མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚམས་གྱི་བོད་རིགས་བྱིས་པ་ཚོ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

མ་སུ་རི་ནས་བྱིས་པ་བརྒྱད་ཕྱིར་བོད་དུ་གཏོང་ཕྱིར་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཡོད་པའི་སྐབས་འདིར། བལ་ཡུལ་ཉེན་རྟོག་པས་ཀྱང་བོད་ནས་རྒྱ་གར་དུ་བྲོས་ཡོང་མཁན་བྱིས་པ་ཚོ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་འཆར་བྱས་ཡོད་འདུག

སང་ཉིན་ཏེ། ཕྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་ནི་འཛམ་གླིང་སྐྱབས་བཅོལ་ཉིན་མོ་ཡིན་ལ། འཛམ་གླིང་གི་སྐྱབས་བཅོལ་བ་ཀུན་གྱི་ནང་ནས་ཉེན་ཁ་ཆེ་ཤོས་ནི་ཧི་མ་ལ་ཡའི་འཁྱགས་ཀླུང་དང་། རྒྱ་ནག་གི་མཐའ་མཚམས་དམག་མིའི་མེ་མདའི་སོ་ཁ་ནས་འབྲོ་བཞིན་པའི་བོད་རིགས་རྣམས་ཡིན། ལོ་ལྟར་བོད་མི་ ༣༠༠༠ ཙམ་རེས་ཉེན་ཁ་བརྒྱུད་ནས་རྒྱ་གར་དུ་ཡོང་གིན་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་ ༡༨ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ནང་དུ་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་མཁན་བྱིས་པ་གཉིས་ཚུད་པའི་བོད་མི་བདུན་བལ་ཡུལ་ཉེན་རྟོག་པས་འཇུས་ཏེ་བཙན་ཤེད་ཀྱིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་རྩིས་བྱས་པ་དང་། མཐའ་མ་དེར་ཁོང་ཚོ་ཉེན་རྟོག་པའི་ལག་ནས་བྲོས་བྱོལ་གྱིས་བལ་ཡུལ་གྱི་ཤིང་ནགས་ཤིག་གི་ནང་དུ་ཉིན་ཁ་ཤས་རིང་སྦས་སྐུང་བྱས་ཡོད་འདུག

ཁོང་ཚོའི་ནང་དུ་ལོ་ ༧ ཅན་གྱི་བུ་མོ་ཞིག་དང་ལོ་ ༡༢ ལ་སོན་པའི་བུ་ཞིག་བཅས་ཡོད་ལ། ཁོང་ཚོ་ཤིང་ནགས་ནག་ཡུན་རིང་ལྷག་སྟབས་ན་ཚ་ཕོག་ཡོད་པ་དང་། བྱིས་པ་དེ་གཉིས་ཛ་དྲག་གིས་སྨན་ཁང་དུ་སྐྱེལ་དགོས་པའི་ཚད་དུ་ཡོད་པ་ལྟར་མཐའ་མ་དེར་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུར་འབྱོར་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་དོན། བལ་ཡུལ་ནང་དུ་ཆབ་སྲིད་ཀྱི་བར་བརྒལ་ཞིག་འགྲོ་བཞིན་པའི་སྐབས་སུ་པེ་ཅིན་གྱིས་བལ་ཡུལ་གཞུང་དང་མཐའ་མཚམས་དམག་མི། ཁྲིམས་ལུགས་མི་སྣ། མི་སེར་སྤྱི་ཚོགས་བཅས་ལ་འཐབ་བྱུས་རང་བཞིན་གྱི་ཤུགས་རྐྱེན་སྤྲོད་བཞིན་པ་ནི་བོད་མི་ཚོར་མཚོན་ན་འཛིན་བཟུང་དང་། ཕྱིར་རྩིས་སྤྲོད་སོགས་ཀྱི་ཐད་ནས་ཉེན་ཁ་ཆེན་པོ་རེད་ཅེས་དང་། རྒྱ་ནག་གི་ཉེན་རྟོག་པ་དག་གིས་བལ་ཡུལ་གྱི་ས་ཁོངས་ནང་དུའང་དྲག་པོའི་སྦྱོར་བ་རྩོམ་སྲིད་པའི་སེམས་ཁྲལ་བྱ་མཁན་ཡོད་པ་རེད་ཟེར།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཤད་དོན། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་རྣམས་བལ་ཡུལ་ས་མཚམས་ཀྱི་ཕར་ཕྱོགས་སུ་མཐོང་གི་འདུག་ལ། དེ་དག་གིས་བོད་མི་སྐོར་ཁག་དེ་འཚོལ་བཞིན་ཡོད་སྐོར་གོ་ཐོས་བྱུང་ཡོད་འདུག

༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་རྒྱ་ནག་གཞུང་གིས་བོད་ས་གང་སར་དམ་དྲག་བྱས་པ་དང་། ལྷག་པར་དུ་བལ་བོད་མཐའ་མཚམས་སུ་དམག་མི་འཕར་སྣོན་བྱས་པ་སོགས་ཀྱི་དབང་གིས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བའི་གྲངས་འབོར་ཡང་མར་ཆག་ཡོད་པ་རེད།

མཆན། གོང་གསལ་པར་འདི་དག་ནི་ནང་པ་ལའི་དོན་རྐྱེན་སྐབས་ཀྱི་འདྲ་པར་དང་། བོད་ནས་བཙན་བྱོལ་དུ་ཡོང་མཁན་ནད་པར་གྱུར་བ། དེ་བཞིན་བོད་ནས་བལ་ཡུལ་སྣེ་ལེན་ཁང་དུ་བདེ་གླགང་ངང་འབྱོར་བའི་བྱིས་པ་སྐོར་ཞིག་གི་པར་བཅས་ཡིན། པར་འདི་དག་ནི་གྷོ་གྷལ་པར་མཛོད་ནས་བླངས་ཏེ་འདིར་བཀོད་པ་ཡིན།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༥ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 53

  1. འཇམ་གྲགས says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས་ཀྱི་ཟིན་བྲིས་ལས། བལ་ཡུལ་དུ་སྤྲོད་ཟིན་པའི་སློབ་ཕྲུག་དེ་རྣམས་གལ་སྲིད་རྒྱ་གར་དུ་ཕྱིར་ལོག་ན་ཉེས་རྟོག་པར་རྩིས་སྤྲོད་རྒྱུ་ཡིན་ཟེར་སློབ་གྲའི་ཞོག་ཚོགས་སྐབ་གསལ་བསྒྲགས་བྱས་སོང་ཟེར། ང་ནི་ཧང་སངས་སོང་། ཡང་དེའི་ནང་གི་ཕྲུ་གུ་ཅིག་ལོ་༡༡་རེད་ཟེར། ལོ་༡༡་གི་ཕྲུ་གུར་འཕྲིག་སྤྱོད་གི་ནུས་པ་ཨེ་ཡོད་ན།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    བཀུར་འོས་སྤྱི་མཐུས་རྣམ་པས་རྒྱ་བལ་གང་དུ་ཕ་མ་མེད་པའི་དྭ་ཕྲུག་དེ་དག་ལ་ཐུགས་ཁུར་གནང་བ་ནི་དགོས་ངེས་ཤིག་དང་ལས་འགན་ཤིག་རེད། ད་དུང་འཛམ་གླིང་རྒྱལ་ཁབ་ཚད་ལྡན་དང་། ཕ་མ་མཉམ་དུ་ཡོད་པ་རྣམས་ལ་ཡང་ཕལ་ཆེར་ཐོས་མྱོང་མེད་པའི་ལྐུག་པའི་བསྒྲིགས་གཞི་དེ་གནས་བབ་དང་མཐུན་པ་ཞིག་མ་བྱུང་ན། གསར་འབྱོར་གྱི་ཕྲུག་གུ་མི་ཉུང་བ་ཞིག་ལ་ད་དུང་དཀའ་ངལ་མུ་འཐུན་འཕྲད་པ་གཏན་ཁེལ་རེད། དེང་སང་གྲྭ་བཙུན་གྱི་དགོན་པ་མང་ཆེ་བ་ལས་ཀྱང་རང་རེའི་རྒྱ་བལ་དུ་ད་ཕྲུག་གི་སློབ་གྲྭ་འདི་རྣམས་བསྒྲིག་གཞི་དམ་ཐུབ་པའི་རྒྱུ་མཚན་ནི། དེ་དག་གི་ཕ་མ་རྒྱ་བལ་གང་དུ་མེད་པའི་རྒྱུ་མཚན་གྱིས་ལོས་ཡིན།
    གལ་སྲིད་འཁྲིགས་སྤྱོད་བྱས་པར་བརྟེན་ཕྲུག་གུ་ཆགས་པ་ཡིན་ན། སློབ་གྲྭ་ལས་དོན་དགོས་པ་དངོས་ཡོད་གནས་ཚུལ་ཡིན་རུང་དེ་དག་ཀྱང་དམིགས་གསལ་གྱི་སློབ་གྲྭར་གཏང་ཐུབ་ན་ཤིན་ཏུ་ལེགས རང་དབང་ལུང་པའི་རྒྱལ་ཁབ་ཡར་རྒྱས་ཅན་རྣམས་ཀྱི་སྒྲིགས་གཞི་ལ་གཟིགས་དང་། དེ་དག་གིས་སློབ་འབྲིང་སྐབས་སུ་ཕྲུག་གུ་བྱུང་ན། དེ་དག་དམིགས་གདམས་ག་ཡོད་པའི་སློབ་གྲྭ་གཏང་སྲོལ་འདུག
    རང་རེ་བཙན་བྱོལ་འདི་ལ་ཡང་དམིགས་གསལ་གྱི་སློབ་གྲྭ། ཕྲུག་གུ་དེ་དེ་བཞིན་གྱི་མི་ཚེ་ཆུད་ཟོས་མི་འགྲོ་བའི་ཆེད་དུ་འཛུགས་ཐུབ་ན་ཤིན་ཏུ་ལེགས

    ད་ལྟའི་གནས་ཚུལ་འདི་ནི། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་ཐོས་ན། རྗེས་ལུས་དང་སྒེར་གཅོད་རིང་ལུགས་དེ་ད་དུང་ལག་ལན་བསྟར་གྱིན་ཡོད་པ་ཤེས་ཀྱི་རེད་ལ། ང་དང་ང་འདྲ་བའི་བོད་མི་རིགས་ལ་དུང་པའི་གཞོན་ནུ་རྣམས་ཀྱིས་ཐོས་སྐབས་སྙིང་ལ་ཤིན་ཏུ་ནས་མི་བཟོད་པའི་ན་ཚ་སྤྲད་ཀྱིན་འདུག

    Reply
  3. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    མཆོག་ཏུ་སྐུར་འོས་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཐུགས་རྗེ་ཆེ། ད་དུང་ཤུགས་རྒྱོབ་རོགས། ངའི་གཏམ་བཟང་སྒུག་ནས་སྡད་ཡོད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese