མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་བསྐུལ་ཞིག ཧོར་གཙང་འཇིགས་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔོན་ཆད་རྒྱ་གར་དུ་སྡོད་པའི་སྐྱབས་བཅོལ་བ་རྣམས་ཕྱི་རྒྱལ་ཁག་ཏུ་འགྲོ་དགོས་ན། ངེས་པར་དུ་འགྲོ་ཡུལ་ཕྱི་རྒྱལ་བ་ཞིག་གིས་ལམ་གྲོན་དང་སྡོད་གནས་སོགས་ཁག་ཐེག་བྱས་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཚད་ལྡན་མེད་ན་ལག་དེབ་སེར་བོ་ (I.C) བཟོ་མི་ཐུབ། ལོ་ཚིགས་གསལ་བོར་མི་དྲན་ཡང་སྤྱི་ལོ་ ༢༠༠༠ ལོ་ཡས་མས་ཤིག་ལ་རྒྱ་གར་གཞུང་གིས་དེ་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྟེ། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ཨར་སི་ (R.C) ཡོད་མཁན་སུས་ཀྱང་ལག་དེབ་སེར་བོ་བཟོ་ཆོག་པ་བྱུང༌།

གསལ་བརྡ་དེ་སྤྱི་ཚོགས་ཁྲོད་ཁྱབ་མ་ཐག བོད་མི་འདུས་སྡོད་བྱེད་པའི་ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྒོ་མདུན་དུ་མཚན་མོའི་ཆུ་ཚོད་ ༡༡ ཡས་མས་ནས་མི་དམངས་བསྟར་ཕྲེང་དུ་བསྒྲིགས་ནས་ཡོད་ཅིང༌། ཀམ་པ་ལི། ཉལ་ཆས་སོགས་ཁྱེར་ཡོང་སྟེ་མཚན་གང་ལ་སྒུག་གིན་ཡོད་ལ། ལོ་དེ་ནི་བོད་མིའི་སྐྱབས་བཅོལ་ལོ་རྒྱུས་ནང་དང་བླང་དཔྱ་དངུལ་འབུལ་རྒྱུར་འཚངས་ཀ་ཆེ་ཤོས་དེ་བྱུང་ཡོད། སྐབས་དེར་སྐྱབས་བཅོལ་དུ་འབྱོར་བ་ནས་དང་བླང་དཔྱ་དངུལ་སྤྲོད་མྱོང་མེད་མཁན་མང་བོས་ཀྱང་ལག་དེབ་གསར་བཟོ་བྱས་ཏེ་དཔྱ་དངུལ་སྤྲད་ཡོད་ལ། ལོ་ངོ་དུ་མའི་རིང་འབུལ་ཆད་བྱུང་བ་ཁག་གིས་ཀྱང་ཕངས་སེམས་མེད་པར་ཆད་དངུལ་འཇལ་བ་སྟེ། ཆུང་མདང་སྐྱེས་བྱིས་པ་ཡན་ཆོད་ནས་ཆེ་ལོ་རྒན་བརྒྱད་ཅུར་སོན་པ་དག་ལའང་ལག་དེབ་བཟོས་ཏེ་དཔྱ་དངུལ་ཕུལ་ཡོད། དེར་བརྟེན་ལོ་དེར་དང་བླང་དཔྱ་དངུལ་ལ་འཕར་སྣོན་ཆེན་པོ་བྱུང༌། རྒྱུ་མཚན་ཅི་ཞིག་གི་ཆེད་དུ་བོད་མི་རྣམས་ཧོབ་སྟེ་གཉིད་སད་ནས་དང་བླང་དཔྱ་དངུལ་གཙང་འཇལ་བྱ་རྒྱུ་དྲན་པ་ཡིན་ནམ།

དེ་ནས་ལྡི་ལི་དོན་གཅོད་ཁང་གི་ཕྱི་ནང་ཀུན་ཏུ་བོད་མི་འཚངས་ཀ་ཤིན་ཏུ་ཆེ། ངྷ་རམ་ས་ལ་དང༌། གཞིས་ཆགས་ཁག རྒྱ་བལ་དུ་གནས་སྡོད་ཁ་འཐོར་བོད་མི། དགོན་སྡེ་ཁག་གི་དགེ་འདུན་པ་དང་བཙུན་མ། བླ་མ་སྤྲུལ་སྐུ་སོགས་མདོར་ན་བོད་མི་སྐྱ་སེར་གཉི་ག་ལྡི་ལི་དོན་གཅོད་ཁང་གི་སྒོ་ཁར་འདུས། ཁྱིམ་ཚང་རེ་རེ་བཞིན་ནང་མི་ཡོད་ཚད་ལ་ལག་དེབ་སེར་བོ་བཟོས། ལག་དེབ་བཟོ་ཆེད་འགེང་ཤོག་ཉོ་ལེན་བྱེད་མཁན་ཡང་དེ་མཚུངས་ཀྱིས་མང༌། ལ་ལས་རང་གི་ནང་མི་དང༌། ཁྱིམ་མཚེས་གྲོང་བ། དགའ་བོ་ཉེ་འབྲེལ་སོགས་ཀྱི་འགེང་ཤོག་བསྐངས་ཟིན་པ་ཉི་ཤུ་སུམ་ཅུ་མཉམ་ཁྱེར་ཀྱིས་ལྡི་ལི་དོན་གཅོད་ཁང་དུ་སླེབས་ཀྱིན་ཡོད་ལ། དོན་གཅོད་ཁང་དུ་ལག་དེབ་ཐོ་འགོད་ཀྱི་སྔ་གཞུག་བརྩད་དེ་ཁ་རྩོད་ཙག་ཙིག་ཀྱང་རྒྱུན་ཆད་མེད་པར་འབྱུང་གིན་ཡོད། དེ་ལྟར་ལོ་ངོ་གཅིག་གཉིས་རིང་ལ་བོད་མི་ཕལ་མོ་ཆེའི་ལས་ཀའི་གཙོ་གནད་དེ་ལག་དེབ་སེར་བོ་བཟོ་རྒྱུ་རང་གི་ཐོག་ལ་བཞག་སོང༌།

ཡང་ངྷ་རམ་ས་དང༌། ལྷོ་གཞིས་ཁག ལྡེ་ར་ལྡུན་སོགས་ཀྱི་ས་གནས་ཉེན་རྟོག་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་བཟོ་མཁན་ཤིན་ཏུ་མང་ཞིང༌། དང་ཐོག་ཨར་སི་ཁྲིམས་མཐུན་གྱིས་བཟོ་ཐུབ་ན་ཧིན་སྒོར་༡༤ ཙམ་ཡིན་ཀྱང༌། བོད་མི་མང་བོས་རྔམ་ཧེབ་ཀྱིས་ལྟག་སྒོ་བརྒྱུད་དེ་ཨར་སིའི་བཟོས་གླ་ཧིན་སྒོར་ཆིག་སྟོང་ཉིས་སྟོང་ལ་སྤར། བོད་མི་རྣམས་ཨར་སི་བཟོ་རྒྱུར་ཅི་ཙམ་རྔམ་པ་དེ་ཙམ་གྱིས་ཨར་སིའི་རིན་གོང་ཉིན་འཕར་ཟླ་འཕར་བྱུང༌། སྐྱབས་བཅོལ་བོད་མི་དང་ས་གནས་ཉེན་རྟོག་པ་སྐོར་ཞིག་མཉམ་འབྲེལ་གྱིས་ཁྲིམས་མཐུན་མ་ཡིན་པའི་ཨར་སི་བཟོ་བཞིན་པ་རྒྱ་གར་གཞུངགིས་ཚོར་ཏེ་ས་གནས་མང་བོ་ཞིག་ཏུ་ཨར་སི་བཟོ་མི་ཐུབ་པར་གྱུར། དེའི་རྐྱེན་གྱིས་བོད་མི་སྐྱབས་བཅོལ་ལག་དེབ་བཟོ་མཁན་མང་བོ་ལྡེ་ར་ལྡུན་དང༌། དགོན་པ་ཁག་ཏུ་རྒྱུག དེ་ནས་ཀྱང་རིན་གོང་ཉིན་བཞིན་འཕར་སྟེ་མཐའ་མཇུག་ཧིན་སྒོར་ཆིག་ཁྲི་ནས་ཉིས་ཁྲིའི་བར་སྤར། གནས་ཚུལ་དེ་སྐབས་སྔ་ཕྱིར་གྲོས་ཚོགས་ནང་གི་གླེང་གཞི་གལ་ཆེན་ཞིག་ཡིན་ལ། གླེང་ནས་རྫོགས་རྒྱུ་མེད་པའི་གླེང་གཞི་ཞིག་ཀྱང་ཡིན།

ལག་དེབ་སེར་བོ་བཟོ་རྒྱུར་འཚངས་ཀ་བྱེད་བཞིན་པའི་ཁྲོད་དུ། སྤྱི་ཚོགས་ཐོག་གི་མི་སྐྱ་ཕོ་མོ་དང༌། གདན་ས་ནས་ཕེབས་པའི་དགེ་བཤེས། བླ་མ་སྤྲུལ་སྐུ་ཡང་ཡོད་པའི་ཚོང་བ་མང་བོས་ལག་ཁྱེར་སེར་བོ་ཚུར་ལེན་སྐབས་ལྡི་ལི་དོན་གཅོད་ཁང་མ་བརྒྱུད་པར་ལྟག་སྒོ་བརྒྱུད་པའི་མགྱོགས་ལམ་བཏོད། མགྱོགས་ལམ་དེ་བརྒྱུད་ནས་དོན་དག་འགྲུབ་མཁན་གང་འཚམ་ཡོང་གིན་ཡོད་ཀྱང༌། མི་དམངས་བྱིངས་ཀྱི་ལག་དེབ་དུས་ཐོག་ལ་རག་མི་ཐུབ་པའི་དཀའ་ངལ་འཕར་མ་བྱུང༌། དཀའ་ངལ་དེ་ད་ལྟའང་གཙང་སེལ་བྱུང་ཡོད་མེད་མི་ཤེས།

ལྷག་པར་དུ་སུད་སི་གཙོས་པའི་ནུབ་ཕྱོགས་བོད་མི་དག་གིས་མནའ་མ་དང་མག་པ་འཚོལ་རྒྱུ་ཇེ་མང་ལ་སོང༌། དངུལ་ལོར་ཛ་སྒྱུར་གྱི་དབང་གིས་ཧིན་སྒོར་ཆིག་ཁྲི་དང་ཉིས་ཁྲི་ལྟ་བུ་ཁོང་ཚོར་དངུལ་འབོར་ཆེན་པོ་མིན་སྟབས། དེབ་སེར་པོ་བདུན་ཕྲག་གཅིག་གམ་ཉིན་གྲངས་དུ་མའི་ནང་རག་ཆེད་ལྐོག་དངུལ་འབོར་ཆེན་བརྫངས། དེས་མི་དམངས་བྱིངས་ཀྱི་ལག་དེབ་རག་ཡུན་དེ་བས་ཀྱང་ཇེ་རིང་དུ་ཕྱིན། ལོ་ངོ་སྔ་ཕྱི་དེ་དག་ལ་ལག་དེབ་སྐོར་གྱི་སྒྲུང་གཏམ་དགོདབྲོ་ལ་ངུ་ཡང་བྲོ་བ་མང་བོ་བྱུང༌།

ཡང་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་མཐོང་མཆན་ཝེ་ཟ་རག་སྟབས་བདེ་བ་བྱུང་ནས། ཁྱིམ་པ་ཕོ་མོ་མང་བོས་མགོ་རིལ་བྱས། གྲྭ་ཆས་གྱོན་ཏེ་ཕྱི་རྒྱལ་ལ་འགྲོ་ཐབས་བྱས། གང་ལྟར་ཝེ་ཟ་ནག་འཚོང་གི་ལས་ཀ་བྱས་ཏེ་དེང་སང་ཨ་སྒོར་ས་ཡ་དུ་མའི་བདག་པོ་ཆགས་པའང་ཡོད་པར་གྲགས་ཤིང༌། ནག་ཚོང་ལ་ལམ་འགྲོ་མ་རྒྱུག་ནས་རང་རང་ཡིབས་ས་མ་རྙེད་པའི་དཀའ་ངལ་མྱོང་བཞིན་པའང་ཡོད་པར་བཤད། དེ་འདྲ་ཞིག་གི་ངང་ལ་ཨ་རིའི་ཝེ་ཟ་རག་ན་ཧིན་སྒོར་འབུམ་ཕྲག་བཅུ་གྲངས་དང༌། ཡུ་རོབ་ཀྱི་ཝེ་ཟ་རག་ན་ཧིན་སྒོར་དྲུག་འབུམ་བདུན་འབུམ་སྤྲོད་པ་ཡོངས་གྲགས་ཆགས།

དེའི་བར་རོལ་ཞིག་ལ་ཨ་རིའི་གཞུང་ངོས་ནས། སྔར་གྱི་བལ་ཡུལ་གློ་ཚེ་རོག་གི་དམག་ཁོངས་གཙོ་བྱས་པའི་བོད་མི་ཆིག་ཁྲི་ཨ་རིར་ལེན་རྒྱུ་ཡིན་པའི་སྦིར་གྲགས་ཆེན་པོ་བྱུང༌། བལ་གཞུང་གིས་ངོས་ལེན་མ་བྱས་ནས་ཨ་བལ་གཉིས་ཀྱིས་དཀའ་རྙོག་དེ་སེལ་མ་ཐུབ་པ་འདྲ། དེ་དང་འབྲེལ་ནས་རང་རེའི་སྤྱི་ཚོགས་ནང་གི་ཚོགས་སྡེ་དུ་མས་ཀྱང་བོད་མི་མང་བོ་ཨ་རིར་གཏོང་གིན་ཡོད་ལུགས་བསྒྲགས་ཏེ་ས་གནས་མང་བོར་ཐོ་འགོད་བྱས། ཐོ་འགོད་དེ་བོད་གཞུང་དང་འབྲེལ་བ་ཡོད་མེད་དང༌། ཨ་རིས་བལ་ཡུལ་ནས་མི་གྲངས་ཆིག་ཁྲི་ལེན་འཆར་དང་འབྲེལ་བ་ཡོད་མེད་སོགས་གླེང་གཞི་ཆེན་པོ་ཆགས། དེའི་སྐོར་སྐབས་དེའི་གྲོས་ཚོགས་སུའང་གླེང་སློང་གང་འཚམ་བྱུང༌།

དེ་ནས་བཙན་བྱོལ་བོད་གཞུང་གིས་ཐབས་ཤེས་གནང་སྟེ་ཆབ་སྲིད་བཙོན་ཟུར་བ་བརྒྱ་སྐོར་རེར་ཨོ་སི་ཀྲེ་ལིས་ཡར་གཏོང་མགོ་བརྩམས། དེས་རྐྱེན་བྱས་ཏེ་ཆབ་སྲིད་བཙོན་པའི་གྲངས་འབོར་ལྡབ་འགྱུར་གྱིས་ཇེ་མང་ལ་སོང༌། བཙོན་ཟུར་གྱི་འོས་ཆོས་བཤེར་སྐབས། བཙོན་ཟུར་ནང་ཕན་ཚུན་ལ་ཆབ་སྲིད་བཙོན་པ་དངོས་གནས་ཡིན་མིན་གྱི་རྫུན་རྐུབ་བརྡོལ་རེས་མང་བོ་བྱུང༌། དོན་དག་དེ་ཡང་སྤྱི་འཐུས་གྲོས་ཚོགས་སུ་སླེབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་རྒྱུར། བདེ་སྲུང་ལས་ཁུངས་ཆུང་ཆུང་འདི་འདྲ་ཞིག་གིས་བོད་ནང་གི་ས་གནས་མི་འདྲ་བ་མང་བོ་ནས་ཡོང་བའི་ཆབ་སྲིད་བཙོན་ཟུར་ཡིན་གསུང་མཁན་རྣམས་ལས་དངོས་གནས་པ་སུ་ཡིན་དཔྱད་ཐབས་མི་འདུག ངའི་ཕ་ཡུལ་གྱི་མི་ཞིག་གིས་དེང་སང་ཁྱིམ་མཚེས་མར་བརྐུས་ནས་རྒྱ་གར་ལ་བྲོས་པ་དང༌། ཨ་མའི་མགོ་ལ་སྟ་རེས་གཞུས་ནས་རྒྱ་གར་ལ་བྲོས་པ་དག་ཀྱང་ཆབ་སྲིད་བཙོན་པ་ཆགས་འདུག་ཟེར་གྱིན་འདུག་མོད། རང་གཞུང་གི་ངོས་ནས་དེ་དག་ལ་དབྱེ་བ་དགར་ཐབས་མ་བྱུང༌། ཡང་རིགས་ཤིག་གིས་ང་ཚོ་བཙོན་ཁང་དུ་མ་སོང་ཡང་དུས་ཡུན་ཐུང་ངུའི་རིང་བཙོན་ཁང་དུ་འགྲོ་མཁན་ཚོ་ལས་བྱས་རྗེས་ང་ཚོར་ཆེ་བ་ཡོད་ཟེར་ནས་རྙོག་དྲ་བཤད་ཀྱིན་འདུག དེ་ལ་བརྟེན་ནས་བཀའ་ཤག་གིས་ཆབ་སྲིད་བཙོན་པ་དངོས་དང༌། དེ་དང་འབྲེལ་ཆགས་སོགས་སྡེ་ཚན་དྲུག་ཏུ་དབྱེ་སྟེ་དེ་དག་ཡོད་ཚད་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཕྱི་སྐྱོད་རྒྱན་ཤོག་གི་ཐོབ་ཐང་ཡོད་པ་བྱས་ཡོད་ཅེས་གྲོས་ཚོགས་ལ་གསལ་བཤད་གནང་སོང༌།

མདོར་བསྡུས་ནས་བཤད་ན་གོང་གི་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་དངོས་བྱུང་གཏམ་རྒྱུད་དེ་དག་གིས་ཅི་ཞིག་མཚོན་གྱིན་ཡོད་དམ། རྣམ་དཔྱོད་ཅན་ཚང་མས་དངོས་བྱུང་གནས་ཚུལ་དེ་དག་བརྗེད་མེད་པའི་རེ་བ་ཡོད། ད་དུང་ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་སྒྲོམ་རགས་པ་སོར་གནས་ལྟ་བུར་ཡོད་ཀྱང༌། དེས་མི་དམངས་ཀྱི་བསམ་བློའི་སྒྲོམ་གཞི་བརྟན་གནས་ཡིན་པ་མཚོན་མི་ཐུབ། སྤྱི་ལོ་ ༡༩༩༡ དང་ ༩༢ ཙམ་ནས་མགོ་བཙུགས་ཏེ། གཞིས་ཆགས་ཁག་གི་མི་དམངས་དང༌། སློབ་གྲྭའི་སློབ་མ། དགོན་སྡེའི་གྲྭ་བཙུན་སོགས་ཀྱི་བསམ་བློའི་སྒྲིག་འཛུགས་ལ་གཡོ་འགུལ་ཐེབས་མགོ་བརྩམས་ཡོད། གཞུང་འབྲེལ་གྱིས་ཨ་རིར་བོད་མི་ཆིག་སྟོང་མ་བཏང་བའི་ཡར་སྔོན། གཞིས་ཆགས་ཁག་གི་ཁྱིམ་ཚང་རྣམས་ལ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་མེད་ཅིང༌། དཔལ་འབྱོར་ཐད་འགྲན་བསྡུར་ཀྱང་དེ་ཙམ་མེད་མོད། ཨ་རིའི་ཆིག་སྟོང་སོང་ནས་ལོ་ངོ་གཉིས་གསུམ་གྱི་རྗེས་ནས། ནང་མི་གང་རུང་ཨ་རིར་ཡོད་པ་དག་གིས་གཞིས་གྲོང་དུ་ཁང་བ་གསར་རྒྱག་དང༌། ཕོ་གསར་མོ་གསར་ཚོས་ཨ་རི་དང་ཡུ་རོབ་ཀྱི་གྲགས་ཅན་ལྷམ་རིགས་གྱོན། རྒྱ་གར་གྱི་ཐོན་གསར་སྦག་སྦག་བཏང༌། གཞིས་ཆགས་ཀྱི་ས་ཞིང་ཐེམ་སྐལ་རྣམས་ཁྱིམ་ཚང་གཞན་པ་དང༌། རྒྱ་གར་ཡུལ་མི་སོགས་ལ་བག་མར་བཏང༌། གསེར་གྱི་རྒྱན་ཆ་དང༌། གློག་ཀླད་དཔེ་གསར་གྱི་རིགས། རྒྱ་གར་དུ་མི་རག་པའི་པར་ཆས་ཐོན་གསར་ཅན་ཁྱེར་བ་སོགས་དབྱར་དགུན་མཚན་གཅིག་ལ་བརྗེས་པ་ལྟ་བུའི་གློ་བུར་གྱི་འགྱུར་ལྡོག་དེས། ཡར་རྒྱས་མེད་པའི་མི་ཁྱིམ་ཁག་གི་སེམས་པ་ལ་རྡུང་རྡེག་ཕོག་ཡོད་ཅིང༌། ཕྱུག་པོ་འབྱོར་ལྡན་ཆགས་དགོས་ན་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་དང༌། ཚོང་ལས་ཙག་ཙིག་གིས་མི་ཡོང་ཞིང༌། ངེས་པར་ཨ་རི་དང་ཡུ་རོབ་ཏུ་འགྲོ་དགོས་པའི་འདུ་ཤེས་སྐྱེས་སུ་བཅུག

དེ་ནས་བཟུང་བོད་མི་རྣམས་ཀྱི་མངོན་འདོད་ཉག་ཅིག་ནི། ནུབ་བསྐྱོད་ཕྱུག་འགྱུར་བྱེད་རྒྱུ་དེ་རང་ཡིན་ལ། དེ་འགྲུབ་ཐབས་སུ་བུ་བུ་མོ་མང་བོ་སུད་སི་དང་ཨ་རི་སོགས་སུ་མནའ་མ་དང་མག་པར་སྟེར་ཅི་ཐུབ་དང༌། ཆེད་དུ་མངག་ནས་ཕྱི་རྒྱལ་བ་དག་ལ་ཆང་ས་རྒྱག་པ། གྲྭ་བཙུན་རྫུན་མ་འཁྲབ་པ། ཚོགས་འདུ་རྫུན་མར་འགྲོ་བ། བླ་སྤྲུལ་དང་སྐུ་ངོ་ཁག་ཅིག་གི་ཞབས་ཞུ་བ་དང་སྐད་སྒྱུར་བ་རྫུན་མ་འཁྲབ་པ་སོགས་མདོར་བསྡུས་ན། འཇིག་རྟེན་ཐོག་གི་གལ་ཆེན་དུ་རྩི་བའི་ལུས་ངག་ཡིད་གསུམ་པོ་བློས་བཏང་གིས་ཕྱི་རྒྱལ་དུ་འགྲོ་རྒྱུ་ཁོ་ན་དོན་གཉེར་བྱས། དེ་ནི་ལོ་རྒྱུས་ཀྱི་འཁོར་སྐྱོད་ཅིག་ཏུ་གྱུར། སུས་ཀྱང་འགོག་ཐབས་དང་ལྡོག་ཐབས་མེད་པའི་ཐག་གཅོད་རང་བཞིན་གྱི་བསམ་བློའིདཔུང་བསྐྱོད་ཅིག་ཏུ་གྱུར།

ནུབ་ཕྱོགས་སུ་འགྲོ་རྒྱུ་ལམ་ལྷོངས་མ་བྱུང་བ་ཁག་ཅིག་གིས། རང་སེམས་ཀྱི་སྡིགས་འཚིག་ཟོས་པ་བོད་གཞུང་དང་། ལྷག་པར་དུ་ལས་ཀྱི་སྣེ་མོ་བ་དག་ལ་འགེལ་བཞིན་པ་དང་བསྡོངས་ནས། ལག་དེབ་དང་མཐོང་མཚན་ཝེ་ཟ་ནག་ཚོང་རྒྱག་མཁན་དག་གིས་དཀྲོགས་གཏམ་བཟོས་ཏེ། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་བཀའ་བཏང་སྟེ་བོད་མི་ཕྱི་རྒྱལ་དུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱིན་ཚུལ་སོགས་འུད་སྒྲོག་བྱས། ཁོ་བ་ཚོས་དཀྲོགས་གཏམ་ཅི་ཙམ་སྤེལ་བ་དེ་ཙམ་གྱིས་མི་རྣམས་སེམས་འཚབ་ལངས་ཏེ་ལག་དེབ་དང་ཝེ་ཟ་ཉོ་འཚོང་ཇེ་བཟང་དུ་སོང༌།

ཕྱོགས་གཞན་ཞིག་ནས་བཤད་ན། སྐབས་དེ་དག་ཏུ་ཨ་རི་དང་ནུབ་ཡུ་རོབ་ཏུ་གསར་སླེབས་བོད་མི་རྣམས་ལ་བོད་ནས་གསར་དུ་འབྱོར་བ་དང༌། རྒྱ་གར་དུ་གཏན་སྡོད་བྱེད་མཁན་རིགས་གཉིས་ཡོད་ཅིང༌། ཁོང་ཚོ་སུ་ཡིན་ཀྱང་དང་ཐོག་ཁོང་ཚོའི་སེམས་ངོ་ན་ཡོད་པ་ནི་ཤར་ཕྱོགས་ཀྱི་རིག་གཞུང་སྟེ། རང་ཉིད་ལས་ནང་མི་སྤུན་མཆེད་གཙོ་བའི་འདུ་ཤེས་འཛིན་སྟངས་ཀྱིས་བསྐུལ་ཏེ། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་དེ་མི་གྲངས་ལྔ་དྲུག་གམ་དེ་ལས་མང་བ་ཁང་མིག་གཅིག་ཏུ་མཉམ་སྡོད་བྱས། ལས་ཀ་ལ་བཟང་ངན་ཡག་བཙོག་གི་དབྱེ་གསེས་མེད་པར་སྒྲུབ་རྐྱང་བྱས། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་ལས་ཆེན་པོ་བརྒྱབ་པའི་ཡོང་འབབ་ཕལ་མོ་ཆེ་རང་གི་ནང་མི་སྤུན་མཆེད་ཚོར་བཏང༌། ནང་མི་དག་གིས་དེ་ཉིད་གཞན་ལ་ངོམ་སྒྲོག་བྱས་པའི་རྐྱེན་གྱིས། བོད་མི་རྒན་གཞོན་ཚང་མ་སྔར་གྱི་རང་ཉིད་སྡོད་གནས་སུ་མུ་མཐུད་སྡོད་མི་ཤེས་པ་ལྟ་བུར་གྱུར།

དེའི་རླབས་རྒྱུན་རྒྱ་གར་དང་བལ་ཡུལ་ཙམ་མ་ཡིན་པར་བོད་ནང་ལའང་ཁྱབ་སྟེ། སྤྱི་ལོ་ ༢༠༠༠ ཡས་མས་ཀྱི་གསར་འབྱོར་བ་རྣམས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐབས་རྒྱ་གར་དུ་ཡོང་དོན་ཅི་ཡིན་དྲིས་ཚེ། ཨ་རིར་འགྲོ་རྒྱུ་ཡིན་ཟེར་མཁན་མང་ཤོས་ལྟ་བུར་གྱུར། གང་ལྟར་དེ་འདྲའི་ངང་བཙན་བྱོལ་བོད་མིའི་བསམ་བློའི་སྒྲིག་འཛུགས་ལ་དོན་གྱིས་གཡོ་འགུལ་ཆེན་པོ་ཐེབས་ཡོད། གནས་སྟངས་དངོས་གནས་པ་འདི་འདྲ་ཁས་ལེན་བྱེད་འདོད་མེད་མཁན་དག་ལ་གྲོས་མོལ་ཅི་ཡང་ཞུ་བཞིན་མེད། འདི་བརྒྱུད་ནས་བོད་མི་ཆིག་འབུམ་བཞི་ཁྲིའི་ནང་དྲང་ཕྱོགས་ཀྱི་བསམ་བློ་གཏོང་མཁན་བརྒྱ་ཙམ་བྱུང་བ་ཡིན་ན་བདག་གིས་དཀའ་བརྒྱབ་པ་ལ་གྲུབ་འབྲས་ཐོན་པ་ཡིན།

མཐའ་མཇུག་རྒྱ་གར་རང་བཙན་ཐོབ་པ་ནས་སྟོང་ལོ་གསར་བའི་ལོ་མགོ་བར། ཚན་རིག་པ་དང༌། སྨན་པ། ལག་རྩལ་བ། རྩོམ་པ་བོ། ཚོང་བ་སོགས་ཚུད་པའི་ཡུལ་མི་ཕྱི་རྒྱལ་དུ་འགྲོ་མཁན་རྣམས་རང་གི་རྒྱལ་ཁབ་ལ་ཤ་ཞེན་མེད་མཁན་དང༌། མི་རིགས་ལ་དུང་ཞེན་མེད་མཁན། རིག་གཞུང་ལ་ཤ་ཚ་མེད་མཁན་དུ་རྩིས་ཁར། ཁོང་རྣམས་རྒྱལ་ཁབ་གཞན་དུ་སྤོས་ཉིན་ནས་རྒྱ་གར་ཡུལ་མིའི་(Citizenship) རང་བཞིན་འདོར་དགོས་བྱུང་བ་དང༌། རང་གི་སྐྱེས་ཡུལ་ལ་མ་དངུལ་ (Invest) བཏང་སྟེ་ཚོང་ལས་རྒྱ་བསྐྱེད་ཀྱི་ལམ་ཁ་བཀག་པའི་དབང་གིས། སྤྱི་ལོ་ ༢༠༠༢ ལོར་ཕྱི་སྡོད་རྒྱ་གར་ཕྱུག་བདག་གསུམ་ལ་ཡུལ་མིའི་ཐོབ་ཐང་བསྐྱར་དུ་སྤྲད་ནས། ཁོང་གསུམ་གྱིས་ལོའུ་རྡི་ཡ་ན་དང༌། ཧ་རིས་ཡ་ན་སོགས་སུ་ཞིང་ལས་ཡར་རྒྱས་དང༌། སྨན་ཁང་གསར་རྒྱག་བྱས་པ་ལྟ་བུ་ལས་རང་མིས་རང་ཡུལ་དུ་འཛུགས་སྐྲུན་མ་དངུལ་གཏོང་ཐབས་མ་བྱུང་བའི་གྱོང་གུད་དང༌། རྒྱ་ནག་གཞུང་གིས་སྤྱི་ལོ་ ༡༩༧༩ ལོ་ནས་ཕྱི་སྡོད་རྒྱ་མི་ཡིན་ནོ་ཅོག་ལ་འབོད་བསྐུལ་གྱིས། ལོ་ངོ་བཅུ་གྲངས་ལ་ཕྱི་རྒྱལ་ནས་རྒྱ་ནག་ལ་མ་དངུལ་བཏང་བའི་བརྒྱ་ཆ་བརྒྱད་ཅུ་ལྷག་ཕྱི་སྡོད་རྒྱ་རིགས་ཡིན་ཅིང༌། དེས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ལ་ཤིན་ཏུ་ཕན་པ་བྱུང་བའི་གནས་ཚུལ་གཉིས་གཤིབ་བསྡུར་སོགས་མདོ་དོན་བཙན་བྱོལ་བོད་གཞུང་གི་ངོས་ནས། ཆབ་འབངས་རྣམས་ཀྱིས་གཞིས་ཆགས་ཀྱི་ས་ཞིང་འདེབས་ལས་བསྐྱུར་ཏེ་ནུབ་ཕྱོགས་སུ་ལས་གླ་འཚོལ་རྒྱུ་བདམས་ཟིན་པའི་སེམས་ཁམས་ལ་རྒྱུས་ལོན་མ་གནང་བར། མུ་མཐུད་ནས་སྐྱེ་ལྡན་སོ་ནམ་ (Organic Product) ཐོན་ལས་ལ་གཅིག་ཏུ་འབད་དགོས་པའི་སྲིད་ཇུས་འཛིན་བཞིན་པ་དེ་གཅིག་བྱས་ན་ས་སྟོང་ལ་མདའ་འཕེན་པ་ལྟ་བུར་མི་འགྱུར་བའི་ངེས་པ་མེད།

གལ་སྲིད་མི་དམངས་མང་ཤོས་ཀྱི་བསམ་བློ་ནུབ་ཕྱོགས་སུ་འཁོར་ཡོད་ན། བཙན་བྱོལ་བོད་གཞུང་གིས་སྤྱན་ཟུང་བཙུམ་སྟེ་མུ་མཐུད་ཨུ་ཚུགས་གནང་རྒྱུ་དེ་ཐབས་ལམ་ཡག་ཤོས་དེ་མ་ཡིན་པར། དེ་ལུགས་ཀྱི་སྲིད་ཇུས་གསར་བ་ཞིག་གྲ་སྒྲིག་དགོས་པ་དེ་དུས་རབས་ཀྱིས་ཚུར་བཀལ་ཡོང་བའི་འགན་འཁྲི་ཞིག་ཡིན་ནམ་སྙམ།

༢༠༡༠།༥།༨ ཉིན་བྱང་ཨ་རིའི་གྲོང་ཁྱེར་ནོའུ་ཡོཀ་ནས།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 114

  1. ཕུན་ཚོགས ། says:
    ལོ་ 15 སྔོན།

    བྱམས་རྒྱལ་ལགས་ཀྱིས་ཡག་པོ་ཞིག་གསུངས་འདུག་་་ངོ་མ་རེད་།སྤྱི་ཚོགས་ཀྱི་དངོས་ཡོད་ཀྱི་དཀའ་ངལ་ལ་མི་ལྟ་བའི་བཤད་ཡམས་མང་དྲག་པའི་དཀའ་ངལ་ཤིན་ཏུ་ཆེ་ཨང་།

    Reply
  2. བྱམས་རྒྱལ། says:
    ལོ་ 15 སྔོན།

    ད་དུས་ཚོད་ཡོད་པས་རྨོངས་འཆར་ཞིག་མ་ཞུ་དཀའ་མེད་ཐུག་འདུག་། དང་པོ་མཁས་དབང་ཧོར་གཙང་མཆོག་ལ་རྩོམ་ཡིག་འདི་སྤེལ་བར་སྙིང་ནས་བཀྲིན་ཆེ་ཞེས་ཞུ། རྒྱ་ཆེར་་མི་མང་གི་མངོན་འདོད་ངོ་མ་དང་བདེ་སྡུག་ལ་སེམས་འཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་པའི་ཚོར་བ་ཞིག་དངོས་ཤུགས་བརྒྱུད་གསུམ་ནས་མངོན་གྱི་འདུག་
    །
    དྲང་པོ་ཞུས་ན་རྒྱ་བལ་འབྲུག་གསུམ་ན་གྲ་བཙུན་དང་མཐོ་མི་དྲག་ནས་དམའ་ཉམས་ཆུང་ཚང་མ་ཨ་རི་དང་ནུབ་ཕྱོགས་སུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྐྱབས་བཅོལ་ལ་ཐར་ན་མི་འགྲོ་བསམ་མཁན་ཧ་ལམ་མེད་པ་རེད་ཅེས་ཞུ་ཐུབ་
    བཤམ་དུ་གྲོགས་བཟོད་པ་ལྷ་རྩེས་མཆན་ནང་ ནུབ་ཕྱོགས་དང་ཕྱི་རྒྱལ་ཁག་ལ་བོད་རིགས་སྐྱབས་བཅོལ་བ་དག་ལྟོ་འགྲངས་འབའ་ཞིག་གི་ཆེད་སྤུ་མེད་པ་ཡི་ཕག་པ་བཟོས་འདུག་པ་དེ་དང་ བོད་ཀྱི་རིག་གཞུང་དེ་བོད་མི་མང་གི་ལྟོ་གོས་ལ་ཕན་ཐོགས་ཅན་དུ་བསྒྱུར་རྒྱུ་ལ་དགག་ཆ་བྱེད་པ་ནི་ཁྱེད་རང་འཇིག་རྟེན་གྱི་ནོར་སྲིད་དང་ཆབ་དཔལ་ལ་རྒྱུས་ལོན་རྩ་བ་ནི་མེད་མཁན་ཞིག་རེད་འདུག་ ང་ཚོ་བོད་ཀྱི་སྐད་ཡིག་འདིར་དེང་དུས་ཆེད་གཉེར་ལས་རིགས་སྦྱོང་བ་ལ་ཕན་ཐོགས་རྩ་བ་ནས་མེད་པ་ཞིག་རེད་ གཞོན་སྐྱེས་མང་པོས་གཞན་གྱི་སྐད་ཡིག་ཐོག་ཆེད་གཉེར་ལས་རིགས་སྦྱོང་དགོས་ཀྱི་ཡོད་ མཁྱེན་པ་གནང་རོགས་
    འོན་ཀྱང་ཁྱེད་རང་འདོད་ཆུང་ཆོག་ཤེས་ཅན་གྱི་དགེ་སློང་ཞིག་ཡིན་པ་དེ་ནང་པའི་དགེ་སློང་དེ་འདྲ་ཞིག་དགོས་ཡ་ཡིན་པས་དགའ་བསུ་དང་རྗེས་སུ་ཡིད་རང་ཡོད་། ངས་རྣམ་རྟོག་ཤིག་བསླང་ན་ཁྱེད་རང་གྲ་པ་ལོག་པའི་ཉིན་དེ་ལྟོ་འགྲངས་འབའ་ཞིག་གི་ཆེད་སྤུ་མེད་པ་ཡི་ཕག་པ་དེ་ཆགས་རྒྱུ་ཡིན་པ་གདོན་མི་ཟ་ རྒྱ་བལ་ལ་བཞུགས་ནས་ཉིན་ཞིག་ཁང་གླ་དང་ གློག་རིན་ཆུ་རིན་ཀྱང་སྤྲོད་རྒྱུ་མེད་པའི་དུས་ཤིག་ཤར་ཡོང་ འོན་ཀྱང་རྣམ་རྟོག་དེ་ཁྱེད་ལ་མི་ཡོང་བའི་ངས་ཡིད་ཆེས་ཞུ་གི་ཡོད་ སྦྱིན་བདག་བཀའ་དྲིན་ཅན་གྱིས་སྦྱར་བའི་འཚོ་བ་ལ་རོལ་ནས་འཇིག་རྟེན་ཁྱིམ་པས་དཀའ་ལས་རྒྱབ་ནས་རང་གི་བཟའ་བུ་ཕྲུག་དང་གཉེན་ཉེ་འཁོར་སོགས་སྐྱོང་སྟངས་འདི་ཁྱེད་ཀྱིས་ཉམས་ལེན་གནང་བའི་སངས་རྒྱས་ཆོས་དང་མ་མཐུན་རུང་འཇིག་རྟེན་ཁྱིམ་པའི་ཆོས་དང་མཐུན་པ་ཡིན་པས་འཁངས་ར་གནང་ན་མི་ལེགས། དངོས་ཡོད་གནས་སྟངས་ལ་གཟིགས་རོགས་ ཞི་བ་ལྷས་ མི་ཡི་ཆོས་ལུགས་ལེགས་ཤེས་ན། ལྷ་ཡུལ་བགྲོད་པ་ཐག་མི་རིང། ཞེས་དང་ ཡང་འགས་ འཇིག་རྟེན་མི་ཆོས་སྤྱོད་པ་ཡོན་ཏན་ཀུན་གྱི་གཞི་ ཞེས་ཀྱང་གསུངས་ཡོད་།

    བོད་རིགས་རྣམས་་མི་རིགས་སྙེ་མང་འདྲེས་པའི་ཨ་རི་དང་ནུབ་ཕྱོགས་སོགས་ལ་སླེབས་ཚར་རྗེས་མིའི་མཐོང་རྒྱ་དང་ཐོས་རྒྱ་གློ་བུར་དུ་ཆེ་རུ་འགྲོ་གི་ཡོདརེད་ འཛམ་གླིང་གི་གནས་སྟངས་དང་འགྱུར་འགྲོས་སོགས་མིག་གི་མདུན་དུ་མཐོང་ཡོང་ དེ་དུས་ཨ་སྒོར་དང་ཡུ་སྒོར་གནམ་ནས་བབ་རྒྱུ་མེད་པ་ནམ་ཉིན་མཚན་མེད་པ་ལུས་སེམས་གཉིས་ཀྱི་དཀའ་ལས་རྒྱབ་པ་ལ་བརྟེན་ནས་ཡོང་དགོས་པ་དེ་དངོས་སུ་མཐོང་དུས་སྔར་གྱི་བསམ་བློ་ལ་རིམ་བཞིན་འགྱུར་བ་འགྲོ་གི་ཡོད་རེད་ མི་ཡུལ་གང་དུ་སོང་ཡང་སྙིང་པོ་མེད་པ་བཐོང་དུས་རང་ཡུལ་གངས་ཅན་དེ་སྔར་ལས་ལྷག་ཡིད་ལ་རྟག་པར་འཁོར་གྱི་ཡོད་རེད་ བོད་སྤྱི་པའི་དོན་དུ་དཀའ་ལས་རྒྱག་དགོས་འདུག་བསམ་པ་རང་བཞིན་གིས་ཡོང་གི་ཡོད་ དེར་བརྟེན་ཕྱི་རྒྱལ་ཁག་ཏུ་བོད་དོན་ལས་འགུལ་སྤེལ་བཞིན་པ་རེད་ བོད་པ་ཉུང་དྲག་པས་དཀའ་ངལ་རེད་འདུག་།
    བུ་ཕྲུག་གི་ཆེད་དུ་བོད་པའི་རིག་གཞུང་ཀྱང་སློབ་ཀྱི་ཡོད་རེད་ དཔེར་ན་ན་ནིང་ ཕྷ་རན་སིར་ བོད་པའི་སློབ་གྲ་བཙུགས་པ་ལྟ་བུ་རེད་ གང་ཡོང་ཅི་ཡོང་དང་ ཧུར་ཐག་གནང་གི་ཡོད་རེད་།
    སྔར་རང་དོན་ཆེད་ཕྱུགས་པོ་ཆགས་འདོད་ཀྱི་བློ་དེ་ད་ཆ་རྦད་དེ་བརྗེ་འགྲོ་གི་ཡོད་།

    བོད་གཞུང་དང་བོད་མི་ཚང་མ་ཕྱི་རྒྱལ་དུ་སྤོ་དགོས་ཡོད་གསུངས་མཁན་སུ་ཡང་ཡོད་མ་རེད་།ག་རེ་ཞུ་གི་ཡོད་རེད་ཟེར་ན་བོད་མི་ལས་མེད་དང་སྐྱོ་པོ་ཚོ་ཕྱི་རྒྱལ་དུ་གཏོང་ཐབས་དང་ སྒེར་པས་ཕྱི་རྒྱལ་འགྲོ་མཁན་དང་ནང་མི་ཟླ་སྒྲིལ་ གཏོངས་ཐབས་སོགས་རོགས་སྐྱོར་ཚད་ལྡན་གནང་རོགས་ཞུ་གི་ཡོད་རེད་མདོར་ན་བོད་རྒྱ་ཆེར་མི་མང་གི་མངོན་འདོད་གང་ཡིན་པ་དེ་ལ་བསམ་མནོ་གཏང་རོགས་ བོད་རྒྱ་ཆེར་མི་མང་གི་མངོན་འདོད་མེད་པ་དེ་ལ་ཨུ་ཚུགས་མ་རྒྱག་རོགས་ཞུ་ཡ་དེ་རྩོམ་ཡིག་འདིའི་བརྗོད་དོན་ངོ་མ་དེ་ཡིན་ས་རེད་།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བསམ་ཤོག
    བཙན་བྱོལ་གྱི་བོད་མི་ནུབ་ཕྱོགས་སུ་ཕྱིན་པ་ཡིན་ན་བོད་དོན་ལ་ཕན་གནོད་གང་འདྲ་ཞིག་གི་རེད།
    ཕན་གི་རེད། (༧༣)
    གནོད་གི་རེད། (༢༥)
    ཁྱད་པར་མེད། (༢༢)
    མི་ཤེས། (༤)
    བཟོད་པ་ལྷ་རྩེ་ཁྱེད་རང་དྲ་འབུ་ཞིག་གི་སྐྱེ་བ་ལེན་འདུག་པར་ཨ་ཁ་་་་་་་་་ཁྱེད་ཀྱིས་བོད་མི་འགའ་རེའི་འདོད་པ་ཡིན་མིན་མཐོང་སོང་ངམ།
    དགེ་ཆོས་མཆོག་གིས།
    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད་ཀྱང།
    ངོ་ནག་གཞན་གྱི་སྨྱེ་མ་མི་སངས་པར།
    མདོ་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེར།
    དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།་་ཞེས་གསུངས་ལུགས་ལ་ལྟས་ན་སྔོན་མ་དགེ་ཆོས་སྐབས་སུ་ཡང་མི་ཁྱེད་འདྲ་བ་རེ་གཉིས་ཡོད་ས་རེད་ད།

    Reply
  4. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཚིག་སྣེ་གཅིག་དང་ཡང་ན་ཚིག་ཟུར་ཙམ་ཀྱང་མི་བཟོད་པའི་ཚོགས་པ་དང་གཞུང་ལ་གོ་སྐབས་གང་ཡང་རག་གི་མ་རེད།་དེ་ཤེས་པར་གྱིས།

    Reply
  5. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཁོ་ཚོར་ཅི་ཞིག་བཤད་ན་བཤད་དུ་བཅུག་པས་ཟིན་བྲིས་པ་རབ་འབྲིང་ཐ་གསུམ་གྱི་གོ་རིམ་མི་འགྱངས་བར་དགར་ཐུབ་པ་ཞིག་འབྱུང་ངེས།དེ་ལྟར་མ་བྱུང་བའི་བར་བློ་ཁོག་ཆེ་ཙམ་བྱེད་རྒྱུ་ནི་དུས་བབ་ཚང་དང་ཟིན་བྲིས་པ་ཚོས་ཧྲ་ལ་བྱ་རོགས་གནང།

    Reply
  6. ཕུན་ཚོགས ། says:
    ལོ་ 15 སྔོན།

    སྤྱིར་ཟིན་བྲིས་པ་སྤྱི་བམ་གྱི་ཆ་ནས་ཤེས་ཚད་དང་ཉམས་མྱོང་བློ་ཁོག་གིས་མི་་འདང་བ་ནི་བཤད་མ་དགོས་ཤིག་རེད་མ་གཏོགས།དྲ་ཚིགས་སུ་གསར་དུ་ཞུགས་པ་དང་ཉམས་མྱོང་མེད་པ།ཤེས་ཚད་ཀྱིས་མི་འདང་བའི་མཆན་བུ་དག་ནག་བསུབ་ཏུ་གཏོང་དགོས་དོན་གང་ཡང་མི་འདུག

    Reply
  7. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པས་འགན་འཁྱེར་ནས་མཆན་བུ་ནང་དོན་མེད་པ་ཚོ་བསུབ་བཞག་ན་རེད། མ་གཏོགས་ཧོར་གཙང་གི་རྩོམ་ཡིག་ཡག་པོ་འདི་བརྫད་འགྲོ་གི་འདུག

    Reply
  8. གནམ་ལྕགས། says:
    ལོ་ 15 སྔོན།

    གོང་གི་རྩོམ་ཡིག་འདིའི་གཤམ་དུ་བཏགས་པའི་མཆན་བུ་རྣམས་ལ་སྡོམ་ཞིག་བརྒྱབ་ན། “དུས་ཚོད་འཕྲོ་ལྷག་ཏུ་གཏོང་བྱེད་ལས་མི་འདུག”ཅེས་བརྗོད་ཆོག

    ང་ཚོས་གཞན་གྱི་བསམ་ཚུལ་བཀླགས་པ་དང་། དེར་དཔྱད་ནས་གླེང་སློང་བྱེད་རྒྱུའི་རྩ་ཚིག་དེ་དོར་ནས་དགའ་སྐྱོ་ཆགས་སྡང་གི་གཟུགས་རིས་ངོ་མ་སྟོན་པར་འབད་འདུག་པ་འདིས། ད་དུང་ཁྱོད་ཚོ་གཉིད་ལ་སྡོད་ཅེས་པ་དང་ཤིན་ཏུ་འདྲའོ།།

    Reply
  9. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཡིན་ཡང་ལྟ་བའི་ཆ་ལ་ཁྱོད་ལ་ལེགས་སོ་འབུལ་མི་ཐུབ་ས་གང་མང་ཡོང་སྲིད་པས་དགོངས་འགལ་མེད་པར་ཞུ།

    Reply
  10. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཁྱོད་ཚོའི་རྗོད་བབ་དང་ཚིག་སྣེ་ལེན་སྟངས།་གོ་རིམ་སྒྲིག་སྟངས།ཐ་ན་ཚིག་སྦྱོར་སོགས་ཚུན་ལའང་ཁྱད་ཆོས་དམིགས་བསལ་བ་རེ་འདུག་པས་མུ་མཐུད་དུ་དྲ་ཚིགས་འདིར་ཞུགས་ཏེ་ཟིན་བྲིས་པ་ཚོར་ལམ་སྟོན་བཀའ་སློབ་གང་མང་དང་།རྩོམ་ཡིག་གི་ལམ་གྲོགས་ཆེ་ཤོས་སུ་འགྱུར་བའི་རེ་བ་ཞུ།

    Reply
  11. ཕུན་ཚོགས ། says:
    ལོ་ 15 སྔོན།

    བོད་བཙན་བྱོལ་པ་ཚང་གི་གནས་བབ་དངོས་མ་དང་འགྱུར་བ་དག་མ།བོད་པ་སྤྱི་བམ་གྱི་ལོ་རྒྱུས་འདིའི་རིགས་རྩོམ་པོ་རྒན་རབས་པ་ཁྱོད་དང་ཁྱོད་ཚོས་དམར་རྗེན་དུ་བཤད་ཐུབ་རྒྱུ་ནི་ངོ་མ་ཤིན་ཏུ་གལ་ཆེ་གི

    Reply
  12. ཕུན་ཚོགས ། says:
    ལོ་ 15 སྔོན།

    ངས་ཁྱོད་ལ་རེ་ཞིང་སྒུག་ཏེ་ཡུན་རིང་འགོར།

    Reply
  13. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཧོར་འཇིགས་ལགས་པེབས་གནང་བར་ཐུགས་རྗེ་ཆེ།

    Reply
  14. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  15. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཧཧཧ་དྲྭ་གྲོགས་ཚོགས་མཆན་བུ་རྣམས་རིམ་བྱས་ཀློག་དང་བལྟ་མོ་འདུག འོ་ཡ་དེ་སྔ་རྒྱ་དམར་གྱི་བཙན་བྱོལ་གཞུང་ལ་ཤོད་ཡས་སྐད་ཆ་སྙིང་པ་རྣམས་ད་ཆ་བོད་མི་འགའ་རེས་ཤོད་ཀྱི་འདུག་ ཧཧཧ་བཙན་བྱོལ་གཞུང་དེ་ཁ་བྲལ་རིང་ལུགས་པ་དངོས་དེ་རེད་ཟེར། སྤུ་མེད་ཕག་པ་འགས་རང་ཉིད་དངུལ་གྱི་བྲན་གཡོག་ཏུ་གྱུར་བ་དང་། བཟའ་མི་བུ་ཕྲུག་ཁ་བྲལ་དུ་གྱུར་བ། ཚང་མ་བཙན་བྱོལ་བོད་གཞུང་གི་བཟོས་བྱུང་ཟེར། སྙིང་རྗེ་མི་དེ་ཚོའི་ཀླད་པའི་ནང་ཆུ་ན་གཏོགས་གང་ཡོད། ནུབ་ཕྱོགས་སུ་བཟང་རབ་དང་ཡོད་རབ་ཐ་ན་ནུབ་ཕྱོགས་སུ་ཆོས་ཀྱི་ཉམས་ལེན་བཟང་རབ་བཤད་སོང༌། དེ་དག་ལ་གསལ་བཤད་དམ་ལོག་རྟོགས་སེལ་ཕྱིར་རྒྱུ་མཚན་བཤད་པས་གོ་ཤེས་མེད་པར་གྲྭ་བ་དང་ཨ་ནེ་མང་ཙམ་ལོག་དགོས་ང་དམྱལ་བ་འགྲོ་གི་ཡིན་ཟེར། མི་དེ་ཚོས་ཀླད་པའི་ནང་ཆོས་དང་སྲིད་ཀྱི་ཡོན་ཏན་གང་ཡོད་དམ། ད་དུང་ཁ་བོ་ཆེན་པོས་བོད་ཀྱི་རིག་གཞུང་དེ་བལྟོ་གོས་ཅན་དུ་བསྒྱུར་དགོས་ཚུལ་དང་བཙན་བྱོལ་གཞུང་དེ་བལྟོ་གོས་ཅན་དུ་བསྒྱུར་དགོས་ཚུལ་གསུང་ཚུལ་ལ་གཅིག་གཟིགས་དང༌། བལྟོ་གོས་ཁོ་ན་ལས་མི་སེམས་པའི་མི་དེ་དག་ལ་ས་པཎ་གྱི་དེ་འདྲ་ཞིག་གསུངས་ཡོད།
    བལྟོ་གྲང་འབབ་ཞིག་དོན་གཉེར་བ།
    སྤུ་མེད་པ་ཡི་ཕག་པ་ཡིན།
    ཞེས་གསུངས་པ་ལྟར་ངས་ཀྱང་མི་དེ་དག་ལ་སྤུ་མེད་ཕག་པ་ཞེས་ལབ་པ་ཡིན། ཡིན་མིན་དྲྭ་གྲོགས་རྣམས་ནས་དཔྱད་པ་འཚལ།

    Reply
  16. མགོ་རུལ། says:
    ལོ་ 15 སྔོན།

    ཉིན་འགའི་སྔོན་ནས་བོད་ནང་གི་མཆོད་མེ་དྲ་ཚིགས་སྒོ་ཕྱེ་ཐུབ་ཀི་མི་འདུག་པས། རྒྱ་རོ་ཚང་གིས་ཅིག་བྱས་པ་ཡིན་ས་རེད།

    Reply
  17. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཚོ་བའི་སྲུང་སྐྱོབ་ཞེས་པ་ནི།་་་ནད་ན་དུས་སྨན་རིན་དང་་་་་རྒད་མགོ་ཆགས་དུས་རྒད་གསོ་་་་ལས་ཀ་མེད་ན་ལས་མེད་གླ་ཕོག་་་་་དེ་ལས་སྐྱོ་བ་རྣམས་ལ་སྐྱོབ་གསོ་་་སོགས་ལ་གོ་དགོས།

    བཙན་བྱོལ་ཞེས་བྱོལ་ཆད་འདུག་དགོངས་འགལ་མེད་ཞུ།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡང་བསྐྱར་གནས་ཚུལ་ཁག་གཅིག་ཞུ་དགོས་ཐུག་སོང། གང་ཡིན་ཞེ་ན། བཙན་བྱོལ་བོད་མིའི་འཚོ་གནས་ལ་བསམ་གཞི་མེད་པར་ནང་ཆོས་ཁོ་ན་ལ་དུང་ཞེན་ཆེ་བའི་གྲྭ་པ་རྐྱང་གྲྭ་འགའ་རེས་རྒྱལ་ཕྱི་ཕྱིན་ན་སྡུག་བདུད་རྒན་ལྟ་བུ་ངོས་འཛིན་བྱས་མཁན་ཡོད།

    ༡༽༧གོང་ས་མཆོག་གིས་གྲྭ་བ་མང་མི་དགོས་ཡོད་པ་དེར་ཡག་པོ་ཞིག་དང་སྤུས་དག་པོ་ཞིག་བྱུང་ན་གྲྭ་བཞི་ལས་མེད་ཀྱང་འགྲིག་གི་ཡོད་ཞེས་གསུངས་མྱོང་ཡོད་པར་ལྟར་དེང་སང་བཙན་བོད་མིའི་མི་འབོར་༡༥༠༠༠༠ཙམ་གྱི་ནང་ནས་༣༠༠༠༠ཡུན་མིན་ཙམ་གྲྭ་བ་དང་བཙུན་མ་རེད།

    ༢༽གྲྭ་བ་དང་བཙུན་མ་ཡོད་ཚད་ཐམས་ཅན་ཆོས་བསམ་ནས་དགོན་པ་ནང་དུ་བཞུགས་པ་ཡིན་མིན་ཁྱེད་ཚོ་གྲྭ་པ་གྲྭ་རྐྱང་རྣམས་ཀྱི་ངོས་ནས་མཁྱེན་ངེས་རེད། ཁ་ཅིག་གྲྭ་ལོག་བསམ་ཀྱང་འཚོ་གནས་ཀྱི་དཀའ་ངལ་ལ་སྐྲག་ནས་ལོག་མ་ཐུབ་ནས་དགོན་པ་ནང་དུ་བསྡད་མཁན་ཡང་མང་པོ་ཡོད།

    ༣༽འདིར་ཚོ་ལྟ་བུ་ཕྱི་རྒྱལ་ལ་སླེབས་དུས་རང་གི་འཚོ་བའི་ལྟོ་གོས་སྒྲུབ་ཐུབ་པས་བོད་མི་རིགས་ཡར་རྒྱས་ཀྱི་ཆེད་དུ་ཕྱག་ལས་གནང་ངེས་ཡིན། དེ་ཡང་ང་རང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དགོས་ངེས་ཡིན།

    ༤༽གལ་སྲིད་སེམས་ལ་གྲྭ་པ་སྡད་འདོད་མེད་ཀྱང་ལྟོ་གོས་ཀྱི་རྐྱེན་པས་དགོན་པ་ནང་དུ་བསྡད་དགོས་ཐུག་མཁན་ཚོའི་ཆེད་དུ་དགོངས་བཞེས་གནང་དགོས་ངེས་རེད། སེམས་ལ་མེད་ན་དགོན་པ་ནང་དུ་བསྡད་པ་ཙམ་གྱིས་ཆོས་པ་མི་འགྱུར་ལ་དེ་ལས་ལྡོག་སྟེ་སངས་རྒྱས་སྟོན་པའི་ཞབས་འདྲེན་ཞུ་མཁན་མཐོང་མ་སོང་ངམ།

    ༥༽མདོ་དོན་ཕྱོགས་གང་ནས་ལྟས་ཀྱང་བཙན་བྱོལ་བོད་མིའི་འཚོ་བའི་སྲུང་སྐྱོབ་ནི་མེད་དུ་མི་རུང་བ་ཞིག་ཡིན། བོད་རྒྱལ་ཁབ་དང་བོད་མི་རིགས་འདིར་ཐོབ་དགོས་ན་ཐེངས་དང་པོ་ལྟོ་གོས་འགྲིག་དགོས། ནང་པ་སངས་རྒྱས་པའི་མཚན་ཉིད་རིག་པ་སྦྱངས་འདོད་མེད་མཁན་རྣམས་གྲྭ་པ་རྣམས་ལོག་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།

    ༦༽་གལ་སྲིད་ཁྱེད་རྣམ་པ་ལོག་ནས་སྡུག་པ་ཡོད་ན་ང་ཅོ་རི་མྱ་བ་ནང་དུ་འགྲོ་ཆོག་་་་་ཆོས་བྱེད་འདོད་མེད་ན་དགོན་པ་ནང་དུ་མ་བསྡད་རོགས། བོད་མི་རིགས་ཀྱི་ཆེད་དུ་ཕྲུ་གུ་གཅིག་ལས་བཟོ་མ་ཐུབ་ཀྱང་དགོས་ངེས་ཡིན། སྐྱ་མིན་སེར་མིན་མ་བཞུགས་རོགས་ཞེས་རེ་སྐུལ་དང་བཅས་གྲྭ་ལོ་ཅོ་རིས།

    ཐུགས་རྗེ་གཟིགས།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དངོས་ཡོད་གནས་ཚུལ་གཞིར་བཟུང་གི་ཐོག་ནས་དཔྱོད་ཤེས་ལྡན་པའི་སྤུན་གྲོགས་བྱམས་རྒྱལ་དང་མི་ཉག་སྐལ་བཟང་གཉིས་ཕེབས་པ་དགའ་པོ་བྱུང་།

    ང་རང་ཚོས་དངོས་ཡོད་གནས་ཚུལ་དང་དངོས་སྟོབས་རིག་པའི་སྒྲུབ་བྱེད་ཀྱི་ཐོག་ནས་ཕ་རོལ་པའི་ལོག་རྟོག་སེལ་ཐུབ་པར་འབད་བརྩོན་བྱེད་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན།

    རྗེས་སུ་ཞལ་མཇལ་ཡོང་བ་སྨོན།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མིའི་བསམ་བློའི་ཞེས་བཅོས་རོགས་གནང།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་བསམ་བློའི་ཁ་ཕྱོགས་དང་མ་བརྟེན་པར་ལྟ་བ་འཁྲེགས་བཟུང་བྱས་མཁན་ཚོའི་བྱེད་ཉེས་ལ་བརྟེན་ནས་ཕ་མ་དང་ཕྲུ་གུ་ཁ་བྲལ་ནས་བསྡད་དགོས་བྱུང་ཡོད་ལ་བཟའ་ཚང་དང་ནང་མི་ཁ་བྲལ་ནས་བསྡད་དགོས་བྱུང་ཡོད་དགའ་རོགས་དང་དགའ་མོ་ཁ་བྲལ་ནས་བསྡད་དགོས་བྱུང་པར་འདི་ནི་དངོས་ཡོད་གནས་ཚུལ་ཡིན།

    འདིར་ཚོ་བྱས་མཁན་ཚོ་ལ་ཁ་བྲལ་རིང་ལུགས་པ་ཟེར་ན་དངོས་ལ་གནས་ཡོད། དངོས་བྱུང་མྱོང་བའི་ཐོག་ནས་བཤད་ནའང་བོད་མི་ཉམ་ཆུང་ཚོའི་དཀའ་སྡུག་འདིར་སེམས་ལ་འཁོར་ཐེངས་རེ་ལ་བཟོད་ཐབས་མེད་པའི་སྡུག་ངལ་རེ་ཡོང་བ་འདིར་མི་དྲག་དཔོན་ཆེན་རྣམས་ཀྱིས་ག་ལ་ཤེས།

    གལ་སྲིད་མི་ལོ་བཅུའི་་རིང་དུ་རང་ལྟ་མཆོག་འཛིན་པ་ཚོས་བོད་མི་མང་གི་སེམས་ལ་རྨ་ཁ་བཟོས་ཡོད་ལ་རྨ་ཁ་འདིར་གསོ་རྩིས་ཡོང་བྱེད་བཞིན་མེད།
    བཙན་བྱོལ་གཞུང་འདིར་རྩ་བ་བརྟེན་པོ་ཡོང་བའི་ཆེད་དུ་བོད་མི་མང་གི་སེམས་ཀྱི་རྨ་ཁ་འདིར་ངེས་པ་དུ་གསོ་ཐུབ་པ་བྱ་དགོས་སྙམ།

    བོད་མི་རིགས་ཀྱི་སྐད་ཡིག་འདི་ལྟོ་གོས་ཅན་སྐད་ཡིག་ལ་བསྒྱུར་མ་ཐུབ་ན་སྐད་ཡིད་འདི་ཡུན་རིང་པོ་གནས་མི་ཐུབ། བཙན་བྱོལ་བོད་གཞུང་འདིར་བོད་མིའི་ལྟོ་གོས་ཅན་གྱི་གཞུང་ཞིག་ལ་བསྒྱུར་མ་ཐུབ་ན་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་དེར་ནས་གཞུང་འདིར་གནས་ཐུབ་ཀྱིན་ཁག་པོ་རེད་སྙམ།

    བསམ་བློ་དེ་ཙམ་ཡང་འཁོར་མི་ཐུབ་པའི་དྲ་གྲོགས་ཚོ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་ནག་ཉེས་ཅན་ཞིག་ཏུ་འགྱུར་ངེས་ཡིན་ནོ།

    Reply
  23. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མ་ལགས་ནས་ཉམ་ཞིབ་གནད་ལ་ཕིགས་པ་ཞིག་གནང་ཏེ་དོན་དངོས་སྦྱར་བའི་གཏམ་བཤད་ཟིངས་སུ་ཐོིན་པ་ཞིག་སྤེལ་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
    གཤམ་དུ་ཁོང་གི་དགོང་ཚུལ་བསྐྱར་འགོད་དང་འབྲེལ་མཆན་བུ་འདེབས་ཁག་གཅིག་གི་དགོངས་ལ་ལ་བགྲོ་གླེང་ངམ་གསལ་བཤད་ཐུང་ཙམ་ཞུ་རྒྱུ་ཡིན།
    བོད་ཀྱི་མཛེས་མ།
    ༢༠༡༠/༠༥/༡༥ ཉིན་འདོན་སྤེལ་བྱས།
    ནུབ་ཕྱོགས་རྒྱལ་ཁབ་ཐར་པའི་ཞིང་ཁམས་ལ་ལྟ་བའི་མིག་ལྡན་ཞ་ར་རྣམས་ལ་ངས་གནས་ཚུལ་ཞིག་བཤད་འདོད།

    ཉིན་ཤས་གོང་དུས་ཚོད་སྟོང་པ་ཞིག་དང་སྟབས་བསྟུན་ནས་གངས་སྐྱིད་བདེ་ལེགས་སྨན་ཁང་དུ་བསྐྱོད་པ་ཡིན།དེར་ཧ་ཅང་ཉམ་ཐག་པའི་ནད་པ་རྒན་མོ་སྨད་ཀྱི་དཔྱི་འགོ་ཐམས་ཅད་རྨ་ཡིས་ཁེངས་པ་ཞིག་སུས་མཐོང་ཡང་སེམས་འཚབ་འཚབ་དང་སྙིང་རྗེ་རྗེ་མི་བྱེད་ཀ་མེད་འགྱུར་བ་ཞིག་འདུག་་མ་རྒན་གྱི་ལག་པས་རང་གི་ཕྲེང་རྡོག་རེ་རེ་བཞིན་འཐེན་བཞིན་འདུག་མོད།་་་་་་ཁ་གཡོལ་འགུལ་མི་ཐུབ་པར་རྟག་པར་གདང་ནས་བསྡད་འདུག་་་་་་ལང་ནས་འདུག་པ་དང།་འདུག་ནས་འགྲོ་རྒྱུ་ནི་ནད་པ་རྒན་མོ་མཚོན་ན་ཡོང་རེ་མི་སྲིད་པ་རི་བོང་རྭའི་མཆེད་ཟླ་རང་རེད།

    རྒན་མོ་དེའི་ནད་གཡོག་ཏུ་ཕོ་གསར་ཞིག་འདུག་ཀྱང་ཕར་བལྟ་ཚོད་ལ་ནད་གཡོག་བྱམས་པོ་ཞིག་མིན་པ་ཤེས་སླ།རྒན་མོ་འགུལ་སྐྱོད་བྱེད་འདོད་སྐབས་སུ་ཁོ་པས་དྲག་འགུལ་དང་བྲེལ་འཚུབ་རྐྱང་རྐྱང་བྱེད་པ་ལས་བྱམས་འཇམ་དལ་གསུམ་གྱིས་གཡོག་སྐྱོང་བྱེད་ཀྱི་མི་འདུག་སྨན་ཁང་གི་ཞབས་མི་ཞིག་གི་བརྒྱུད་ཤེས་གསལ་བྱུང་བ་ལྟར།ནད་པ་རྒན་མོ་དེ་ལྷ་རྒྱལ་རི་བྱམས་པ་གླིང་རྒས་གསོ་ཁང་ནས་ཡིན་པ་དང་ནད་གཡོག་དེ་རྡ་ས་ལས་མེད་ཚོགས་ཁོངས་ཉིན་གླ་ཧིན་སྒོར་བཞི་བརྒྱ་རེ་བྱས་ནས་ནད་གཡོག་སླེབས་པ་ཞིག་རེད་འདུག།་་་་་་་ཨ་ཁ་ནད་པ་དང་ནད་གཡོག་གཉིས་སྙིང་རྗེ།

    ང་སྨན་ཁང་དེར་ནམ་རྒྱུན་ཐེངས་མང་འགྲོ་མྱོང་ཡོད་སྟབས་སྨན་གཡོག་རྣམས་ངོ་ཤེས་ཀྱི་ཡོད།ང་ཚོ་ཅི་འཕྲོས་མོལ་འཕྲོས་བཤད་ཞོར་དུ་ངས་ནད་པ་རྒན་མོའི་སྐོར་གནས་ཚུལ་མང་པོ་ཞིག་སྟེ་དབང་གིས་ཤེས་བྱུང།

    རྒན་མོ་དེར་བུ་གཉིས་དང་བུ་མོ་གཅིག་འདུག་་་་བུ་གཉིས་ནི་ཨ་རི་ཝ་ཤིང་ཌོན་དུ་ཕྱིན་ཏེ་ལོ་མང་ཕྱིན་པ་དང།་་་་་་ཁོང་མོའི་བུ་མོ་དེ་ཡང་མ་རྒན་འཁྲིས་སུ་འདུག་མ་ཐུབ་པར་་ཕྱི་རྒྱལ་མགོ་སེར་ཞིག་དང་འཇིག་རྟེན་མཐུུན་འཇུག་གི་གཉེན་སྒྲིག་བྱས་ཏེ་ཕཱེ་རེན་སེ་རྒྱལ་ས་པེ་རི་སེ་ནང་འཚོ་བ་སྐྱེལ་བཞིན་ཕྲུ་གུ་གཉིས་བྱུང་ཡོད་ཟེར།
    དེ་ལྟར་མ་རྒན་ལ་ཚེ་གཡོག་བྱེད་མཁན་མེད་སྟབས་ཁོང་མོའི་ངོ་ཤེས་ཤིག་གི་བརྒྱུད་རྒས་གསོ་ཁང་དུ་ཚུད་དེ་ལོ་ལྔ་ཕྱིན་པ་དང།་རང་གི་ཤ་ལས་སྐྱེས་པའི་ཕྲུ་གུ་རྣམས་དང་ཁ་བྲལ་ནས་ལོ་ངོ་ལྔ་ཙམ་ཕྱིན་ཟིན་འདུག་དུས་ཚོད་དེའི་རིང་མ་རྒན་ལ་ཐོབ་པ་ནི་བུ་ཕྲུག་ཚོས་བསྐུར་འོང་བའི་ཤོག་དངུལ་ཙམ་རེད།ད་ཆ་མ་རྒན་ལོ་ན་མཐོ་ཞིང་སྨན་ཁང་ནང་ཡུན་རིང་ལྷག་པ་དང་ཐ་ན་ཤི་གསོན་གང་ཡོང་མི་ཤེས་པའི་སྐབས་དེར་རང་གི་ཕྲུ་གུ་ཚོས་བརྗོད་འོང་ནི་།

    མ་རྒན་ལགས།་་་་སེམས་ཁྲལ་མ་བྱེད།་་་་་་སྐྱེ་རྒ་ནད་འཆི་ནི་འཁོར་བའི་ཆོས་ཉིད་རེད།་་་་་ང་ཚོ་ལས་བྲེལ་ཆེ་བའི་རྒྱ་གར་དུ་ཡོང་ཁོམ་མ་བྱུང་ཡང།་དེ་ལས་ཕན་ཐོགས་ཆེ་བ་ཞིག་ནི་ཤོག་དངུལ་ཏོག་ཙམ་བསྐུར་ཡོད།་ཨ་མ་ལགས་བདེ་མོ་བྱོས་ཞེས་ཟེར།
    ཁོང་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་སྔ་ས་ནས་རག་ཡོད་སྟབས་རྒྱ་གར་དུ་འགོྲ་འོང་བྱེད་རྒྱའི་དཀའ་ཚེགས་གང་ཡང་མེད་ཀྱང་ཌོ་ལར་དགའ་དྲག་ནས་དུས་ཚོད་ཛ་དྲག་འདི་འདྲའི་སྐབས་སུ་ཡང་རྒན་མོར་ཐུག་ཀ་མ་ཡོང་རེད་ཟེར་ནས་སྨན་ཁང་ནང་གནས་ཚུལ་ཁྱབ་འདུག

    ད་དུང་སྨན་གཡོག་ཅིག་གིས་བརྗོད་དོན་གནས་སྟངས་འདི་འདྲ་མཐོང་དུས་ཕྱི་རྒྱལ་དུ་འགྲོ་རྒྱུ་ནི་སྐྱུག་མེར་ལངས་བཞིན་འདུག་ཟེར།

    སྨན་གཡོག་གཞན་གཅིག་གིས་དེང་སང་སྨན་ཁང་ནང་གནས་སྟངས་འདི་དང་གཅིག་མཚུངས་མང་པོ་ཡོང་བཞིན་འདུག་་་་་་་སྨན་ཁང་ནང་ཡང་སེ་ཡོང་ན་ཨ་རི་ལ་འགྲོ་འདོད་སྐྱེ་གེ་མ་རེད།་སྔར་འགྲོ་འདོད་ཡོད་པ་ཡང་རང་བཞིན་གྱིས་བརླགས་འགྲོ་གེ་འདུག་ཟེར།གང་ལྟར་ང་རང་ནད་པ་རྒན་མོའི་གནས་སྟངས་ལ་མཐོང་དུས་སེམས་པ་སྐྱོ་པོ་བྱུང།་་་གནས་ཚུལ་འདི་རིགས་ལ་གཞིགས་ན་ནུབ་ཕྱོགས་སུ་ཕུར་རྒྱུ་དེ་ཡག་རྟགས་ཤིག་ཁྱོན་ནས་མིན་པ་འདྲ།་་་

    མཁས་པ་ཧོར་གཙང་དང་དྲ་གྲོགས་རྔམ་སེམས་ཅན་ཚོ་ཤེས་སོང་ངམ།
    ད་དུང་གནས་ཚུལ་ཡོད་རྗེས་སུ་ཤོད་ཆོག
    ངས་གོང་གི་བསམ་ཚུལ་དེར་རྒྱབ་བསྐྱོར་དང་ཁོང་གི་གཟིགས་པའི་གནས་ཚུལ་དེ་འདྲ་བ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གྲངས་ལས་འདས་པ་ཡོད། རྒྱལ་བལ་འབྲུག་གསུམ་ནང་གི་རྒན་གསོ་ཁང་ནང་ཡོད་པའི་རྒན་ཁོག་རྣམས་ལ་བློ་རེ་བཅོལ་སའི་བུ་རྒྱུད་མེད་པའི་རབ་ཆད་པ་ཞིག་མིན་ཀྱང་དེ་གི་བུ་ཕྲུག་རྒྱུ་འབྲས་བློ་མིག་ལྡོང་བ་རྐམ་ཆགས་དངུལ་ཁོ་ན་ལས་མི་སེམས་པའི་དབང་གི་ཁོང་རྣམས་རྒན་གསོ་ཁང་དུ་ཡིད་མུག་ཏེ་མ་སྡད་རང་བསྡད་ཆགས་ཡོད། ཁོང་རྣམས་ཀྱི་ལོ་རྒྱུས་ལ་ནམ་ཞིབ་ཞིག་བྱས་པ་ཡིན་གདངས་དགྲ་ཐོས་ཀྱང་མཆི་མ་ཤོར་ངེས། དེ་བཞིན་བཙན་བྱོལ་བའི་སློབ་གྲྭ་དག་ན་ཡང་ཕ་མ་བཟུང་དངུལ་གྱི་དྲན་གཡོག་ཏུ་གྱུར་ཅིང་ཕྲུག་གུ་དྭར་ཕྲུག་ལྟར་ལོ་རེའི་གུང་སེང་ལའང་འགྲོ་ས་མེད་པ་ག་ཚོད་མིན་འདུག་གམ། དེ་དག་བསམ་ན་ནུབ་ཕྱོགས་སུ་བསྐྱོད་པའི་བོད་མི་དེ་དག་ཆོས་ཀྱི་ཉམ་ལེན་ལེགས་པ་དང་མིའི་ཀུན་སྤྱོད་བཟང་རབ་བཤད་མཁན་དག་ལ་འགོག་མེད་ཀྱི་སྙིང་རྗེ་ཞིག་བསྐྱེད་ངེས། སྤྱིར་ནུབ་ཕྱོགས་མཐའ་ཁོབ་ཀྱི་ལུང་པར་ཆོས་ཀྱི་ཉམས་ལེན་ཡོད་བཟོ་ཤོད་མཁན་དག་ལ་ཞུ་རྒྱུ། འདས་པའི་ལོ་དེ་དག་གི་ནང་དུ་ནུབ་ཕྱོགས་སུ་གྲྭ་བ་ཨ་ནེ་ཧ་ལམ་ཉིས་སྟོང་ལྷག་ཙམ་ཕེབས་པའི་ནང་ཆོས་སྒོ་མཐོན་པའི་གྲངས་ཅི་ཙམ་ཡོད། དེ་དག་ཐམས་ཅད་རང་གི་མཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཡོད་ཚད་ཌྲོ་ལ་དང་བརྗེས་འཚར་བ་མ་ཡིན་ནམ། དངུལ་ལོར་ཁོ་ན་སྒོམ་བཞིན་པ་དེ་དམ་ཉམས་དེ་དག་གི་ཉམས་ལེན་མ་ཡིན་ནམ།
    འདོར་ན་ནུབ་ཕྱོགས་སུ་བཟང་རབ་དང་ཡོད་རབ་བཤད་མཁན་དག་ནི་དཔལ་འབྱོར་ཁོ་ནར་ཆགས་པའི་རྐམ་ཆགས་དག་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་རྩ་ནས་མི་ཤེས་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན།

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤུན་གྲོགས་རྣམ་པས་དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིནྲ

    ཁ་བའི་མེ་ཏོག་ལགས་ངས་ནུབ་ཕྱོགས་པའི་མི་རྣམས་ཀྱི་ཕན་སེམས་ཆེ་བ་དང་རྒྱུ་འབྲས་ལ་བརྩི་སྲུང་ཡག་བ་འདུག་ཟེར་བས་རྒྱུ་མཚན་ནི། དཔེར་ན། ང་རང་ཚོའི་བཙན་བྱོལ་བོད་ཀྱི་སློབ་གྲྭ་དང་རྒད་གསོ་ལ་སོགས་པའི་དཔལ་འབྱོར་ཡོང་ཁུངས་ནུབ་ཕྱོགས་པའི་མི་རྣམས་ཀྱི་རྒྱུ་བདག་བྱས་པར་གསལ་པོ་རེད། ནུབ་ཕྱོགས་པའི་མི་ཕྱུག་པོ་གཅིག་གཉིས་ཀྱི་རྒྱུ་བདག་བྱས་པ་ཙམ་མ་རེད། མི་སེར་དཀྱུས་མ་བ་རྣམས་ཀྱིས་དཀའ་ལས་རྒྱག་ནས་བྱུང་བའི་དངུལ་རེད། སྤྱིའི་ཆ་ནས་ནུབ་ཕྱོགས་པའི་མིའི་ཕན་སེམས་ལ་བརྟེན་ནས་བྱུང་བའི་དངུལ་རེད།
    མི་བདེན་བསམ་ན་སྲུ་རྒྲན་བོད་ཀྱི་སློབ་གྲོགས་ཚོགས་པས་བོད་ནང་དུ་སློབ་གྲྭ་༡༠༨རྒྱག་ཡོད་རེད། ཁོང་རྣམས་པ་ལ་དངུལ་དེ་འདྲ་ག་ནས་བྱུང་ཞེས་དྲིས་དང་ཧ་གོ་ཡོང་གི་རེད།

    མི་སྒེར་ཕྱུག་པོ་ཡོད་མེད་ལྟས་པ་ཡིན་ན་རྒྱ་གར་རུ་མི་སྒེར་ཕྱུག་པོ་མང་བ་ཡོད། ཡིན་ནའང་རྒྱ་གར་པའི་ཕྱུག་པོ་ཚོས་རྒྱ་གར་བའི་ཉམ་ཐག་རྣམས་ལ་བྱམས་སྐྱོང་འདུག་གམ། འདིར་གཅིག་པོ་ཐོག་ནས་གཟིགས་དང་ཤེས་ངེས་ཡིན།

    Reply
  25. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཧོར་གཙང་ལགས་ནི་ད་དངོས་གནས་གིས་རྩོམ་པ་པོ་ཚད་ལྡན་ཞིག་གཞི་ནས་ཆགས་སོང་། དེ་ཡང་འུ་ཚང་བོད་པའི་བསོད་ནམས་ཡིན།
    ད་ཁོང་ལ་སྐྱབས་འཇུག་ཞུ་ཡག་ཞིག་ལ་བོད་འདི་མ་འོང་པ་ལམ་ཕྱོགས་གང་ལ་བཟང་ཟེར་བའི་བརྗོད་གི་ཐོག་རྩོམ་ཡིག་ཞིག་སྤེལ་རོགས་ཞུ་ན་གང་འདྲ་འདུག་དྲ་གྲོགས་རྣམས་པ་ཚོ།།

    Reply
  26. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    སྤུན་གྲོགས་ཅོ་རི་ལགས། ཁྱོད་ཀྱི་བསམ་ཚུལ་ཡག་པོ་འདུག། འོན་ཀྱང་། རྒྱ་བལ་འབྲུག་གསུམ་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་རྣམས་རྒྱུ་འབྲེས་སྲུང་བས་ཕན་སེམས་ཆེ་བ་གསུང་འདུག་པའི་རྒྱུ་མཚན་ཅི་། རྒྱུ་འབྲེས་སྟེན་འབྱུང་གི་ལྟར་བ་ལྡན་པའི་སྤྱིར་ཚོགས་དང་གོམ་སྲོལ་རིགས་རུས་དང་རིགས་སྤྱོད་ཀྱི་ཁོར་ཡུག་གང་ཡང་མི་ལྡན་པའི་ཡུལ་ཞིག་ཏུ་ལྡོག་ཕྱོགས་གི་རིགས་གནས་ཞིག་ལྡན་ཡོད་ན་རྒྱལ་སྤྱིར་ཀུན་སྤྱོད་རིགས་ཚོགས་ཀྱིས་ཉམ་ཞིབ་བྱས་འབྲེས་སུ། འཇིག་རྟེན་འདིར་ཐོག་ཏུ་མི་འདྲ་ཆ་ནི་ཆོས་དང་རིགས་གཞུང་ཆབ་སྲིད་ཀྱི་ལྟར་བ་མི་འདྲ་བ་མི་རྣམས་ཀྱི་ཀུན་སྤྱོད་འཛིན་བཏང་སོགས་ཧེ་བག་ཤུག་ཆེན་པས་འབྱུང་ཁོངས་ནི་ནམ་དུས་དང་ཁོར་ཡུག་གནས་བབས་རང་བཞིན་ནས་བྱུང་བས་སྲོག་རྒྱུན་གྱི་ལྟར་བ་སོགས་མི་འདྲ་བ་ལ་རྟེན་ནས་ད་ལྟས་ཟང་ཟེང་གི་སྤྱིར་ཚོགས་འདིར་རེད་ཟེར་བ་ཐད་པ་གང་ཡོད་དམ།

    Reply
  27. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    དགོངས་དག། ཅི་རི་བཅོས། ཅོ་རི་ལགས

    Reply
  28. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཅི་རི་ལགས། ཁྱོད་ཀྱི་བསམ་ཚུལ་ལ་རྒྱུ་མཚན་ལྡན་ཞིང་མིག་རྒྱང་རིང་ཞིང་། ཕུགས་རྒྱང་རིང་པོའི་འགན་འཁྲི་པའི་སྐད་ཆ་རྣོ་ངར་ཅན་ཤ་སྟག་བཤད་འདུག་པས་བཀྲིན་ཆེ།

    Reply
  29. བྱམས་རྒྱལ། says:
    ལོ་ 15 སྔོན།

    གྲོགས་ཅོ་རི་ལགས། དངོས་ཡོད་གནས་ཚུལགསུངས་འདུག་ བསམ་ཚུལ་འབྲི་འདོད་འདུག་ཀྱང་ད་ལྟ་བྲེལ་བ་ཡོད་ ཡག་པོ་བཞུགས།

    Reply
  30. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
    ད་ལམ་ཡུལ་ཤུལ་ས་ཁུལ་དུ་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་གཅོ༹ས་བོད་ཕྱི་ནང་གཉིས་ཀྱི་རིས་མེད་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང་ ཆོས་རྒྱུད་གདན་ས་ཁག་སོ་སོ་དང་ བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་སྒ་ར་ཉག་དགོན་པའི་ཁྲི་པ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག་གི་དགོན་གསར་ལ་ཧ་ཅང་གི་གནོད་སྐྱོན་ཆ༹བས་ཆེན་བྱུང་ཡོད་ན་ཡང། རིན་པོ་ཆེ་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་ཤུལ་ལུས་སྤུན་ཟླ་འདས་གསོན་ཁོ་ན་ལ་དམིགས་སྟེ། རོགས་སྐྱོར་གནང་འདུག་པས་སྒོ་གསུམ་དངས་བ་ཆེན་པོ་སྒོ་ནས་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་བཅས། གཤམ་གྱི་དབྱིན་ཡིག་ནང་འཁོད་གནས་ཆུ༹ལ་འདི་ནི་www.phayul.comརྒྱུད་ནས་འདོན་སྤེལ་བྱས་པ་ཡིན་ལགས།།
    Earthquake Victims in Remote Areas of
    Kyigudo Still Await Relief

    TibetNet ( Monday, May 10, 2010 19:01 )
    Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.

    “The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.

    He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.

    He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.

    They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.

    He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.

    Photo of the Buddhist learning centre building by Ranyag Monastery before strong the earthquake stuck Kyigudo in Tibet.

    Ranyag Monastery’s Buddhist learning centre suffer heavy destruction due to the earthquake. Tibetans are deeply concerned over the debilitating state of this important learning centre of Tibetan culture and tradition

    Monks of Ranyag Monastery help in delivering consignments of relief materials to the worst quake-hit areas of Kyigudo

    Rescue monks of Ranyag Monastery brave heavy snow to assist Tibetans affected by earthquake in remote areas of Kyigudo in northeastern Tibet

    Revered head of Ranyag Monastery offering spiritual solace to members of families affected by the tragedy

    A member of medical team from Taiwan gives treatment to a injured monk.

    One of a big tensional cracks seen on a land surface in one of the worst quake-hit regions of Kyigudo in TIbet
    This story has been read 6820 times.

    Film

      TibetPhotos

      Monastery

    Advertisement

    Tibetan Buddhist JewelryOM Buddha Jewelry Pendant, Bracelet, Necklace, Rings 
www.best-silverjewelry.com

    Nepal Tibet Bhutan TourPlan an adventure holidays with Local Operator, Join-in Treks,Tours 
www.nepalmakalu.com

    Buddhist Mala Jade AmuletUnbeatable Service Unbeatable Price Free Sh






































    Reply
  31. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤུན་གྲོགས་རྣམས་ཀྱིས་བསམ་གཞི་ཡག་གནང་ནས་ཀློག་པའི་རེ་བ་ཡོད།

    Reply
  32. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ན་གཞོན་ལས་མེད་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོ་བ་སྐྱེལ་མཁན་འགྲོ་ན་ཡག་པོ་འདུག་གསུངས་མཁན་ཁག་ཅིག་དང་མ་འགྲོ་ན་དགའ་གསུངས་ཁག་ཅིག་ཡོད་རེད།

    ༡༽ཁག་ཅིག་གིས་ནུབ་ཕྱོགས་སུ་ཕེབས་ན་ཕུངས་རྒྱང་རིང་པོའི་ཐོག་ཏུ་ཡག་པོ་མེད་པར་བཤད། ཁོང་རྣམ་པའི་རྒྱུ་མཚན་མང་པོ་ཡོད་ཀྱང་དེའི་ནང་ནས་གནད་འགག་ཆེ་ཤོས་དང་རྩ་བ་འཛིན་ས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཡག་རབ་སྤྱོད་བཟང་བཅས་ཉམས་འགྲོ་བ་ཞིག་ལ་ངོས་འཛིན་བྱས་ཀྱི་ཡོད་རེད།

    ༢༽དང་པོ་ཆོས་ཀྱི་ཐོག་ནས་བཤད་ན་ང་རང་ཚོའི་ནང་ཆོས་འདིར་ངོས་འཛིན་དགོས། ལྟ་བ་རྟེན་བྱུང་དང་སྤྱོད་པ་འཚི་བ་མེད་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཉིན་རེའི་འཚོ་བའི་ནང་དུ་བེད་སྤྱོད་བྱེད་ནས་མཐར་ཐུག་གི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྐྱེན་འདིར་ནང་ཆོས་ཞེས་ངོས་འཛིན་བྱེད་དགོས་པར་སྣང།

    ༣༽འདིར་ཉམས་ལེན་བྱེད་པར་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཁྱད་པའི་ཐོག་ནས་བཤད་ན་ནུབ་ཕྱོགས་ཡག་བ་མེད་ནའང་སྐྱོ་བ་མེད། ནུབ་ཕྱོགས་པའི་མི་རྣམས་ཀྱི་སྤྱོད་པ་དང་ང་རང་ཚོའི་ནང་ཆོས་ནང་དུ་བཤད་པའི་རྒྱུ་འབྲས་ཡོད་མེད་དང་གཞན་ལ་ཕན་སེམས་ཡོད་མེད་ཞེས་པ་རྣམས་ཀྱི་ཆ་ནས་མཐུན་ས་དང་ལག་ལེན་གྱི་ཐོག་ནས་རྒྱ་བལ་འབྲུག་གསུམ་ནང་གི་མི་ལས་ནུབ་ཕྱོགས་པའི་མི་རྣམས་ཡག་བ་ཡོད།

    ༤༽བཟང་སྤྱོད་ཞེས་པ་འདིར་བསམ་ནའང་ནུབ་ཕྱོགས་སུ་རྐུ་མ་ཉུང་བ་དང་ནག་ཚོང་རྒྱག་མཁན་ཉུང་བ་མི་གསོད་ཁྲག་སྦྱོར་བཅས་གང་གི་ཐོག་ནས་ཡང་རྒྱ་བལ་འབྲུག་གསུམ་ལས་ནུབ་ཕྱོགས་སུ་ཡག་བ་ཡོད། རྒྱ་བལ་འབྲུག་གསུམ་ནང་དུ་བོད་མི་སྟག་སྤགས་གཟིག་སྤགས་གི་ཚོང་དང་ཙན་དན་ལ་སོགས་ཁྲིམས་མཐུན་མིན་པའི་ཚོང་རྒྱག་ནས་བོད་མི་ཁྲིམས་ལ་སྦྱར་བྱུང་མྱོང་ཡོད།

    ༥༽མ་ཟད་ཕྲུ་གུ་ཞིག་ནུབ་ཕྱོགས་སུ་མཚའ་ལོངས་བྱུང་བ་དང་རྒྱ་བལ་འབྲུག་གསུམ་ནང་དུ་མཚའ་ལོངས་བྱུང་བ་གཉིས་སྡུར་ན་ནུབ་ཕྱོགས་སུ་མཚའ་ལོངས་བྱུང་བའི་ཕྲུ་གུ་རྣམས་གཞུང་དྲང་བ་དང་ལག་ལེན་ཡག་བ་དེང་རབ་ཀྱི་ཤེས་ཡོན་ཡག་བ་རང་འགོ་ཐོན་སླ་བ་ཡོད། རྒྱ་བལ་འབྲུག་གསུམ་ནང་དུ་མཚའ་ལོངས་བྱུང་བའི་ཕྲུ་གུ་རྣམས་ལ་ཡུལ་གྱི་གོམས་གཤིས་ཀྱིས་རྐྱེན་པས་གཡོ་རྒྱུ་མང་བ་དང་ལག་ལེན་མེད་པ་དེང་རབ་ཀྱི་ཤེས་ཡོན་སྐྱོ་བ་ཡོད་པར་སྣང་།

    ༦༽བོད་ཀྱི་སྐད་ཡིག་གི་ཐོག་ནས་བཤད་ན་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་བོད་སྐད་བོད་ཡིག་སྐྱོ་བ་དང་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་རྣམས་བོད་སྐད་བོད་ཡིག་ཡག་བ་ཡོད་པའི་ཁྱད་པ་ཧ་ཅང་ཆེན་པོ་དེ་ཙམ་མེད། དཔེར་ན་རྒྱ་གར་ནང་དུ་ཡང་ཨ་ཟམ་ཕྱོགས་སུ་བོད་ཕྲུག་བོད་སྐད་མི་ཤེས་མཁན་གང་མང་ཡོད་པ་དང་གཅིག་མཚུངས་སུ་སྣང།

    ༧༽ནུབ་ཕྱོགས་སུ་བོད་གཞུང་གི་ངོས་ནས་བོད་ཕྲུ་གུ་ཚོ་ལ་བོད་ཡིག་སྦྱོང་སའི་ཁོར་གཡུ་དང་སློབ་གྲྭ་མེད་བཞིན་དུ་བོད་པའི་ཕྲུ་གུ་ཚོའི་ནང་དུ་བོད་སྐད་རྒྱག་ཐུབ་པ་དང་བོད་གླུ་ལེན་ཐུབ་མཁན་བོད་ཡིག་བྲིས་ཐུབ་མཁན་ཡོད། བོད་སྐད་བོད་ཡིག་མི་ཤེས་པའི་ནུས་ཕྱོགས་བོད་ཕྲུག་ཚོ་ནི་དྭགས་ཕྲུག་ཕ་མེད་མ་མེད་ཕྱི་རྒྱལ་བའི་ནང་དུ་མཚའ་ལོངས་བྱུང་བ་རྣམས་ཀྱི་ནང་དུ་མང།

    ༨༽སློབ་སྦྱོང་གི་གོ་སྐབས་ཡོད་མེད་ཐོག་ནས་བཤད་ན་བལ་ཡུལ་ལྟ་བུ་ལ་ལོར་གཅིག་གི་ནང་དུ་ཆབ་སྲིད་ཀྱི་ཉོག་དྲག་གིས་ཉིན་༡༢༠སྒོ་རྒྱག་གི་ཡོད་རེད། སྤྱི་ཚོགས་དེ་འདྲ་ཞིག་གི་ནང་དུ་སློབ་སྦྱོང་བྱེད་ཡ་དང་ལས་ཀ་བྱེད་ཡ་ཡི་གོ་སྐབས་ག་རེ་ཡོད་རེད། ཆོས་དང་རིག་གཞུང་སྐད་ཡིག་གི་ལེའུ་རྫོགས་སོ།

    ༡༽གཞན་ཡང་སྤུན་གྲོགས་ཁག་ཅིག་གིས་ནུབ་ཕྱོགས་སུ་སླེབས་ཀྱང་རང་ལ་འཇོན་ཐང་མེད་ན་ཕྱུག་པོ་ཆགས་མི་ཐུབ་ལ་འཇོན་པོ་ཡོད་ན་རྒྱ་གར་སྡོད་ཀྱང་ཕྱུག་པོ་ཆགས་ཐུབ་གསུངས་མཁན་ཡོད། ངས་བསམ་ཚུལ་བྱས་ན་འཇོན་ཐང་མེད་མཁན་རྣམས་སྡོད་ས་ནུབ་ཕྱོགས་སུ་ཡག་བ་ཡོད། དཔེར་ན། སུད་སི་ལྟ་བུ་ལ་མཚོན་ན་མི་ཞིག་ལ་འཇོན་ཐང་གང་ཡང་མེད་པ་དང་ལས་ཀ་མེད་ནའང་གཞུང་གི་ཐོག་ནས་སྡོད་ས་དང་ཟ་ཡ་སྨན་རིན་བཅས་ཆ་ཚང་སྐྱབས་གསོ་སྤྲད་ཀྱི་ཡོད། སྤྱི་ཚོགས་ཤིག་་དང་མི་མང་ཞིག་ཕྱུག་པོ་ཡོད་མེད་ཐོག་ནས་ལྟས་པ་ཡིན་ན་མི་དམངས་ལ་འཚོ་བའི་སྲུང་སྐྱོབ་ཡོད་མེད་ཐོག་ནས་ལྟ་དགོས་པ་ལས་མི་རེ་གཉིས་ལ་དངུལ་མང་ཉུང་ཐོག་ནས་ལྟས་ན་ཤུན་ཏུ་ནས་ནོར་བ་རེད་སྙམ། འཚོ་བའི་སྲུང་སྐྱོབ་ཞེས་པ་འདི་ནི་་་་ནད་ན་དུས་སྨན་རིན།་་་་་རྒད་འགོ་ཆགས་དུས་རྒད་གསོ།་་་་་ལས་ཀ་མེད་དུས་ལས་མེད་གླ་ཕོག་་་་་དེ་ལས་སྐྱོ་བ་ཡིན་ན་སྐྱོབ་གསོ་་་་་བཅས་ལ་གོ་དགོས།

    འདི་ཚོ་ཚང་མ་ང་ཅོ་རིས་བོད་མི་ཉམ་ཐག་རྣམས་དང་བོད་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་་དང་ཤེས་ཡིན་ཡར་རྒྱས་ཀྱི་ཆེད་དུ་ཁ་ཞེ་གཉིས་ཀྱི་ཐོག་ནས་བྲིས་པ་ཡིན། དཔྱད་ལྡན་མཁས་དབང་རྣམས་ཀྱིས་གང་ཟག་ལ་མ་ལྟ་ཆོས་ལ་ལྟ་ནས་དཔྱད་རོགས་ཞུ།

    དགེ་ཆོས་མཆོག་གིས།
    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད་ཀྱང།
    ངོ་ནག་གཞན་གྱི་སྨྱེ་མ་མི་སངས་པར།
    མདོ་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེར།
    དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།་་་་་་དགེའོ།

    ནོར་བཅོས་བྱེད་པ་ཡིན

    Reply
  33. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཉམ་ཐག་ན་གཞོན་ལས་མེད་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོ་བ་སྐྱེལ་མཁན་འགྲོ་ན་ཡག་པོ་འདུག་གསུངས་མཁན་ཁག་ཅིག་དང་མ་འགྲོ་ན་དགའ་གསུངས་ཁག་ཅིག་ཡོད་རེད།

    ༡༽ཁག་ཅིག་གིས་ནུབ་ཕྱོགས་སུ་ཕེབས་ན་ཕུངས་རྒྱང་རིང་པོའི་ཐོག་ཏུ་ཡག་པོ་མེད་པར་བཤད། ཁོང་རྣམ་པའི་རྒྱུ་མཚན་མང་པོ་ཡོད་ཀྱང་དེའི་ནང་ནས་གནད་འགག་ཆེ་ཤོས་དང་རྩ་བ་འཛིན་ས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཡག་རབ་སྤྱོད་བཟང་བཅས་ཉམས་འགྲོ་བ་ཞིག་ལ་ངོས་འཛིན་བྱས་ཀྱི་ཡོད་རེད།

    ༢༽དང་པོ་ཆོས་ཀྱི་ཐོག་ནས་བཤད་ན་ང་རང་ཚོའི་ནང་ཆོས་འདིར་ངོས་འཛིན་དགོས། ལྟ་བ་རྟེན་བྱུང་དང་སྤྱོད་པ་འཚི་བ་མེད་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཉིན་རེའི་འཚོ་བའི་ནང་དུ་བེད་སྤྱོད་བྱེད་ནས་མཐར་ཐུག་གི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྐྱེན་འདིར་ནང་ཆོས་ཞེས་ངོས་འཛིན་བྱེད་དགོས་པར་སྣང།

    ༣༽འདིར་ཉམས་ལེན་བྱེད་པར་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཁྱད་པའི་ཐོག་ནས་བཤད་ན་ནུབ་ཕྱོགས་ཡག་བ་མེད་ནའང་སྐྱོ་བ་མེད། ནུབ་ཕྱོགས་པའི་མི་རྣམས་ཀྱི་སྤྱོད་པ་དང་ང་རང་ཚོའི་ནང་ཆོས་ནང་དུ་བཤད་པའི་རྒྱུ་འབྲས་ཡོད་མེད་དང་གཞན་ལ་ཕན་སེམས་ཡོད་མེད་ཞེས་པ་རྣམས་ཀྱི་ཆ་ནས་མཐུན་ས་དང་ལག་ལེན་གྱི་ཐོག་ནས་རྒྱ་བལ་འབྲུག་གསུམ་ནང་གི་མི་ལས་ནུབ་ཕྱོགས་པའི་མི་རྣམས་ཡག་བ་ཡོད།

    ༤༽བཟང་སྤྱོད་ཞེས་པ་འདིར་བསམ་ནའང་ནུབ་ཕྱོགས་སུ་རྐུ་མ་ཉུང་བ་དང་ནག་ཚོང་རྒྱག་མཁན་ཉུང་བ་མི་གསོད་ཁྲག་སྦྱོར་བཅས་གང་གི་ཐོག་ནས་ཡང་རྒྱ་བལ་འབྲུག་གསུམ་ལས་ནུབ་ཕྱོགས་སུ་ཡག་བ་ཡོད། རྒྱ་བལ་འབྲུག་གསུམ་ནང་དུ་བོད་མི་སྟག་སྤགས་གཟིག་སྤགས་གི་ཚོང་དང་ཙན་དན་ལ་སོགས་ཁྲིམས་མཐུན་མིན་པའི་ཚོང་རྒྱག་ནས་བོད་མི་ཁྲིམས་ལ་སྦྱར་བྱུང་མྱོང་ཡོད།

    ༥༽མ་ཟད་ཕྲུ་གུ་ཞིག་ནུབ་ཕྱོགས་སུ་མཚའ་ལོངས་བྱུང་བ་དང་རྒྱ་བལ་འབྲུག་གསུམ་ནང་དུ་མཚའ་ལོངས་བྱུང་བ་གཉིས་སྡུར་ན་ནུབ་ཕྱོགས་སུ་མཚའ་ལོངས་བྱུང་བའི་ཕྲུ་གུ་རྣམས་གཞུང་དྲང་བ་དང་ལག་ལེན་ཡག་བ་དེང་རབ་ཀྱི་ཤེས་ཡོན་ཡག་བ་རང་འགོ་ཐོན་སླ་བ་ཡོད། རྒྱ་བལ་འབྲུག་གསུམ་ནང་དུ་མཚའ་ལོངས་བྱུང་བའི་ཕྲུ་གུ་རྣམས་ལ་ཡུལ་གྱི་གོམས་གཤིས་ཀྱིས་རྐྱེན་པས་གཡོ་རྒྱུ་མང་བ་དང་ལག་ལེན་མེད་པ་དེང་རབ་ཀྱི་ཤེས་ཡོན་སྐྱོ་བ་ཡོད་པར་སྣང་།

    ༦༽བོད་ཀྱི་སྐད་ཡིག་གི་ཐོག་ནས་བཤད་ན་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་བོད་སྐད་བོད་ཡིག་སྐྱོ་བ་དང་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་རྣམས་བོད་སྐད་བོད་ཡིག་ཡག་བ་ཡོད་པའི་ཁྱད་པ་ཧ་ཅང་ཆེན་པོ་དེ་ཙམ་མེད། དཔེར་ན་རྒྱ་གར་ནང་དུ་ཡང་ཨ་ཟམ་ཕྱོགས་སུ་བོད་ཕྲུག་བོད་སྐད་མི་ཤེས་མཁན་གང་མང་ཡོད་པ་དང་གཅིག་མཚུངས་སུ་སྣང།

    ༧༽ནུབ་ཕྱོགས་སུ་བོད་གཞུང་གི་ངོས་ནས་བོད་ཕྲུ་གུ་ཚོ་ལ་བོད་ཡིག་སྦྱོང་སའི་ཁོར་གཡུ་དང་སློབ་གྲྭ་མེད་བཞིན་དུ་བོད་པའི་ཕྲུ་གུ་ཚོའི་ནང་དུ་བོད་སྐད་རྒྱག་ཐུབ་པ་དང་བོད་གླུ་ལེན་ཐུབ་མཁན་བོད་ཡིག་བྲིས་ཐུབ་མཁན་ཡོད། བོད་སྐད་བོད་ཡིག་མི་ཤེས་པའི་ནུས་ཕྱོགས་བོད་ཕྲུག་ཚོ་ནི་དྭགས་ཕྲུག་ཕ་མེད་མ་མེད་ཕྱི་རྒྱལ་བའི་མང་དུ་མཚའ་ལོངས་བྱུང་བ་རྣམས་ཀྱི་ནང་དུ་མང།

    ༨༽སློབ་སྦྱོང་གི་གོ་སྐབས་ཡོད་མེད་ཐོག་ནས་བཤད་ན་བལ་ཡུལ་ལྟ་བུ་ལ་ལོར་གཅིག་གི་ནང་དུ་ཆབ་སྲིད་ཀྱི་ཉོག་དྲག་གིས་ཉིན་༡༢༠སྒོ་རྒྱག་གི་ཡོད་རེད། སྤྱི་ཚོགས་དེ་འདྲ་ཞིག་གི་ནང་དུ་སློབ་སྦྱོང་བྱེད་ཡ་དང་ལས་ཀ་བྱེད་ཡ་ཡི་གོ་སྐབས་ག་རེ་ཡོད་རེད། ཆོས་དང་རིག་གཞུང་སྐད་ཡིག་གི་ལེའུ་རྫོགས་སོ།

    ༡༽གཞན་ཡང་སྤུན་གྲོགས་ཁག་ཅིག་གིས་ནུབ་ཕྱོགས་སུ་སླེབས་ཀྱང་རང་ལ་འཇོན་ཐང་མེད་ན་ཕྱུག་པོ་ཆགས་མི་ཐུབ་ལ་འཇོན་པོ་ཡོད་ན་རྒྱ་གར་སྡོད་ཀྱང་ཕྱུག་པོ་ཆགས་ཐུབ་གསུངས་མཁན་ཡོད། ངས་བསམ་ཚུལ་བྱས་ན་འཇོན་ཐང་མེད་མཁན་རྣམས་སྡོད་ས་ནུབ་ཕྱོགས་སུ་ཡག་བ་ཡོད། དཔེར་ན། སུད་སི་ལྟ་བུ་ལ་མཚོན་ན་མི་ཞིག་ལ་འཇོན་ཐང་གང་ཡང་མེད་པ་དང་ལས་ཀ་མེད་ནའང་གཞུང་གི་ཐོག་ནས་སྡོད་ས་དང་ཟ་ཡ་སྨན་རིན་བཅས་ཆ་ཚང་སྐྱབས་གསོ་སྤྲད་ཀྱི་ཡོད། སྤྱི་ཚོགས་ཤིག་་དང་མི་མང་ཞིག་ཕྱུག་པོ་ཡོད་མེད་ཐོག་ནས་ལྟས་པ་ཡིན་ན་མི་དམངས་ལ་འཚོ་བའི་སྲུང་སྐྱོབ་ཡོད་མེད་ཐོག་ནས་ལྟ་དགོས་པ་ལས་མི་རེ་གཉིས་ལ་དངུལ་མང་ཉུང་ཐོག་ནས་ལྟས་ན་ཤུན་ཏུ་ནས་ནོར་བ་རེད་སྙམ། འཚོ་བའི་སྲུང་སྐྱོབ་ཞེས་པ་འདི་ནི་་་་ནད་ན་དུས་སྨན་རིན།་་་་་རྒད་འགོ་ཆགས་དུས་རྒད་གསོ།་་་་་ལས་ཀ་མེད་དུས་ལས་མེད་གླ་ཕོག་་་་་དེ་ལས་སྐྱོ་བ་ཡིན་ན་སྐྱོབ་གསོ་་་་་བཅས་ལ་གོ་དགོས།

    འདི་ཚོ་ཚང་མ་ང་ཅོ་རིས་བོད་མི་ཉམ་ཐག་རྣམས་དང་བོད་མི་རིགས་ཀྱི་ཡར་རྒྱས་ཀྱི་ཆེད་དུ་ཁ་ཞེ་གཉིས་ཀྱི་ཐོག་ནས་བྲིས་པ་ཡིན། དཔྱད་ལྡན་མཁས་དབང་རྣམས་ཀྱིས་གང་ཟག་ལ་མ་ལྟ་ཆོས་ལ་ལྟ་ནས་དཔྱད་རོགས་ཞུ།

    དགེ་ཆོས་མཆོག་གིས།
    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲོད་ཀྱང།
    ངོ་ནག་གཞན་གྱི་སྨྱེ་མ་མི་སངས་པར།
    མདོ་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེར།
    དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།་་་་་་དགེའོ།

    Reply
  34. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    དུས་བབས་བྱེའུ་ཚང་ལ་ཞུ་རྒྱུ་ནི། ད་ཁྱོད་ཚོའི་བྱེའུ་ཚང་གིས་ཕྱོགས་ཞེན་དང་ལུང་མཚན་གྱི་རྫུན་གཏམ་དག་ག་དུས་མཚམས་བཞག་གོ།

    Reply
  35. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ལྟར་བ་དང་ལང་ཕྱོགས་གང་ཡང་མེད་པའི་ཁེ་རྐྱང་དག་ལ་ཁ་རྩོད་བརྒྱབ་པ་ལས་དབྱེ་མོ་སྐྲ་སེར་ཅིག་གི་མཉམ་དུ་སྦས་རག་ཞིམ་པོས་མཐོང་ན་དགའ།

    Reply
  36. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    དེ་འདྲ་གཤད་པ་དེ་རང་གི་འདོད་ཚུལ་དངོས་ཡིན་ནམ།
    ཡང་ན་མཚན་སྙན་ཆེད་དུ་རེད།

    Reply
  37. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ཧོར་འཇིགས་ཀྱིས་བཤད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད་ལ། དེ་ནི་མང་ཚོགས་ཀྱི་བསམ་བློ་མཚོན་པ་ཞིག་ཀྱང་རེད་འདུག ཟླ་གཅིག་གི་གོང་ལ་ང་རང་དགོས་དབང་གིས་ངྷ་ས་རང་བཙན་ལ་ཚོགས་ཆུང་ལ་སོང་བ་ཡིན། སྐབས་དེར་ངས་ལས་ཁུངས་དེའི་ནང་ཕལ་ཆེར་ལོ་༦༠ཡས་མས་ཅན་གྱི་རྒད་པོ་ཞིག་གིས་དེབ་སེར་པོ་ཁོང་གི་རང་བཙན་ལག་དེབ་དང་མཉམ་དུ་བསྣམས་ཡོད་པ་མཐོང་སོང་ལ། རྒྱུ་མཚན་ཅི་ཡིན་གསལ་པོ་མ་ཤེས་མོད། ལས་ཁུངས་དེའི་ཁང་པའི་སྦུགས་ན་ཡོད་པའི་ལས་བྱེད་བགྲེས་པོ་སྐྲ་དཀར་པོ་ཅན་ཞིག་ཡོད་པ་དེས།་ཁོང་ལ་པ་ལགས། དེབ་སེར་པོ་དེ་ག་རེ་བྱེད། ཕྱི་རྒྱལ་ལ་འགྲོ་གི་ཡིན་པས་ཞེས་ལབ་མཚམས། ཁོང་གིས་འགྲོ་ཐུབ་ན་ད་ཅིག་འགྲོ་དགོས་བསམ་བསྡད་ཡོད་ཅེས་ལབ་སོང་། དེ་ནས་ལས་བྱེད་རྒན་གྲས་དེས་ད་ཡིན་ན་ང་ཚོ་ལོ་ཆེན་པོ་རེད། ཕར་སོང་ན་ལས་ཀ་ནི་བྱེད་ཐུབ་གི་མ་རེད། དེ་ལས་བོད་དུ་འགྲོ་དགོས་གི་རེད། ལྷ་སའི་ནོར་བུ་གླིང་ཁ་ཅིག་འགྲོ་ཐུབ་ན་སྐྱིད་ལ་ཟེར་བཞིན་འཁྲིས་ན་ཡོད་པའི་ངའི་གདོང་ལ་འཛུམ་ཙམ་བྱས་སོང་། དེ་ནི་གཅིག་བྱས་ན་ངས་གནས་ཚུལ་གཟབ་ནན་གྱིས་ཉན་པའི་ཡིན་ལས་ཆེ། སྐབས་དེར་ངས་སེམས་ལ་ལོ་ཆུང་ཡིན་ན། ཕྱི་རྒྱལ་དུ་སོང་ནས་ལས་ཀ་བྱས་ན་འགྲིག་མོད། ལོ་ལོན་འདི་འདྲ་དེ་གར་སོང་ནས་ཅི་བྱེད་སྙམ་པ་དྲན་སོང་། ཕྱིར་ལས་ཁུངས་སུ་ལོག་སྟེ་རོགས་པ་ཚོར་ཡང་གནས་ཚུལ་དེའི་སྐོར་བཤད་པ་ཡིན་ལ། དེ་བཞིན་དེང་སྐབས་བོད་མི་རྒན་དར་གཞོན་གསུམ་གྱིས་ཕྱི་རྒྱལ་སླེབས་པར་རང་གི་ཐམས་ཅད་བློས་བཏང་ནས་འགྲོ་བ་དེར་ཁག་མི་འདུག་བསམ། ང་རང་སྒེར་ལ་མཚོན་ནའང་། ཕྱི་རྒྱལ་དུ་སོང་ན་སློབ་སྦྱོང་དང་འཚོ་བའི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་ཕན་ཐོགས་ཡོད་པའི་བསླབ་བྱ་གནང་མཁན་མང་པོ་འདུག དེ་ཡིན་དུས། ང་རང་སྒེར་གྱི་བསམ་ཚུལ་ལྟར་ན། ཧོར་འཇིགས་བཤད་པ་དེ་གནད་ལ་འཁེལ་བ་དང་། དུས་ལ་བབས་པའི་བསམ་ཚུལ་ཞིག་ཡིན་སྟབས། སྤྱི་སྒེར་གཉིས་ནས་བསམ་བློ་གཏོང་རྒྱུ་གལ་ཆེ་གི། ཐུགས་རྗེ་ཆེ།

    Reply
  38. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཧོར་གཙང་འཇིགས་མེད་ལགས་ཀྱིས་བོད་སྤྱི་བའི་དོན་དུ་སྐད་ཆ་བཤད་པར་ཐུགས་རྗེ། ང་རང་གི་མཐོང་སྣང་ལ་བོད་མི་ཕྱི་རྒྱལ་དུ་ཕྱིན་ཚད་ཕྱུག་པོ་ཆགས་པ་ཞིག་མིན་པར་འདོད། ལྷག་པར་ཡང་ཕྱི་སྐད་མི་ཤེས་མཁན་ཚོས་ཉིན་གླའི་ལས་ཀ་མི་རྙེད་ནས་ལུས་ཡོད་པ་ཡང་མང་པོ་འདུག འཇོན་པོི་དེ་ཚོ་རྒྱ་གར་དུ་བསྡད་ཀྱང་ཕྱུག་པོ་ཆགས་ཡོང་གིན་འདུག མི་འཇོན་མཁན་ཚོས་ཕྱི་རྒྱལ་ནས་ཀྱང་ཅི་ཡང་འཇོན་གྱིན་མེད་པ་འདྲ། འདིའི་སྐོར་ལ་སྔོན་མ་བོད་ཤ་ཁྲག་རུས་གསུམ་གྱིས་སྡོམ་ཚིག་ཅིག་བཞག་ཡོད་པ་དེ་ཧ་ཅང་བདེན་པ་རེད་འདོད། ཚུར་ཡོང་བ་དེ་ཆར་བ་འབབ་འབབ་རེད། ཕར་འགྲོ་བ་དེ་ཆུ་ལོག་རྒྱུག་རྒྱུག་རེད། ལོ་མཇུག་ལ་དངུལ་ཁུག་སྟོང་བ་རེད། ཟེར་བ་དེ་ཕྱི་རྒྱལ་དུ་འགྲོ་མཁན་གྱི་བོད་མི་དཀྱུས་མ་ཞིག་གི་ཉམས་མྱོང་ལས་བྱུང་བའི་སྐད་ཆ་ངོ་མ་ཞིག་རེད་འདོད།

    Reply
  39. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས།
    གོང་དུ་བྲིས་པའི་དངོས་ཡོད་གནས་ཚུལ་དེ་ཟུར་བཏོན་གྱིས་དུས་བབ་བསམ་ཚུལ་ཟིན་འབྲི་ནང་འགོད་རོགས།་གང་ཡིན་ཟེར་ན་འདིའི་ཐོག་བསམ་ཚུལ་མང་པོ་སླེབས་རྒྱུའི་རེ་བ་དང།་ངས་འདི་བྲིས་ནས་དུས་ཚོད་གང་མཚམས་ཕྱིན་ཟིན་ཀྱང་འདིའི་སྐོར་བསམ་ཚུལ་སྤེལ་གང་ཡང་མི་འདུག་པས་དེ་ལུགས་དགོངས་འཇགས་ཞུ།

    Reply
  40. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ནུབ་ཕྱོགས་རྒྱལ་ཁབ་ཐར་པའི་ཞིང་ཁམས་ལ་ལྟ་བའི་མིག་ལྡན་ཞ་ར་རྣམས་ལ་ངས་གནས་ཚུལ་ཞིག་བཤད་འདོད།

    ཉིན་ཤས་གོང་དུས་ཚོད་སྟོང་པ་ཞིག་དང་སྟབས་བསྟུན་ནས་གངས་སྐྱིད་བདེ་ལེགས་སྨན་ཁང་དུ་བསྐྱོད་པ་ཡིན།དེར་ཧ་ཅང་ཉམ་ཐག་པའི་ནད་པ་རྒན་མོ་སྨད་ཀྱི་དཔྱི་འགོ་ཐམས་ཅད་རྨ་ཡིས་ཁེངས་པ་ཞིག་སུས་མཐོང་ཡང་སེམས་འཚབ་འཚབ་དང་སྙིང་རྗེ་རྗེ་མི་བྱེད་ཀ་མེད་འགྱུར་བ་ཞིག་འདུག་་མ་རྒན་གྱི་ལག་པས་རང་གི་ཕྲེང་རྡོག་རེ་རེ་བཞིན་འཐེན་བཞིན་འདུག་མོད།་་་་་་ཁ་གཡོལ་འགུལ་མི་ཐུབ་པར་རྟག་པར་གདང་ནས་བསྡད་འདུག་་་་་་ལང་ནས་འདུག་པ་དང།་འདུག་ནས་འགྲོ་རྒྱུ་ནི་ནད་པ་རྒན་མོ་མཚོན་ན་ཡོང་རེ་མི་སྲིད་པ་རི་བོང་རྭའི་མཆེད་ཟླ་རང་རེད།

    རྒན་མོ་དེའི་ནད་གཡོག་ཏུ་ཕོ་གསར་ཞིག་འདུག་ཀྱང་ཕར་བལྟ་ཚོད་ལ་ནད་གཡོག་བྱམས་པོ་ཞིག་མིན་པ་ཤེས་སླ།རྒན་མོ་འགུལ་སྐྱོད་བྱེད་འདོད་སྐབས་སུ་ཁོ་པས་དྲག་འགུལ་དང་བྲེལ་འཚུབ་རྐྱང་རྐྱང་བྱེད་པ་ལས་བྱམས་འཇམ་དལ་གསུམ་གྱིས་གཡོག་སྐྱོང་བྱེད་ཀྱི་མི་འདུག་སྨན་ཁང་གི་ཞབས་མི་ཞིག་གི་བརྒྱུད་ཤེས་གསལ་བྱུང་བ་ལྟར།ནད་པ་རྒན་མོ་དེ་ལྷ་རྒྱལ་རི་བྱམས་པ་གླིང་རྒས་གསོ་ཁང་ནས་ཡིན་པ་དང་ནད་གཡོག་དེ་རྡ་ས་ལས་མེད་ཚོགས་ཁོངས་ཉིན་གླ་ཧིན་སྒོར་བཞི་བརྒྱ་རེ་བྱས་ནས་ནད་གཡོག་སླེབས་པ་ཞིག་རེད་འདུག།་་་་་་་ཨ་ཁ་ནད་པ་དང་ནད་གཡོག་གཉིས་སྙིང་རྗེ།

    ང་སྨན་ཁང་དེར་ནམ་རྒྱུན་ཐེངས་མང་འགྲོ་མྱོང་ཡོད་སྟབས་སྨན་གཡོག་རྣམས་ངོ་ཤེས་ཀྱི་ཡོད།ང་ཚོ་ཅི་འཕྲོས་མོལ་འཕྲོས་བཤད་ཞོར་དུ་ངས་ནད་པ་རྒན་མོའི་སྐོར་གནས་ཚུལ་མང་པོ་ཞིག་སྟེ་དབང་གིས་ཤེས་བྱུང།

    རྒན་མོ་དེར་བུ་གཉིས་དང་བུ་མོ་གཅིག་འདུག་་་་བུ་གཉིས་ནི་ཨ་རི་ཝ་ཤིང་ཌོན་དུ་ཕྱིན་ཏེ་ལོ་མང་ཕྱིན་པ་དང།་་་་་་ཁོང་མོའི་བུ་མོ་དེ་ཡང་མ་རྒན་འཁྲིས་སུ་འདུག་མ་ཐུབ་པར་་ཕྱི་རྒྱལ་མགོ་སེར་ཞིག་དང་འཇིག་རྟེན་མཐུུན་འཇུག་གི་གཉེན་སྒྲིག་བྱས་ཏེ་ཕཱེ་རེན་སེ་རྒྱལ་ས་པེ་རི་སེ་ནང་འཚོ་བ་སྐྱེལ་བཞིན་ཕྲུ་གུ་གཉིས་བྱུང་ཡོད་ཟེར།
    དེ་ལྟར་མ་རྒན་ལ་ཚེ་གཡོག་བྱེད་མཁན་མེད་སྟབས་ཁོང་མོའི་ངོ་ཤེས་ཤིག་གི་བརྒྱུད་རྒས་གསོ་ཁང་དུ་ཚུད་དེ་ལོ་ལྔ་ཕྱིན་པ་དང།་རང་གི་ཤ་ལས་སྐྱེས་པའི་ཕྲུ་གུ་རྣམས་དང་ཁ་བྲལ་ནས་ལོ་ངོ་ལྔ་ཙམ་ཕྱིན་ཟིན་འདུག་དུས་ཚོད་དེའི་རིང་མ་རྒན་ལ་ཐོབ་པ་ནི་བུ་ཕྲུག་ཚོས་བསྐུར་འོང་བའི་ཤོག་དངུལ་ཙམ་རེད།ད་ཆ་མ་རྒན་ལོ་ན་མཐོ་ཞིང་སྨན་ཁང་ནང་ཡུན་རིང་ལྷག་པ་དང་ཐ་ན་ཤི་གསོན་གང་ཡོང་མི་ཤེས་པའི་སྐབས་དེར་རང་གི་ཕྲུ་གུ་ཚོས་བརྗོད་འོང་ནི་།

    མ་རྒན་ལགས།་་་་སེམས་ཁྲལ་མ་བྱེད།་་་་་་སྐྱེ་རྒ་ནད་འཆི་ནི་འཁོར་བའི་ཆོས་ཉིད་རེད།་་་་་ང་ཚོ་ལས་བྲེལ་ཆེ་བའི་རྒྱ་གར་དུ་ཡོང་ཁོམ་མ་བྱུང་ཡང།་དེ་ལས་ཕན་ཐོགས་ཆེ་བ་ཞིག་ནི་ཤོག་དངུལ་ཏོག་ཙམ་བསྐུར་ཡོད།་ཨ་མ་ལགས་བདེ་མོ་བྱོས་ཞེས་ཟེར།
    ཁོང་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་སྔ་ས་ནས་རག་ཡོད་སྟབས་རྒྱ་གར་དུ་འགོྲ་འོང་བྱེད་རྒྱའི་དཀའ་ཚེགས་གང་ཡང་མེད་ཀྱང་ཌོ་ལར་དགའ་དྲག་ནས་དུས་ཚོད་ཛ་དྲག་འདི་འདྲའི་སྐབས་སུ་ཡང་རྒན་མོར་ཐུག་ཀ་མ་ཡོང་རེད་ཟེར་ནས་སྨན་ཁང་ནང་གནས་ཚུལ་ཁྱབ་འདུག

    ད་དུང་སྨན་གཡོག་ཅིག་གིས་བརྗོད་དོན་གནས་སྟངས་འདི་འདྲ་མཐོང་དུས་ཕྱི་རྒྱལ་དུ་འགྲོ་རྒྱུ་ནི་སྐྱུག་མེར་ལངས་བཞིན་འདུག་ཟེར།

    སྨན་གཡོག་གཞན་གཅིག་གིས་དེང་སང་སྨན་ཁང་ནང་གནས་སྟངས་འདི་དང་གཅིག་མཚུངས་མང་པོ་ཡོང་བཞིན་འདུག་་་་་་་སྨན་ཁང་ནང་ཡང་སེ་ཡོང་ན་ཨ་རི་ལ་འགྲོ་འདོད་སྐྱེ་གེ་མ་རེད།་སྔར་འགྲོ་འདོད་ཡོད་པ་ཡང་རང་བཞིན་གྱིས་བརླགས་འགྲོ་གེ་འདུག་ཟེར།གང་ལྟར་ང་རང་ནད་པ་རྒན་མོའི་གནས་སྟངས་ལ་མཐོང་དུས་སེམས་པ་སྐྱོ་པོ་བྱུང།་་་གནས་ཚུལ་འདི་རིགས་ལ་གཞིགས་ན་ནུབ་ཕྱོགས་སུ་ཕུར་རྒྱུ་དེ་ཡག་རྟགས་ཤིག་ཁྱོན་ནས་མིན་པ་འདྲ།་་་

    མཁས་པ་ཧོར་གཙང་དང་དྲ་གྲོགས་རྔམ་སེམས་ཅན་ཚོ་ཤེས་སོང་ངམ།
    ད་དུང་གནས་ཚུལ་ཡོད་རྗེས་སུ་ཤོད་ཆོག

    Reply
  41. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    སེམས་དང་དམ་ཆོས་འདྲེས་པའི་ཡོན་ཏན་གྱིས་དབུལ་ཡང།
    གཞན་ལ་ཐར་ལམ་སྟོན་པའི་འགོྲ་དོན་གྱི་གཟུགས་བརྙན།
    རང་གཞན་གཉིས་ཀ་ངལ་བའི་རྒྱུ་ཙམ་དུ་འདུག་པ།
    རང་མགོ་རང་གིས་གཡོགས་པའི་སྣང་ཚུལ་འདི་སྐྱོ་བ།

    Reply
  42. ཉི་འབུམ། says:
    ལོ་ 15 སྔོན།

    ཡང་བཤད་འདོད་པ་ཞིག་ལ། དེང་སྐབས་སྡོད་ས་དང་ལས་ཀ་ཕན་ཚུན་སྦེལ་རེས་བྱེད་ཀྱིན་ཡོད་པ་མ་ཟད། ངོ་མི་ཐུག་པའི་ཐབས་ཤེས་ཡང་བྱེད་གི་ཟེར། འདི་ནི་གཙོ་བོ་ལས་ཀ་ཡག་པོ་ཐོབ་མེད་པའི་རྟགས་ཤིག་ཀྱང་ཡིན་ཚོད་རེད།
    ད་མདོར་བསྡུས་ན་མཐུན་སྒྲིལ་དང་། སྐད་ཡིག་གཉིས་ཀའི་ཕྱོགས་ལ་བསུབ་རྒྱུ་མེད་པའི་ནོར་འཁྲུལ་ཞིག་ཆགས་འདུག།
    རྒྱ་ནག་གི་ཕྱི་བསྐྱོད་མི་སྣ་ནང་བཞིན་ང་ཚོའི་མིས་སྤྱི་ལ་ཕན་པའི་དཔལ་འབྱོར་གྱི་མ་རྩ་་ཕལ་ཆེར་གཅིག་ཀྱང་འཇོག་ཐུབ་མེད་ཅེས་བཤད་ཀྱང་མ་འགྲིགས་པ་མེད།

    Reply
  43. ཉི་འབུམ། says:
    ལོ་ 15 སྔོན།

    ཨ་༌༌དྲན་བསྐུལ་༌༌༌ཨ༌༌༌༌དྲན་བསྐུལ་༌༌༌༌འདི་གཅིག་མཐོང་དུས་འདས་པའི་ལོ་རྒྱུས་མང་པོ་ཞིག་དྲན་ངོགས་ལ་སླེབས་སོང་། འདི་ལ་བལྟས་ན་བོད་འདི་དངུལ་ཉུང་ངུ་ཞིག་གིས་མི་མགུ་བ་ཤེས་ཐུབ་ལ། སྒོ་གསུམ་གྱི་ལེགས་ཆ་ཚང་མ་ཨར་སྒོར་དང་་ཡོ་སྒོར་ལ་བརྗེ་བར་བྱེད་བཞིན་པ་འདི་བསྙོན་སྡིང་བ་གཏན་ནས་མིན།

    Reply
  44. གནམ་ལྕགས། says:
    ལོ་ 15 སྔོན།

    ཡ་ད་ཡང་ང་གནམ་ལྕགས་མེད་ཤུལ་ནས་མི་མང་བོ་ཞིག་གིས་འབྲེལ་བ་ཡོད་མེད་དང་དགོས་པ་ཡོད་མེད་ཀྱིས་ཁ་རྩོད་མང་བོ་བརྒྱབ་འདུག མ་གཞི་ཡག་པོ་རེད་དེ། འོན་ཀྱང་གཡང་ལགས་ཞུ་བའི་ཁ་བདག་མེད་ནང་ནས་གཏམ་ཚོད་མེད་བཤད་མཁན་ཞིག་གིས་བསམ་ཚུལ་ཡིན་ཟེར་བའི་རང་གི་ཞེ་འཁོན་ལྟ་བུ་ཞིག་མངོན་འོང་གི་འདུག དྲང་མོར་བཤད་ན་བཙན་བྱོལ་བོད་གཞུང་འདི་རྒྱ་གར་ནས་འདུག་དགོས་མིན་དེ་ཁྱོད་ཀྱིས་བཤད་པ་དེ་ཧོར་གཙང་གིས་མ་ཤེས་པ་ག་ལ་ཡིན། ཡིན་ནའང་ཁྱོད་དང་ང་ལྟ་བུ་དག་རྒྱ་གར་ན་རང་གི་གཞུང་བཙུགས་བཞག ད་འདི་ནས་ཤི་ན་གསོན་ན་འདུག་དགོས་སྙམ་པའི་བློ་མེད་པར་ནུབ་ཕྱོགས་དང་ནུབ་ཕྱོགས་སུ་བསྐྱོད་རྒྱུའི་སེམས་སྐྱེད་ཀྱིས་བཟི་ཡོད་པ་བཤད་ག་ལ་དགོས། དེ་ལྟ་ཡིན་ན། རྒྱ་གར་ནས་བཙུགས་པའི་བཙན་བྱོལ་གཞུང་འདིའི་བདག་པོར་གྱུར་བའི་མི་ཐམས་ཅད་ནུབ་ཕྱོགས་སུ་བསྐྱོད་པ་དང་བསྐྱོད་རྒྱུའི་བློས་སྡོད་བཟོད་མེད་པར་གྱུར་བའི་གནས་སྟངས་འདི་ལ་ཇི་ལྟར་འགྲེལ་བཤད་རྒྱག་གམ། དེ་འདྲའི་ཐབས་སྐྱོ་བའི་གནས་སྟངས་དེ་མཐོང་ནས་ཧོར་གཙང་བས་གོང་གི་བསམ་ཚུལ་འདི་བཏོན་པར་མཐོང་།
    དྲང་མོར་བཤད་ན། ང་ལ་བོད་ཀྱི་མི་རིགས་ལ་ཞེན་པ་ཡོད། རང་གི་གཞུང་ལ་དགའ་ཡི་ཡོད། འདིའི་སྟེང་ལ་བསེར་བུ་ཙམ་ཡང་ཤོར་དུ་མི་འཇུག་ཟེར་ནས་ཁ་སྟོང་ནང་ནས་ཚིག་སྟོང་ཞིག་བཤད་རྒྱུ་སུ་ལའང་སླ་མོ་ཡིན། འོན་ཀྱང་དོན་དམ་གྱི་བོད་མི་རིགས་དང་རྒྱལ་ཁབ་ལ་བརྩེ་བའི་སྐད་ཆ་བཤད་མཁན་དང་བསམ་བློ་གཏོང་མཁན་ཤིན་ཏུ་དཀོན། དེའི་སྟབས་ཀྱིས་མི་གཞན་ཞིག་གིས་བསམ་ཚུལ་བཏོན་པར་འདོད་པ་མེད་ཚེ་དེ་ལུགས་སྦྱངས་བཤད་བྱ་རྒྱུ་ལས། ཁྱོད་ལྐུགས་པ་རེད། ཁྱོད་བྱབས་ཆུང་རེད། ཁྱོད་ཧ་གོ་སོང་ཟེར་བ་ལྟ་བུའི་ལྐུགས་པའི་ཨུ་ཚུགས་དེ་དོར་ན་ལེགས།
    ད་ལྟའི་ང་ཚོའི་གནས་སྟངས་འདི་ལ་གཞིགས་ན། ད་དུང་ང་ཚོའི་རྡོག་རྩ་གཅིག་སྒྲིལ་ཟེར་བ་དང་ཕུགས་བསམ་མངོན་འགྱུར་ཞེས་པའི་དམིགས་ས་དེར་སླེབས་རྒྱུའི་ཕྱོགས་ཙམ་ཡང་མངོན་གྱི་མི་འདུག
    ད་དུང་ཞུ་རྒྱུ་ཞིག་ལ། དེང་སང་རང་རེའི་བཙན་བྱོལ་ནང་ན་ཆེས་མི་སྡུག་པའི་གནས་ཚུལ་ཞིག་ཡོད་པ་ནི་མཁས་པ་དང་ཤེས་ཡོན་པའི་སྟེང་ལ་མི་དགའ་བ་དེ་རེད། གནས་སྟངས་འདིར་བལྟས་ན་ད་དུང་ང་ཚོའི་ནམ་ལངས་པ་ལ་རྒྱང་ཐག་ཤིན་ཏུ་རིང་ངོ་།།

    Reply
  45. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཧོར་གཙང་འཇིགས་མེད་ཀྱིས་ཕྱོགས་བསྡོམས་ཡག་པོ་ཞིག་གནང་འདུག དེར་བསམ་ཚུལ་འདོན་མཁན་ཚོས་རྩོམ་ཡིག་རང་གི་སྟེང་ནས་གླེང་ན་ལེགས། དོན་མེད་འཁོན་འཛིང་བྱས་ན་ཡག་པོ་ཡོད་པ་མ་རེད། དྲ་གྲོགས་ཚོས་ཐུགས་བསམ་རེ་བཞེས་རོགས།

    Reply
  46. ཚོགས་བདག says:
    ལོ་ 15 སྔོན།

    ཤོད་དགོས་ན་ཁྱེད་ཀྱི་སྐོར་ལ་ཤོད་རྒྱུ་རྒྱག་ཚད་ཡོད། མིང་རྫུན་མ་གྱོན་ནས་མིས་ལ་ནག་པོ་བཟོ་རྒྱུ་ཡག་པོ་ཨེ་ཡོད་ན། ཁྱེད་ཀྱི་མིང་རྫུན་མ་གཞན་པ་དེ་ཚོའང་ཤེས་ཀྱི་ཡོད། ཁྱེད་དང་ཧོར་གཙང་གཉིས་ལས་སྐྱབས་བཅོལ་སྤྱི་ཚོགས་ཞབས་ཞུ་ཞུས་པ་ཧོར་གཙང་ཉུང་པ་ཡོད་མ་རེད། ཁྱེད་རང་རྒྱ་ལ་ཡོང་བ་ནས་ཡོད་རོབ་དང་ཨ་རིའི་ནང་རྩྭ་ཆུ་གང་བཟང་འཚོལ་ནས་སོང་མ་གཏོགས་སྤྱི་པའི་ལས་ཀ་ག་རེ་བྱས་ཡོད། བོད་མི་ཚང་མ་བོད་ལ་འགྲོ་ས་མེད་དུས་ཁྱེད་ཚོ་འགྲོ་ཆོག་ཆོག་སྡོད་ཆོག་ཆོག་ཡོད་པ་ངོ་སོར་ཁྱེར་གྱི་ཡོད་དམ། འཁྱོག་བཤད་མང་དྲགས་ན་རང་གཞན་རོགས་གསུམ་སྐྱིད་པོ་ཡོད་མ་རེད། དེ་བས་ཆོས་ཉམ་ལེན་བྱེད་ན་ཆོས་བྱས་ནས་བཞུགས་རོགས། དོན་མེད་མི་ལ་དམའ་འབེབབ་བཏང་པ་དེ་ཡག་པོ་མ་རེད། ད་ལྟ་དེ་ག་ཙམ་ཡིན།

    Reply
  47. ཚོགས་བདག says:
    ལོ་ 15 སྔོན།

    གོང་དུ་སྦི་ཙམ་བཤད་པ་ནང་བཞིན་ཁྱེད་ཀྱིས་སེམས་པས་མ་བཟོད་ནས་བཤད་པ་ཡིན་མདོག་བསྟན་པ་ཆ་ཡ། ཧོར་གཙང་གིས་རྩོམ་ཡིག་ཏུ་དེ་འདྲའི་སེམས་ཀྱི་མི་བཟོད་པ་ག་རེ་ཤོད་ཀྱི་འདུག བོད་གཞུང་སྣུབ་དགོས་ཟེར་གྱི་ཡོད་དམ། ངས་ཧོར་གཙང་གི་རྩོམ་ཡིག་ཀློག་ཡིན། དེའི་ནང་ལ་ང་རྒྱལ་གྱི་སྐད་ཆ་ག་རེ་འདུག ཁྱེད་དང་ཧོར་གཙང་དབར་ལ་སྒེར་གྱི་རྒྱ་འདྲེ་ཤོར་ཡོད་ན་ཁྱོད་ཚོ་རྟག་པར་ལ་རྩེ་ནས་ཐུག་གི་མ་རེད་པས། ཁོ་པར་ཁ་ཐུག་ཤོད་མི་ཚུགས་པ་ག་རེ་ཡིན་ནམ།

    Reply
  48. ཚོགས་བདག says:
    ལོ་ 15 སྔོན།

    དྲ་གྲོགས་གཡང་ལགས། ཁྱེད་ཧོར་གཙང་གི་བཤད་པ་ལ་འདོད་པ་མེད་ན་དེ་ག་རང་རེད། བླུན་པོ་སོགས་དམའ་ཕབ་དགོས་དོན་ཨེ་ཡོད། ཧོར་གཙང་གིས་བཙན་བྱོལ་གཞུང་ནུབ་ཕྱོགས་སུ་སྤོ་དགོས་པ་གང་དུ་བཤད་འདུག་གམ། འཁྱོག་བཤད་བྱས་ན་ང་ཚོ་ཡང་ལྐུགས་པ་མ་རེད། བསམ་བློ་བཏང་ཤེས་མཁན་དེ་འདྲ་ཡིན། མ་མཁས་མཁས་མདོག་སྟོན་རྒྱུར་སྐྱག་ལང་ཤོར་པ་དེ་ཧོར་གཙང་མ་ཡིན་པར་ཁྱེད་རང་རེད་འདུག ཁྱེད་ཀྱིས་ད་བར་ལས་ཀ་ག་རེ་བྱས་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད། རྒྱ་མིའི་གཞུང་ཚབ་ཀྱི་ངོ་རྐྱང་རྐྱང་གསོས་ནས་བསྡད། ༸གོང་ས་མཆོག་ལ་ཁ་བཏང་། ཆོས་ལ་དད་གུས་ཞེད་པོ་ཅིག་ཡོད་མདོག་སྟོན་གྱི་སྟོན་གྱི་དོན་གྱིས་རྒྱ་བོད་གཉིས་གང་གི་ཕྱོགས་ལ་ལངས་ཡོད་པ་ཧ་གོ་དོན་གསལ་རེད།

    Reply
  49. གཡང་ལགས། says:
    ལོ་ 15 སྔོན།

    སེམས་ཀྱིས་མ་བཟོད་པར་འགྲེལ་བ་ཕྲན་བུ་བྱེད་ཀྱི་ཡིན། བོད་དང་། རྒྱ་གར། ནུབ་ཕྱོགས་ཀྱི་ལུང་པ་བཅས་ནི་བོད་མིའི་ཆབ་སྲིད་ཀྱི་ལམ་བུའི་ཐོག་ཟུར་གསུམ་གྱི་རྣམ་པ་ཞིག་ཆགས་ཡོད། བོད་ལ་རྒྱ་མིའི་གདུག་རྩུབ་གནས་པར་བརྟེན་བོད་གཞུང་རྒྱ་གར་ལ་ས་གཡར་དགོས་བྱུང་བ་དང་། རྒྱ་གར་བརྒྱུད་བོད་པ་མི་ཉུང་བ་ཞིག་ནུབ་ཕྱོགས་སུ་སླེབས་པ་རེད། བོད་ནས་ལོ་ལྟར་རྒྱ་གར་ན་འབྱོར་བཞིན་པའི་བོད་པ་རྣམས་ཀྱིས་ཆེ་ཆུང་མ་གཏོགས་བོད་དོན་ལ་ལས་ཀ་རེ་བྱས་ཡོད་ལ་ཁོང་ཚོའི་སེམས་སུ་རྨི་ལམ་གང་ཡང་སྦྲུམ་ཆོག་པ་ནི་མི་གཤིས་རེད། རྒྱ་གར་དེ་བོད་དང་ས་འབྲེལ་ཁྱིམ་མཚེས་ཡིན་པ་དང་། ཤར་ཕྱོགས་སུ་རྒྱ་ནག་དང་འཁོན་འགྲས་ཡོད་ལ་སྟོབས་འགྲན་ཐུབ་པ། བོད་ནས་མི་དང་གནས་ཚུལ་འབྱོར་སླ་བ། གཞན་ལ་བརྟེན་དགོས་པའི་བཙན་བྱོལ་གཞུང་ཞིག་དཔལ་འབྱོར་ཐོག་ནས་འཛིན་སྐྱོང་སླ་བ། བོད་དོན་གྱི་ལོ་རྒྱུས་ཀྱི་བབ་དང་མཐུན་པ་སོགས་པའི་དགེ་མཚན་མང་པོ་འདུག ཧོར་གཙང་གིས་བཤད་པ་བཞིན་བོད་གཞུང་ཧྲིལ་ཧྲིལ་པོར་ནུབ་ཕྱོགས་སུ་སྤོས་ན་ད་ལྟ་ལས་འགྲོ་སོང་ལྡབ་༤༥ཙམ་མང་དུ་འགྲོ་སྲིད་པས་འགྲོ་སོང་དེ་སུས་འདོན་གྱི་རེད། བོད་དང་བོད་གཞུང་བར་དུ་ཞི་བདེ་རྒྱ་མཚོས་བཅད་པས་ཆབ་སྲིད་ཐོག་ནས་རྒྱུན་ཞུགས་གང་འདྲ་བྱེད་དགོས་རེད། བོད་ནས་ལོ་ལྟར་ནུབ་ཕྱོགས་སུ་སྐྱབས་བཅོལ་བ་ག་ཚོད་གནམ་གྲུའི་ནང་དུ་དབོར་རྩིས་ཡོད། བོད་ཀྱི་སྐྱབས་བཅོལ་བ་གསར་པ་ཉིན་བཞིན་འབྱོར་བཞིན་པའི་གནས་ཚུལ་དེ་མེད་ན་ནུབ་ཕྱོགས་སུ་ཨར་པོ་རྒྱུགས་བཞིན་པའི་བོད་པ་རྣམས་ཀྱིས་བོད་དོན་ལ་སེམས་ག་ཚོད་འཇོག་ཐུབ། ཧོར་གཙང་གི་འདོད་པ་འདི་ཡོང་མི་སྲིད་པ་རེད་ལ་དེ་ལྟར་བྱུང་ཀྱང་བོད་དོན་ལོ་༢༠ནང་ཕམ་གྱི་རེད། དེ་ལས་བོད་གཞུང་མུ་མཐུད་རྒྱ་གར་ན་གནས་དགོས་རེད། དེས་བོད་པ་རྣམས་ནུབ་ཕྱོགས་སུ་ཡོང་བ་ལ་བཀག་འགོག་མེད་པ་རེད། བོད་གཞུང་ལས་བྱེད་ནུབ་ཕྱོགས་སུ་སོང་ན་དེ་དག་གི་ལས་གནས་མི་གཞན་གྱིས་འཛིན་རྒྱུ་ཡོད་རེད། ཁྱིམ་མི་མང་པོ་ནུབ་ཕྱོགས་སུ་ཕྱིན་ན་བོད་ནས་མུ་མཐུད་བོད་པ་བཙན་བྱོལ་ལ་ཡོང་བ་རེད། བོད་ནས་དྷ་སར་ཆབ་སྲིད་ཐོག་རོགས་པ་དང་། ནུབ་ཕྱོགས་བོད་པ་རྣམས་ཀྱིས་དྷ་སར་དཔལ་འབྱོར་དང་རྒྱལ་སྤྱིའི་དྲིལ་བསྒྲགས་ཐོག་རོགས་བྱེད་དགོས་པ་རེད། བོད་གཞུང་རྒྱ་གར་ནས་ནུབ་ཕྱོགས་སུ་སྤོ་དགོས་ཟེར་བ་འདི་མདོ་དབུས་ཁམས་གསུམ་གྱི་བོད་པ་ཚང་མ་ནུབ་ཕྱོགས་སུ་སྤོ་དགོས་ཟེར་བ་དང་། བོད་ལ་དཔལ་འབྱོར་གྱི་དཀའ་ངལ་ལས་གནད་དོན་གཞན་མེད་ཟེར་བ་འདྲ་པོ་འདུག དེ་ནི་བོད་པའི་བླ་སྲོག་ལ་དམའ་ཕབ་པ་རེད། དེ་ལྟར་ཡིན་པས་ཆབ་སྲིད་ལ་དོ་སྣང་བྱེད་མཁན་ཚོས་བོད་དོན་གྱི་ཟུར་གསུམ་འབྲེལ་བ་འདི་ཧ་གསལ་པོ་གོ་དགོས་རེད། ནུབ་ཕྱོགས་སུ་བོད་ཀྱི་གཞིས་ཆགས་འཛུགས་རྒྱུ་དེ་དང་རྒྱ་གར་དུ་བཙན་བྱོལ་བོད་གཞུང་མུ་མཐུད་གནས་རྒྱུ་ལ་འགལ་བ་མེད། གང་ཡིན་ཟེར་ན་ང་ཚོ་ལ་བཙན་བྱོལ་ཡོང་མཁན་གྱི་དཀའ་ངལ་མེད། བྱས་ཙང་ནུབ་ཕྱོགས་སུ་བོད་པ་འཐེན་གང་ཐུབ་བྱེད་པར་རྒྱབ་སྐྱོར་ཡོད་ལ། ཧོར་གཙང་གིས་བཤད་པའི་ཆབ་སྲིད་ཀྱི་མིག་རྒྱང་མེད་པའི་ལྟ་བ་ཐལ་ཆེ་ཅན་འདི་རིགས་ལ་དགག་པ་ཡོད། ཆབ་སྲིད་འདི་གཡོ་སྒྱུའི་ཝ་མོ་འདུལ་ལུགས་ཡིན་པ་ལས། ང་རྒྱལ་གྱི་སེང་གེ་མཆོངས་སྟངས་མ་རེད། ཆབ་སྲིད་སྨྲ་བ་ལ་མ་མཐར་ཡང་ལོ་༥༠ཡི་མིག་རྒྱང་ཞིག་མེད་ན། ང་རྒྱལ་བཞག་ནས་རང་ཉིད་གང་མཁས་ལ་བརྩོན་ན་འབྲས་བུ་ཆེ།

    Reply
  50. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་བརྒྱ་ཆ་བརྒྱད་བཅུ་ནུབ་ཕྱོགས་སུ་ཡོད་པ་ཤོད་མཁན་རྣམས་ནི་མི་བདེན་པའི་རྫུན་གཏམ་ཆེན་པོ་ཞིག་ཡིན།
    ང་ཚོ་བཙན་བྱོལ་བ་ཆགས་པའི་ཉིན་དེ་ནས་རང་རིགས་ཁ་མཐོར་དུ་མི་འགྲོ་བ་དང་རིག་གཞུང་གཅེས་ཉར་ཐུབ་སླད་གཞི་ཆགས་ཁག་དང་སློབ་གྲྭ་ཁག་གསར་འཛུགས་གནང་ནས་ག་ལ་གང་མཚམས་བསྲ་བརྟན་གནས་ཡོད་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་ཡིན།
    འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་ཕྱི་ལོ་ 2000་ ཡས་མན་ནས་བཟུང་བཙན་བྱོལ་ནང་བཙན་བྱོལ་གཞུང་དང་ གོང་ས་མཆོག་གི་ལམ་སྟོན་དེར་རྒྱབ་སྟོད་ཀྱི་དངུལ་ལོར་ཁོ་ན་ལས་མི་སེམས་པའི་བོད་མི་རྐམ་ཆགས་འགའ་ཞིག་གིས་རང་མགོ་གང་ཐོན་གྱིས་བྱ་སྤྱོད་ཀྱི་བཙན་བྱོལ་སྲིད་གཞུང་གི་ལངས་ཕྱོགས་དང་། གོང་ས་མཆོག་གི་ཐུགས་རེ། རིག་གཞུང་གཅེས་ཉར་བྱ་རྒྱུའི་ཐབས་ལམ་ལ་འགོག་རྐྱེན་བླ་ན་མེད་པ་ཞིག་བཟོས་པ་ནི་རིགས་ཞེན་དང་ལ་རྒྱ་ཞིག་གང་ལ་ཡིན། དེ་ཡང་ཐོག་མར་ནུབ་ཕྱོགས་སུ་ཕེབས་མཁན་དག་ལ། གོང་ས་མཆོག་ཐུགས་ཕམ་དང་འབྲེལ་བཀའ་སློབ་མང་དག་གཅིག་གནང་ཡོད་པ་བོད་མི་བསམ་ཡོད་དག་ནས་ཐུགས་མངགས་དག་ལས་བདག་གསལ་སྟོན་ཞུས་དགོས་མེད། ངས་གོང་དུ་མཆན་བུ་ཞིག་བྲིས་ཡོད་མང་པོ་ཞིག་གི་ཚང་ལ་ཕོགས་ས་རེད། ཚང་ལ་ཕོགས་ན་དེ་གས་འཐུས་པ་ཡིན་གདམས་ངག་ཚང་ཐོག་ལ་ཕོགས་ན་གདམ་པ་མཆོག་ཟེར་སྒྲོས་ཞིག་ཡོད་པ་མིན་ནམ། བཙན་བྱོལ་གཞུང་གི་ཆེད་ནུབ་ཕྱོགས་སུ་ལས་དོན་སྒྲུབ་མཁན་མེད་པའི་བལྟ་ཚུལ་ངས་བཟུང་མེད་ལ།
    ནུབ་ཕྱོགས་སུ་ཕེབས་པའི་རང་རིགས་མང་པོ་ཞིག་གི་རང་གི་སྤུན་ཉེ་དག་དང་དཔལ་འབྱོར་ཁོ་ན་བསམ་པས་རྒྱལ་དོན་དཔྱད་དངུལ་འབུལ་བ་ལ་ཡང་སེར་སྣ་བྱས་ཏེ་རྩ་བ་ནས་མི་འབུལ་མཁན་ཇི་ཙམ་ཡོད་རང་གཞུང་དཔལ་འབྱོར་ལས་ཁུངས་སུ་འདྲིས་ན་གསལ་པོ་མཁྱེན་ཡོངས་སྙིང་རྗེ་མི་དེ་ཚོར་དངུལ་གྱི་ཆེད་ཡོད་ཚད་བློས་སྟོང་བྱེད་ཐག་གཅོད་རེད་ཞེས་སེམས་གཏིང་ནས་བཤད་དོད་བྱུང༌།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese