མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དུ་ཞབས་སོར་བཀོད་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་ཁ་སང་ཉི་ཧོང་དུ་ཞབས་སོར་བདེ་བར་འཁོད་ཡོད་འདུག་ལ། སང་ཉིན་ནས་བཟུང་ཁོང་གིས་བདུན་ཕྲག་གཅིག་ལྷག་རིང་གི་མཛད་འཕྲིན་དབུ་འཛུགས་གནང་རྒྱུ་ཡིན་འདུག

ཉི་ཧོང་དུ་གནས་བཞུགས་སྐུ་ཞབས་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འདི་གར་བཏང་གནས་ལྟར་ན། ཉི་ཧོང་གི་གྲོང་ཁྱེར་ན་ག་ནོར་ (Nagano City) རུ་ཡོད་པའི་ནང་པའི་དགོན་པ་ཛེན་ཀོ་ཇི་ (Zenkoji) ཡི་དབུ་བླ་དང་མཁན་པོ་བཅས་ཀྱིས་མི་ལོ་གཉིས་ཀྱི་སྔོན་ནས་ྋགོང་ས་མཆོག་ལ་གདན་ཞུའི་གསོལ་འདེབས་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་བཞུགས་སྒར་ཕོ་བྲང་ནས་ལྡི་ལིར་ཆིབས་ཞལ་བསྒྱུར་ཏེ། ཕྱི་ཚེས་ ༡༧ ཉིན་ཉི་ཧོང་རི་ཏྲ་གནམ་ཐང་ནས་དགོན་པ་ཛེན་ཀོ་ཇི་དགེ་འདུན་པ་གཙོས། དེར་ཡོད་བོད་མི་དང་ས་གནས་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་བཞུགས་གནས་སུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སང་ཉིན་ནས་བཟུང་༸གོང་ས་མཆོག་གིས་གྲོང་ཁྱེར་བཞིའི་མཛད་འཕྲིན་གྱི་ཐོག་མ་ཊོག་ཀྱོ་གྲོང་ཁྱེར་ནས་ན་ག་ནོ་རུ་ཞབས་སོར་འཁོད་དེ་ནང་པའི་དགོན་པ་ཛེན་ཀོ་ཇིའི་མཁན་པོ་བགྲེས་གཞོན་རྣམ་གཉིས་ལ་མཇལ་ཁ་དང་། བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་བཅུ་དང་ལྷན་དུ་དགོན་པ་དེ་ཉིད་ཀྱིས་བཞེངས་པའི་སངས་རྒྱས་འོད་དཔག་མེད་ཀྱི་དཀྱིལ་འཁོར་རབ་གནས་མཛད་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆོས་པ་ ༢༠༠ དང་ལྷན་ནང་ཆོས་དང་འབྲེལ་བའི་བགྲོ་གླེང་གནང་རྒྱུ་མ་ཟད། དེར་ཡོད་མི་མང་ ༧༠༠༠ ཙམ་ལ་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག་ལ།   ཕྱི་ཚེས་ ༢༡ ཉིན་གྲོང་ཁྱེར་ན་ག་ནོ་རུ་ཡོད་པའི་སེལ་ཧོ་ཇི  Saihoji ཞེས་པའི་དགོན་རྙིང་དུ་ཆིབས་སྒྱུར་གྱིས་དགོན་པ་དེའི་ཕི་ཁྲི་ ༨ ཅན་གྱི་བོད་ལུགས་དང་མཐུན་པའི་སྐུ་འདྲ་ཆེན་པོ་ཞིག་བཞེངས་ཡོད་པ་དེར་རབ་གནས་དང་ལྷན་དད་ལྡན་མ་ཚོགས་ལ་བདེན་བཞིའི་བཀའ་ཁྲིད་དང་། ཉིན་རྒྱབ་ཏུ་བྷ་ཤུ་ཁ་ཡི་ཞེས་པའི་ཆོས་ཚོགས་ཀྱི་གོ་སྒྲིག་འོག་ཁ་ན་ཛ་ཝའི་ནང་ཤེས་རབ་སྙིང་པོའི་བཀའ་ཁྲིད་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༤ ཉིན་གྲོང་ཁྱེར་ཡོ་ཀོ་ཧ་མར་ཆིབས་བསྒྱུར་གྱིས་དེར་ཡོད་མཐོ་སློབ་ ༡༥ ནས་སླེབས་པའི་སློབ་ཆེན་པ་ ༡༠༠ ལྷག་དང་མཉམ་དུ་ད་ལྟའི་འཛམ་གླིང་གི་གནད་དོན་གང་མང་ཐད་བསམ་ཚུལ་བརྗེ་རེས་དང་འབྲེལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༥ ནས་ ༢༧ ཉིན་བར་སོ་ཏོ་ Soto  ཆོས་ལུགས་ཀྱིས་གོ་སྒྲིག་འོག་སློབ་ཕྲུག་རྣམས་ལ་ཆོས་འབྲེལ་གྱི་བཀའ་སློབ་དང་། རྟེན་འབྲེལ་བསྟོད་པ་དང་སེམས་བསྐྱེད་བཀའ་འཁྲིད་གནང་བ་དང་འབྲེལ། མི་མང་ལ་ནང་སེམས་ཀྱི་བདེ་སྐྱིད་དང་ཕན་ཚུན་འཆམ་མཐུན་མཉམ་གནས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་ལ། སྐབས་དེར་ནང་པའི་རྒྱལ་ཁབ་ཁག་བཞི་ཀོ་རི་ཡ་དང་སོག་པོ། ཨུ་རུ་སུ་བཅས་ཀྱི་སྐད་རིགས་ཐོག་ཤེས་རབ་སྙིང་པོ་བཀའ་ཁྲི་བསྒྲགས་འཆར་ཡོད་པ་དང་། ཁྱོན་བསྡོམས་མི་གྲངས་ ༡ ཁྲི་ཚོགས་རྒྱུའི་ཚོད་དཔག་བྱས་ཡོད་འདུག  ཐེངས་འདིའི་གོ་སྐབས་བརྒྱུད་སོ་ཏོ་ཆོས་ལུགས་ཀྱི་མ་དགོན་གནས་གཞན་ནས་སྤོས་ཏེ་ལོ་ ༡༠༠ འཁོར་བའི་དུས་ཆེན་ཐོག་ྋགོང་ས་མཆོག་ཆིབས་སྒྱུར་གྱིས་ཚོགས་མི་ ༢༠༠༠ ལྷག་ཆོས་འབྲེལ་བཀའ་སློབ་དང་། དེ་བཞིན་རྒྱ་རིགས་གསར་འགོད་པ་དང་མཁས་པ་ཁག་གཅིག་དང་ཀོ་རི་ཡའི་མི་ ༦༠༠ ཙམ་ཞིག་ལ་མཇལ་འཕྲད་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་དེར་ཡོད་བོད་མི་ཚོར་མཇལ་ཁ་གནང་རྗེས་སིང་གྷ་པུར་བརྒྱུད་རྒྱ་གར་དུ་ཆིབས་ཞལ་བསྒྱུར་གནང་རྒྱུ་ཡིན་འདུག 

གསར་འགོད་པ་དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཕན་བདེ་འབྱུང་ནས་བསྟན་པ་དར་ཞིང་རྒྱས། །
    བསྟན་འཛིན་སྐྱེས་བུ་ཐམས་ཅད་༧སྐུ་ཁམས་བཟང་། །
    ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས། །
    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །

    Reply
  2. ཨ་མྱེ says:
    ལོ་ 16 སྔོན།

    གང་གི་ཐུགས་རྗེ་ཉི་མའི་འོད་སྣང་གིས།།ཤར་ནུབ་རྒྱལ་ཁབ་ཀུན་ན་ལྷང་ངེ་བ།།ཞི་བདེའི་དར་ཆེན་སྐྱོད་པའི་སེམས་དཔའ་ཆེ།།ཉི་ཧོང་བཞུགས་པ་དེ་ལ་ཕྱག་འཚལ་ལོ།།

    Reply
  3. ལི་སྐལ་བཟང says:
    ལོ་ 16 སྔོན།

    སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་རྟེན་པར་ཤོག།

    Reply
  4. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    བླ་མ་ལ་སྐྱབས་བསུ་མཆིའོ།དད་ལྡན་སེར་སྐྱ་ཡོངས་ཀྱི་མགོན་དུ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བཞུགས་པར་སྐྱབས་སུ་མཆི།པར་ཁ་ཤེས་ཞིག་ཡོད་ན་མི་ལེགས་སམ།སྐུ་ངོ་ལུང་རིགས་རྒྱལ་ལ་ཐུགས་རྗེ་ཆེ།གནས་ཚུལ་གལ་ཆེན་ཡོད་ན་པར་དང་མཉམ་དུ་ཡོད་ན་བཟང་གང་ཡིན་ཟེར་ན་བདག་གིས་རང་ངོས་ནས་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་རིགས་མར་བཤུས་ནས་མི་དམངས་སྟོང་ཕྲག་མང་པོའི་མཐོང་སར་སྦྱར་གི་ཡོད།དེ་སྔོན་ཐེངས་གང་མང་ཞིག་སྦྱར་མྱོང་མུ་མཐུད་དུ་གནས་ཚུལ་གལ་ཆེན་རིགས་དང་དུ་ལེན་གི་ཡིན་ཕན་ཐོག་ཡང་ཁ་ཡོད་ལག་ཡོད་ཀྱི་འདུག།མི་མང་ཆེ་བས་དྲ་ལམ་གྱི་གནས་ཚུལ་མཐོང་གི་མེད་ཙང་ཁོང་ཚོས་མགྱོགས་པོ་མཐོང་ཐུབ་ན་སེམས་ལ་དགའ་བ་དང་བསམ་བློ་ཡང་ཡར་རྒྱས་ཀྱི་རྣམ་པ་ཞིག་ཐོན་གི་འདུག།བདག་གིས་བསམ་ན་ཡར་ཐོན་གྱི་རྣམ་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese