མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ཟས་མི་རྙེད་པའི་ཤེས་ཡོན་ཅན། རིན་ཆེན་དོན་གྲུབ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༢༨
Share on FacebookShare on TwitterShare on EmailShare on Whatsapp

སེར་ཤུལ་རིན་ཆེན་དོན་གྲུབ། (ལྷོ་ཕྱོགས)
ཤེས་ཡོན་ཅན་གསོ་སྐྱོང་བྱེད་དགོས། ཤེས་ཡོན་ཅན་གྱི་མི་རབས་གསར་བ་ཚོ་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་རྒྱུད་འཛིན་པ་ཡིན། བརྒྱ་ཁ་གཅིག་གྲག་དང་སྟོང་ཁ་གཅིག་མཐུན་གྱིས་འདི་ལྟར་གླེང་། མཐོ་བཀའ་ཤག་གིས་འདི་ལྟར་གླེང་། བར་སྤྱི་མཐུས་ཀྱིས་འདི་ལྟར་གླེང་། དམའ་རང་ཉིད་ཀྱིས་འདི་ལྟར་གླེང་། མང་པོ་གླེང་། ཧ་ཅང་མང་པོ་གླེང་།

ཇི་ལྟར་བྱས་ནས་ཤེས་ཡོན་ཅན་གསོ་སྐྱོང་བྱེད་དགོས་པའི་སྐོར་ལ་གླེང་སྐབས། ཤེས་ཡོན་རྩ་ཆེན་པོ་ཡིན། ཤེས་ཡོན་མེད་ན་མི་གྲལ་དུ་མི་ཚུད། ཤེས་ཡོན་གྱིས་གཞན་ཕན་དང་རང་དབང་སླར་གསོའི་ལས་དོན་ལ་ཕན་ཐོགས་ཆེན་པོ་བྱེད་ཐུབ། ཚིག་འདི་བསྐྱར་སྐོར་ཡང་སྐོར་གྱིས་བཤད། དེ་ནི་བཤད་པ་ཙམ་རེད། དོན་དངོས་ཀྱི་ཆ་ནས་བཙན་བྱོལ་བོད་གཞུང་གིས་ཤེས་ཡོན་ལ་ཕན་པའི་སྲིད་བྱུས་ཤིག་ཁ་ནས་བཤད་པ་བཞིན་ལག་བསྟར་བྱས་བ་ཉུང་ཉུང་ཡིན།

༼དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་མང་༽”ཚིག་འདི་གོང་འོག་བར་གསུམ་གྱི་ཁ་ན་འཇགས་ཡོད། ཚིག་འདི་ཡོད་ཚད་ཀྱིས་རིན་ཐང་ཅན་དུ་བརྩི། འོན་ཀྱང་མེ་མདའི་ཁ་འོག་ནས་ཚེ་སྲོག་ཉེན་མཆོང་གིས་མདུན་ལམ་འཚོལ་དུ་འོང་བའི་ཤེས་ཡོན་ཅན་ཏེ་ཆབ་སྲིད་ཀྱི་གནོན་ཤུགས་དང་རྡུང་རྡེག་འོག་བྲོས་བྱོལ་དུ་མ་འོང་ཐབས་མེད་ཆགས་པའི་ཆབ་སྲིད་རྩོམ་པ་པོ་དང་ཤེས་ཡོན་ཚོ། སློབ་གྲྭ་ཆུང་འབྲིང་ཁག་ནས་མཐར་ཕྱིན་པའི་སློབ་མ་ཤེས་ཡོན་ཚོ། དོན་དམ་པའི་ཤེས་ཡོན་ཅན་གྱི་གྲྭ་སའི་རབས་འབྱམས་པ་ཚོ། ཁ་ཟས་བཙལ་ཕྱིར་ཟ་ཁང་གི་ལག་གཡོག་ཏུ་འདུལ། དབྱིན་ཇི་ཚོར་སྤྲེལ་ལད་འཁྲབ་སྟངས་སྦྱངས། ལས་ཀ་བཙལ་ཞིང་ལས་ཀ་མ་རེག་པའི་ངལ་དུབ་ཀྱིས་ཨ་རག་དང་ཐ་མ་ནག་པོའི་བཟི་ཁ་ན་འཁྱོམ། སྡོམ་ཁྲིམས་བློས་བཏང་གིས་ཕྱི་རྒྱལ་དུ་ལག་གཡོག་བཞུགས་གྲལ་ལ་རུ་བསྟར་བསྒྲིགས། འོན་ཀྱང་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་ལག་ཁྱེར་མེད་པས་ཐབས་ཤེས་མི་འདུག་ཟེར། ཐབས་ཤེས་མེད་པ་ཡིན་ནམ་ཐབས་ཤེས་མ་བཏང་བ་ཡིན། སྣང་མེད་བཏང་བ་ཡིན་ནམ་དོ་སྣང་མ་བྱས་པ་ཡིན། དོགས་པ་འདི་ཕངས་སེམས་དང་ལྷན་དུ་ཡང་དང་བསྐྱར་དུ་འཁོར་འོང་། ངེས་དོན་གྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་བཙན་བྱོལ་ནས་ལས་ཀ་མ་རག་པར་རྒྱའི་བཙོན་ཁང་སྙེགས་དགོས་ཐུག་སོང་། འདི་དང་འདི་ལྟ་བུའི་དཔེ་མཚོན་ཧ་ཅང་མང་། སྤྱིར་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཁག་ཏུ་ལག་ཁྱེར་གྱི་ཐོག་ནས་ལས་རིགས་བཙལ་དགོས་པའི་སྤྱི་སྲོལ་དར་རྒྱས་ཆེ་མོད། བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདིར་གཞིས་བྱེས་ཁ་བྲལ་དང་རྒྱལ་ཁབ་རྩ་བརླག་གི་འཇིགས་ཉེན་ཆེ་བའི་སྐབས་འདིར་ལག་ཁྱེར་ཡོད་མིན་ལ་བལྟས་ནས་སྡོད་དུས་ཤིག་གཏན་ནས་མིན་པར་སུས་ཤེས་དང་སུས་འཇོན་ལ་ལས་གནས་མཁོ་སྤྲོད་བྱེད་དགོས་པའི་གནས་ལུགས་ནི་ཆེས་གལ་འགེངས་ཆེ་བ་མ་ཟད་མི་སྒེར་གྱི་འཚོ་ཐབས་དང་དཔལ་འབྱོར་ཙམ་མིན་པར་རྒྱལ་ཁབ་ཀྱི་ལས་དོན་ལའང་ཕན་ཐོག་ཤིན་ཏུ་ཆེ། གལ་སྲིད་འདས་ཟིན་པའི་མི་ལོ་ལྔ་བཅུར་ང་ཚོས་ལག་ཁྱེར་རྐྱང་རྐྱང་གི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་དོན་དངོས་ཀྱི་ཤེས་ཡོན་ལ་བལྟས་ནས་འདེམས་སྒྲུག་དང་ལས་བགོས་བྱས་ཡོད་ཚེ་མ་མཐའ་ཡང་ད་ལྟའི་གཞུང་འབྲེལ་གྱི་ཚགས་ཤོག་དང་ཡིག་ཆ་དག་གི་ཡིག་ནོར་དག་བཅོས་ཐུབ་ཡོད་ངེས་ཡིན། དེས་ན་དེང་རབས་ཀྱི་སྤྱི་སྲོལ་ལྟར་རྒྱུགས་སྤྲོད་གྱི་ལམ་ནས་འདེམས་སྒྲུག་བྱེད་པའི་ཚོགས་ཆུང་ཞིག་ཆེད་བཙུགས་ཀྱིས་གང་ཞིག་ལ་ཁུངས་ཐུབ་ཚད་ལྡན་གྱི་ཤེས་ཡོན་ཅན་འདེམས་བསྒྲུགས་ཀྱིས་རང་རང་གི་ཤེས་ཡོན་དང་འཚམ་པའི་ལས་རིགས་ཀྱི་ཐོག་ལ་གོ་སྐབས་སྤྲད་རྒྱུ་ནི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་པ་ལ་མེད་དུ་མི་རུང་ཞིང་ཉག་ཕྲ་བའི་ང་ཚོའི་སྤྱི་ཚོགས་ལ་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་གྲས་ཤིག་རེད།

༢༠༡༠ ལོའི་ཤེས་རབ་དགའ་ཚལ་སློབ་གླིང་གི་མཐར་ཕྱིན་སློབ་མ་བཀྲ་ཤིས་རྒྱ་མཚོས་སློབ་གྲྭ་འདིར་མཐར་ཕྱིན་སློབ་མ་དྲུག་བརྒྱ་ལྷག་ཡོད་པ་ལས་བོད་གཞུང་གི་ལས་ཀ་རེག་ཡོད་མཁན་དྲུག་ཀྱང་ཡོད་པ་མ་རེད། འདི་བོད་ནང་ནས་ཐོས་ན་གང་འདྲ་དྲན་གྱི་རེད། སློབ་མ་འདི་དག་ལ་ཤེས་ཚད་མེད་པས་རེད་དམ། འདིའི་ཕྱོགས་ལ་མ་འོངས་པར་ཐུགས་བསམ་བཞེས་རོགས་ཞེས་ཡིད་སྐྱོ་བའི་སྨྲེ་ངག་གི་མགུར་དབྱངས་ལག་འཁྱེར་མེད་པའི་བོད་རིགས་ཤེས་ཡོན་ཅན་ཡོངས་ཀྱི་ཚབ་བྱས་ནས་བསྒྲགས་པ་འདི་སྲིད་ཀྱི་སྟེགས་བུ་ནས་ཆོས་ཀྱི་ངོ་སྤྲོད་ལ་མཁས་པའི་ཤེས་རིག་བཀའ་བློན་མཆོག་གིས་གསན་དགོས་ལ། ཤེས་ཡོན་སློབ་སྦྱོང་རྩ་ཆེན་དུ་མཐོང་ཞིང་སྨྲ་མཁན་གྱི་དཔོན་པོ་དང་ཆེན་པོ་དག་གིས་ཅི་ནས་ཀྱང་གསན་དགོས། གསན་པ་མ་ཟད་ཤེས་ཡོན་ཅན་འདི་དག་ངེས་པར་དུ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་བེད་སྦྱོད་ཐུབ་པ་བྱེད་དགོས། འདི་དག་གི་ཕྱོགས་སུ་ཚོར་སྣང་གང་ཡང་མེད་པའི་བསམ་སྤྱོད་དག་ནི་མི་ལོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར་ལའང་རྟེན་ཅིང་འབྲེལ་བའི་གནས་ལུགས་ཤིན་ཏུ་མང་ངོ་།།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 58

  1. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    སྟག་སྨྱོན་ལགས། དངོས་གནས་ཁྱད་མཚར་རེད་རྩོམ་ཡིག་མ་ཀླགས་པར་དགག་པ་རྒྱག་གི་འདུག གནས་ལུགས་ལ་མི་ལྟ་བའི་སྟག་སྨྱོན་རང་ཡིན།

    Reply
  2. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    དགེ་འདུན་རབ་གསལ་ལགས། ཤེས་ཡོན་ཅན་གྱི་གོ་དོན་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་ཡོན་ཏན་ཡོད་པའི་མི་དང་སྒྲ་དོག་འཇུག་གི་དབང་དུ་བྱས་ན་དེའི་ཁར་བསམ་པའི་ངལ་རྩོལ་བྱེད་པའི་མི་རྣམས་ལ་ཟེར་བས་གོ་ལོག་གང་ཡང་ཐེབ་མེད། བོད་རྒྱ་ཚིག་མཛོད་ཆེན་མོར་འདི་ལྟར་བྲིས་འདུག ༼ཤེས་ཡོན་ཅན། རིག་གནས་ཀྱི་ཆུ་ཚད་མཐོ་ཙམ་དང་བསམ་པའི་ངལ་རྩོལ་བྱེད་མཁན་གྱི་མི་རྣམས། ༽རེ་བ་ལ་ཁྱེད་ཀྱིས་ཀླགས་པའི་ཚིག་མཛོད་དེའི་མིང་གསུང་རོགས། བསམ་ཚུལ་གནང་བར་ཐུགས་རྗེ་ཆེ།

    Reply
  3. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    བསམ་གླེང་ཚེ་རིང་ལྷ་མོ་ལགས་བསམ་ཚུལ་གནང་བར་ཡི་རང་ཞུ། བོད་རིགས་བུད་མེད་རྩོམ་པ་པོ་ཚོར་སྤོབས་པ་དང་རང་རྟོན་དགོས་ཀྱི་འདུག

    Reply
  4. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    མགར་རྟོགས་སད་ལགས་དངོས་ནས་རྟོགས་སད་ཤིག་མིན་པ་འདྲ། ཤེས་བྱ་རིག་པའི་གནས་ལ་སྦྱང་བ་མཐོ་ཙམ་ཡོད་ཅིང་ལུས་སེམས་གཉིས་ལས་བསམ་པའི་ངལ་རྩོལགཙོ་བོར་བྱེད་མཁན་ལ་ཤེས་ཡོན་ཅན་ཟེར། རྟོགས་པ་གཅིག་སད་ཡོད་པའི་རེ་ཡོད། བསམ་ཚུལ་གནང་བར་ཐུགས་རྗེ་ཆེ།

    Reply
  5. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    སྡེ་དགེ་བས་བསྟོད་པ་བྱས་པར་ཐུགས་རྗེ་ཆེ། འདིའི་ཕྱོགས་ལ་ཐུགས་སྣང་བྱེད་པའི་གཞུང་ཞབས་ཤིག་ཡོད་པ་འདི་དགའ་འོས་པ་ཞིག་རེད།

    Reply
  6. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    བརྩེ་བའི་དྲ་གྲོགས་རྣམས་ཀྱིས་རང་རང་གི་དགོངས་ཚུལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྒྱུ་མཚན་ནི་ང་ཚོ་ཚང་མ་མི་རིགས་དང་བདེན་དོན་གྱི་ཆེད་དུ་རང་ནུས་ཀྱི་འགུལ་སྐྱོད་བྱེད་མཁན་ཤ་སྟག་རེད། དམའ་འབེབས་དང་མཐོང་ཆུང་སོགས་ཀྱིས་མ་ཡིན་པར་བསམ་བློ་བཏང་ནས་བགྲོ་གླེང་བྱེད་རྒྱུ་ནི་ང་ཚོར་དེང་སྐབས་ཧ་ཅང་མཁོ། ཐུགས་རྗེས་གཟིགས་ལྟ་གྲུབ་འདིའི་ཐོག་ནས་མུ་མཐུད་དེ་ཕེབས་རོགས།

    Reply
  7. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    བསྟན་རབ་ལགས། བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། མི་མཐུད་བྲི་ངེས་ཡིན།

    Reply
  8. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཤེས་ཡོན་ཅན་ཡིན་ན་རང་ལ་འཇོན་ཐང་ཡོད་ལོས་དགོས། འོན་ཀྱང་འཇོན་ཐང་ངོམ་སའི་སྡིང་ཆ་ཞིག་ཀྱང་ངེས་པར་དུ་ཡོད་དགོས། བོད་གཞུང་ལ་སྐད་བརྒྱགས་པ་འདི་མཐར་གཏུགས་ན་བོད་གཞུང་གི་ཆེད་དུ་ཡིན་པས་ཉེ་དགའ་ཕྱོགས་ལྷུང་གི་སྐད་ཅོར་དག་དང་གཏན་ནས་མི་འདྲ། བསམ་ཚུལ་གནང་བར་བཀའ་དྲིན་ཆེ།

    Reply
  9. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། ཤེས་ཡོན་ཅན་ཡིན་ན་རང་ལ་འཇོན་ཐང་ཡོད་ལོས་དགོས། འོན་ཀྱང་འཇོན་ཐང་ངོམ་སའི་སྡིང་ཆ་ཞིག་ཀྱང་ངེས་པར་དུ་ཡོད་དགོས། བོད་གཞུང་ལ་སྐད་བརྒྱགས་པ་འདི་མཐར་གཏུགས་ན་བོད་གཞུང་གི་ཆེད་དུ་ཡིན་པས་ཉེ་དགའ་ཕྱོགས་ལྷུང་གི་སྐད་ཅོར་དག་དང་གཏན་ནས་མི་འདྲ། བསམ་ཚུལ་གནང་བར་བཀའ་དྲིན་ཆེ།

    Reply
  10. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    བོད་ཀྱི་མཛེས་མ་ལགས་སུ། ཁ་ཟས་མི་རྙེད་པའི་ཤེས་ཡོན་ཅན་ཞེས་པ་ནི་རང་གི་སློབ་སྦྱོང་དང་འཚམས་པའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལམ་ཁ་ཡག་པོ་ཞིག་མི་རྙེད་པའི་ཤེས་ཡོན་ཅན་ལ་ཟེར་གྱི་ལྟོགས་ཤི་ཐེབ་བཞིན་པའི་ཤེས་ཡོན་ཅན་ཕར་བཞོག་མི་དཀྱུས་མ་ཞིག་ཀྱང་དེང་གི་སྤྱི་ཚོགས་སུ་རྙེད་དཀའ་བ་སུས་མི་ཤེས། སེམས་ཁྲེལ་མེད་པའི་སེམས་ཁྲེལ་རང་རེད། ཧ ཧ ཧ

    Reply
  11. སེར་ཤུལ་རིན་ཆེན་དོན་གྲུཔ says:
    ལོ་ 16 སྔོན།

    སྟག་སྨོན་པ་ལགས། ཕྱི་རྒྱལ་ནས་ལག་ཁྱེར་ཡོད་ན་ལས་ཀ་རེག་པའི་ཁྱབ་མཐའ་བཅད་མེད། བསམ་ཚུལ་སྟོན་པར་ཐུགས་རྗེ་ཆེ།

    Reply
  12. མ་སུ་རི་བུ་མོ། says:
    ལོ་ 16 སྔོན།

    བརྗོད་གཞི་དང་འབྲེལ་བ་ཡོད་པའི་དགོངས་ཚུལ་གསུང་རྒྱུ་གལ་ཆེན་པོ་རེད། འབྲེལ་མེད་ཀྱི་རིགས་ཀློག་པ་ལ་དུས་ཚོད་ཀྱིས་མི་འདང་བའི་དཀའ་ངལ་འདུག

    Reply
  13. མགར་རྟོགས་སད says:
    ལོ་ 16 སྔོན།

    ཨ་སྒོར་ལ་དམིགས་ཨ་སྒོར་གྱི་བཟི་བས་ཅོ་རི་ཉི་མ། བོད་དོན་བསྒྲུབ་འདོད་ཡོད་
    རྡ་ས་ནས་བོད་གཞུང་ལ་ཞབས་ཞུ་རེ་སྒྲུབ་ཐུབ་ན་ཡག་པོ་རེད། དེ་མིན་ཆུང་མ་བུ་ཕྲུག་གི་ཆེད་དུ། ཁོམ་མེད་བྲེལ་འཚུབ་ཀྱི་རྒྱ་མའི་བྲན་གཡོ་འདུར་རྒྱུགས་བྱེད་མཁན་ཞིག་གི ཁ་ཁྲམ་པ་མགོ་བདེ་མོ་ཡི་སྐད་ཆ་སྐམ་པོ་འདི་ཚོ་ལ་ཡིད་ཆེས་བྱེད་མཁན་ཁག་པོ་རེད། གནའ་མི་གཏམ་དཔེ་ལ། ངུ་ལུགས་མཁས་པ་བརྒྱ་བྱེད་རུང་། དགོད་ནི་ལྟ་བུ་ཐོན་པ་དཀའ།

    Reply
  14. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ཐབས་ཇུས་ལ་མཁས་པའི་སེར་ཤུལ་རིན་ཆེན་དོན་གྲུབ་གྱིས་སྤེལ་བའི་དཔྱད་རྩོམ་ལ་བལྟས་པས། སྲིད་དོན་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་སློབ་གསོའི་རིན་ཐང་ཡོད་པར་མཐོང་བས། རང་སེམས་ཧ་ཅང་དགའ་མོས་བྱུང་།

    བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་ཨུ་ཚུགས་སྒོས་ཞུགས་ཐུབ་པ་བྱས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད།

    ང་ཚོའི་བོད་གཞུང་འདི་ང་ཚོས་བདག་པོ་བྱེད་དགོས་པ་ལས། བོད་གཞུང་གི་མགྲོན་འབོད་དང་རོགས་སྐྱོར་ཁོ་ན་ལ་སྒུག་ནས་བསྡད་པས་ཕན་པ་ཅི་ཡང་མེད

    དེར་བརྟེན་བདག་གིས་ཀྱང་མ་བསྐུལ་དང་བླང་གིས་འབད་བརྩོན་ཆེན་པོས་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད།

    བདག་གི་ཤེས་རྟོགས་ལྟར་ན་ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བའི་ཛ་དྲག་གི་འོས་འགན་ཞིག་ཏུ་མཐོང་།

    གལ་ཏེ་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚོས་རྙིང་ཞེན་ཕྱོགས་རིས་ཀྱིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་། ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་། ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།

    ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།

    ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་དོན་ལེགས་འགྲུབ་ཀྱི་ཐབས་ཇུས་ལ་གནའ་དེང་ཟུང་འབྲེལ་གྱིས་ཞིབ་འཇུག་ལེགས་པར་བྱས་ནས། བོད་གངས་ཅན་ལྗོངས་ཀྱི་རྒྱལ་ཁབ་དང་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།

    ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི། གཙོ་བོ་གཞུང་འཛིན་བཀའ་ཤག་གི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན། གཞུང་འཛིན་བཀའ་ཤག་གི་སྒྲོམ་གཞིའི་ནང་དུ་“མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་” མ་ལག་ཆ་ཚང་བ་ཞིག་གང་མྱུར་གསར་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་ནས་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་དགོས། མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་འདིས་ཤེས་ཡོན་ཅན་གྱིས་གཙོས་པའི་བོད་མི་ཡོད་དོ་ཅོག་ལ་བདག་སྐྱོང་དང་། རྒྱུན་དུ་འབྲེལ་བ་ཟབ་མོ་བྱེད་ཐབས་ཀྱི་སྲིད་ཇུས་གསར་བ་ཞིག་གང་འགྱོགས་ཅི་འགྱོགས་ཀྱིས་གཏན་འབེབས་གསལ་པོར་བྱེད་དགོས་པ་དེ་བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་འགན་འཁྲི་གལ་ཆེན་ཞིག་མ་རེད་དམ ?

    ཀྱེ་མ་ད་ལྟ་བོད་གཞུང་ལ་༼ཐབས་ཇུས་ཞིབ་འཇུག་ལས་ཁང་༽ ཞིག་མི་འདུག་ལ་༼མཉམ་འབྲེལ་ཆིག་སྒྲིལ་གྱི་ལས་ཁང་༽ ཡང་མི་འདུག་པས་བོད་དོན་གྱི་་བྱ་བ་ཕན་ནུས་ལྡན་པ་ཞིག་སྒྲུབ་དཀའ།

    དེས་ན་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་བོད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།

    Reply
  15. མགར་རྟོགས་སད says:
    ལོ་ 16 སྔོན།

    ཤེས་ཡོན་པ་ནི་རྗེས་ལུས་ཀྱི་ལྕག་སྒྲོག་གཏོར་ནས་མདུན་བསྐྱོད་ཀྱི་ལམ་སྣེ་ཟིན་མཁན་ལ་ཤེས་ཡོན་པ་ཟེར། རྨོངས་དད་ཀྱི་མུན་པའི་ཀླུང་ན་གསར་གཏོད་ཀྱི་སྒྲོན་མེ་སྦར་མཁན་ལ་ཤེས་ཡོན་པ་ཟེར། དེ་མིན་ལྟ་གྲུབ་གཞན་ལ་ངའི་ནམ་ཡང་དོན་སྣང་མི་བྱེད།སྐབས་བབ་ཀྱི་དགོས་མཁོ་དང་ཁེ་ཕན། མི་རིགས་ཤིག་གི་འབྱུང་འགྱུར་ལ་ང་དང་ང་འདྲ་བ་མང་པོ་ཞིག་གི ཉིན་མཚན་མེད་པར་ཁུར་བྱེས་ཀྱིན་ཡོད། ཅོ་རི་ལགས།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མ་བྱན་ཞིག་དང་དགེ་བཤེས་ལྷ་རབ་པ་གཉིས་ཀྱིས་ནང་ནས་སུ་ཤེས་ཡོན་པ་རེད་གསུངས་ཀྱི་ཡིན་ནམ། མ་བྱན་ལག་ཤེས་པ་ཞིག་ཡིན་ན་དེང་སང་གི་འཛམ་གླིང་ཐོག་ཏུ་ལས་ཀ་མི་རག་པའི་སེམས་འཁྲུལ་མི་དགོས། དེ་འདྲ་ཡིན་དུས་ལྟོ་མི་རག་པའི་སེམས་འཁྲུལ་དེ་ལས་ཀྱང་མི་དགོས་པ་ཞིག་རེད་སྙམ།

    འོག་ཏུ་སྟག་སྨྱོ་པ་ཞིག་གིས་མིའི་སྐད་ཆ་བཤད་ཀྱི་འདུག་གོ

    Reply
  17. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མགར་རྟོགས་སད་ལགས།

    དེ་འདྲ་མ་གསུངས་རོགས་་་་ཉམ་ཐག་རྣམས་ལ་མཐོང་ཆུང་ཆགས་འགྲོ་གི་འདུག
    དཔེར་ན་གྲྭ་ས་ཁག་གི་དགེ་བཤེས་ལྷ་རབ་པ་རྣམས་ཀྱིས་སློབ་སྦྱོང་བྱེད་སྟངས་དེ་ནི་འཛམ་གླིང་ཐོག་ཏུ་དུས་ཡུན་རིང་པོ་དེ་འདྲ་སློབ་སྦྱོང་བྱེད་མཁན་ཁག་པོ་རེད་སྙམ།

    ཁོང་རྣམ་པ་ནི་ཤེས་ཡོན་པ་ཡིན་དང་ཡིན། དེ་མིན་ན་འཛམ་གླིང་འདིར་ཤེས་ཡོན་ཅན་ཟེར་བ་ཞིག་འཇོག་རྒྱུ་ཞིག་མེད་སྙམ། ཡིན་ནའང་ཁོང་རྣམ་པས་སྦྱངས་པའི་ཤེས་ཡོན་དེས་ལྟོ་གོས་སྒྲུབ་ཐུབ་ཀྱི་མེད།

    ཤེས་བྱའི་ངོ་བོ་ལ་དཔྱད་པ་བྱས་སྟངས་ནི་དེང་སང་གི་ནུབ་ཕྱོགས་ཚན་རིག་པའི་མཉམ་དུ་བསྡུར་ཐུབ་ཀྱི་ཡོད་པས་རིག་གནས་དེ་འདྲ་ཤེས་པའི་མི་ལ་ཤེས་ཡོན་ཅན་མ་ལབ་ན་སུ་ལ་ཤེས་ཡོན་ཅན་ལབ་དགོས་པ་རེད།

    ལྟ་གོས་བཙའ་མི་ཐུབ་ན་ཤེས་ཡོན་པ་མ་རེད་གསུངས་རྒྱུ་མེད་སྙམ།

    Reply
  18. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    ཤེས་ཡོན་པ་དེ་ཚོའི་བོད་ཡིག་སྒང་ནས་ཚིག་ཉོག་ཀ་ཤས་འབྲི་ཤེས་ན་ པེན་བོད་ཀྱི་རྩོམ་པ་པོའི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལ་འབྲེལ་བ་བྱེད་ན་ ཁོང་གིས་ཕྱི་རྒྱལ་ལ་གཏང་ནི་རེད་ད་

    Reply
  19. མགར་རྟོགས་སད says:
    ལོ་ 16 སྔོན།

    ཤེས་ཡོན་པ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ལྡན་དགོས།
    རང་ཉིད་ཀྱི་འཚོ་གཞིས་ལ་སེམས་ཁྲལ་མི་དགོས་པ་ནི་གཞི་བཞག་ཏེ།
    སྤྱི་ཚོགས་ཤིག་གི་སྣེ་ཁྲིད་མཁན་ལ་ཤེས་ཡོན་པ་ཟེར།
    དེ་ལས་ལྡོག་ཏེ་རང་སྒེར་གྱི་ཁ་ཟས་ཙམ་བཙལ་མི་ཐུབ་པ་ཞིག་ལ་ཤེས་ཡོན་་པའི་ཐ་སྙད་འདོག་དོན་མེད་སྙམ།

    Reply
  20. སྟག་སྨྱོན། says:
    ལོ་ 16 སྔོན།

    རིན་ཆེན་དོན་གྲུབ་ཚིག་པ་མ་ཟ་རོགས། ཁྱེད་རང་གིས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཚོའི་ནང་ལས་ཀ་ཤེས་ཡོན་ལ་རྒྱུས་ལོན་གཏན་ནས་བྱས་མི་འདུག ཕྱི་རྒྱལ་ནས་སློབ་གྲྭ་ཆེན་མོ་ག་གེ་མོ་ཞིག་གི་ལག་ཁྱེར་ཡོད་པ་ལ་གཏན་ནས་མཐོང་ཡོད་པ་མ་རེད། ཕྱི་རྒྱལ་ཁག་ཏུ་ཡི་གེ་རང་གི་ཐོག་ནས་ཁ་ཟས་རག་རྒྱུའི་ཡིད་ཆེས་དང་རེ་བ་བརྒྱབ་ནས་འབད་བརྩོན་བྱེད་མཁན་མང་ཤོས་ཆགས་ཡོད་མ་རེད། གཙོ་བོ་ལས་ཀ་ག་རེ་ཤེས་ཀྱི་འདུག་ལ་གལ་ཆེན་པོ་ལྟ་གི་རེད། ལག་ཁྱེར་མེད་མཁན་ཧ་ལམ་ཡོད་པ་མ་རེད

    Reply
  21. བྱམས་རྒྱལ། says:
    ལོ་ 16 སྔོན།

    རེད་ལགས་། དཀའ་ངལ་ངོ་མ་དེ་ང་ཚོའི་སྐད་ཡིག་འདི་ཆེད་གཉེར་ལས་རིགས་སྦྱང་ཡ་ལ་ཕན་ཐོག་མེད་པ་འདི་རེད་། ང་ཚོའི་སྐད་ཡིག་འདིའི་ཐོག་ནས་ཆེད་གཉེར་ལས་རིགས་ཁག་སྦྱོང་རྒྱུ་ཡོད་པ་ཞིག་བྱུང་ན་ད་གཟོད་དཀའ་ངལ་འདི་སེལ་ཐུབ་ ཆེད་གཉེར་ལས་རིགས་ཤེས་ན་ ས་ག་བ་སྡོད་ནའང་རེད་ག་པ་འགྲོ་ནའང་རེད་ ལས ཀ་རག་གི་རེད་ལ་ རང་ཉིད་གིས་ཀྱང་ལས་རིགས་གཙོ་གཉེར་བྱེད་ཆོག་

    Reply
  22. སྟག་སྨྱོན། says:
    ལོ་ 16 སྔོན།

    བོད་རིགས་ཚོ་ང་ཚོ་འདི་ལྟར་ཚིག་རྩུབ་ཤོར་ཆོག་ཆོག་དང་རླུང་ལངས་ཆོག་ཆོག་ཡོད་པར་ཁག་ཡོད་མ་རེད། སྐྱབས་བཅོལ་བ་ཡིན་ཙང་དངོས་ཤུགས་རྒྱུད་གསུམ་ལུས་སེམས་ལ་བཙིར་གནོན་ཤུགས་ཆེན་པོ་ཐེབས་ཡོད་པ་རེད། དེ་ལ་བཟོད་སྒོམ་མི་བྱེད་ཐབས་མེད་རེད། གཞུང་ལའང་ཤ་ཚ་བྱེད་རྒྱུ་གལ་ཆེན་པོ་མཐོང་གི་འདུག བོད་གཞུང་ལ་གཞུང་ཞིག་གི་མཚན་ཆེན་པོ་དེ་ཡོད་ནའང་། ང་ཚོས་ཤེས་ཡོན་གྱི་ཡོད་ལ་གཙོ་ལས་ཀ་དང་ལག་ཤེས་ག་རེ་སྦྱོང་ཐུབ་ཀི་འདུག་ཐབས་ཤེས་བྱེད་དགོས་པ་རེད། ལག་ཤེས་ཤིག་ཤེས་པ་ཡིན་ནའང་ཁ་ཟས་ཙམ་ཡང་མི་རག་པའི་དཀའ་ངལ་དེ་སེལ་འགྲོ་གི་རེད། ང་ཚོ་ཞིང་ཁ་དང་འབྲོག་གི་རྩ་ཐང་དང་ཟོག་ལུག་དང་ས་ཆ་མེད། ལས་ཀ་བཙལ་སའི་གཞུང་རྒྱ་ཆེན་པོའང་མེད། ཚོང་བརྒྱག་སྤྱད་ཀྱི་མ་དངུལ་ཡང་ཆེན་པོ་ཡོད་མ་རེད། བྱས་ཙང་ངོ་ནས་ཤེས་ཡོན་ཅན་ངོ་མ་ཞིག་ཡིན་ན་རེ་བ་བརྒྱག་ས་ཆེན་པོ་མེད་པའི་གནས་སྟངས་འདི་ཚོའི་ཐོག་ལ་ཨུ་ཚུགས་ཀྱི་རེ་བ་བརྒྱབ་ནས་མི་འདུག ལས་ཀ་རེ་བསླབ་རོགས དེ་ནས་ཁ་ཟས་མ་རག་པ་ནམ་ཡང་ཡོང་གི་མ་རེད། གནས་སྟངས་ཀྱི་དབང་གིས་ལས་ཀ་ཡག་པོ་མེད་ནའང་དང་ལེན་བྱས་ཏེ་འབད་བརྩོན་བྱེད་དགོས། ང་ཚོར་རེ་བ་བརྒྱག་ས་མ་རྩ་སྣ་གཅིག་ཡོད་པ་རེད། དེ་ཁྲག་དང་ལུས་ཤུགས་གཉིས་རེད། འདི་གཉིས་བེད་སྤྱོད་ཡག་པོ་གཏོང་སྟངས་ལ་བསམ་མ་ནོར་བ་གཏོང་རོགས

    Reply
  23. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བཀུར་འོས་དྲ་གྲོགས་བསེ་རི་ལགས།
    ཁྱེད་ཀྱི་གསུངས་པ་དེར་དངོས་གནས་བདེན་པ་རེད་སྙམ། ང་ཅོ་རི་ཡང་མི་ལོ་ཨང་ལོང་འདྲ་བ་གཅིག་གི་རིང་ཉིན་གཅིག་ཀྱང་ཆད་མྱོང་མེད་པར་དུས་བབ་དྲ་ཐོག་ནས་སྤྱི་དོན་གླེང་ཁུལ་བྱས་པ་ཡིན།
    དུས་ཡུན་དེའི་ནང་དུ་ཉམས་མྱོང་ཐོག་ནས་བཤད་པ་ཡིན་ན་གོ་དགོས་མཁན་དང་ཉན་དགོས་མཁན་ཚོའི་གོ་གི་མེད་འདྲ་བསམ་གྱི་འདུག

    ང་རང་ཚོའི་དྲ་གྲོགས་རྣམས་ཀྱིས་ཕར་བཤད་ཚུར་བཤད་བརྩད་པ་རྒྱག་གཅིག་གིས་གཅིག་ལ་ཚིག་ངན་སྨྲས་རེས་བྱས་ནས་ཅིག་བཤད་བསྡད་པ་འདིར་འབྲས་བུ་འདྲ་མེད་དུས་སེམས་ཕམ་རེ་རང་བཞིན་གྱི་སླེབས་ཡོང་གི་འདུག

    ད་མ་འོང་པ་ང་རང་ཚོས་སྤྱི་ཚོགས་ལ་ཕན་པ་ཅི་ཞིག་བྱ་ན་དགའ་ས་རེད་དམ།

    ང་རང་ཚོ་ལ་འབྲས་བུ་འདྲ་གཅིག་ཁུ་རུ་སྟོན་གྱི་ཡོད་པ་ནི་སྐུ་སྒེར་གྱི་བོད་ཡིག་དྲ་རྒྱ་བཟོས་ཡོད་འདི་རེད།་་་་དེ་མ་གཏོགས་ཅིག་ཕན་སོང་བསམ་པ་དང་ཅིག་གོ་སོང་བསམ་པ་དེ་འདྲ་དྲ་གྲོགས་རྣམས་ལ་སྟོན་རྒྱུ་འདྲ་ཡོད་དམ་་་ལགས།

    Reply
  24. བསེ་རུ། says:
    ལོ་ 16 སྔོན།

    ང་ཚོས་དྲ་ཐོག་ནས་སྐད་བརྒྱབས་པ་འདི་ཚོ། ཐོས་དགོས་མཁན་གྱིས་ཇི་ཙམ་ཐོས་ཀྱི་ཡོད་དམ། ངས་བལྟས་ན་བཤད་མཁན་དང་ཉན་མཁན་གཉིས་ཀ་དྲ་ཐོག་གི་དྲ་གྲོགས་ཚོ་རེད་སྙམ་གྱི་འདུག

    Reply
  25. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    བཀུར་འོས་དྲ་གྲོགས་རྣམ་པར་འཚམ་འདྲི་ཞུ་བ་དང་ཆབས་ཅིག གོང་གི་ཆེད་རྩོམ་དང་འབྲེལ་བའི་ཕྲན་ལ་ཤེས་ཡོན་དང་ཤེས་ཡོན་ཅན་གྱི་སྐོར་ལ་དྲི་བ་འགའ་ཤས་ཡོད་པས་ན། རིགས་མཐུན་དྲ་གྲོགས་རྣམ་པའི་རྣམ་དཔྱོད་དང་མྱོང་བའི་སྒོ་ནས། དཔྱད་བསྡུར་དང་ཐབས་བྱུས་ཀྱི་སྒོ་ནས་དྲིས་ལན་མདོར་བསྡུས་རེ་གནང་སྐྱོང་ཡོང་བར་ནན་གྱིས་ཞུ།
    ༡ 》 ཤེས་ཡོན་ཅན་དང་ཡོན་ཏན་ཅན་གཉིས་ཀྱི་ཁྱད་པར་ག་རེ་ཡོད་པ་རེད།
    ༢ 》 ཤེས་ཡོན་དང་ཤེས་ཡོན་ཅན་གྱི་གོ་དོན་གང་ཞིག་བཞག་ན་འགྲིགས་ཀྱི་ཡོད་པ་རེད།
    ༣ 》 ཤེས་ཡོན་གྱི་ཕན་ནུས་དང་ཤུགས་རྐྱེན་ཆེ་ཤོས་ཇི་ལྟར་བྱས་ནས་འཇོག་གི་ཡོད་པ་རེད།
    ༤ 》 མི་རིགས་རང་བཞིན་ཅན་གྱི་ཤེས་ཡོན་སྲིད་བྱུས་ཤིག་བོད་ལ་ཨེ་ཡོད།
    ༥ 》 ཤེས་ཡོན་དང་ལག་ལེན་བར་གྱི་འགལ་འདུ་སེལ་ཐབས་གང་ཡོད་དམ།
    ༦ 》 བོད་ཀྱི་ཤེས་ཡོན་སློབ་ཐབས་སུ་རྩལ་ནུས་གང་ཞིག་འདོན་དགོས་པ་རེད།
    ༧ 》 ཤེས་ཡོན་ཅན་ཡིན་དང་མིན་ས་མཚམས་ཇི་ལྟར་འབྱེད་བྱེད་དགོས་པ་རེད།
    ༨ 》 ཤེས་ཡོན་ཅན་གྱི་འགན་འཁུར་གཙོ་བོ་གང་ཞིག་གི་ཕྱོགས་སུ་འཁྱེར་དགོས་པ་རེད།
    ༩ 》 དེང་སང་བོད་ཀྱི་ཤེས་ཡོན་ཅན་གྱི་ཤེས་ཡོན་གྱི་དགོས་པ་འགྲུབ་ཀྱི་ཨེ་ཡོད།
    ༡༠ 》 ཤེས་ཡོན་ཅན་ལ་རྒྱབ་སྐྱོར་དང་བརྩི་འཇོག་མ་བྱས་ན་མཇུག་འབྲས་ག་འདྲ་ཞིག་ཡིན་ནམ།
    ༡༡ 》 ནུབ་ཕྱོགས་དང་ཤར་ཕྱོགས་ཨེ་ཤ་ཡ། དེ་ལས་ཀྱང་བོད་པའི་ཤེས་ཡོན་ཅན་རྣམས་ཀྱི་བར་ལ་མི་འདྲ་སའི་ཁྱད་པར་ག་རེ་ཡོད་པ་རེད།
    ༡༢ 》 ཤེས་ཡོན་ཅན་གྱི་ཁྱད་ཆོས་གཙོ་བོ་ཕྱོགས་གང་ཞིག་ནས་གསལ་འདོན་བྱེད་དགོས།
    ༡༣ 》 ཤེས་ཡོན་ཅན་གྱི་བསམ་བློ་དང་ལག་ལེན་གང་ཞིག་ང་ཚོས་གཙིགས་འཛིན་བྱེད་དགོས།
    ༡༤ 》 ཤེས་ཡོན་དང་ཤེས་ཡོན་ཅན་གྱི་རིན་ཐང་དེ་ག་འདྲ་བྱས་ནས་ངོས་འཛིན་བྱེད་དགོས་པ་ཞིག་རེད།
    ༡༥ 》 ཤེས་ཡོན་ཅན་གྱི་རང་རྟོན་དང་སྒལ་ཚིགས། ཐབས་ལམ་དང་ཕྱོགས་སྟོན་སོགས་སྤྱི་ཡོངས་ནས་ངོས་འཛིན་དང་གདེང་འཇོག་གང་འདྲ་བརྒྱུད་ནས་ཤེས་དགོས་པ་རེད།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བསམ་གླིང་ཚེ་རིང་ལྷ་མོ་ལགས།
    ཁྱེད་ནི་དངོས་གནས་ང་རང་ཚོའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བསམ་གཞི་ཡོད་མཁན་གྱི་དབུ་མེད་ཡག་པོ་ཞིག་རེད་འདུག་སྙམ།
    དུས་བབ་དྲ་ཐོག་ཏུ་བུད་མེད་ཉུང་ཉུང་ཡིན་མ་ཟད་སྤྱི་ཚོགས་ལ་ཐུགས་ཁུར་བཞེས་མཁན་དེ་ལས་ཉུང་བ་ཡོད། ཉིད་ཀྱི་བསམ་ཚུལ་མང་ཙམ་སྦེལ་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན་ལགས།
    གང་ཡིན་ཞེ་ན་བོད་ཁ་བ་ཅན་གྱི་བུད་མེད་རྣམས་ནི་བོད་ཀྱི་འཚོ་བའི་གཙོ་འཛིན་ལྟ་བུ་ཡིན་པས་ང་རང་ཚོའི་འཚོ་གནས་སྐོར་རུ་སེམས་ཁུར་དང་རྒྱུས་མངའ་ཆེ་བ་ཡོད་སྙམ།

    Reply
  27. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།།་ཁོང་གིས་གསུང་ཡ་གཅིག་བདེན་པ་རེད། སློབ་ཐོན་པ་དང་གྲྭ་སའི་རབས་འབྱམས་པ་སོགས་འགའ་ཞིག་གིས་ཟས་གོས་ཀྱི་ཆེད་དུ་ཕྱིར་རྒྱལ་ཡུལ་གྲུ་ཁག་ལ་ཟ་ཁང་སོགས་ནས་ལས་དཀའ་བྱེད་བཞིན་པ་དངོས་ཡོད་རེད། འོན་ཀྱང་དེ་དག་ཤེས་ཡོན་པ་རེད་ཟེར་ནས་ཚིག་ཐག་གཅོད་དཀའ། རང་ཉིད་ཀྱི་གང་ལ་སྦྱང་བ་བྱས་པ་དེ་ལག་ལེན་ལ་བཀལ་མི་ཐུབ་པའམ་ལྟོ་གོས་ཚོལ་བྱེད་ཅིག་ཡང་བྱེད་མི་ཐུབ་ན། དེ་ཤེས་ཡོན་པ་ཡིན་ནམ
    གང་ལྟར་ང་ཚོའི་གཞུང་འདི་སྐྱབས་བཅོལ་གཞུང་ཡིན་པ་རེད།་གང་ལ་གང་འདོད་དེ་ལ་དེ་སྟོན་ཞེས་པ་དེ་ཡོང་དཀའ་པ་རེད
    མདོར་ན་གསེར་ས་འོག་ལ་ཡོད་ན་འོད་གནམ་མཁའ་ལ་ཤར་ནི་རེད། ཤེས་ཡོན་པ་ཚོའི་ཡིད་མ་ཆད

    Reply
  28. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ས་མཐའི་ཡུལ་ནས་ལོ་ངོ་དགུ་ལ་སྡུག་གི་ལག་མགོར་འཇུས་བ་དེ།།
    རང་གིས་བདམས་པའི་ལམ་ཁ་ཡིན་གྱི་བཀའ་བློན་ཁྲི་བས་བོས་བ་མིན།།
    ཤ་མར་ཐུལ་ལ་བདེ་མོ་བཞག་ཏེ་འབྲས་དང་རྡ་ལེར་རོལ་བ་དེ།།
    སྣུམ་པོའི་ཡི་ཀ་འགག་པ་མ་ཡིན་མི་རིགས་ཞིག་གི་དོན་དུ་ཡིན།།
    རྒྱ་གར་ཡུལ་ནས་ལོ་ངོ་དགུ་ལ་རྩམ་སྐྱ་ཆུ་བརྫིས་ཟས་བ་དེ།།
    རང་གི་ཤེས་འཇོན་ཞན་པས་ཡིན་གྱི་སུ་དང་གང་གིས་མནར་བ་མིན།།

    Reply
  29. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 16 སྔོན།

    ཁོང་གིས་གནད་ལ་འཁེལ་པོ་གསུངས་འདུག། གལ་སྲིད་གཞུང་ཞབས་པ་དང་སྨན་རྩིས་ཁང་གི་སློབ་མ་བསྡུ་བཞེས། ས་རའི་སློབ་མ་བསྡུ་བཞེས་ལ་སོགས་པར་ཆ་རྐྱེན་གང་ཡང་མེད་པར་ཤེས་ཡོན་ཅན་སུ་ཡངོ་ལ་ཡིག་རྒྱུགས་ཀྱི་ལམ་ནས་རྐུབ་སྟེགས་སྤྲད་གནང་བ་ཡིན་ན་ དེས་ཤེས་ཡོན་ཅན་ཚོར་རང་གཞུང་ནས་བདག་སྐྱོང་གནང་བ་མཚོན་ཐུབ་ཀྱི་རེད།

    Reply
  30. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    བོད་ཡིག་གི་ཤེས་ཚད་ཇི་ཙམ་མཐོ་ཡང་དབྱིན་ཡིག་གི་གནས་ཚད་གང་འཚམས་ཤིག་མེད་ན་བོད་གཞུང་གི་ལས་ཀ་འཐོབ་རྒྱུ་ཤིན་ཏུ་དཀའ། འོན་ཀྱང་འཐོབ་དཀའ་བ་འདི་བོད་གཞུང་གིས་བཟོས་པ་ཞིག་ག་ལ་ཡིན་ཏེ་ང་ཚོའི་ཁོར་ཡུག་དང་གནས་བབས་ཀྱི་དབང་གིས་རེད། བོད་གཞུང་གིས་འབྲེལ་བ་བྱེད་ས་དང་མཉམ་ལས་བྱེད་ས་ཚང་མ་རྒྱ་གར་གཞུང་དང་ཕྱི་རྒྱལ་ཁག་ཡིན་པས་བོད་ཡིག་གི་བེད་སྤྱོད་གཏོང་ས་མེད་པ་འདི་ང་ཚོས་ངེས་པར་དུ་ཤེས་དགོས་པ་རེད། བོད་ཡིག་ལས་དབྱིན་ཡིག་མི་ཤེས་མཁན་ཚོར་བོད་གཞུང་གིས་ལས་ཀ་ཞིག་སྤྲོད་ཐུབ་ན་དེ་ནི་སློབ་དགེ་ཙམ་ཡིན་རྒྱུ་རེད། དེ་ཡང་མང་པོ་ཞིག་མེད། ཤེས་ཡོན་ཅན་ཡིན་ན་འཇོན་ཐང་ཅན་ཡིན་པའི་ཁྱབ་པ་མེད་ཅིང་། མ་ཁྱབ་པའི་དབང་གིས་ཤེས་ཡོན་ཡོད་ཀྱང་ཟ་རྒྱུ་མི་རྙེད་པའི་ཚད་དུ་ལྷུང་བ་མང་པོ་ཡོད་པའི་གནས་སྟངས་འདི་ཡུལ་གྱལ་བའི་སྤྱི་ཚོགས་འདི་ཙམ་མ་ཟད་སྟོབས་ཆེན་རྒྱལ་ཁབ་ཁག་ཏུའང་ཤིན་ཏུ་མང་།

    Reply
  31. དགེ་འདུན་རབ་གསལ། says:
    ལོ་ 16 སྔོན།

    ང་ཚོ་ལ་ “ཤེས་ཡོན་ཅན་”ཞེས་པའི་ཐད་གོ་ལོག་ཆེན་པོ་ཞིག་ཐེབས་བཞིན་ཡོད་པ་འདྲ། གཅིག་བྱས་ན། སྔ་མོ་བོད་ལ་ “ཡོན་ཏན་”ཡོད་ཟེར་བའི་བསམ་ཚུལ་ཞིག་ཡོད་བཞིན་པ་དེའི་ཁར། གུང་ཁྲན་གྱི་ལྟ་ཚུལ་ཞིག་གིས་སྣོན་པ་བརྒྱབ་སྟེ། “ཤེས་ཡོན་ཅན་”དང་ “ཤེས་ཡོན་” ཞེས་པ་འདི་ལ་གོ་ལོག་ཆེན་པོ་ཞིག་ཐེབས་ཡོད་པ་རེད་དྲན། ངས་ཚིག་མཛོད་ཁ་ཤས་བསྔོགས་ནས་བལྟས་སྐབས། ཤེས་ཡོན་ཅན་ཟེར་བ་འདི་ལ་ཤེས་ཡོན་ཡག་པོ་ཡོད་ཁར་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་དང་། རང་གི་ཤེས་ཡོན་དེ་ཆེད་ལས་སྣ་ཚོགས་ལ་ཁ་བསྒྱུར་ནས་ལས་ཀ་བྱེད་ཐུབ་མཁན་དེ་འདྲ་ཞིག་ལ་ངོས་འཛིན་པ་རེད་ཅེས་བྲིས་འདུག གང་ལྟར། སྐད་ཡིག་ཤེས་པ་ཙམ་ཞིག་གིས་ཤེས་ཡོན་པར་འགྲུབ་མི་ཐུབ་པ་དང་། ལས་ཀ་ལ་གདོང་ལེན་བྱེད་མི་ཐུབ་པ་དེ་ཡང་ཤེས་ཡོན་ཅན་གྱི་ཁྱད་ཆོས་ཤིག་མིན་པར་སྣང་། ཤེས་ཡོན་ཅན་ཡིན་ན། གཞི་རྩའི་ཆ་རྐྱེན་ཞིག་ནི་ལས་ཀ་བྱེད་ཐུབ་མཁན་ཞིག་ཡིན་དགོས་པ་འདྲ།

    Reply
  32. སྟག་སྨྱོན། says:
    ལོ་ 16 སྔོན།

    ཁ་ཟས་ཙམ་ཡང་བཙལ་མི་ཤེས་པའི་ཤེས་ཡོན་པ་དེས་ག་རེ་ཤེས་ཟེར་གྱི་ཡོད་པ་རེད་དམ།

    Reply
  33. སྟག་སྨྱོན། says:
    ལོ་ 16 སྔོན།

    ཤེས་ཡོན་ཅན་ཚོས་ཤེས་ཡོན་ཡོད་པའི་སྒང་ལ་ད་དུང་གཞུང་གིས་ལྟ་གོས་སྤྲོད་དགོས་ཟེར་ནས་སྐད་བརྒྱབ་པ་ཡིན་ནའང་། འོ་ན་གཞུང་གིས་ལྟོ་གོས་གནང་གི་མེད་ཐོག་ཤེས་ཡོན་ཡང་མེད་པའི་མི་དམངས་ཉམ་ཆུང་ཚོས་ཅི་ཞིག་བྱེད་དགོས་པ་རེད་དམ། ཤེས་ཡོན་ཅན་དང་ཤེས་ཡོན་མེད་མཁན་ཚང་མ་གཙོ་བོ་རང་གི་ནུས་པ་དང་ལག་པ་གཉིས་ལ་བརྟེན་ནས་ལྟོ་གོས་རག་དགོས་པ་ལས། ཤེས་ཡོན་ཅན་ལ་དམིགས་བསལ་ཉལ་ནས་ཟ་ཆོག་པའི་ཐོབ་ཐང་དེ་འདྲ་ཡོད་པ་མ་རེད། སྤྱིར་སྤྱི་ཚོགས་ལ་ཤེས་ཡོན་ཅན་དགོས་ནའང་གྲངས་ཚད་མཐོ་བོ་མི་དགོས། རྒྱལ་ཁབ་ཅིག་ལ་སྲིད་མཛིན་མཁོ་ནའང་སྲིད་ཛིན་གཅིག་ལས་དགོས་མཁོ་མེད་པ་དང་ཕྱོགས་མཚུངས་རེད། དེ་ལས་ཤེས་ཡོན་འདང་ཙམ་ལས་མེད་ནའང་ལག་རྩལ་སྣ་གཅིག་ལ་མཁྲེགས་མཁྲེགས་ཡོད་ན་ཕན་ཐོགས་ཆེ། ལག་ཤེས་རང་གི་ལྟོ་གོས་ཡང་ལས་སླ་བོ་རག་ཡོང་གི་རེད། ང་ཚོར་ཤེས་ཡོན་ཅན་ཡིན་ཁུལ་གྱི་མི་ལས་ཀ་མི་ལས་མཁན་མང་དྲགས་པའི་དཀའ་འདུག རྒུན་འབྲུམ་གྱི་སྡོང་པོ་ཧ་ཅང་མཐོ་བོ་མི་སྐྱེས་ནའང་འབྲས་བུ་སྨིན་ཡོང་གི་རེད། ལྕང་སྡང་མཐོ་བོ་སྐྱེས་ནའང་ཕན་ཐོག་ཡོད་པ་མ་རེད། འདིར་ལྕང་སྡོང་དང་ཤེས་ཡོན་ཅན་ཚོ་གཅིག་པ་རེད། རིང་བོ་སྐྱེས་དགོས་བསམ་པ་ལས་དམིགས་བསལ་འབྲས་ཅི་ཡང་སྟོན་རྒྱུ་ཡོད་མ་རེད། མཐོ་བ་ཙམ་ལས་བེད་སྤྱོད་མེད། རྒུན་འབྲུམ་གྱི་སྡོང་པོ་དང་ལག་ཤེས་ཅན་ཚོ་གཅིག་པ་རེད། རྒུན་འབྲུམ་གྱི་སྡོང་བོ་མཐོ་ཚད་འབྲིང་ཙམ་ལས་མི་སྐྱེས་ནའང་། འབྲས་ཐོགས་ཡོང་གི་རེད། མ་གཞི་ལྟོ་གོས་མི་རག་ནས་ཤེས་ཡོན་བསླབ་ནས་གང་བྱེད། ནུབ་ཕྱོགས་པའི་ཤེས་ཡོན་ཇུས་སྲིད་ཀྱང་དཔེ་འདི་དང་འདྲ་བོ་འདུག ང་ཚོར་ལྟོ་གོས་མི་རག་པའི་ཤེས་ཡོན་མང་པོ་ཡོད་པ་འདི་དཀའ་ངལ་ཅིག་རེད།
    གོང་གི་རྩོམ་ཡིག་ཀློག་མེད། མ་ཀློག་ནའང་དུས་རབས་འདིའི་ནང་གི་བོད་མི་ཤེས་ཡོན་ཅན་ཡིན་ཟེར་མཁན་དང་། ལྷག་པར་དུ་རྩོམ་པ་པོ་ཡིན་ཟེར་མཁན་ཚོས་སྤྱི་སྙོམས་ཀྱི་བསམ་བློའི་ཆུ་ཚད་དང་སྐད་ཆ་བཤད་སྟངས། ཚིག་རིས་འགོད་སྟངས་མིག་བཙུམ་ན་བློར་ཡོང་གི་འདུག དེའི་ཕྱིར་ཁ་བྱང་ཤར་ཀློག་ཙམ་ལས་བྱས་མེད།

    Reply
  34. karma dorje says:
    ལོ་ 16 སྔོན།

    ཤེས་ཡོན་ཅན་ཚོས་མཐར་ཐུག་བྱས་རྗེས་ཆེན་པོ་བཞག་པ་ལ། ཞི་འདུལ་བག་ཡོད་ཀྱིས་གནས་སྐབས་རང་གིས་མི་འདོད་པའི་ལས་རིགས་ཐེངས་ཁ་ཤས་བདག་གཉེར་བྱེད་དགོས་རེད་སྙམ།

    Reply
  35. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རིན་ཆེན་དོན་གྲུབ་ལགས་ཀྱིས་བོད་མི་ཉམ་ཐག་ཚོའི་འཚོ་བའི་བདེ་སྡུག་ལ་བསམ་གཞི་བྱས་ཀྱི་རྩོམ་ཞིག་བྲིས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  36. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགེ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་བདེན་ན་ཡང་་་དགེ་ལྡན་ཁྲི་གཅིག་མ་གཏོགས་མེད་པ་འདིར་ཤེས་དགོས་སྙམ།

    ནུས་ཕྱོགས་སུ་རྒྱལ་ཁབ་ཁག་གིས་རང་མི་ཡོད་ཚོད་ལ་ལས་ཀ་སྤྲོད་ཐུབ་ཀྱི་མེད་པ་བདེན་ནའང་་་འཚོ་བའི་སྲུང་སྐྱོང་སྤྲོད་མི་ཐུབ་པའི་རྒྱལ་ཁབ་སུ་ཡང་མེད་པ་དེར་ཤེས་དགོས་སྙམ།

    Reply
  37. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཤེས་ཡོན་པ་ཟེར་བ་འདིར་ཅི་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད་དམ། དགོན་པ་གྲྭ་ཚང་ནང་ནས་ཐོན་པའི་དགེ་བཤེས་ལྷ་རབ་་དང་སྔགས་རབ། ཝ་ར་དང་ས་རའི་མཐོ་སློབ་ནས་ཐོན་པའི་རབ་འབྱོར་རྣམས་ལ་ངོས་འཛིན་མ་བྱས་ན་སུ་ལ་ཡང་ཤེས་ཡོན་པ་རེད་ཟེར་བའི་ངོས་འཛིན་བྱེད་ས་བཙན་བྱོལ་སྤྱི་ཚོགས་ནང་དུ་མེད།

    ཁོང་རྣམ་པ་ཤེས་ཡོན་ཅན་ཡིན་ནའང་ཚད་དང་ལྡན་པའི་ལས་དོན་ལག་ཤེས་མེད་དུས་ཅི་ཡང་བྱེད་མི་ནུས་པ་རེད། ཤེས་ཡོན་པ་ཡིན་ཚད་ཐམས་ཅད་ལ་བཙན་བྱོལ་གཞུང་གིས་རྐུབ་སྟེགས་རེ་སྤྲད་ཐུབ་པ་ཡོང་རྒྱུ་མེད།

    ཁོང་རྣམ་པས་ལས་ཀ་ཅི་ཞིག་བྱེད་ཐུབ་ཀྱི་འདུག་གམ། བོད་ཡིག་འབྲི་ཀློག་དང་དག་ཆ་ཡག་བ་ཙམ་གྱིས་ཅི་ཞིག་བྱེད་ནུས་སམ། བཙན་བྱོལ་གཞུང་ལ་བོད་ཡིག་ཐོག་ཏུ་ལས་ཀ་ག་ཚོད་ཡོད་དམ། དེ་ཡང་ཤེས་དགོས་པ་ཞིག་རེད།

    དེང་རབ་སྔོན་མའི་སྐབས་སུ་སྐད་གཉིས་ཤེས་ན་ལོ་ཙ་བ་དང་སྨན་པ་ཤེས་ན་ལྷ་རྗེ་ཟེར་བ་སོགས་ཧ་ཅང་མཐོང་ཆེ་ཡིན་ཡང་དེང་སང་གི་འཛམ་གླིང་ཐོག་ཏུ་མི་མང་ཤོས་ཤེས་ཚད་ལྡན་པ་མང་བས་བོད་པའི་ཤེས་ཡོན་ཅན་ཟེར་བ་ཚོ་ལ་མདུན་ལམ་ཡག་པོ་མེད།

    ང་ཅོ་རིའི་མིག་གི་མདུན་དུ་ཝ་ར་དང་ས་རའི་མཐོ་སློབ་པ་ཡིན་ཟེར་མཁན་ཚོས་ཟ་ཁང་ལག་གཡོག་ཡག་པོ་བྱེད་མ་ཐུབ་པ་བསྡད་ཡོད།

    ང་ཅོ་རིས་ཀྱང་ང་རང་བོད་ཀྱི་ཤེས་ཡོན་པ་ཞིག་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ནང་ཆོས་ཚད་མ་རིག་པ་ལ་མཁས་པའི་མི་ཞིག་ཡིན་བསམ་པའི་སྤོབས་པ་བྱས་མྱོང་ཡོད། ཡིན་ནའང་འདི་ནི་ལྟོ་གོས་སྒྲུབ་ཐུབ་པའི་རིག་གནས་ཞིག་རྩ་བ་ནས་མིན།
    ངས་ལྟས་ན་ཤེས་ཡོན་པ་ཟེར་དུས་དེང་རབ་དང་མཐུན་པའི་རིག་གནས་དང་སྐད་ཡིག་ཤེས་དགོས་ཞིག་རེད་མ་གཏོགས་དེང་རབ་ཀྱི་ལས་དོན་རིག་གནས་མེད་པའི་བོད་ཡིག་ལྟ་བུ་ལ་བརྟེན་ནས་ལྟོ་གོས་སྒྲུབ་ཀྱི་ཁག་པོ་རེད་སྙམ།

    གཉིས་ནས་བཙན་བྱོལ་གཞུང་གིས་རང་མི་བདག་པོ་རྒྱག་ཐུབ་ཀྱི་མེད་པ་འདི་ཡང་དངོས་ཡོད་རེད། དཔེར་ན་སུད་སི་རྒྱལ་ཁབ་ལྟ་བུ་ལ་མཚོན་ན་ཆང་བཟི་ཡིན་བདག་པོ་རྒྱག་གི་རེད།

    ཆང་བཟི་ཚོས་ཆང་འཐུང་མང་དྲག་ནས་རང་ཉིད་ཤི་དྲག་བྱེད་དུས་གཞུང་གིས་སྨན་ཁང་ནང་དུ་བསྐྱལ་ནས་སྨན་བཅོས་བྱས་མཐའ་ཆང་སྤང་སའི་སློབ་ཚོགས་ནང་དུ་གཏོང་གི་རེད།

    གལ་སྲིད་བཙན་བྱོལ་གཞུང་གིས་རང་མི་བདག་གཅེས་བྱེད་མི་ཐུབ་པ་འདིར་ང་རང་ཚོ་ཚང་མས་མ་འཇོན་པ་རེད་འདོད། བཙན་བྱོལ་གཞུང་གི་དཔལ་འབྱོར་རྩ་བ་བརྟེས་ས་ཡག་པོ་ཞིག་མེད་དུས་མི་མང་སྐྱོང་མི་ཐུབ་འདི་རང་གྲུབ་རེད།

    ང་རང་ཚོ་ལ་འཚོ་བ་ཡག་པོ་སྐྱེལ་ཐུབ་ས་གཅིག་ཡོད་པ་ནི་ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཁག་གི་ནང་དུ་ཡིན། ང་རང་ཚོའི་སྤུན་གྲོགས་ཚང་མས་ཤུགས་རྒྱབ་དགོས་ས་ནི་གཞུང་འབྲེལ་སྒྲིག་འཛུགས་ཀྱི་ཐོག་ནས་ནུབ་ཕྱོགས་སུ་ཕེབས་པ་ལ་འབད་བརྩོན་བྱེད་བཟང་སྙམ།
    དེ་མིན་བོད་མི་མང་པོ་ཞིག་ལྟོ་སྟོང་སྡོད་པ་ལས་རྒྱ་བལ་འབྲུག་གསུམ་ནང་དུ་ག་རེ་བྱེད་རྒྱུ་ཡོད་དམ།

    Reply
  38. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཤེས་ཡོན་པར་བདག་སྤྲོད་གནང་གི་མི་འདུག་ཟེར་བ་མ་གཏོགས་དོན་ལ་རྩོམ་ཡིག་འདིའི་སྙིང་དོན་ནི་ལས་ཀ་རེག་གི་མི་འདུག་ཟེར་བ་དེ་རེད། དེ་འདྲའི་ཤེས་ཡོན་ཅན་མང་པོ་ཞིག་ཡོད་ན་བོད་གཞུང་ནས་ལོ་རེ་དང་ཐ་ན་ཟླ་རེ་བཞིན་ཡིག་རྒྱུགས་ལམ་ནས་ལས་བྱེད་འདེམས་སྒྲུག་བྱེད་བཞིན་ཡོད་པས་ཤེས་ཡོན་ཅན་ཟེར་བ་དེ་དག་ཇི་ལྟར་མ་ཚུད་པ་ཡིན་ནམ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་གཞུང་ཞབས་ཕར་ཞོག་སྲིད་བློན་ཁྲི་ལའང་བདག་པོ་མེད།

    Reply
  39. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    ཁ་ཟས་མི་རྙེད་པའི་ཤེས་ཡོན་ཅན་ནི་ཤེས་ཡོན་ཅན་དངོས་མིན།
    མིག་ལོང་སྲོག་ཆག་གྲུན་འབུ་ཡིན་ཡང་རང་ཉིད་ཀྱི་གྲོད་ཁོག་དང་མཐུན་པའི་ཟས་རྙེད་ནས་འཚོ་བཞིན་ཡོད་ན་སྨྲ་ཤེས་དོན་གོ་བའི་ཁྲོད་དུ་ཡོད་པའི་ཤེས་ཡོན་ཅན་ལ་ཟས་མི་རྙེད་པའི་རྒྱུ་མཚན་གང་ཡང་མེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ད་བར་མུ་གེ་དང་ཐན་པ་གཏན་ནས་འབྱུང་མྱོང་མེད་ལ། ད་དུང་ཡང་ྋགོང་ས་མཆོག་དང་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་འོག་བོད་མི་སུ་ཡང་ཀྲེས་སྐུང་ནང་ལྷག་མི་སྲིད། ཁྱེད་ཀྱིས་བཤད་པའི་ཁ་ཟས་མི་རྙེད་པའི་བོད་མི་ཤེས་ཡོན་ཅན་ཁྱུ་ཚོགས་ཤིག་ཡོད་རབས་བཤད་པར་དེ་དག་རེ་རེ་བཞིན་ཐེར་བཏོན་བྱེད་པའི་རེ་བ་ཡོད། བོད་གཞུང་གི་ངོས་ནས་བོད་མི་རྣམས་ལ་མུ་གེ་བྱུང་བཅུག་མེད་ཀྱང་བོད་མི་ཡོད་དོ་གཅོག་ལ་ལས་ཀ་འཚོལ་མི་ཐུབ་པ་དངོས་ཡོད་གནས་ཚུལ་རེད། འཛམ་གླིང་འདིའི་ནང་རང་གི་མི་སེར་ཐམས་ཅད་ལ་ལས་ཀ་སྤྲོད་པ་རྒྱལ་ཁབ་སུ་ཡང་མེད་པ་ཤེས་དགོས། རང་གི་རྐང་པ་སྒང་རང་ཉིད་ལང་ཐུབ་པ་བྱེད་རྒྱུ་ནི་མིར་སྐྱེས་པའི་གྲུབ་དོན་དང༌། བོད་གཞུང་གིས་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ལོག་འཚོ་མི་ཡོང་བ་དང༌། གཞན་རྟེན་གྱི་འདུ་ཤེས་དོར་དགོས་སྐོར་སློབ་གསོ་བཀྱོན་བཞིན་པ་ཚང་མས་ཤེས་གལ་ཆེ།

    Reply
  40. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    སེར་ཤུལ་བའི་རྩོམ་ཡིག་གནད་ལ་ཐེབས་པ་ཞིག་བྲིས་འདུག སྙིང་ནས་དགའ་བསུ་ཡོད། ཤེས་ཡོན་པར་བདག་པོ་མི་བྱེད་པའི་གཞུང་དེ་ནི་ཆེས་བླུན་རྨོངས་ཀྱི་གཞུང་དེ་ཡིན། ཤེས་ཡོན་པར་མཐོང་མེད་པའི་སྤྱི་ཚོགས་དེ་ནི་ཆེས་རྗེས་ལུས་ཀྱི་སྤྱི་ཚོགས་དེ་ཡིན།
    ང་ཚོའི་སྤྱི་ཚོགས་འདིར་ཤེས་ཡོན་པ་རྐང་ཚུགས་ཐུབ་ཀྱི་མེད་པ་དང་། ཤེས་ཡོན་པའི་འཚཽ་གནས་ལ་དཀའ་ངལ་འཕྲད་བཞིན་པ་ནི་སྤྱི་ཚོགས་ཀྱི་སྐྱོན་ལས་ཤེས་ཡོན་པའི་སྐྱོན་གཏན་ནས་མིན་ནོ།།

    Reply
  41. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    རེད། གྲོགས་པོ་ཚོ། སྤྱིར་ཤེས་ཡོན་པ་ཞིག་ཡིན་ན་རང་ཉིད་ཀྱི་ལྟོ་རྒྱབ་ཐག་གཅོད་མི་ནུས་པ་ཞིག་ཡིན་ན་མི་མང་ལ་ཇི་ལྟར་ཞབས་འདེགས་བསྒྲུབ་ནུས་ཟེར་བ་དེ་ནི་ཆེས་ཨུ་ཐུག་ཐབས་ཟད་ཀྱི་སྐད་ཆ་ཞིག་རེད་ལ། བསམ་གཞིག་མ་བྱས་པའི་སྐད་ཆ་ཞིག་དེ་ལས་ཀྱང་རེད་འདོད། ཁ་མ་སོས་ནམ་མ་ལངས་པར་སྡུག་སྨྲེ་འདོན་གྱིན་ཡོད་པ་རེད་གཏན་ནས་མི་འདོད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ཀྱི་སྟེང་དུ་ལས་ཀ་བྱེད་ཀྱིན་པའི་ལས་ཀྱི་སྣེ་མོ་བ་དག་གི་ཤེས་ཡོན་གྱི་ཆུ་ཚད་དང་ལས་མེད་དུ་ལྷག་ཡོད་པའི་མི་བུ་དག་གི་ཆུ་ཚད་ལ་གཤིབ་བསྡུར་ཞིག་མི་རྒྱག་ཐུ་མེད་རེད། ང་ཚོ་བོད་པ་ཞིག་དང་བོད་པའི་གཞུང་ཞིག་ཡིན་པའི་ངོས་ནས་བསམ་བློ་བཏང་ན་བོད་ཡིག་གི་ཆུ་ཚད་གཙོར་བཟུང་བྱེད་དགོས་པ་འདྲ་ཞིག་དོན་དངོས་སུ་མཐོང་གིན་འདུག་ལ། དེ་ཉིད་གཙོ་བོར་བཟུང་འོས་པ་ཞིག་ཀྱང་རེད་འདོད་ཀྱིན་ཡོད། བོད་ནང་གི་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གི་ལས་མི་བསྡུ་སྟངས་ཙམ་ལ་ལྟས་ནའང་ཅིས་ཀྱང་བོད་ཡིག་གཞིར་བཟུང་བྱེད་དགོས་པ་སྨོས་མེད་རེད། དེའི་ཕྱིར་ཅིས་ཀྱང་བོད་ཡིག་ཀློག་ཤེས་པ་ཙམ་གྱིས་རྐུབ་སྟེགས་དག་བསྲུང་བསྡད་ན་འགྲིག་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་པ་ཞིག་མིན་ནམ།

    Reply
  42. སྨན་སྨྱུག says:
    ལོ་ 16 སྔོན།

    བཙན་བྱོལ་གཞུང་གི་ལས་སྣེ་ཚོས་ཤེས་ཡོན་པ་འཚོལ་སྟངས་ནི་དབྱིན་ཡིག་གི་ཤེས་ཚད་ཅིག་ལས་བོད་ཡིག་ཤེས་མ་ཤེས་ལ་ཆེར་མི་བལྟ། མི་བདེན་ན་འགོ་བཀའ་ཤག་ནས་བཟུང་རིམ་པར་ཞིབ་བཤེར་ཞིག་ཐོངས་དང་བོད་ཡིག་གི་ཤེས་ཚད་ཀྱིས་འདང་བའམ་རང་སྐྱ་འཕེར་བ་རེ་ཟུང་ཞིག་འདེབས་རྒྱུ་རེག་མིན་ཐེ་ཚོམ་རེད་་་་་་ཁོ་ཚོར་བོད་ཡིག་ཤེས་ཀྱི་ཡོད་དམ་ཞེས་སྐད་ཆ་དྲིས་ན་ཐྲག་ཐྲག་ཡིན་ཞེས་བཤད་རྒྱུ་ལས་མི་ཤེས་ཞེས་བཤད་མཁན་མེད་་་་ཁོ་ཚོས་ཤེས་ཟེར་དོན་ཐད་ཀར་ཤར་ཤར་ཀློག་ཐུབ་པ་ཞིག་ལས་ཅི་ཡང་མེད་་་་་་ལས་བྱེད་གསར་འདེབས་བྱེད་སྐབས་ཀྱང་བརྒྱུད་ལག་དང་ཕྱོགས་གཏོགས་ཀྱི་དབང་དུ་ཤོར་ནས་ཤེས་ཡོན་པ་ཚོ་ལས་མེད་དུ་ལྷག་པ་རེད།་་འདིའི་ཕྱོགས་ལ་བསམ་བློ་རེ་བཏང་དུས་རང་ཉིད་མ་སྐྱིད་པ་ཞིག་ལས་མི་འདུག་ཡ

    Reply
  43. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཤེས་ཡོན་ཞེས་པ་དེ་ཆེ་ས་ནས་བཤད་ན་འཛམ་གླིང་སྤྱིའི་བདེ་སྡུག་ལ་ཕུགས་བསམ་བཞེས་ནས་འཆར་བཀོད་དང་ནུས་པ་འདོན་ཐུབ་པའམ་རང་མི་རིགས་དང་རྒྱལ་ཁབ། རིག་གཞུང་བཅས་ལ་འཆར་བཀོད་དང་ལྡན་པའི་འགོ་ནས་བསྲུང་སྐྱོབས་དང་མི་མང་གི་སྣེ་འཁྲིད་བྱ་ཐུབ་མཁན་ཞིག་ལ་ཟེར་བ་ལས་རང་ཉིད་ཁོ་ནའི་འཚོ་གོས་ཡང་རྩལ་མི་ཐུབ་མཁན་གྱི་ཤེས་ཡོན་པ་ཡོད་ཟེར་བ་ནི་འཚར་གཏམ་ཞིག་རང་རེད། སློབ་མ་ཞིག་ལ་མཚོན་ན་སློབ་སྦྱོང་དུས་རིམ་ནང་དཀའ་ངལ་འགའ་རེ་ཕྲད་སྲིད་པ་ནི་དངོས་བདེན་དང་། སློབ་གྲྭ་ཐོན་ནས་སོ་སོའི་སློབ་སྦྱོང་གི་སྦྱངས་འབྲས་དང་མཚུངས་པའི་ལས་ཀ་ཞིག་མི་རག་པའི་སྐུ་ངལ་ཕྲད་བཞིན་ཡོད་པ་དངོས་བདེན་ཡིན་ཀྱང༌། ཁ་ཟས་མི་རྙེད་པའི་ཤེས་ཡོན་པ་ཟེར་བ་ནི་ཧ་སོང་གི་སྐད་ཆ་ཞིག་རེད། ཁྱི་ཞིག་ཡིན་ཀྱང་བལྟོ་གྲོད་པ་གང་མི་རྙེད་པའི་དཀའ་ངལ་མེད་ན་མི་ལ་ཧ་ཅང་ཆེ། གལ་ཏེ་ཁ་ཟས་མི་རྙེད་པའི་ཤེས་ཡོན་པ་ཞིག་ཡོད་ན་ང་ཚོའི་གཞུང་ལ་སྙན་སེང་བཞུས་ན་གཞུང་ནས་བདག་པོ་མ་རྒྱབ་པ་བྱེད་མི་སྲིད་ལ་འདས་པའི་དུས་རིམ་ནང་བཙན་བྱོལ་གཞུང་ནས་ཉམ་དག་ལ་རོགས་མགོན་གནང་དང་གནང་བཞིན་ཡིན་པ་མིག་ལྡན་ཀུན་གྱིས་མཐོང་མཐོང་པ་ལགས་ན། ཧང་སོང་གི་སྐད་ཆ་དེ་འདྲ་མ་བཤད་ན་ལེགས་མཉམ་པ་རང་ཉིད་ཀྱི་བསམ་ཚུལ་ཡིན་པས་ཐུགས་ལ་མ་འབབ་ན་དགོངས་དག

    Reply
  44. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཤེས་ཡོན་ཅན་དང་ལ་རྒྱ་ཅན་ཡིན་ན་རང་རང་གིས་བརྩོན་པ་བསྐྱེད་ནས་ལས་དོན་བསྒྲུབ་དགོས་པ་རེད། བོད་གཞུང་ཟེར་ནས་ནམ་ཡིན་ན་ཡང་འགྲོ་འདོད་དུས་རྟ་ལ་བསྐྱོན་མཁན་དང་འདུག་འདོད་དུས་འབོལ་གདན་བཏིང་མཁན་ཞིག་ག་ལ་ཡོད། དོན་གྱི་བདག་པོ་གཞིས་ལུས་མི་མང་ཡིན་པ་བདེན་པ་རེད། གསར་འབྱོར་བའི་ནང་དུ་ལ་རྒྱ་ཅན་དེ་འདྲ་རེ་ཡོད་ན་དེ་ཚོ་བོད་དུ་ལོག་དགོས་པ་རེད། རང་རང་གིས་འཇོན་ན་ལས་དོན་བྱེད་ཐུབ་ཀྱི་འདུག་ག བཀྲ་ཤིས་ཚེ་རིང་གི་མི་ཚེ་ལོ་རྒྱུས་ལ་ལྟོས་དང་། ཕྱི་རྒྱལ་དུ་མ་བསྡད་པར་བོད་ནང་དུ་ལོག་ནས་ཤེས་ཡོན་དང་དཔལ་འབྱོར་གཉིས་ཀའི་ཕྱོགས་ནས་བྱས་རྗེས་བཞག་འདུག་ག

    Reply
  45. དོན་གོ says:
    ལོ་ 16 སྔོན།

    ང་ཚོའི་ཤེས་ཡོན་ཅན་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་བདེ་སྡུག་གླེང་བའི་སྤོབས་བ་དང་སྙིང་སྟོབས་བསྐྱེད་དགོས། གང་ལྟར། ཁུ་སིམ་མར་གནས་པ་ལས་ངུ་བ་དེས་ཀྱང་མི་གཞན་ལ་བརྡ་ཞིག་སྤྲོད་ངེས་པར་བསམ། ཡིན་ཡང་། ང་ཚོའི་ཤེས་ཡོན་པ་ཚོ་ངུ་ཡང་ཐུབ་ཀྱི་མི་འདུག

    Reply
  46. དོན་གོ says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ཀྱི་གནད་ལ་འཕིགས་པའི་རྩོམ་ཡིག་སྤེལ་བར་བསྔགས་བརྗོད་ཞུ་བ་ཡིན། དུས་རབས་ཇི་འདྲ་ཞིག་དང་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་། ཤེས་ཡོན་ཅན་ནི་ནམ་ཡང་གྲལ་མགོ་དང་མི་མང་གི་བཀུར་བརྩི་བྱེད་ཡུལ་ཞིག་ཡིན་ཡང། ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་རིམ་གྱིས་གད་སྙིགས་སུ་ལུས་ཀྱིན་ཡོད་ལ། ཐ་ན་རང་གི་འཚོ་གནས་ཀྱི་གནད་དོན་ཡང་ཐག་གཅོད་དཀའ་བའི་ཚོད་དུ་ལུས་ཡོད། འདི་ནི་འཇིགས་ཉེན་ཆེ་བའི་བོད་མི་རིགས་ཀྱི་གནད་དོན་ཞིག་ཡིན་སྟབས། ང་ཚོའི་མགོ་ཁྲིད་ཀྱི་མིང་འཁུར་མཁན་དག་གིས་ངེས་པར་དུ་དཀའ་ངལ་འདི་ཐོག་མར་སེལ་དགོས་པར་འདོད། གལ་སྲིད། གནད་དོན་འདི་དོན་དངོས་མིན་པར་བསམ་ན། མེག་ལོར་སྲང་ལམ་ནས་ཞིབ་འཇུག་དང་བརྩད་ཞིབ་བྱས་དང་དེ་ལས་ཚབས་ཆེ་བའི་གནས་ཚུལ་ཀྱང་གོ་འོང་།

    Reply
  47. གནས་ཚང་། says:
    ལོ་ 16 སྔོན།

    ད་ཡིན་ན་དེ་ལྟར་མ་གནང་། ཤེས་ཡོན་ཅན་ཚོ་མཉམ་རུབ་ཀྱིས་ལས་ཀ་འདི་འདྲ་ཞིག་ལས་ཀི་ཡིན་ཞེས་པའི་འཆར་གཞི་ཞིག་ཕྲིས།འཆར་གཞིའི་ནང་དུ་དམིགས་འབེན། དགོས་པ། ལས་འཆར། འགྲོ་གྲོན། མི་འགྲོ། མཇུག་འབྲས་འདི་འདྲ་ཞིག་བསྐྲུན་སྲིད་པའི་ཚོད་དཔག་བཅས་ཚང་འོས་ཤིང་། དེ་ནས་སྐུ་སྒེར་དང་བཀའ་ཤག ཚགས་ཤོག དྲ་ལམ་བཅས་ལ་གཏོང་རོགས། དེ་ནས་ཡ་བྱེད་མཁན་འདུག་གམ་མི་འདུག་ལྟོས། དེ་ནས་སྤྱི་ཚོགས་ཀྱི་གདེངས་འཇོག་འོང་གི་རེད་ལ། དམིགས་འདུན་ཡང་འགྲུབ་སྲིད་པ་ཞིག་རེད། དེ་ལྟར་མཇུག་འབྲས་མི་འབྱུང་ན། ང་རང་ལ་པཱ་ལེ་བསྲེག་རོགས་ཁ་ཤས་གནང་དོགས་མེད།

    Reply
  48. རང་བཙན་གཙང་མ། says:
    ལོ་ 16 སྔོན།

    ཁྱོད་ཀྱིས་ཤེས་ཡོན་ཅན་ཟེར་དུས། ལག་འཁྱེར་མེད་པའི་གསར་འབྱོར་དེ་ཚོར་ཟེར་བ་འདྲ། ཤེས་ཡོན་གྱི་ལས་དོན་ནང་དུ་ཁོང་ཚོས་འགྲན་རྩོད་མ་ཐུབ་སྟབས། ཁོང་ཚོར་དཀའ་ངལ་འཕྲད་པ་རེད། དེ་ག་རང་གིས་བོད་གཞུང་གིས་ཤེས་ཡོན་ཅན་ལ་མཐོང་གནང་གི་ཡོད་པ་མཚོན་པ་རེད།
    དོན་གྱི་བདག་པོ་གཞིས་ལུས་བོད་མི་ཡིན་ན། གསར་འབྱོར་བ་ཚོར་ཆེ་མཐོང་ཞེའོ་སྤྲོད་དགོས་པ་འདྲ་ཞིག་ལབ་འདུག རྒྱ་གར་ལ་སླེབས་པ་ཚང་མ་བྱེས་འབྱོར་བོད་མི་རེད། གཞིས་ལུས་བོད་པ་མ་རེད། ད་ཕན་བོད་གཞུང་གིས་གསར་འབྱོར་བ་ཚོར་དམིགས་བསལ་གཟིགས་སྐྱོང་ཆེན་པོ་གནང་གི་ཡོད་པ་དེས་རྦད་དེ་འགྲིག་བཞག གསོག་སྒར་སློབ་གྲྭར་ལོ་ལྔའི་སློབ་སྦྱོང་དང་ལག་ཤེས་སློབ་སྦྱོང་གི་གོ་སྐབས་སྤྲད་རྗེས། ད་དུང་གཞུང་གིས་བལྟ་དགོས་ན། ད་ག་ཚོད་བར་བལྟ་དགོས་རེད། ད་དུང་རང་མགོ་མ་ཐོན་པའི་ཤེས་ཡོན་ཅན་དེ་ཚོ། ག་དུས་རང་མགོ་ཐོན་གྱི་རེད།

    Reply
  49. བཤད་ལ་དགའ་ says:
    ལོ་ 16 སྔོན།

    ཤེས་ཡོན་པས་རང་གི་ཁ་ཟས་མི་རྙེད་ན་རྒྱལ་ཁབ་གང་འདྲ་བྱས་ནས་སྐྱོབས་དགོས་པ་རེད་དམ། ཤེས་ཡོན་མེད་པ་ཚོས་རང་གིས་ཁ་གསོ་ཐུབ་ཀིན་ཡོད་པས་ཤེས་ཡོན་པ་ཡོད་པ་ཚོས་རང་གིས་ཁ་གསོ་མི་ཐུབ་ན་ཤེས་ཡོན་པ་དགོས་མཁོ་མི་འདུག

    Reply
  50. གནམ་ལྕགས། says:
    ལོ་ 16 སྔོན།

    གསོག་སྒར་སློབ་གྲྭའི་སློབ་ཟུར་རྣམས་ལ་ལས་ཀ་སྤྲོད་དགོས་ཟེར་ན་མི་ཤེས། འོན་ཀྱང་རང་རེའི་གཞུང་གིས་ཤེས་ཡོན་པར་བདག་པོ་རྒྱག་ཤེས་ཀྱི་མི་འདུག དེ་ནི་ཐན་ལྟས་ཤིག་ཡིན་པ་ཁ་མཚོན་གཅོད་ཐུབ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese