མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དར་དམར་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

 

 

ཁ་སང་བོད་མདོ་ཁམས་མི་ཉག་ནགས་ཕྲན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ཟླ་ ༥ པའི་ཚེས་ ༡༢ ཀྱི་ནུབ་མོར་ཟི་ཁྲོན་མི་ཉག་ནགས་ཕྲན་ལྷ་རི་ཐང་གི་རྒྱ་གཞུང་གིས་བཙན་དབང་འོག་གསར་རྒྱག་བྱས་པའི་སྡོད་ཁང་ ༥༢ ཅན་གྱི་གྲོང་གསར་དཀྱིལ་དུ་བསྒྲེངས་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབས་ཏེ། མེར་བསྲེགས་བྱས་ཡོད་པ་དང་། དེ་དང་མཉམ་དུ་མའོ་ཙེ་ཏུང་དང་ཅང་ཙེ་མེན། ཧུ་ཅེན་ཐོའི་བཅས་ཀྱི་འདྲ་པར་ཁ་ཤས་ཀྱང་མེར་བསྲེགས་བཏང་ཡོད་འདུག ས་གནས་ཡུལ་མི་ཚོར་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་སྐབས། དེ་ནི་སྤྱི་ཟླ་ ༥ པའི་ཚེ་ ༡༤ ཉིན་སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མགོ་ཁྲིད་ཁག་ཅིག་མི་ཉག་ནགས་ཕྲན་ལྷ་རི་ཐང་དུ་རྒྱ་གཞུང་གི་བཙན་དབང་འོག་གསར་རྒྱག་བྱས་པའི་གྲོང་གསར་དེ་ལ་ལྟ་སྐོར་དུ་ཡོང་གི་ཡོད་པར་ངོ་རྒོལ་བྱས་པ་རེད་ཟེར།

 

མིང་བརྗོད་འདོད་མེད་པའི་ཡུལ་མི་དེས་བཤད་དོན། དེའི་སྔོན་ཙམ་ལ་ས་གནས་སྲིད་གཞུང་གིས་གྲ་སྒྲིག་ཚོགས་འདུ་ཞིག་ཚོགས་ཏེ། གྲོང་གསར་དེར་སྡོད་ཁང་ ༥༢ ཡོད་པའི་ནང་ཁྱིམ་ཚང་བཅུ་བཙན་དབང་གིས་སྤོ་བཅུག་སོང༌། ད་དུང་ཁོང་ཚོར་ཁུལ་རིམ་པའི་དཔོན་རིགས་ཚོར་བཀའ་དྲིན་ཞུ་དགོས་པ་དང༌། རང་རང་གི་ཁྱིམ་དུའང་གྲ་སྒྲིག་ཡག་པོ་བྱ་དགོས། གལ་སྲིད་རང་ཉིད་ལ་མར་ཆུར་དང་འབྲུ་རིགས་སོགས་ཀྱི་ཆ་རྐྱེན་མེད་ན། གཉེན་ཉེ་རྣམས་གཡར་ནས་དོ་བོ་མང་པོ་བརྩིགས་དགོས་པའི་བཀའ་བཏང་ཡོད་པ་རེད། ཡིན་ན་ཡང་དེང་སྐབས་འབྲོག་པ་རྣམས་འབྲོག་ལས་བྱེད་དུ་འགྲོ་དགོས་པ་དང་། གཞན་པ་ཚོ་ཞོར་ལས་བྱེད་དུ་འགྲོ་དགོས་སྟབས་དེ་འདྲ་བྱེད་རྒྱུའི་དུས་ཚོད་ཡོད་པ་མ་རེད། ལྷག་པར་དུ་རང་ལ་མེད་པའི་དངོས་པོ་གཞན་ལ་གཡར་རྒྱུ་ཡང་དཀའ་ལས་ཁག་པོ་ཡོད་སྟབས། ང་ཚོའི་གྲོང་པའི་རྒྱལ་མཚན་དང་། ཁོང་གི་བཟའ་ཟླ་སྒྲོན་གསལ་གཉིས་ཀྱིས་དེ་འདྲ་བྱ་ཐབས་རྩ་བས་ནས་ཡོད་པ་མ་རེད་ཟེར་ནས་ངོས་ལེན་བྱས་མེད། དེའི་ཕྱི་ཉིན་ཡང་བསྐྱར་ལས་བྱེད་གཉིས་ཁོང་ཚོའི་སར་སོང་སྟེ། ད་ཐེངས་ཀྱི་ལས་དོན་ལ་གྲུབ་འབྲས་བྱུང་ན་རྗེས་སུ་གཞུང་གིས་གཟིགས་རྟོགས་ཡག་པོ་ཡོད་པ་དང༌། ལྷག་པར་རྒྱལ་མཚན་དང་སྒྲོན་གསལ་གཉིས་ཀྱི་བུ་ཕྲུག་སློབ་གྲྭར་ཡོད་པ་དེའི་ལོ་འཁོར་རྒྱུག་སྤྲོད་ཡག་པོ་ཡོང་རྒྱུ། རྗེས་སུ་གོ་གནས་ཆེན་པོ་ཐོབ་པར་ཕན་ཐོགས་ཡོད་ཚུལ་སོགས་བཤད་འདུག ཅེས་དང་།

 

ཁོས་མི་མཐུད་དུ་བརྗོད་དོན། ལས་བྱེད་དེ་གཉིས་ཀྱིས་ཇི་ལྟར་བཤད་ཀྱང་རྒྱལ་མཚན་བཟའ་ཟླ་གཉིས་ཀྱིས་ངོས་ལེན་བྱས་ཡོད་པ་མ་རེད། སྒྲོན་གསལ་གྱིས་ཁོ་རང་གཉིས་ལ་རྒྱ་སྒོར་གཅིག་གི་རོགས་སྐྱོར་མ་སྤྲད་ཀྱང་ཆོག དཀོན་མཆོག་དང་འགལ་བའི་སྐྱག་རྫུན་བཤད་དེ་རྒྱུ་འབྲས་མེད་པའི་ལས་ཀ་བྱ་རྒྱུ་མིན་ཅེས་བཤད་རྗེས། ཕྱི་ཉིན་སྨན་ཁང་དུ་འགྲོ་དགོས་པར་ཁ་གཡར་ནས་ཕྱི་ལོགས་སུ་ཕྱིན་སོང་། དེའི་རྐྱེན་གྱིས་ཁོང་གཉིས་ལ་ཉིན་འགའི་སྔོན་ལ་གཞུང་གིས་རོགས་སྐྱོར་ཡིན་ཁུལ་གྱི་སྤྲད་པའི་ཁྱིམ་ཆས་དང་ཅ་དངོས་རེ་ཟུང་ཡོད་པ་རྣམས་ས་གནས་སྲིད་གཞུང་གིས་ཕྱིར་བསྡུ་བྱས་སོང༌། ང་ཚོས་ཁོང་གཉིས་རྗེས་སུ་ག་འདྲ་ཆགས་ཡོང་སེམས་ཁྲལ་བྱེད་ཀྱིན་ཡོད། དེ་ རྗེས་ལ་རྒྱལ་དར་དང་། ཏང་གི་མགོ་ཁྲིད་ཚོའི་འདྲ་པར་མེར་བསྲེགས་པའི་གནས་ཚུལ་དེ་བྱུང་པ་རེད། གནས་ཚུལ་དེ་ལས་བྱེད་ཚོས་གསང་བ་བྱས་ཏེ། སུ་ལའང་བཤད་མི་ཆོག་པ་བྱས་པ་རེད། མ་གཞི་ནས་གྲོང་གསར་ལྷ་རི་ སྡེ་བ་ཟེར་བ་དེར་འདུག་མཁན་ཞིག་ཡོད་པ་མ་རེད། འོན་ཀྱང་། ང་ཚོས་སྐབས་རེ་དེར་བསྡད་ཡོད་ཁུལ་གྱིས་མེ་གཏོང་བ་དང་ལས་ཀ་བྱེད་པའི་རྣམ་པ་སྟོན་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང༌། ཟླ་ ༥ པའི་ཚེས་ ༡༤ ཉིན་ཁུལ་རིམ་པའི་དཔོན་རིགས་ཁག་ཅིག་ལྟ་བསྐོར་ལ་འཁྱུག་ཙམ་འབྱོར་ནས་ཕྱིན་ཡོད་འདུག་ཀྱང་། དཔོན་རིགས་དེ་ཚོའི་མིང་དང་གོ་གནས་གང་ཡིན་སོགས་འབྲོག་པ་མང་ཚོགས་ཀྱིས་ཤེས་མི་འདུག མི་ཉག་ནགས་ཕྲན་སྡེ་བ་ཟེར་བ་དེ་ནི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་། ལུང་འདུས་ཤང་། ༼ལུང་བསྟན་ཤང་།༽ ནགས་ཕྲན་སྡེ་བ་འམ་ལུང་འདུས་ཟེར་བ་དེ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 8

  1. ལུང་རྟོགས། says:
    ལོ་ 16 སྔོན།

    བོད་ནང་གི་དཔའ་བོ་དཔའ་མོ་འདི་ཚོ་ལ་ནམ་ཡང་ཡི་རང་ཞུ་རྒྱུ་ལས་ཅི་ཡོད། རང་དབང་བརྩོད་མཁན་ལ་སྙིང་སྟོབས་ཞིག་དགོས་པ་ལས། ལས་ལྷ་པོས་རང་དབང་ཐོབ་པའི་ལོ་རྒྱུས་སུ་ལ་ཡོད། དེས་ན་སྙིང་སྟོབས་ཞུམ་པ་མེད་པ་ནི་རང་དབང་སྒྲུབས་པའི་ཆ་རྐྱེན་ཨང་དང་པོ་ཡིན་པར་མདོད།

    Reply
  2. རོ་བདག says:
    ལོ་ 16 སྔོན།

    བོད་མདོ་ཁམས་མི་ཉག་ནགས་ཕྲན་གྱི་དཔའ་བོ་དཔའ་མོ་རྣམས་པ་ཁྱོད་ཚོས་བཅང་བའི་ལྷག་བསམ་རྣམ་དག་ལ་རྗེས་སུ་ཡིད་རིང་ཡོད་། ང་ཚོའི་སྐྱིད་སྡུག་ནམ་ཡང་མཉམ་མྱོང་ཡིན།

    Reply
  3. དུག་ཚེར། says:
    ལོ་ 16 སྔོན།

    ཅོོ་རི་ཉི་མཟེར་བ ཁྱོད་ཀྱིས་ཐོག་མར་སུམ་རྟགས་དག་གསུམ་ཡག་པོ་ཞིག་ཤེས་པར་བྱས་ནས་འདིར་ཕེབས་ན་ཡག་ས་རེད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཟི་ཁྲོན་ཞེས་མ་བྲིས་ན་དཀར་མཛེས་ས་ཁུལ་འདིར་ཆུང་དྲག་ནས་ཤེས་ཀྱི་མ་རེད་དྲན་སོང་ངམ། ཏྲེ་ཧོར་ཁམས་པ་ཟེར་བ་འདིའི་ས་ཆ་སུད་སི་རྒྱལ་ཁབ་ལས་ཆེ་བ་ཡོད་པས་གསར་འགོད་རྣམས་ཀྱིས་ཟི་ཁྲོན་ཞེས་པའི་ཚིག་འདིར་མ་སྦྱར་ཀྱང་མི་ཚང་མས་རྟོགས་ཐུབ་ཀྱིན་རེད་སྙམ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཉིན་གཉིས་གསུམ་གྱི་སྔོན་ནས་གསར་འགྱུར་སུ་ཡིས་བཀོད་པ་ཡིན་ནའང་གསར་འགོད་པའི་མིང་བྲིས་སོང་ཡང་དེ་རིང་མིང་བྲིས་མི་འདུག་པས་སུ་ལ་ལབ་དགོས་པ་ཡིན་ཧ་གོ་མ་སོང་།
    ཟི་ཁྲོད་མི་ཉག་ཞེས་བྲིས་པ་དེར་ཡག་པོ་མ་རེད། གསར་འགོད་པ་ཞིག་གིས་ངོས་ནས་མཁྱེན་དགོས་པ་ཞིག་རེད།

    གཞི་ལུས་བོད་རྒྱ་ཆེན་མི་དམངས་ཀྱི་སེམས་ལ་ཡོད་པ་བོད་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེན་ཁྲི་ལ་འཁོར་དགོས་པའི་རེ་འདུན་ཡོད་པར་གསལ་པོ་རེད། མ་ཡིན་ཡིན་ཁུལ་མ་རེད་དངོས་ཡོད་གནས་ཚུལ་རེད།

    Reply
  6. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    ཨ་ཨ་།དུས་ནམ་ཡང་རྩེད་སྤྱད་ལས་མི་འདུག་སྙིང་རྗེ་ཡང་ཚར་སོང་།

    Reply
  7. མི་ཞུན། says:
    ལོ་ 16 སྔོན།

    ཏག་ཏག་རེད། དཀོན་མཆོག་གསུམ། བསྲེགས་དགོས་རེད། བཅོམས་དགོས་རེད། གཏོར་དགོས་རེད།

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ད་ལོ་བོད་མདོ་ཁམས་མི་ཉག་ནགས་ཕྲན་ལྷ་རི་ཐང་དུ་གསར་རྒྱག་པའི་གྲོང་གསར་དེ་ལས་འཕྲོས་ནས་གནས་ཚུལ་མང་པོ་ལྷག་སོང་ཡཱ།

    བོད་མདོ་ཁམས་མི་ཉག་རེད་རེད། ཟི་ཁྲོན་མི་ཉག་མ་རེད། གལ་སྲིད་ཟི་ཁྲོན་ངེས་པར་དུ་འབྲི་དགོས་ཀྱི་ཡོད་ན། ད་ལྟ་རྒྱ་ནག་གཞུང་གིས་ཆ་བགོས་ལྟར་ན་ཟི་ཁྲོན་མི་ཉག་ནགས་ཕྲན་འབྲོག་སྡེ་རུ་ཞེས་འབྲི་དགོས་པ་རེད། འདི་ལ་ཆབ་སྲིད་ཀྱི་གནད་འགགཡོད་པ་རེད་བསམ་གྱི་ཡོད། བོད་པས་རྒྱ་གཞུང་གིས་ཆ་བགོས་ལ་ངོས་ལེན་མེད་པའི་ཁུལ་མ་རེད་དམ། གཅིག་ཤོད་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese