མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་དང་སྤྱི་སྒེར་སྒྲིག་འཛུཌ་ཡོངས་ཀྱིས་གཟབ་དགོས་པ་ཞིག ཁང་གསར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༡
Share on FacebookShare on TwitterShare on EmailShare on Whatsapp

༅༅།། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བཞི་པ། གཞུང་གི་རྩ་དོན་ཞེས་པའི་ནང་། “མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་། ཡུལ་མི་དང་སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང་། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས་“གནང་རྒྱུ་ཡིན་ཞེས་གསལ་ཡོད། ཡང་དོན་ཚན་དྲུག་པའི་ནང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ལུགས་དང་བཀའ་རྩ། སྒྲིག་གཞི་སོགས་རྒྱལ་སྤྱིའི་ཁྲིམས་ལུགས་དང་།   ལྷག་དོན་གནས་ཡུལ་རྒྱལ་ཁབ་ཀྱི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཡིན་ལུགས་འཁོད་ཡོད། རྩ་དོན་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གཞུང་དང་སྤྱི་པ། སྒེར་བཅས་ཀྱི་སྒྲིག་འཛུགས་ཡོངས་ལ་ཁྱབ་དགོས་པ་ཞིག་རེད།

         ཉེ་དུས་ལོ་གཞོན་སློབ་ཕྲུག་ནང་ཁུལ་དུ་ཚུལ་མིན་འཁྲིག་སྤྱོད་ཀྱི་གནས་ཚུལ་ཐོན་པར་བརྟེན། མ་སུ་རི་བོད་ཁྱིམ་གྱིས་འབྲེལ་ཐོགས་སློབ་ཕྲུག་ཡོངས་དང་ཕ་ཚབ་མ་ཚབ་བཅས་སློབ་གྲྭ་ནས་ཕྱིར་འབུད་བྱས་པར་མ་ཟད། གནས་ཚུལ་འདིར་ལེ་ཐོགས་ཅན་གྱི་བོད་ནས་སླེབས་པའི་སློབ་ཕྲུག་དེ་རྣམས་བཙན་དབང་གི་ཐོག་ནས་བོད་ཀྱི་ས་མཚམས་བར་ཕྱིར་འབུད་བྱེད་བཞིན་ཡོད། ཚིག་གཞན་གྱིས་བཤད་ན། རྒྱ་ནག་གི་ལག་པར་སྤྲོད་བཞིན་ཡོད།

          འདིར་ཐོག་མར་གསལ་པོ་ཞུ་འདོད་པ་གཅིག་ནི། གནས་ཚུལ་འདི་ཇི་ལྟར་བྱུང་བ་དང་ཚབས་ཆེ་ཆུང་ཇི་ཙམ་ཡིན་མིན་ཁོ་བོས་ཞིབ་ཕྲ་ཤེས་རྟོགས་མེད། ངའི་ཤེས་རྟོགས་ཚང་མ་གསར་ལམ་དུ་ཁྱབ་པའི་གནས་ཚུལ་ལ་བརྟེན་པ་ཡིན། དེར་བརྟེན་གནས་ཚུལ་འདིའི་འབྱུང་རྩ་སློབ་གྲྭའི་སྒྲིག་འཛུགས་ཀྱིས་སློབ་ཕྲུག་ལ་ལྟ་སྐྱོང་དོ་ནན་གནང་མ་ཐུབ་པས་བྱུང་བ་ཡིན་དང་། ཡང་ན་སློབ་ཕྲུག་གི་ཀུན་སྤྱོད་འཚུབ་ཐལ་ཆེ་བས་ཡིན་བཤད་ཐུབ་ཀྱི་མེད། གང་ལྟར་སློབ་གྲྭའི་སྒྲིག་ལམ་དང་འགལ་ཚེ། སྒྲིག་གཞི་གཞི་བཟུང་ཉེས་ཆད་གཅོད་དགོས་པ་དེ་ངས་ཁས་ལེན་བྱེད་ཀྱི་ཡོད། འོན་ཀྱང་ཉེས་ཆད་གང་འདྲ་ཞིག་ཡིན་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་རྒྱལ་སྤྱིའི་ཁྲིམས་ལུགས་དང་མ་འགལ་བ་ཞིག་ངེས་པར་དགོས་པ་ཡིན།

        ད་རེས་ལོ་ན་ཆུང་བའི་སློབ་ཕྲུག་དེ་དག་ཕྱིར་འབུད་ཀྱིས་རྩ་ཆེའི་སློབ་སྦྱོང་གི་གོ་སྐབས་དང་མདུན་ལམ་མེད་པར་བཟོས་པ་ཙམ་མ་ཟད། རང་དབང་ལུང་པར་སྐྱབས་བཅོལ་བྱེད་པའི་ཐོབ་ཐང་བཙན་འཕྲོག་གིས་རྒྱ་ནག་གི་དབང་སྒྱུར་འོག་ཏུ་གཏོང་བ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཚབས་ཆེ་བའི་ལས་ཀ་ཐབས་རྡུག་ཅིག་ཡིན་པ་དེ་གསལ་པོ་རེད།

          དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་༡༤ ནང་། སྐྱེ་བོ་རེ་རེར་རང་ཉིད་གནོད་འཚེ་ལས་གཡོལ་ཆེད་རྒྱལ་ཁབ་གཞན་དག་གི་མངའ་ཁོངས་སུ་སྐྱབས་བཅོལ་གྱི་འཚོ་བར་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད། ཅེས་གསལ་པོ་འཁོད་ཡོད།

          ཡང་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཁྲིམས་ཡིག་གི་དོན་ཚན་ ༢༢ ནང་སྐྱབས་བཅོལ་ཕྲུ་གུ་ཚོར། འགྲོ་བ་མིའི་ཐོབ་ཐང་དང་བྱིས་པའི་ཐོབ་ཐང་། དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་གཞི་བཟུང་མི་ཆོས་རིང་ལུགས་ཀྱི་སྲུང་སྐྱོབས་འོས་འཚམས་བྱེད་དགོས་པ་གསལ་ཡོད། བྱིས་པའི་ཐོབ་ཐང་གི་ཁྲིམས་ཡིག་གི་དོན་ཚན་གཞན་དག་གི་ནང་དུ། བྱིས་པ་བདག་སྐྱོང་བྱེད་མཁན་གྱིས། བྱིས་པའི་ལུས་སེམས་གཉིས་ཀར་གནོད་འཚེ་མི་ཕོག་པའི་འགན་སྲུང་དང་འཚར་ལོངས་ལ་མི་གནོད་པའི་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས་པ་སོགས་གསལ་ཡོད།

          དེར་བརྟེན། ༸གོང་ས་མཆོག་མཇལ་ཆེད་དང་སློབ་སྦྱོང་གི་གོ་སྐབས་ཐོབ་ཆེད། ལྷག་པར་དུ་རང་དབང་གི་འཚོ་བར་རོལ་ཆེད་གཞན་དབང་འོག་ནས་ཡོང་བའི་རང་རིགས་བོད་ཕྲུག་གི་འགྲོ་བ་མིའི་ཐོབ་ཐང་འཕྲོག་པ་འདི་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་དང་འགལ་འདས་ཆེན་པོ་རེད།

          གཞན་ཡང་། དེ་སྔོན་བཙན་བྱོལ་བོད་གཞུང་གིས་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་མང་པོ་ཞིག་རང་ས་རང་སྲུང་བྱེད་པར་ལོག་དགོས་ཞེས། བོད་མི་མང་པོ་ཞིག་བཙན་ཤེད་ཀྱི་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་བོད་ལ་སློག་པ་དེ་ཡང་གོང་གསལ་མི་སུ་ཡིན་རུང་། སྐྱབས་བཅོལ་གྱི་འཚོ་བར་རོལ་ཆོག་པའི་ཐོབ་ཐང་དང་འགལ་བ་ཞིག་ཡིན་པས། གནས་ཚུལ་འདི་རིགས་བྱུང་ཟིན་པར་ལེགས་བཅོས་དང་སླད་མི་འབྱུང་བའི་ཆེད་སྤྱི་སྒེར་ཚང་མས་གཟབ་དགོས་སོ།། །།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 11

  1. རླུང་པུ says:
    ལོ་ 16 སྔོན།

    མ་སུ་རི་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡང་བྱི་པ་ཚོ་རྒྱ་ལག་ཏུ་བཞག་པ་ནོར་འཁྲུད་ཚབས་ཆེན་རེད། གལ་ཏེ་འདི་འདྲའི་དོན་དག་ཆེན་པོ་ཞིག་མ་སུ་རི་སློབ་གྲྭའི་དགེ་རྒན་ཚོས་ཐག་གཅོད་བྱེད་ཐུབ་ཚེ། མ་སུ་རིའི་སློབ་གྲྭའི་མིང་འདི་བཅོས་སྒྱུར་བྱས་དེ་མ་སུ་རི་སྲིད་གཞུང་ཟེར་ཚེ་འོས་པར་མ་ཟད། སྲིད་གཞུང་འདི་བཙན་བྱོན་བོད་གཞུང་གི་ལངས་ཕྱོགས་དང་ཐ་དད་དུ་གྱུར་འདུག

    Reply
  2. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེས་གནག་པོ་གསུངས་འདུག འོན་ཀྱང་གྲོགས་པོ་ཚོ་དེ་ཚོ་བྱིས་པ་མ་རེད་དཱ། ཚང་མས་བྱིས་པ་བྱིས་པ་ག་རེ་ལབ་ཀྱི་ཡོད་རེད། དེ་ཚོ་འཁྲིག་སྤྱོད་བྱེད་ཐུབ་མཁན་གྱི་ཕོ་གསར་མོ་གསར་རྐྱང་རྐྱང་རེད།
    མ་གཞི་སློབ་གྲྭའི་སྒྲིག་གཞི་དང་འགལ་བའི་ལས་ཀ་བྱས་ན་ཐག་གཅོད་ལོས་བྱེད། དེ་ལ་སུས་སྐྱོན་འདོགས་བྱེད། འོན་ཀྱང་བོད་ནས་ཡོང་བའི་བོད་ཕྲུག་དེ་ཚོ་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་མ་ཟད་སྐྱབས་བཅོལ་རྒྱ་གར་ལུང་པ་ནས་མཐར་བསྐྲོད་བཏང་བ་ནི་ཅི་འདྲའི་འཇིགས་སུ་རུང་བ་རེད་ཨང་། གླིང་གེ་སར་རྒྱལ་པོའི་སྒྲུང་ཧོར་གླིང་གཡུལ་འགྱེད་ཀྱི་ནང་དུ་ཨ་ཁུ་ཁྲོ་ཐུང་གིས་གླིང་གི་གཅེས་ཕྲུག་བཅུ་གསུམ་ཧོར་གྱི་ལག་ཏུ་སྤྲད་པ་འདྲ་པོ་མ་རེད་དམ།
    དེ་སྔོན་བྱས་ཚར་བའི་ལས་ཀ་དག་ཚར་བ་རང་རེད། རྗེས་སུ་གཞུང་དང་སྒྲིག་འཛུགས་ཁག་གི་འགོ་པ་ཚོས་གང་འགབ་ཅི་ལེགས་ཀྱིས་དགྲ་བོའི་ལག་ཏུ་མཐར་བསྐྲོད་མི་ཡོང་བའི་རེ་སྐུལ་སྙིང་ནས་ཞུ།

    Reply
  3. འཇམ་གྲགས says:
    ལོ་ 16 སྔོན།

    འདིའི་སྐོར་ངས་ཀྱང་མཆན་མང་པོ་བྲིས་ཚར། ཡིན་ནའང་དེའི་སྐོར་བསམ་བློ་འཁོར་དུས་ཅིག་མི་བྲི་སྡོད་རྒྱུ་མི་འདུག བྲིས་ན་ནི་རང་གཞུང་ལ་སྐྱོན་བརྗོད་འདྲ་ཞིག་ཆགས་འགྲོ་གི་འདུག ད་གང་དྲགས། སློབ་ཕྲུག་དེ་རྣམས་ཀྱི་མི་ཚེའི་མདུན་ལམ་རེད་ད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སློབ་ཕྲུག་དང་ཕ་ཚབ་མ་ཚབ་ཀྱི་དབར་དུ་ཡང་འདི་འདྲའི་གནས་ཚུལ་བྱུང་དང་འབྱུང་བཟིན་ཡོད་ཀྱང་། དེ་དག་གི་སྐོར་ནི་སུས་མི་ཤེས་པའམ་ཡང་ན་སུས་ཀྱང་ཤེས་མི་ཐུབ་པའི་གསུང་བ་ཡང་གསང་གིས་མི་ལོ་གང་མང་ཞིག་འདས་ཨང་། སློབ་ཕྲུག་དེ་བལ་ཡུལ་བོད་དུ་བསྐྱེལ་བ་དངོས་གནས་རྒྱ་ནག་ལ་ཐད་ཀར་རྩིས་སྤྲད་པ་ཟིག་ལས་གཟན་ཅི་ཞིག་ཡིན་ནམ།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    བྱིས་པ་དེ་དག་གི་མི་ཚེའི་མདུན་ལམ་ལ་བསམ་གཞིགས་བྱེད་སྐབས། བློ་ཕམ་དང་ཕངས་སྣང་ཞིག་ཡོང་གིན་འདུག་ཀྱང་། ལག་པ་རིང་ཕུ་ཐུང་ཐུང་བའི་དཔེ་ལས་མ་འདས། །

    Reply
  6. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    མ་གཞི་ངས་ཀྱང་འདིའི་སྐོར་མཆན་བུ་མི་ཉུང་བ་ཞིག་བཏོན་ཟིན་ཀྱང་དེ་རིང་ཁང་གསར་རྡོ་རྗེས་ཡང་བསྐྱར་འདིའི་སྐོར་ནན་བཤད་གནང་འདུག་པ་བཀྲིན་ཆེ།

    ཁང་རྡོས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང༌། འགྲོ་བ་མིའི་ཐོབ་ཐང་གི་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས། དེ་བཞིན་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་རྩ་ཁྲིམས་བཅས་གཞིར་བཞག་ཐོག་མ་སུ་རི་སློབ་གྲྭས་སློབ་མ་དགུ་ཕྱིར་འབུད་ཀྱིས་བོད་དུ་བརྫངས་པར་ཁྲིམས་འགལ་ཡིན་པར་གསལ་པོ་བཟོ་འདུག འདི་ལས་ལྷག་པའི་ནག་ཉེས་ལ་ནག་ཉེས་ཡིན་པ་ཤེས་སུ་བཅུག་ཐབས་མེད་སྙམ།

    ངས་ལྟར་ན་སློབ་ཕྲུག་དགུ་པོ་ཕྱིར་འབུད་བྱེད་མཁན་འབྲེལ་ཡོད་མ་སུ་རི་སློབ་གྲྭའི་ལས་བྱེད་རྣམས་ཀྱིས་ནོངས་སྐྱོན་ངོ་ལེན་བྱེད་དགོས་པ་དང༌། ཕྱིར་འབུད་བྱས་ཟིན་པའི་སློབ་ཕྲུག་རྣམས་ཀྱི་མདུན་ལམ་འཕྲོ་བརླག་མི་འགྲོ་བའི་འགན་འཁུར་བྱེད་དགོས་རེད་སྙམ།

    མ་གཞི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགྲོ་བའི་ཐོབ་ཐང་གྱི་སྒྲིག་ཁྲིམས་སོགས་དང་འགལ་ཡོད་སྟབས་འབྲེལ་ཡོད་རང་གཞུང་བདེ་སྲུང་དང་བཀའ་ཤག་ནས་ཞིབ་དཔྱོད་གནང་མུས་ཡིན་ཤག་རེད།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཤན་པའི་ལག་ནས་ཤོར་བའི་གཡང་དཀར་གྱི་ལུག་འཁྱུ།
    རི་བོ་ཧི་མ་ལ་དེ་རྡོག་པ་ཡི་སྣན་ནས།
    རེ་ཞིག་རང་དབང་འཚོ་བ་རོལ་རྒྱུ་ཞིག་བྱུང་ཀྱང་།
    སྙིང་རྗེའི་སྣུམ་དང་བྲལ་བའི་གླང་སྤྱོད་ཀྱིས་འགོ་བས།
    སླར་ཡང་ཤས་རྭར་བརྫང་པའི་ངང་ཚུལ་འདི་སྐྱོ་བྱུང།
    ཡིད་ཤེས་སྤྱན་ལྡན་བྱམས་ལྡན་མ་མ་ཞིག་ཡོད་ན།
    གསོད་ལ་ཉེ་བའི་ལུག་ཕྲུག་སྤུན་ཟླ་རྣམས་སྐྱོབས་རོགས།

    Reply
  8. འཇམ་གྲགས says:
    ལོ་ 16 སྔོན།

    ཕྲུ་གུ་དེ་རྣམས་ཀྱི་ཕ་མས་རང་གི་ཤ་ལས་ཆད་པའི་གཅེས་ཕྲུག་རྣམས་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མི་རྣམས་ལ་ཡིད་ཆེས་བྱས་ནས་བཏང་བ་རེད་ད། གཞིས་སྡོད་བོད་མི་རྣམས་ཀྱི་ཡིད་ཆེས་བརླག་རུ་འཇུག་རྒྱུ་ཡིན་ནམ།
    ད་ནས་བཟུང་བལ་ཡུལ་གཞུང་ནས་བོད་མི་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་གྱི་འདུག་ཟེར་སྐྱོན་བརྗོད་མ་བྱེད་ཤིག བལ་ཡུལ་ལ་ཁག་ཅི་ཡོད། ད་ནི་བོད་པས་ཀྱང་བོད་པ་རྒྱ་མི་ལ་རྩིས་སྤྲོད་ཀྱི་འདུག

    Reply
  9. འཇམ་གྲགས says:
    ལོ་ 16 སྔོན།

    བྱིས་པ་ནར་མ་སོན་པ་ཡིན་ན་ཁྲིམས་མེད་ གལ་ཏེ་ནར་སོན་ཡིན་ན་གཉིས་མོས་འཁྲིག་སྤྱོད་ལ་ཉེས་ཆད་ཐལ་གྲགས་འདུག

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    རྒྱལ་མཚམས་བོད་རིགས་ བྱིས་པའི་གསར་འགྱུར་འོག་གི་བོད་ནས་གྲོས་བྱོལ་ཆབ་སྲིད་ཉེས་ཕོགས་དང་། བཙན་བྱོལ་དུ་ཚུལ་འཆལ་ཉེས་ཕོགས་གཉིས་བརྩེགས་ཡོད་པ་དེ་དག་ཕྱི་རྒྱལ་ཡུལ་ཁག་ཏུ་བྱིས་སྐྱོབ་ཚོགས་པ་དང་། ཆབ་སྲིད་ཉེས་སྐྱོབ་སོགས་ཀྱི་བརྒྱུད་ནས་ལེན་ཐབས་ཡོད་ཚེ། e-mail: kardorime@gmail.com,དང་། ༠༠ ༣༦ ༣༠ ༩༠ ༣༩ ༧༨༨ ཁ་པར་ཨང་གྲངས་ཐོག དོ་བདག་སོ་སོས་སམ། ནང་མི་སྤུན་མཆེད། བར་མི་སུ་རུང་ནས་འབྲེལ་བ་གནང་ནས་ཤིན་ཏུ་དགོས་ངེས་ཅན་ལ་གནམ་གྲུའི་འགྲོ་སོང་ ཡང་། ཡོ་རོབ་བོད་ཀྱི་ཐེབ་རྩ་དང་རིས་མེད་བསྟན་འཛིན་བཤད་སྒྲུབ་གླིང་གི་མིང་ཅན་ཆོས་ ཚོགས་གང་རུང་ནས་ཐབས་འཚོལ་ཞུ་རྒྱུ་བཅས། ཐེབ་རྩའི་ཚོགས་གཙོ་དང་ཆོས་ཚོགས་འགན་འཛིན་གཅིག་ལྕོགས་པ་ཀརྨ་རྡོ་རྗེས་ལོ་ཟླ་ ཚེས་ ༢༠༡༠་༠༦་༢༠ ལ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གཞིས་བྱེས་གཉིས་བར་དཀའ་ངལ་ཕྲད་བཞིན་པའི་བོད་ཕྲུག་དོ་བདག་སོ་སོས་སམ། ནང་མི་སྤུན་མཆེད། བར་མི་སེམས་བཟང་སུ་རུང་ནས་ kardorime@gmail.com.,Tel:00 36 90 39 788.ཐོག་ལ་འབྲེལ་ལམ་བྱས་ན་ཕན་ཅུང་ཟད་ཐུབ་ངེས་ཞུ་རྒྱུ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese