མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་གནམ་གྲུ་གཏོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སྟོད་མངའ་རིས་དགུན་ས་གནམ་གྲུ་ཐང་གི་འཛུགས་སྐྲུན་ཡོངས་སུ་གྲུབ་སྟེ། སང་ཉིན་ཟླ་ ༧ ཚེས་ ༡ ཉིན་གནམ་གྲུ་དངོས་སུ་གཏོང་མགོ་འཛུགས་རྒྱུ་ཡིན་པ་དང༌། ལྷ་ས་ནས་མངའ་རིས་གནམ་ཐང་བར་ཆུ་ཚོད་ཕྱེད་ཙམ་ནང་སླེབས་ཐུབ་ཅིང་སྤྱི་ལེ་ ༡༠༩༨ ཙམ་ཡོད་འདུག གཟའ་མིག་དམར་དང་པ་སངས་བཅས་གཟའ་འཁོར་རེ་ཐེངས་གཉིས་རེར་གཏོང་འཆར་ཡོད་པ་དང༌། ལྷ་ས་ནས་མངའ་རིས་བར་གྱི་གནམ་གྲུའི་འཛིན་བྱང་ལ་རྒྱ་སྒོར་ ༢༥༩༠ ཡིན་འདུག

 

བོད་རང་སྐྱོང་ལྗོངས་འོག་གི་གནམ་ཐང་བཞི་བ་དང༌། འཛམ་གླིང་ཡོངས་ཀྱི་ས་བབ་མཐོ་ཤོས་ཨང་གསུམ་པའི་གནམ་ཐང། མཚོ་ངོས་ནས་མཐོ་ཚད་སྨི་ ༤༢༧༨ ཡོད་པའི་མངའ་རིས་དགུན་ས་གནམ་ཐང་གི་འཛུགས་སྐྲུན་ཆེད་རྒྱ་སྒོར་དུང་ཕྱིར་ ༡༦ ལྷག་བཏང་ཡོད་འདུག་ལ། ད་ཆར་ལོ་གསུམ་ལྷག་རིང་གི་འཛུགས་སྐྲུན་ལས་གཞི་ཡོངས་སུ་རྫོགས་ཏེ། སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་ཚོད་ལྟའི་གནམ་གྲུ་དང་པོ་འཕུར་སྐྱོད་བྱས་ཡོད་ཅིང་། ད་ལོའི་ཟླ་ ༤ ཚེས་ ༨ ཉིན་ཚོད་ལྟ་གཉིས་པ་དང༌། ཟླ་ ༥ ཚེས་ ༢༨ ཉིན་ཚོད་ལྟ་གསུམ་པ་ལེགས་འགྲུབ་བྱུང་སྟེ། སང་ཉིན་ཏེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཐོག་མ་དེ་འཕུར་སྐྱོད་བྱ་རྒྱུ་ཡིན་འདུག

 

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་གཅིག་པུའི་འོག་ཏུ་ད་ཆར་གནམ་གྲུ་འབབ་ཐང་ཆེན་པོ་ ༤ ཙམ་བརྒྱབ་ཡོད་ཅིང་། གཞིས་རྩེ་གནམ་ཐང་རྒྱག་མུས་ཡིན་འདུག གནམ་ཐང་དེ་དག་ནི། ལྷ་སའི་གོང་དཀར་གནམ་གྲུ་འབབ་ཐང་དང་ཆབ་མདོ་སྤང་མདའ་གནམ་གྲུ་འབབ་ཐང༌། ཉིང་ཁྲིའི་སྨན་གླིང་གནམ་གྲུ་འབབ་ཐང༌། མངའ་རིས་དགུན་ས་གནམ་གྲུ་འབབ་ཐང༌བཅས་ཡིན་ཞིང་། གཞིས་ཀ་རྩེའི་ཞི་བདེའི་གནམ་གྲུ་འབབ་ཐང་ཐད། རྒྱ་སྐོར་དུང་ཕྱུར་ ༤༨༩ ཙམ་བཏང་སྟེ་འཛུགས་སྐྲུན་ལས་གཞི་སྒྲུབ་མུས་ཡིན་ཞིང་། ད་ལོའི་ཕྱི་ཟླ་ ༡༠ ཡས་མས་ནང་ཡོངས་སུ་འགྲུབ་རྒྱུ་ཡིན་འདུག 

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། 

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

མཆན། 11

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་ནང་ལ་བོད་ཀྱི་སྒོ་་ཕྱུགས་ལས་རྒྱ་རིགས་མང་བ་མི་ཡོང་བའི་སྨོན་འདུན་ཞུ།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    མངའ་རིའི་འབྲོག་ས་དེ་རུ་ལུག་ལས་རྒྱ་མི་མང་བའི་དུས་ལ་སླེབ་བཞིན་འདུག
    འབྲོག་པ་རྣམས་རྒྱ་མའི་ལག་གཡོག་ཏུ་གྱུར་དུས་ཡོད་ཚད་ཚ་བ་རེད།

    Reply
  3. སྣེ་མོ་བསྟན་དར། says:
    ལོ་ 16 སྔོན།

    མངའ་རིས་གནམ་ཐང་སྐྲུན་དེ་ས་གནས་མི་དམངས་ལ་འཚོ་བའི་ལམ་བུ་གསར་པ་ཞིག་འཚོལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

    Reply
  4. གངས་རླུང་། says:
    ལོ་ 16 སྔོན།

    ཕྱི་ཡར་རྒྱས་གྱི་ངོ་བོ། ནང་གཏོར་རླག་གི་རྩ་བ།

    Reply
  5. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    སྣང་ཚུལ་འདི་རིགས་དུས་རབས་ཀྱི་འགྱུར་བ་ཡང་ཡིན། བོད་ལ་མི་ཕན་ཞེས་བཤད་དཀའ། གཙོ་བོ་རྒྱ་རིགས་གཏན་སྡོད་མི་ཐུབ་པའི་ཆོ་ག་རེ་མ་ཆད་པ་དགོས།

    Reply
  6. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 16 སྔོན།

    རྒྱ་རིགས་དུ་མ་ཞིག་ཡོང་རྒྱུར་སྐྲག་ནས་དགོས་ངེས་ཀྱི་འཛུགས་སྐྲུན་ལའང་ངོ་རྒོལ་བྱེད་ཀྱིན་པ་ནི་ཅུང་ཙམ་ནོར་བ་རེད། དུས་རབས་གང་མཚམས་སུ་སླེབས་ཡོད་ང་ཚོའི་སེམས་ལ་ལྷམ་མེར་གསལ། གནམ་ཐང་མེད་པའི་ཁ་སང་ནས་སེང་གེ་གྲོང་ཁྱེར་ལྟ་བུར་མཚོན་ན་ས་བབ་དང་ཁྲོམ་ས་ལེགས་པ་ཚང་མ་རྒྱ་རིགས་ཀྱི་ལག་ཏུ་ཡོད། གྲོང་ཁྱེར་གྱི་མི་གྲངས་ཀྱི་ཆ་ནས་བསམས་ན་ཡང་སྦད་དེ་གྲངས་ཉུང་མི་རིགས་སུ་གྱུར་ཟིན་མེད་ཀྱང་བརྒྱ་ཆ་ཞེ་བདུན་ནི་རྒྱ་རིགས་རང་རེད། གང་ལྟར་གནམ་ཐང་ཡོད་མེད་ལ་མ་བལྟོས་པར་གནས་བབ་དེ་མུར་ལུས་པ་ཡིན་ན་རྒྱ་རིགས་ཡོང་སའི་ལམ་ཁ་ལ་ཚད་བཀག་གཏན་ནས་མེད། གནམ་ཐང་ལེགས་པོ་ཞིག་ཕོག་པ་ཡིན་ནའང་དུས་རབས་དང་འཚམས་པའི་ཡར་རྒྱས་རེད། དེ་པོ་རེད། དེ་ལ་ངོ་རྒོལ་མ་གནང་རོགས་ཞུ།

    Reply
  7. ཞེ་འདང་མཚོ། says:
    ལོ་ 16 སྔོན།

    རྒྱ་རིག་ན་རྒྱུད་པ་འདར་གི།
    རྒྱུ་རིག་ན་ཧམ་པ་ལང་གི།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བོད་ཆུ་རྒྱ་ལ་བཞུར་བཞུར།།
    རྒྱ་མི་བོད་དུ་སྦོས་པ།།
    བོད་ཀྱི་ཆུ་བོ་མ་ཆད།།
    རྒྱ་སྤོར་མཚམས་མི་མེད་འདྲ།།

    ད་རྒྱ་རིགས་མང་པོ་མངའ་རིས་སུ་གནས་བཅའ་མགོ་འཛུགས་རྒྱུ་རེད་ཡ། བོད་ཡུལ་རྒྱ་ཡུལ་དུ་མ་བསྒྲུར་བར་དུ་ས་ཚོ་ས་མཐའ་འདི་ནས་འདུག་དགོས་རྒྱུ་རེད། འདི་རྒྱུ་ནག་གིས་དགོས་མཁ་དང་དམིགས་ཡུལ་ཡིན་ལ། ང་ཚོས་ཀྱང་རྒྱ་ནག་གིས་རང་དགར་མཚམས་འཇོག་གམ་འགྱུར་བ་ཞིག་ལ་རེ་ཞིང་སྒུག་ནས་འདུག་རྒྱུ་ལས་ཅི་ཡང་འཇོན་རྒྱུ་མ་རེད་ཡ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་རྒྱའི་ཆབ་སྲིད་པ་ཚོས་གནམ་ཐང་འདི་ང་ཚོ་བོད་རིགས་དང་རྒྱ་རིགས་གཉིས་ཀའི་ཡིན་སྙམ་པ་དང་པེ་ཅིང་གཞུང་དེ་ཡང་བོད་རིགས་ཀྱི་གཞུང་ཚད་ལྡན་ཅིག་རེད་སྙམ་པའི་འཁོར་ཡུག་ཅིག་གང་མགྱོགས་བསྐྲུན་དགོས་མི་འདུག་གམ།

    Reply
  10. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ངོ་མ་ཡག་པོ་རེད། ཡིན་ན་ཡང་རྒྱ་མི་ཟེར་བ་དེ་ཕྱི་ཡི་སྤྱོད་ལམ་དང་ནང་གི་བསམ་བློ་གཉིས་མི་འདྲ་ངོ་མ་རེད། ཕྱིའི་འཛུགས་སྐྲུན་དེ་དག་རྒྱ་ཁབ་གཞན་པ་ལ་ངོ་ཚ་མི་དགོས་པའི་ཕྱིར་དུ་ཡིན་པ་འདྲ།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    དགོས་ངེས་ཞིག་རེད་
    རྟེན་འབྲེལ་ཞུས་ན་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese