མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པ་ ༧ བསད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་བྱིས་པ་དམར་གསོད་ཀྱི་གྱོད་དོན་མཐའ་མ་དེའི་ནང་དུ་བྱིས་པ་ ༧ བཅད་ཅིང་། ༢༠ རྨས་འདུག

ཕྱི་ཚེས་ ༡༢ ཉིན་ཧྲན་ཞི་ཞིང་ཆེན་གྱི་ནུབ་བྱང་ཁུལ་གྱི་བྱིས་གསོ་ཁང་ཞིག་ཏུ་འཇབ་རྒོལ་གྱིས་བྱིས་པ་ ༧ བསད་པ་དང་། ༢༠ རྨས་ཡོད་འདུག་ཅེས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་བཤད་འདུག ལོ་ཤས་རིང་རྒྱ་ནག་ནང་དུ་བྱིས་པ་དམར་གསོད་ཀྱི་དོན་རྐྱེན་ཇེ་མང་དུ་སོང་བ་དང་བསྟུན། རྒྱ་ནག་གཞུང་གིས་ཉེ་ཆར་སློབ་གྲྭ་ཁག་གི་ནང་དུ་བདེ་འཇགས་ཤུགས་ཆེར་བཏང་བ་མ་ཟད། ཉེན་རྟོག་པ་དང་སྒོ་སྲུང་བ་སོགས་ཇེ་མང་དུ་བཏང་ཡོད་པར་མ་ལྟོས་པར། དེ་རིང་ཧྲན་ཞི་ཞིང་ཆེན་དུ་སླར་ཡང་བྱིས་པ་དམར་གསོད་ཀྱི་རྐྱེན་ངན་འདི་བྱུང་ཡོད་པ་རེད།

ཞིན་ཧྭ་གསར་ཁང་གིས་བཤད་དོན། དོན་རྐྱེན་དེ་ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པའི་དུས་ཚོད་ ༨ ཀྱི་སྟེང་བྱུང་ཡོད་པ་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་ས་ནི་ཧྲན་ཞི་ཞིང་ཆེན་གྱི་ཧན་ཀྲུང་གྲོང་ཁྱེར་གྱི་ནན་ཀྲིན་རྫོང་དུ་བྱུང་ཡོད་འདུག

བྱིས་པ་བདུན་བསད་ཅིང་ཉི་ཤུ་རྨས་རྗེས་ལག་དམར་པས་ཁོ་རང་ཉིད་བསད་ཡོད་འདུག་ཅེས་ཧན་ཀྲུང་གྲོང་ཁྱེར་གྱི་དྲིལ་བསྒྲགས་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལོའུ་ཞའོ་མིན་ཅེས་པས་ཨེ་པེ་གསར་ཁང་ལ་བཤད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༡༦ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

མཆན། 7

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    དེང་གི་དུས་དེར་རང་བྱུང་གནོད་འཚེ་ས་ཡོམ་གྱིས་མི་གསད་པ་དང་སྣུམ་གྱིས་མཚོ་ནང་གི་ཉ་གསད་པ་དང་མི་སྨྱོན་པས་བྱིས་པ་གསད་པ་དེ་མིན་ཤེས་པ་དང་མི་ཤེས་པའི་གནས་ཚུལ་མང་དག་ཞིག་ལ་ལྟས་ན་འཛམ་གླིང་འདིར་འཚོ་བའི་མི་སྤྱིས་ལས་ངན་མང་དག་ཅིག་བྱས་པའི་འབྲས་བུར་གོ་བ་ལོན་རྒྱུ་ལས་ཞན་གོ་ས་ཞིག་ནི་ངས་མ་རག

    Reply
  2. མཐུ་སྟོབས། says:
    ལོ་ 16 སྔོན།

    མི་འབོར་ཤོང་ཚད་ལས་མང་བས་ཟས་གོས་གནས་མལ་དཀོན། དམར་པོའི་སྲིད་གཞུང་ལ་ནི་ག་ནས་ཐུབ། དེ་ལས་ཉམ་ཆུང་བྱིས་པ་བསད་དེ་སེམས་ཀྱི་དུང་བ་སེལ་ཐབས་ཡིན་སྲིད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བྱིས་པ་ ༧ བསད་པའི་གནས་ཚུལ་འདི་ཞིན་ཧྭ་གསར་ཁང་གིས་དྲ་ངོས་ནས་བསུབས་འདུག རྒྱུ་མཚན་ཅི་ཞིག་ཡིན་མིན་མ་ཤེས།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་གིས་འདི་ཚབས་ཆེའི་ལས་འགུལ་ཞིག་ལ་ངོས་འཛིན་བྱས་འདུག དེར་བརྟེན། ཉིན་ཤས་གོང་ནས་སློབ་གྲྭ་ཁག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཉེན་རྟོག་པ་འཕར་སྣོན་བྱས་འདུག

    གལ་སྲིད་འདི་མི་གཅིག་གི་ཀླད་པ་ཐང་མིན་ལ་འབྲེལ་བ་ཡོད་ན། རྒྱལ་ཁབ་རིམ་པ་ནས་དམིགས་བསལ་གྱིས་འདིའི་ཐད་སྲིད་བྱུས་འཛིན་དགོས་དོན་མི་འདུག་སྙམ།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྣང་ཚུལ་འདི་ཅུང་ཡ་མཚན་ཞིག་རེད། ཁ་ཆེ་ཚོས་ཕ་རོལ་བོར་གཏོར་རྒོལ་བྱེད་སྐབས་རང་སྲོག་བློས་གཏོང་གིས་རྒོལ་བཞིན་པ་རེད། དེ་དག་ལ་འཇིགས་སྐུལ་རིང་ལུགས་པ་ཞེས་བཏགས་ཡོད་པ་རེད། ཁོང་ཚོའི་དམིགས་འབེན་ཡང་གཞུང་གི་ལས་ཁུངས་དང་ལས་བྱེད། ཟོང་མཁར། ཚོམས་ཆེན། ཚོགས་ཁང་། དམག་སྒར་སོགས་རེད།

    རྒྱ་ནག་གི་བྱིས་པ་དམར་གསོད་བྱེད་མཁན་ཚོས་ཀྱང་མཐའ་མ་དེར་རང་སྲོག་བཅད་ཡོང་གི་འདུག དམིགས་འབེན་ནི་བྱིས་པ་ཚོ་རེད། མི་རྣམས་ཀྱི་སྙིང་གི་དུམ་བུ་རེ་རེ་གཏོར་གི་ཡོད་པ་རེད། བཟོད་ཐབས་མེད་པའི་ན་ཟུག་སློང་གི་ཡོད་པ་རེད། འདི་ནི་རྒྱ་ནག་གི་རྒྱལ་ནང་འཇིགས་སྐུལ་རིང་ལུགས་པ་ཡིན་ས་རེད། སྔ་ཕྱི་རིམ་པར་བྱུང་སྟངས་ལ་བལྟས་ན། སྒྲིག་འཛུགས་ཤིག་གི་ངོས་ནས་ཡོང་གི་མེད་དམ་ཡང་སྙམ།

    Reply
  6. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ཨོ་ལེ དོན་མེད་ལ་བྱིས་པ་བསམ་མེད་གསོད་དོན་ག་རེ་ཡིན་ནམ། ཡང་ན་བྱིས་པ་དེ་ཚོ་རྒྱ་དམར་གྱི་དབང་འཛིན་གྲལ་རིམ་གྱི་ཡིན་རྒྱུ་རེད། འདི་ལ་ཏན་ཏན་ཞིབ་འཇུག་བྱེད་ས་ཡོད་རྒྱུ་རེད། གང་ལྟར། བྱིས་པ་བསམ་མེད་གསོད་པ་མ་རབས་རེད། གསོད་ན་ཧོའི་གཅིན་གཏོ་དེ་བསད་དགོས་རེད།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་གསོད་དོན་ག་རེ་ཡིན་ནམ། འཇིགས་སྐུལ་གྱི་ཟོལ་འདྲ་ཞིག་ཡིན་རྒྱུ་རེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese