བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་གཙོ་བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་གནས་སྤར་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་རང་སྐྱོང་ལྗོངས་སྐབས་དགུ་བའི་དམངས་འཐུས་རྒྱུན་ལས་ཨུ་ཡོན་ཐེངས་ ༡༦ པའི་གྲོས་ཚོགས་སྟེང་གཏན་འབེབས་གནང་བ་ལྟར། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མགོ་གཙོ་བློ་བཟང་རྒྱ་མཚན་ལགས་ཀྱི་ལས་གནས་ལ་འཕོ་འགྱུར་བཏང་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པའི་ལས་སྣེ་སྤྲད་ཡོད་འདུག་ལ། དེ་ནི་ ༢༠༡༠ ལོའི་ནང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་དང་ལེགས་མཆོག་གཉིས་མགོ་ཁྲིད་ཀྱིས་ལས་སྣེ་བརྗེ་བསྒྱུར་བྱས་རྗེས། བོད་རིགས་གནད་ཡོད་མགོ་ཁྲིད་ཀྱི་ལས་བྱེད་གནས་སྤར་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།
བློ་བཟང་རྒྱ་མཚན་ལགས་ནི། ༡༩༥༧ ལོར་ཆབ་མདོ་ས་ཁུལ་གྱི་གཡག་རྫོང་དུ་སྐྱེས་པ་དང་། ༡༩༧༨ ལོའི་ཕྱི་ཟླ་ ༡༢ ནང་ཏང་ནང་འཛུལ་ཞུགས་བྱས་འདུག་ལ། ༡༩༧༩ ལོ་ནས་སྔ་ཕྱི་བོད་ལྗོངས་མི་རིགས་སློབ་གླིང་གི་དྲུང་ཆེ། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་དྲུང་ཆེ། ནགས་ཆུ་ས་ཁུལ་གྱི་དྲུང་ཆེ་གཞོན་པ། ལྷ་ས་ཁུལ་གྱི་དྲུང་ཆེ་གཞོན་པ་དང་ཁུལ་དཔོན། ༢༠༠༧ ལོར་བོད་རང་སྐྱོང་ལྗོངས་དམར་ཕྱོགས་རྒྱུན་ལས་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཀྱི་འགན་བཞེས་ཡོད་འདུག
གསར་འགོད་པ་དོན་གོ།
དོན་དངོས་ཁས་ལེན་མི་ཕོད་པའི་གསར་འགོད་པ་དོན་ཁོ་ལགས།་ཁོང་སྐྱེས་ཡུལ་བྲག་གཡབ་ཡིན་པ་དངོས་ཡོད་ཡིན་ནའང་ད་དུང་ཁྱེད་ལ་ནོར་བཅོས་གཏོང་པའི་བློ་ཁོག་དེ་མེད་པ་འདྲ།་ཧ་ཁ་ཁ་སྙིང་བརྗེས།་་སོང་ཙམ་ངས་བོད་དུས་བབ་ཚང་ཆེད་དུ་ནོར་བ་འབྲི་བ་འདུག་ཟེར་དགོས་དོན་དེ་ཡིན།་
དོན་དངོས་ཁས་ལེན་མི་ཕོད་པའི་གསར་འགོད་པ་དོན་ཁོ་ལགས།
བོད་རིགས་ལ་ལ་རྒྱ་ག་ཚད་ལྷག་ཡོད་མེད་བསྒུག་ནས་སྡོད་བགྱིད་ཡིན། ལེགས་སྨོན་བཅས།
༼དུས་བབ་ཚང་གི་རྒྱག་ནག་གསར་འགོད་པ་ལྟར་ཆེད་དུ་ནོར་བ་འབྲི་ཡི་ཡོད་ན་གནས་ཚུལ་ཐ་དད་རེད།་༽སྐད་ཆ་འདི་རིགས་ལ་གཟབ་དགོས། མ་ཟད་ང་ཚོས་ད་བར་རི་བོང་ལ་རྭ་ཡོད་མེད་དང༌། རུལ་སྦལ་ལ་སྤུ་ཡོད་མེད། བྱ་རོག་ལ་སོ་ཡོད་མེད། གླང་དར་མའི་མགོ་ལ་རྭ་ཡོད་མེད། སོགས་རྩད་ནས་གང་ཐོབ་སོང་ངམ། རིན་ཐང་གང་ཡང་མེད་པའི་རྩོད་གཞི་འདི་རིགས་ག་དུས། གང་དུ། ག་ཚོད་མཐོང་ཡང་མཐའ་གཅིག་ཏུ་འགག་པ་རྒྱག་རྒྱུ་ཡིན།
རབས་ཡིན་ན། དེང་ཕྱིན་༼དུས་བབ་ཚང་གི་རྒྱག་ནག་གསར་འགོད་པ་ལྟར་ཆེད་དུ་ནོར་བ་འབྲི་ཡི་ཡོད་ན་གནས་ཚུལ་ཐ་དད་རེད།་༽
ཆོ་མེད་ཀྱི་སྐད་ཆ་འདི་འདྲ་འུ་ཅག་གི་བར་ལ་དྲུད་མ་ཡོང་རོགས་ཞུ་རྒྱུ་ཡིན།
ཨ་རོགས། གྲོགས་བོད་མིའི་ལས་དབང་ལགས། གལ་སྲིད། ཁྱེད་རང་ས་གནས་དེར་རྒྱུས་ཡོད་དང་ངེས་ཤེས་ཡོད་མཁན་ཞིག་ཡིན་ན། ལམ་སྟོན་དང་གསལ་བཤད་ཞིག་གནང་སྟེ། ཚང་མར་ཤེས་རུ་བཅུག་ན་ལེགས། དེ་མིན། དགོས་མི་དགོས་ཐམས་ཅད་དྲུད་མ་ཡོང་རོགས་ཞུ་རྒྱུ་ཡིན། གསར་འགྱུར་འདི་འབྲི་མཁན་ང་ཡིན། ངས་རྒྱ་ཡིག་གི་ལམ་ནས་ཚུར་ལེན་བྱས་པ་ཡིན། ནོར་འཁྲུལ་ཡོད་ན་ངོས་ལེན་བྱེད་ཀྱི་ཡིན། དེ་མིན་གྱི་གཏམ་ལྷག་མ་དེ་འདྲ་ངས་ངོས་ལེན་བྱེད་ཀྱིན་མེད། རང་གི་གང་དྲན་དྲན་དང་མི་ཐམས་ཅད་ལ་འགྲོ་ནི་མ་རེད། འདི་ངའི་བརྡ་ལན་ཡིན།
ཁོང་སྐྱེས་ས་བྲག་གཡབ་རེད་མ་གཏོགས་གཡག་རྫོང་ཟེར་བ་ཆབ་མདོ་ས་ཁུལ་ཡོད་མ་རེད།་གལ་སྲིད་དུས་བབ་ཚང་གི་རྒྱག་ནག་གསར་འགོད་པ་ལྟར་ཆེད་དུ་ནོར་བ་འབྲི་ཡི་ཡོད་ན་གནས་ཚུལ་ཐ་དད་རེད།་
མི་འདིའི་གདོང་ལ་བལྟས་ན་བོད་ཞེན་ཆེ་མདོག་ཁ་བོ་ཞིག་འདུག བོད་ལ་ཕན་ནུས་གྲུབ་འབྲས་ལྡན་པའི་ལས་ཀ་ཞིག་བྱ་བའི་སྨོན་ལམ་འདེབས།