མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བཞི་བཙོན་ཁང་དུ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་སྐད་འབོད་བྱས་མཁན་བསམ་འགྲུབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག 

ངྷ་སར་གནས་སྡོད་བསྟན་པ་དར་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོ་ཕྱི་ཟླ་ ༥ པའི་ཚེས་ ༢ ཉིན་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་སྐད་འབོད་བྱས་མཁན་གྱི་བོད་རིགས་གཞོན་སྐྱེས་བསམ་འགྲུབ་རྒྱ་མཚོ་ལགས། ཉིན་དེར་འཛིན་བཟུང་བྱས་རྗེས་ཁོང་གི་ནང་མིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་མ་བྱུང་བར་ཟླ་གཅིག་ལྷག་འགོར་ཡོད་ཀྱང་། ཁས་ཉིན་འབྲེལ་ཡོད་མི་སྣ་ཞིག་གིས་ལྷ་ས་ནས་ཁོང་གི་ནང་མིར་ཁ་པར་བརྒྱུད་བརྡ་ལན་སྤྲད་དེ་ད་ལྟ་ཁོང་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པར་མ་ཟད། གཅར་རྡུང་དང་མནར་གཅོད་ཚད་མེད་བཏང་བའི་དབང་གིས་གཟུགས་པོའི་གནས་སྟངས་སྐྱོ་བོ་ཡིན་ཚུལ་དང་། གཞན་རྒྱ་གཞུང་གིས་ཁོང་ལ་དྲག་སྤྱོད་པའི་ཉེས་མིང་བཀལ་ཏེ་བཙོན་ཁང་དུ་གཉེན་ཉེ་དང་འབྲེལ་ཡོད་མི་སྣ་སུ་ལའང་ཐུག་འཕྲད་བྱེད་མི་ཆོག་པའི་སྐོར་བརྗོད་ཡོད་འདུག་ལ། དེ་བཞིན་ཐེངས་འདིར་ཁོང་སྔོན་མ་ལྟར་ལྷ་ས་ནས་ས་གནས་ལ་རྩིས་སྤྲོད་བྱ་མིན་གྱི་ཐད་དཀའ་ངལ་གནས་སུ་གྱར་ཡོད་པ་དང་། ད་ལྟའི་ཆར་ཁྲིམས་ཐག་གཅོད་མིན་གྱི་གནས་ཚུལ་མེད་ཀྱང་། གལ་སྲིད། ཁྲིམས་ཐག་བཅད་ཚེ་ཁྲིམས་ཆད་ལྗིད་མོ་གཅོད་སྲིད་པའི་སྐོར་ཁོང་གི་ནང་མིར་འགྲེལ་བརྗོད་གནང་ཡོད་འདུག

བསམ་འགྲུབ་རྒྱ་མཚོ་ལགས་ ༢༠༠༩ ལོའི་ཕྱི་ཟླ་ ༣ པར་བཙན་བྱོལ་ནས་ཕྱིར་རང་ཡུལ་ཏུ་ལོག་པའི་ལམ་བར་དུ་འཛིན་བཟུང་གིས་ཟླ་ ༧ རིང་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་ཀྱང་། གློད་གྲོལ་ཐོབ་རྗེས་ཁོས་རྒྱ་གཞུང་གིས་མཚོ་སྔོན་ཕྱོགས་སུ་ཡོད་པའི་བོད་པའི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་གཏེར་ཁ་བསྔོགས་འདོན་གྱི་གནས་ཚུལ་བསྡུ་རུབ་དང་འབྲེལ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་གྲོལ་ཐད་མཚན་རྟགས་བསྡུ་རུབ་སོགས་ཡིག་ཆ་མང་ཞིག་ཉར་ཚགས་དང་བསྡུ་རུབ་བྱས་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་བྱུང་ལ།   ད་ལྟའི་ཆར་ཁོང་གི་རང་ལོ་ ༥༨ ཡིན་པའི་ཨ་མ་གཙོས་དང་གཅེན་གཅུང་གཉིས་བཅས་ནང་མི་གསུམ་གྱིས་རྒྱ་ནག་གིས་སྲོག་ཁྲིམས་གཅོད་མིན་ལ་སེམས་ཁྲེལ་གྱིས་བྱ་ཐབས་མེད་པའི་གནས་སུ་ལྷག་ཡོད་ཚུལ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་ཀྱང་། ང་ཚོ་ལ་ཅི་ཙམ་མནར་གཅོད་བཏང་བ་དེ་ཙམ་གྱིས་ང་ཚོ་བོད་མི་རིགས་ཀྱི་སེམས་ཀྱི་ན་ཟུག་ཇེ་ཆེ་ནས་ཇེ་ངར་དུ་འགྲོ་བཞིན་ཡོད། དེས་ན་རྒྱ་གཞུང་གིས་ཞི་བའི་སྲིད་བྱུས་ལག་བསྟར་བྱེད་དགོས།

    Reply
  2. སོག་ནག་ཚང་། says:
    ལོ་ 16 སྔོན།

    ང་ཚོའི་ཁ་གོར་མོ་འདིས་སེམས་ཀྱི་སྐད་ཆ་བཤད་པའི་རང་དབང་མི་འདུག འགྲོ་བ་མིའི་རིགས་ལ་ལྷན་སྐྱེས་ཀྱི་བདག་པས་སྨྲ་བརྗོད་རང་དབང་མི་འདུག སྨྲ་བརྗོད་རང་དབང་གི་ཆེད་དུ་ང་ཚོའི་རྒྱལ་གཅེས་དཔའ་རྒོད་ཚོས་སྨྲ་བརྗོད་ཀྱི་ཐོབ་ཐང་གླེང་། རྒྱ་རྒན་ཚོས་ང་ཚོའི་བོད་མི་རིགས་ཀྱི་དཔའ་རྒོད་རེ་རེ་འདི་ལྟར་མུན་པའི་བཙོན་ལ་བཅུག སྲ་བའི་ལྕག་ཀྱིས་བྲབས།་རྣོ་བའི་མཚོན་གྱིས་བསྣུན་ཏེབོད་མི་རེ་རེ་བཞིན་ལྔ་ལམ་བརྫང་བའི་གྲབས་བྱེད་བཞིན་འདུག ལུས་པོ་བཙོན་དུ་བཅུག་སྟེ་མནར་གཅོད་གཏོང་ཐུབ་ཀྱང་ང་ཚོའི་སེམས་པ་ནམ་ཡང་དབང་དུ་བསྡུ་མི་ཐུབ གསུང་བ་ལྟར་ང་ཚོ་ལ་ཅི་ཙམ་མནར་གཅོད་བཏང་བ་དེ་ཙམ་གྱིས་ང་ཚོ་བོད་མི་རིགས་ཀྱི་སེམས་ཀྱི་ན་ཟུག་ཇེ་ཆེ་ནས་ཇེ་ངར་དུ་འགྲོ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese