་མི་རིགས་ཀྱི་ནམ་མཁའ་འདེགས་པའི་ཀ་བ་ལྟ་བུ་མང་པོ་མང་པོ་ཞིག་ཡོད།

འདིར་ལྟར། བོད་མི་རིགས་ཀྱིས་ཞོགས་དུང་འཇུས་ནས་ལོ་ངོ་གང་འཚམ་འགོར་ནའང༌། བོད་ཀྱི་བཙོན་ཁང་གིས་ཞོགས་དུང་འཆམ་ལ་ཕབ་ཐུབ་རྒྱུ་ལྟ་ཞོག ཞོགས་དུང་གི་སྨྱུག་རྩེ་སྔར་ལས་ཇེ་རྣོར་གྱུར། ཞོགས་དུང་གི་སྤོབས་པ་རི་བཞིན་ཇེ་མཐོར་སོང༌། ཞོགས་དུང་བོད་ཀྱིས་བཙོན་དུ་བཀག་ཡང༌། ཞོགས་དུང་སྡང་ས་དང་ཞོགས་དུང་གི་གཤེ་ས་དེ་བོད་མིན་པར་གྱུར། ཞོགས་དུང་བཙོན་གྱི་ཕྱི་ནང་གང་ནས་བསྡད་ཀྱང༌། ཁོའི་བསམ་རྒྱུ་དང་བཤད་རྒྱུ་ནི་རང་གི་མི་རིགས་ཡིན། མི་རིགས་ལ་ཕན་རྒྱུ་ཞིག་ཡྀན་དུས། ཁོང་བཙོན་ལ་འཇིགས་རྒྱུ་ལྟ་ཅི། སྲོག་ཀྱང་འདོར་ཐུབ་པ་འདྲ།
ཞོགས་དུང་བོད་ཀྱི་བཙོན་དུ་ཡོད་སྒང་དེར། བོད་དུ་ཞི་རྒོལ་ཆེན་མོ་བྱུང༌། ཞི་རྒོལ་ཆེན་མོས་ཞོགས་དུང་ལ་ཚོར་སྣང་མི་འདྲ་བ་གསུམ་སྤྲད་ཅིང༌། དེ་འབྲེལ་གྱི་རྩོམ་ཡིག་རིང་པོ་ཞིག་བྲིས་ཏེ་དཔར་དུ་བསྐྲུན་པ་དང༌། རྩོམ་གྱི་མིང་ལ་༼གནམ་ས་གོ་འབྱེད་༽བཏགས། དེབ་དེ་དཔར་བསྐྲུན་འགྲེམས་སྤེལ་གྱི་རྗེས། བོད་ཀྱི་བཙོན་ཁང་དུ་མྱངས་བཞིན་པའི་ཞོགས་དུང་སླར་ཡང་རྒྱ་ཡིས་འཇུས་པ་དང༌། འདི་ནི་ཁོང་གི་མི་ཚེའི་བཙོན་འཇུག་གཉིས་པ་དེ་ཡིན། ད་ལྟ་ཁོང་རྒྱལ་ཁབ་གཉིས་ཀྱི་ཉེས་ཅན་པ་དང༌། བཙོན་ཁང་གཉིས་ཀྱི་བཙོན་མར་གྱུར་ཡོད། ཞོགས་དུང་བཙོན་འཇུག་གི་བརྒྱུད་རིམ་ལ་བལྟས་ཡོང་དུས། རྒྱ་བོད་གཉིས་ཀྱི་བཙོན་དུ་ཚུད་ལུགས་ལ་འདྲ་དང་མི་འདྲ་སའི་དོན་དག་འདི་འདྲ་ཁ་ཤས་ཤིག་ཡོད་པ་ཡིན། གཅིག་དེ་བཙོན་འཇུག་གི་ལོ་དུས་མི་གཅིག་པ་དང༌། བཙོན་དུ་འཇུག་མཁན་ནི་བོད་རྒྱ་གཉིས་ཏེ། དེ་འང་མི་གཅིག ད་དུང་བཙོན་ཁང་མི་གཅིག་ལ། མནར་གཅོད་གཏོང་ལུགས་ཀྱང་ཁ་ཁ་རེད། ཡིན་ནའང༌། ཞོགས་དུང་བཙོན་དུ་འཇུག་དགོས་པའི་རྒྱུ་མཚན་དེ་གཅིག་པ་ཡིན། དེ་ནི་ཁ་གསལ་པོས་བཤད་ན། ཁོང་ཉིད་བོད་མི་རིགས་ལ་དགའ་ཞེན་ཆེ་བས་རེད་དོ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༧ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 23

  1. རྭ་ལྷུན། says:
    ལོ་ 15 སྔོན།

    གསར་བརྗེ་བྱེད་པ་ནི་ཆོས་ངོ་མ་ཡིན།

    གཅེས་འཛིན་གདོན་གྱིས་མྱོས་ཆེ་སྟེ།།
    རྒྱལ་ཁབ་མགོ་འབུལ་ལུས་འབུལ་བྱས།།
    གཞན་སར་གླ་ཆ་བཏང་ལ་བསྡད།།
    འཕྱ་སྨོད་ཡུལ་དུ་མ་གྱུར་ཏམ།།

    ཆོས་ཤོག་བསམ་དང་བྱ་སྤྱོད་དག།།
    འབོད་སྐུལ་བྱེད་མཁན་ཞོགས་ཁའི་དུང་།།
    ཡང་ཡང་བུས་པ་མང་དྲགས་ནས།།
    དཀའ་ངལ་དུས་སུ་སྐྱོབ་མཁན་དཀོན།།

    བསོད་ནམས་མར་ངོས་ཟླ་ལ་འགྲན།།
    ཕྱི་འཇམ་ནང་རྩུབ་ལུག་གི་གྲོགས།།
    ཉིན་བཞིན་བདོ་བས་གདོང་དམར་བོད།།
    རྩམ་སྐྱ་རླུང་གིས་སྤུར་བའི་སྤུན།།

    དོན་དངོས་རྒྱལ་གཅེས་གོ་བ་འཛོལ།།
    ཞི་དྲག་འཐབ་ཀྱིན་མ་སོང་ན།།
    རང་མཆུ་རང་གིས་བསྡམས་མིན་ནམ།།
    མ་འོངས་བདེ་སྐྱིད་འཚོལ་སྙེགས་རེམས།།
    ཞེས་ཀྱང་ངག་ལས་དབང་མེད་དུ་ཤོར།།

    Reply
  2. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།

    Reply
  3. གསེར་སྦྲང་། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་དང་ཐེའུ་རང་གཉིས་མྱུར་དུ་གློད་གྲོལ་ཡོང་བས་སྨོན་འདུན་ཞུ་གི་ཡིན

    Reply
  4. ཡེ་ཤེས་རྒྱ་མཚོ་ says:
    ལོ་ 15 སྔོན།

    མི་རིགས་ལ་ཞེན་ཁོག་དང་ལ་རྒྱ་ཅན་གྱི་སྐུ་ཞབས་ཞོགས་དུང་ལགས། ངས་དུས་ནམ་ཡང་ཁྱེད་རང་བརྗེད་མི་སྲིད། ཁྱེད་རང་དང་མཉམ་དུ་སྐུ་ཞབས་དོན་འགྲུབ་རྒྱལ་ཡང་དྲན་བཞིན་ཡོད། ཁྱེད་རང་ཚོས་བོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱི་སེམས་ལ་ལ་རྒྱ་དང་བོད་མི་རིགས་ཀྱི་ཞེན་ཁོག་གི་བག་ཆགས་གསར་བ་ཞིག་སྐྲུན་བཞིན་ང་ཚོའི་བོད་མི་རིགས་འདི་རྒྱུན་རིང་ཡུན་གནས་ཐུབ་ཐབས་སུ་གཞུང་ལམ་ཞིག་གསར་གཏོད་བྱེད་བཞིན་པར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། ཐུགས་རྗེ་ཆེ། །

    Reply
  5. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ང་ནི་སྐུ་ཞབས་ལྷ་ལུང་རྒྱལ་ལ་ཧང་སང་ནས་བསྡད་ཡོད།་ད་དུང་ཁོང་གི་བསམ་ཚུལ་དེ་བས་ཀྱང་ཧང་སང་དགོས་པ་འདུག་་་བཙན་བྱོལ་གྱི་རྭ་བ་ཆུང་ཆུང་དེའི་ནང་ཞོགས་དུང་དང་འདྲ་བའི་མི་ཞིག་མེད་བསམ་ཡོད།་སྟབས་ཉེས་པ་ཞིག་ལ་ཁ་སང་དེ་རིང་བཙན་བྱོལ་ཁྲོད་ཞོགས་དུང་གི་ལྟ་ཚུལ་བཟུང་མཁན་ཡོད་པ་ཤེས་སོང།མི་དེ་དག་ཡང་སྙིང་ཞོགས་དུང་དངོས་རྫུན་གང་ཡིན་བཤད་ཚོད་མ་ཐེབས་ཀྱང།ཤེས་རིག་གི་ཀླད་པ་ཡོངས་སུ་མ་སྨིན་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་ཆོག
    ངས་ཞོགས་དུང་གི་མི་རིགས་རིང་ལུགས་ཀྱི་ལ་ཞེན་ལ་གུས་བརྩི་བྱེད་བཞིན་ཡོད་ལ།་བསྟོད་དབྱངས་ཀྱང་ཕུལ་མྱོང་ཡོད།དེའི་ཆ་ནས་ཁོང་ནི་བོད་མི་རིགས་ཀྱི་སྲོག་རྩའི་གྲུབ་ཆ་ཆུང་ཆུང་ཞིག་རེད།
    བོད་ཀྱི་ནང་ཆོས་ནི་འཛམ་གླིང་ཞི་བདེ་སྒོ་འབྱེད་པའི་ལྡེ་མིག་གཅིག་པུ་དེ་ཡིན།དེ་མེད་ན་འཛམ་གླིང་ཞི་བདེ་དང་སེམས་ཅན་སྡུག་བསྔལ་ལས་གྲོལ་བ་ཡོང་རེ་མི་སྲིད་པ་ཞིག་ཡིན།གལ་སྲིད་ས་ཡ་དྲུག་ལས་མེད་པའི་བོད་མི་རིགས་འདི་ཉམ་ནས་རྩ་མེད་དུ་འགྲོ་ཡང་ནང་ཆོས་ཀྱི་ཉི་འོད་འཛམ་གླིང་ནང་ཁྱབ་པ་ཞིག་བྱུང་ན་བོད་མི་རིགས་ཀྱི་མངོན་འདོད་གྲུབ་པ་རེད་ལ།༸གོང་ས་མཆོག་དགོངས་གཞི་མཐར་ཐུག་ཡང་གྲུབ་སོང་བ་རེད།དེར་བརྟེན་ཟམ་གདོང་པཎ་ཆེན་གྱིས་བོད་མི་རིགས་ཉམ་ཡང་ནང་བསྟན་ཆོས་ལུགས་མ་ཉམ་ན་འགྲིགས་ཞེས་གསུངས་པར་གོ་རྒྱུ་ཆེན་པོ་ཡོད།་
    སྐད་ཆ་མང་པོ་བརྗོད་མི་དགོས་པ་ཚིག་སྡོམ་འདི་ལ་དགོངས་པ་བཞེས་ཐུབ་པ་ཞིག་བྱུངན་ལྷ་ལུང་རྒྱལ་སོགས་ཁྱེད་ཅག་གིས་་ནང་བསྟན་ཆོས་ལུགས་ལས་བོད་མི་རིགས་གདམས་དགོས་པ་དང།་ཆོས་དང་མི་རིགས་གཉིས་བྱ་སྒོང་གི་འབྲེལ་བ་ལྟར་བྱ་དེ་མེད་ན་སྒང་ང་མེད་ཅེས་ཟེར་བའི་ལོག་ལྟ་རྣམས་ག་ལེར་སང་ཐུབ་པའི་རེ་བ་བྱེད་ཆོག

    Reply
  6. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    ཞོགས་དུང་དམིགས་སུ་བཀར་ནས་གླེང་སློང་བྱེད་དགོས་དོན་ནི། ཁོང་གི་ལྟ་བ་ལངས་ཕྱོགས་མི་རིགས་ཀྱི་ཕྱོགས་སུ་བཞེངས་ཤིང་། ངོས་འཛིན་ཐག་གཅོད་རང་ཚུགས་ཀྱི་ཐོག་ནས་ཡོད་པས་དང་། གཞན་ཡང་། ཁོང་གི་ནུས་པའི་མི་རིགས་ཤིག་གཉིད་ལས་དཀྲོགས་ཤིང་། མི་རིགས་དེའི་གནས་སྟངས་གང་ཞིག་ཏུ་སོང་ཡོད་མེད་གསལ་སྟོན་བྱས་པས་དང་། ད་དུང་། ཁོང་གི་དཔྱོད་ཤེས་ཀྱི་ལམ་ཁ་ཞིག་བཏོན་ཅིང་། དེ་ཡང་དུས་བབ་དང་གནས་སྟངས་ལ་འཚམ་པས་དང་། ལྷག་པར་དུ། ཁོང་གི་ལར་ཞེན་རྣམ་དག་མི་རིགས་ལ་བཅིངས་ཤིང་། མི་རིགས་དེའི་མདུན་ཆེད་རང་ཉིད་བཙོན་ཁང་ནང་དུ་ཚུད་པས་དང་། དེ་ལས་ཀྱང་། ཁོང་གི་ཞི་རྒོལ་གྱི་རྒྱ་གཞུང་ཉེས་ཅན་དུ་བསྒྱུར་ཅིང་། གྲུབ་འབྲས་ཡོངས་སུ་ཁྱབ་པས་ན་དེ་ལྟར་གླེང་སློང་བྱས་པ་ཞིག་རེད།

    Reply
  7. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཞོགས་དུང་དམིགས་སུ་བཀར་ནས་གླེང་དོན་ག་རེ་ཡིན་ནམ།
    https://tibettimes.net/wordpress/blogs.php?id=40

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཞོགས་དུང་སྐོར་མི་བཤད། མི་མང་ཞིག་གི་ཞོགས་དུང་གི་རྒྱུ་ཁྱི་ལབ་ཀྱིན་འདུག གང་ལྟར་ཡང་ངའི་སེམས་ནང་ན་ཞོགས་དུང་ནི་བོད་ཀྱི་བསམ་བློ་བ་ཞིག་ཏུ་ངོས་འཛིན་རྒྱུ་དེ་རེད། ཁོས་སྐད་ཆ་བཤད་ཚུལ་ཡོད་ཚུལ་ལ་ཡིད་ཆེས་མེད་ཀྱང་ཁོང་གིས་བྲིས་གནས་ལུགས་ཅན་གྱི་ཚིག་དག་ཁས་མ་བླངས་རང་བླངས་རེད།

    Reply
  9. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ཞོགས་དུང་ནི་ལྷ་འདྲེ་ཅི་ཡིན་རུང་མི་རིགས་ལ་ལ་རྒྱ་ཅན་ཞིག་རེད་འདུག་པས་རྟག་ཏུ་སེམས་ལ་གུས་ཞབས་དང་ལ་རྒྱ་ཅན་པོ་ཁོང་མྱུར་དུ་རང་ཁྱིམ་དུ་ལོག་ཐུབ་པའི་སྨོན་ལམ་རྒྱབ་བཞིན་ཡོད།

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ངས་ནི་ཞོགས་དུང་སྡུག་པོ་ཞིག་རེད་ནམ་ཡང་བསམ་མྱོང་མེད་ལ་ལབ་མྱོང་ཡང་མེད།

    Reply
  11. བོད་ says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་་་་་ཞོགས་དུང་ལགས་ཀྱིས་ཆོས་ཁས་ལེན་དང་མི་ལེན་ཁོ་རང་སྒེར་གྱི་བསམ་བློ་གཏོང་ཕྱོགས་ཤིག་རེད། ཁོ་ལ་མི་རིགས་ཀྱི་ཞེན་ཁོག་དང་ལ་རྒྱ་ཆེན་པོ་ཡོད་ཙང་ཆོས་ལ་སྐྱོན་དུ་མཐོང་བ་ཡིན་པ་འདྲ།
    གཞན་ཆོས་ཀྱིས་ཁོའི་ལྟོ་གོས་ལ་ཀྱོང་རྒུད་བཏང་བའམ་ཁོ་ལ་གནོད་སྐྱོན་བྱས་ཡོད་རྒྱུ་མ་རེད། དེ་འདྲ་སོང་ཙང་ཁོང་མི་རིགས་ཀྱི་ལ་རྒྱ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས།
    ཆོས་ཁས་མ་བླང་བ་ཙམ་གྱི་བོད་དོན་བོར་ཨེ་འགྲོ་སྙམ།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    ང་ནི་ལྷ་ལུང་རྒྱལ་ཁོང་ཞོགས་དུང་ལ་དགའ་བ་དང་དུང་བ་ཇི་བཞིན་ལྷ་ལུང་རྒྱལ་ལ་དགའ་མཁན་ཞིག་དང་ཡིད་ཆེས་ཡོད་མཁན་ཞིག་ཡིན། ཁོས་དེ་རིང་ཞོགས་དུང་ལས་འཕྲོས་ཏེ་ཁོང་གི་ལྟ་བ་ཡང་དག་ཅིག་གསལ་འདོན་བྱས་ཡོད་པ་ནི། མི་རིགས་དང་ཆོས་ལུགས་གཉིས་ཀྱི་གཅིག་ཤོས་བདམས་དགོས་ཚེ། ངས་ནི་སྣང་བ་རྣམ་རྟོག་གང་ཡང་མེད་པའི་སྒོས་མི་རིགས་བདམས་ཀྱི་ཡིན་ཟེར་བ་དེ་རེད། ངས་སྔོན་མ་ནས་ཁོང་ལ་འདི་འདྲའི་རྣོ་མངར་ལྡན་པའི་ལྟ་བ་ཞིག་དང་བསམ་ཚུལ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་རིང་ཁོང་གིས་འདི་ལྟར་སེམས་ཀྱི་ན་ཟུག་ཕྱིར་བཏོན་པའི་དགོས་པ་དང་རྒྱུ་མཚན་ཡང་། མཐར་གཏུགས་ན་མི་རིགས་ཀྱི་ཆེད་དུ་ཡིན་པ་དེའོ།། འདི་འདྲའི་ལེགས་རྩོམ་རེ་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་ཀློག་པ་པོའི་མིག་ལམ་དུ་བཤམས་པའི་རེ་བ་ཡོད། ཁ་བྲོ། བཀྲིས།

    Reply
  13. མིག་དམར་ཚེ་རིང་། says:
    ལོ་ 15 སྔོན།

    ཨའོ་སི་ཁྲི་ལི་ཡར་གནས་སྡོད་པ་ཞིག་གིས་ཞོགས་གདུང་ལགས་ཀྱི་ནང་མི་ཞོར་འཚོ་བའི་རོགས་སྐྱོར་ཆེད་ཞལ་འདེབས་གློང་བཞིན་ཡོད་པའི་གནས་ཚུལ་ཞིག་འདུག་།་་་དེ་དོན་ཐོག་ཏུ་འཁེལ་བའི་སྨོན་འདུན་ཞུ།

    Reply
  14. དཀྱིལ་གནས།། says:
    ལོ་ 15 སྔོན།

    ཨེ་མ་ཧོ།
    ཞོགས་དུང་རང་དོན་བཞག་ནས་དོན་ཆེན་སྒྲུབ།
    ཐལ་རང་ལ་སོགས་དེ་བཞིན་དོན་ཆེན་སྒྲུབ།
    དེ་ནི་བོད་ཡིག་ཤེས་པའི་ལག་རྗེས་ཡིན།
    དེ་ལས་ལྡོག་ཏེ་མཁས་དབང་འདི་བཞིན་ཡོད།

    ཧོར་གཙང་འཇིགས་མེད་ཧོར་ཏེ་འཐེན་ནས་ཨ་རི་སླེབས།
    ལྷ་མོ་སྐྱབས་ནི་སྐྱབས་འཇུག་ཞུ་ནས་ཡུ་རོབ་འབྱོར།
    ཀུན་མཐར་དོན་འགྲུབ་མི་རྐུན་བྱེད་ནས་རྒྱ་གར་བཞུགས།
    ལུང་རིགས་རྒྱལ་གྱི་ཁོང་གསུམ་ཉིན་ལྟར་སྲུང་སྐྱོབས་བྱ།

    གླུ་གར་བྱམས་ནི་ཨ་མདོ་མི་ལ་ཁམས་པའི་སེམས།
    ཟླ་བ་ཚེ་རིང་མགོ་གཉིས་འོག་ནས་དབུས་གཙང་ཕྱོགས།
    སྒྲོལ་དཀར་སྐྱབས་ནི་གཞུང་ཞབས་མེད་ཀྱང་གོ་གནས་མཐོ།
    དེ་ཚོ་ཕྱག་ལས་རང་དོན་སྤྱི་དོན་གང་ལ་བཞག།།

    Reply
  15. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གང་འདོད་འདོད་གསུངས་རོགས་གནང་་་་་་རང་དབང་རེད་་་་་

    མི་རིགས་ལ་དགའ་ཞེན་ཡོད་པའི་ཅི་ཞིག་ཕན་་་་དཔེར་ན་ཞོགས་དུང་ལྟ་བུ་རེད། མེས་བོ་ཚོའི་རྐང་བའི་འཐེན་བཞིན་དུས་རབ་ཀྱི་རྗེས་སུ་གོམ་ལྡིང་བྱས་སོང་། ཕན་ནུས་ཅི་ཡང་མ་ཐོན་པའི་ཁར་ཁ་རྡུང་མང་དག་ཞིག་གིས་མགོ་འབུར་ཐུབ་མ་སོང་། ད་ཁོའི་གནམ་ས་གོ་འབྱེད་ལ་རེ་བཅོལ་བྱས་ཡོད་ཚོད་རེད

    Reply
  16. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    ཞོགས་དུང་ལ་བོད་ཞེན་མི་འདུག་ཟེར་མཁན་ཡོད་དམ། མེད་ན་བོད་པ་སྤྱི་བྱིང་ལ་རྒྱ་གཞུང་དང་འདྲ་བའི་ནག་ཉེས་མ་བཀལ་ན་བཟང་། བརྒྱ་ལ་འགའ་རེ་ཡོད་དུ་ཆུག་ཀྱང་དེས་བོད་སྤྱིའི་ངོ་བོ་མཚོན་མི་ཐུབ། སངས་རྒྱས་ཀྱི་བསྟན་པ་ལ་དད་རྒྱུ་ཞིག་དང་ཞོགས་དུང་གི་ལྟ་བ་ལ་གཅེས་རྒྱུ་ཞིག་ཨེ་ཡོད། བདག་མེད་ཀྱི་ལྟ་བ་འདི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་ཡིན་བཞིན་དུ། བདག་ཡོད་པར་ལྟ་བའི་ཞོགས་དུང་གི་ལྟ་བ་འདི་ད་དུང་བཟང་རབས་བཤད་ན། རྩམ་པ་འགམ་རྒྱུ་དང་ཕུ་རྒྱག་རྒྱུ་གཉིས་དུས་གཅིག་ཏུ་ཡོང་དཀའ་རྒྱུ་རེད། ཁྱོད་ཀྱིས་ཞོགས་དུང་གི་དགོངས་པ་འཁྲོལ་མེད་པ་འདྲ།

    Reply
  17. བཙན་པོ། says:
    ལོ་ 15 སྔོན།

    ད་་ཆོག་གི་ད་ཆོག་་གི་་ ཕྱོགས་དུང་མྱི་རེད། བོད་གཞན་པ་བཟུང་བ་དང་་བསད་པ་ཚང་མ་མྱི་རེད། མྱི་ཚང་མ་འདྲ་འདྲ་རེད་ཟེར་མཁན་ཡང་ཕྱོགས་དུང་ཁོ་རེད། ཕྱོགས་དུང་ཁོས་མང་གཙོ་དང་རང་དབང་བཤད་གི་ཡིན་ན་མི་མང་གི་འདོད་པ་དང་དད་མོས་ལ་བརྩི་འཇོག་བྱེད་དགོས་པ་རེད། མི་མང་ཤོས་ཀྱི་བསམ་ཚུལ་སྤྱི་དོན་ནམ་སྤྱི་ཁྲིམས་ཆགས་པ་རེད། སྒེར་གཅིག་གི་ལྟ་བ་མང་པོའི་མགོར་འཇོག་གི་ཡིན་ཟེར་ན་ཏང་དམར་རང་རེད། མི་མང་གིས་ངོ་རྒོལ་ཡོང་གི་རེད། དེ་མང་གཙོ་རེད། གནམ་ས་གོ་འབྱེད་ཟེར་བ་དེའི་་ནང་ན་༢༠༠༨ ལོའི་ཞི་རྒོལ་སྐོར་རགས་བཤད་བྱས་དང་ལྷན་ན་ནང་བསྟན་ལ་ཟ་ཟུར་ནས་ངན་སྨྲས་བྱས་ཡོད་པ་དེ་ལས་གཞན་ཅིང་མེད་ཁ། ད་དུང་བོད་རྒྱ་ཁུངས་ཡིན་པར་ཡང་བསྒྲུབས་འདུག་ག དེ་ལས་ཡུལ་ཤུལ་རྒུད་སྐྱོབས་ལ་རོགས་སྐྱོར་བཤད་བཞིན་པའི་བརྙན་པར་དང་པར།ད་དུང་ཟིན་ཐོ་སོགས་ཕྱོགས་བསྒྲིགས་དང་དཔར་འགྲེམས་བྱེད་ཐུབ་ན་ཡག་པོ་རེད། ད་དུང་གལ་ཆེ་བ་ཞིག་ནི་བོད་རྒྱ་ཆེ་མི་དམངས་ཀྱི་གཏོང་ཕོད་ཞལ་འདེབས་གྲངས་ཀ་ཕྱོགས་བསྒྲིགས་བྱེད་ཐུབ་ན་ཧ་ཅང་ཡག་པོ་རེད།

    Reply
  18. རོ་བདག says:
    ལོ་ 15 སྔོན།

    རེད་རེད་ངོ་མ་ཡག་པོ་བྲིས་འདུག མུ་འཐུད་ནས་འབྲི་རོགས་གནོང་། འདི་ངས་རེ་བ་ཡིན་ འདི་ནི་བོད་པ་ཚང་གིས་ཆེད་དུ་ཡིན།

    Reply
  19. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ངས་བལྟས་ན་ད་བར་ཞོགས་དུང་དེ་ཉིད་བོད་མི་རིགས་ལ་དགའ་ཞེན་མེད་མཁན་ཞིག་རེད་ཅེས་ཤོད་མཁན་ཞིག་ཡོད་པ་གོ་མ་སོང་ལ་མཐོང་ཡང་མ་སོང། འོན་ཀྱང་ཞོགས་དུང་གིས་ཆོས་ལ་དགག་པ་བརྒྱབ་འདུག་ཟེར་ནས་གཤེ་གཤེ་གཏོང་མཁན་ཡོད་པ་གོ་མྱོང་ཡོད།

    Reply
  20. རྟ་མགྲིན། says:
    ལོ་ 15 སྔོན།

    ཐུགས་རྗེ་གཟིགས།ཚིག་སྡེབ་དང་ཡིག་ནོར་ལ་གཟབ་རོགས།

    Reply
  21. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    རང་གིས་ཅི་ཡང་མི་ཤེས་བ་དེར་བསམ་བློ་བཏང་ན་མིའི་སྐད་ཆར་དཔྱད་པ་བྱེད་མི་ཐུབ་མོད་སེམས་ལ་གང་ཤར་བ་དེ་དྲང་མོར་བཤད་ན་མི་ཚང་མས་མཁས་རྟགས་སྟོན་འདོད་པ་ཙམ་ལས་འཚོ་བ་དངོས་ལ་རྒྱུས་ལོན་ཅི་ཡང་བྱས་མི་འདུག རྩོམ་ཡིག་འདིའང་དེའི་གཅིག་རེད། དགའ་ན་དེ་ཡིན་ལ་མ་དགའ་ནའང་དེ་ཡིན།

    Reply
  22. ཤེས་རབ says:
    ལོ་ 15 སྔོན།

    མི་རིགས་འདིལ་སྲོག་ལྟར་གཅེས་བའི་དཔའ་བོ་ཞོགས་དུང་ལགས་ཁྱེད་ཉིད་གང་དུ་ཡོད་ཀྱང་ང་ཚོ་མཉམ་དུ་ཡོད།
    རེད། ངོ་མ་རེད། ཀླད་རྙིང་མང་པོ་ཞིག་དགའ་གི་ཡོད་ན་ཐང། ཞབས་འདྲེན་རེད། ད་ནི་ཁྱེད་ཚོ་བློ་བདེ་སོང་ངམ

    Reply
  23. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ཁོང་ཉིད་བོད་མི་རིགས་ལ་དགའ་ཞེན་ཆེ་བ་ངས་ཤེས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese