མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་རྒུ་མདོ་རུ་ས་རྩོད་ཀྱི་དཀའ་རྙོག་ལངས་མགོ་ཚུགས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་སྐྱེ་རྒུ་མདོའི་ས་ཡོམ་བྱུང་ཡུལ་གྱི་མི་མང་གི་ས་ཆ་གཞུང་བཞེས་བཏང་སྟེ་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་དང་ལས་ཁུངས། འགྲེམས་སྟོན་ཁང་སོགས་རྒྱག་རྒྱའི་བཀའ་རྒྱ་བཏང་ཡོད་ལ། བོད་མི་ཚོས་གཞུང་ལ་ངོ་རྒོལ་བྱེད་ཀྱིན་ཡོད་འདུག

ཉེ་ཆར་ནས་བཟུང་རྒྱ་ནག་གཞུང་གིས་བཀའ་རྒྱ་བཏང་སྟེ། སྐྱེ་རྒུ་མདོའི་གནོད་ཐེབས་མང་ཚོགས་ཀྱི་ས་ཆ་གཞུང་བཞེས་བྱས་ཏེ་སློབ་གྲྭ་དང་གཞུང་གི་ལས་ཁུངས། ལྡུམ་རྭ་སོགས་གསར་བསྐྲུན་བྱ་རྒྱུའི་ལས་འཆར་སོགས་ནི་ཚོགས་འདུ་རིམ་པར་འཚོགས་པའི་བརྗོད་གཞི་གཙོ་བོར་ཆགས་ཡོད་ཀྱང་། དེར་ཡོད་བོད་རིགས་མི་མང་གིས་རྒྱ་གཞུང་གི་བྱེད་སྟངས་དེ་ལ་འདོད་མོས་མེད་པའི་རྣམ་འགྱུར་བསྟན་ཏེ། རྒྱ་གཞུང་གིས་ས་ཆ་གཞུང་བཞེས་གཏོང་རྒྱུའི་ལས་གཞི་ལ་ངོས་ལེན་བྱས་མེད་པར། ས་གནས་མི་མང་གིས། གལ་སྲིད་རྒྱ་གཞུང་གིས་མ་འོངས་པར་ཁང་པ་གསར་རྒྱག་ལ་རོགས་སྐྱོར་མེད་ཀྱང་རང་ངོས་ནས་ས་ཆར་བདག་པོ་བྱས་ཏེ། ཁང་པ་གསར་རྒྱག་བྱ་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་འགྲེལ་བརྗོད་གནང་ཡོད། 

གོང་གསལ་གྱི་གནས་ཚུལ་འདིའི་ཐད་འདི་གའི་གསར་འགོད་པས་ ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གི་དངུལ་གཉེར་བ་གྲྭ་བསོད་ནམས་རྒྱ་མཚོ་ལགས་སུ་ཞིབ་ཕྲའི་བཀའ་འདྲི་ཞུས་པར། ཁོང་གིས། ང་ཚོའི་ངོས་ནས་གནས་ཚུལ་འདིའི་ཐད་འབྲེལ་བ་བྱས་པ་ཡིན། ས་གནས་མང་ཚོགས་ནང་གནས་ཚུལ་འདིའི་ཐད་བཤད་ཚུལ་འདྲ་མིན་འདུག  ཡིན་ཡང་།  ཁོང་ཚོས་བཤད་པ་ལྟར་ན་སྐྱེ་རྒུ་མདོའི་བོད་མི་འདུས་སྡོད་བྱེད་སའི་ས་ཡི་ལྟེ་བ་རུ་ཁོང་ཚོས་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་དང་འགྲེམས་སྟོན་ཁང་། དམིགས་བསལ་གྱི་ལས་ཁུངས་སོགས་གསར་རྒྱག་བྱ་འཆར་བྱས་ཡོད་འདུག་ལ། དེའི་ཐད་རྒྱ་ནག་གི་མགོ་ཁྲིད་ཞིག་ཆེད་དུ་ས་གནས་ས་ཐོག་ཏུ་སླེབས་ཡོད་འདུག   སྐབས་དེར། མི་མང་གིས་ཁོང་ལ་ཁྱེད་ཚོས་ས་གནས་མང་ཚོགས་ལ་ཁང་པ་གསར་རྒྱག་བྱ་མི་ཐུབ་རུང་ས་ཆ་རང་འཇགས་སུ་འཇོག་དགོས་པ་དང་། མ་འོངས་པར་ང་ཚོ་རང་ངོས་ནས་ཡུན་གྱིས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། ད་ལྟའི་བར་རྒྱ་ནག་གི་རོགས་སྐྱོར་བྱས་ཟིན་པའི་རིགས་དེ་མ་འོངས་པར་སྐྱིན་ཚབ་སྤྲོད་རྒྱུ་ཡིན་པའི་རེ་བ་དང་འབོད་སྐུལ་ཞུས་ཡོད་པ་ལས། དམིགས་བསལ་གྱི་ངོ་རྒོལ་སྐད་འབོད་དང་མི་དགའ་བའི་རྣམ་འགྱུར་བསྟན་མི་འདུག་ཅེས་བརྗོད་བྱུང་།

ཡང་ཁོང་གིས་ད་ལྟའི་གནས་སྟངས་ཐད་བརྗོད་དོན། འདས་པའི་དུས་སུ་རྒྱ་ནག་གི་ཐེངས་འདིའི་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བའི་གྲངས་འབོར་ཞིག་ཁྱབ་བསྒྲགས་བྱས་ཡོད་ཀྱང་།  ཉེ་ཆར་ས་གནས་རང་དུ་མི་གྲོངས་ཟིན་པའི་སྐོར་ལ་རོགས་སྐྱོར་མ་དངུལ་སོགས་སྤྲད་ཟིན་པའི་བསྡོམས་རྩིས་ལྟར་ན་ས་གནས་རང་ནས་བོད་མི་ ༡༨༠༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་པ་དངོས་ཡོད་གནས་ཚུལ་ཆགས་འདུག་ལ། དེ་མིན་ས་གནས་སུ་ཕྱོགས་གཞན་ནས་ཕེབས་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་དང་རྒྱ་རིགས་སོགས་འདུས་པའི་མི་མང་པོ་རོགས་སྐྱོར་འདིའི་ནང་ཚུད་མི་འདུག་ཅེས་དང་།  འདས་པའི་དུས་སུ་ས་གནས་ནས་ནད་པ་གང་འཚམ་ཞིག་ལ་རོགས་སྐྱོར་བྱས་ཡོད་ཀྱང་། ཉེ་ཆར་ནས་བཟུང་ནད་པ་མང་པོ་ཞིག་ལ་རོགས་སྐྱོར་གྱི་དུས་ཡུན་རྫོགས་ཡོད་པའི་སྐོར་བརྗོད་དེ་ནད་པ་མང་པོ་ཞིག་ཕྱིར་རང་ཡུལ་ཏུ་བསྐྱལ་ཡོད་པའི་གནས་ཚུལ་འདུག་ལ། སློབ་མའི་ཕྱོགས་ནས་ཀྱང་སློབ་མ་མང་པོ་ཞིག་རྒྱ་ནག་དང་བོད་ཀྱི་ས་ཁུལ་གང་སར་མངགས་གཏོང་གིས་སློབ་སྦྱོང་སྤྲོད་ཀྱིན་པའི་གནས་ཚུལ་བྱུང་ཡོད་པ་ལས། དོན་ངོ་མས་སློབ་སྦྱོང་གི་ཐད་ལ་མཐུན་རྐྱེན་དང་རོགས་སྐྱོར་གང་འདྲ་ཞིག་གནང་གི་ཡོད་མེད་གསལ་ཁ་མི་འདུག  མི་མང་ལ་མཚོན་ན་འདས་པའི་ས་ཡོམ་བྱུང་སྟེ་ཟླ་གཉིས་ལྷག་འགོར་ཡོད་ཀྱང་། ད་ལྟའི་ཆར་ཡང་མུ་མཐུད་ས་ཡོམ་རིམ་བཞིན་བྱུང་བ་དང་གནམ་གཤིས་དྲོ་གྲང་གི་འགྱུར་ལྡོག་སོགས་ཀྱི་དབང་གིས་མ་འོངས་ཇི་བྱེད་ལ་རེ་བ་མེད་པའི་གནས་སུ་ལྷག་ཡོད་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ་དོན་གོ

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 6

  1. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    མ་འོངས་ཇི་བྱེད་ལ་རེ་བ་མེད་པའི་གནས་སུ་ལྷག་ཡོད་འདུག ཅེས་གོང་དུ་འགྲེལ་བརྗོད་བྱས་པ་ལྟར་ཡིན་དང་ཡིན། ས་ཆ་གཏིང་ནས་བསློགས་བརྒྱབ་ཟིན་པའི་ས་ཆ་ཞིག་གཞི་ནས་གཏན་པོ་ཆགས་རྒྱུར། ད་དུང་མི་རབས་མང་པོ་ཞིག་འགོར་གྱི་རེད་སྙམ། འོན་ཀྱང་བོད་མི་ཚོས་བློ་ཐག་ཆོད་པོས་འཛུགས་བསྐྲུན་བྱེད་མ་ནུས་ཀྱང་། ཁོང་སོ་སོའི་ས་ཆ་རང་མོས་རང་བདག་བྱེད་མ་བཅུག་པ་དེ། རྒྱ་གཞུང་གིས་རོ་ཐོག་རྟ་རྒྱུག་ཅིག་ཡིན་པས་ཡང་སྐྱེ་རྒུ་མདོ་གཅིག་པུ་མིན་པར་སྐྱིད་སྡུག་མཉམ་མྱོང་མཉམ་དུ་རོལ་བའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཡིན་ཚད་ཀྱིས་གདོང་ལེན་གྱིས་བརྡ་ལན་ཞིག་མ་བསྟན་ན་བཞག་ཐབས་ཡོད་པ་མ་རེད། ལྟོས་ཨཱ

    Reply
  2. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 16 སྔོན།

    འདི་ལྟ་བུའི་བཙན་གནོན་དང་གདུག་རྩུབ་དག་ཇི་ལྟར་བཟོད་ཐུབ་བམ།
    མི་ཤི་ཁྱིམ་སྟོང་དུ་གྱུར་བའི་སྐབས་དང་བསྟུན་ནས་འགྱེལ་བའི་ཐོག་ཏུ་རྡོག་རྫིས་གཏང་གི་འདུག
    ད་ང་ཚོས་ག་རེ་བྱེད་ཀྱི་འདུག་ཞིབ་ཏུ་སོམས་དང་།

    Reply
  3. དོན་གོ says:
    ལོ་ 16 སྔོན།

    ཉེ་ཆར་ ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གིས་བདུན་བདུན་ཞེ་དགུའི་དགུང་ཞག་ཚང་རྗེས་མི་བདུན་ས་གནས་ས་ཐོག་ཏུ་འགྲོ་འཆར་ཡོད་སྐོར་བརྗོད་ཡོད་མོད། ད་ལྟའི་ཆར་ཡང་ཕྱི་ཕྱོགས་ནས་ཞལ་འདེབས་གང་མང་ཞིག་ཡོང་དང་ཡོང་བཞིན་ཡོད་སྟབས། སྒུག་བསྡད་ཡོད་འདུག་ལ། ད་ལྟའི་ཆར་ཡང་མི་བདུན་དེ་སུ་འགྲོ་མིན་དང་ག་དུས་འགྲོ་མིན་སོགས་ཀྱི་ཐད་ནས་གཏན་འཁེལ་བྱུང་མི་འདུག

    Reply
  4. དོན་གོ says:
    ལོ་ 16 སྔོན།

    ཉེ་ཆར་ ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གིས་བདུན་བདུན་ཞེ་དགུའི་དགུང་ཞག་ཚང་རྗེས་མི་བདུན་ས་གནས་ས་ཐོག་ཏུ་འགྲོ་འཆར་ཡོད་སྐོར་བརྗོད་ཡོད་མོད། ད་ལྟའི་ཆར་ཡང་ཕྱི་ཕྱོགས་ནས་ཞལ་འདེབས་གང་མང་ཞིག་ཡོང་དང་ཡོང་བཞིན་ཡོད་སྟབས། སྒུག་བསྡད་ཡོད་འདུག་ལ། ད་ལྟའི་ཆར་ཡང་མི་བདུན་དེ་སུ་འགྲོ་མིན་དང་ག་དུས་འགྲོ་མིན་སོགས་ཀྱི་ཐད་ནས་གཏན་འཁེལ་བྱུང་མི་འདུག

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གིས་བསྡུ་རུབ་བྱས་པའི་མ་དངུལ་རྣམས་ད་གཟོད་ས་གནས་ས་ཐོག་ཏུ་བསླེབས་ཐུབ་མིན་དང་། འབྱུང་འགྱུར་ག་འདྲ་བྱེད་གསུང་ཐུབ་ན་ཡག་པོ་འདུག

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ཚོ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་ཡོད་པས་རྒྱ་ནག་གཞུང་གིས་གང་བཤད་རེད།

    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མི་སེར་གྱི་ས་ཆ་བཙན་འཕྲོག་བྱེད་ཆོག་ཡོད་ལ་མི་སེར་ཉེས་མེད་རྣམས་དམར་གསོད་གཏོང་ཆོག་གི་ཡོད།

    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ས་གོང་ཁྲན་ཏང་གི་ཡིན་པ་དང་གནམ་གོང་ཁྲན་ཏང་གི་ཡིན་པར་ཁ་གསལ་པོ་བཀོད་ཡོད།

    བོད་མི་ཉམ་ཐག་ཚོས་ས་རྩོད་བྱེད་པ་ཡིན་ན་རང་སྲོག་ཤོར་རོགས་ཡིན་པ་གསལ་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese