མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་གི་འགན་དང་བཀའ་ཁྲི། བྱམས་པ་དབང་ཆེན

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཨེ་ཤི་ཡ་ཡི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་བར་ཏུ་གནས་པའི་གངས་ཅན་བོད་ཀྱི་རྒྱལ་ཁབ་དེ་ཉིད་རྒྱ་དམར་པོས་བཙན་བཟུང་བྱས་ནས་ད་བར་མི་ལོ་ལྔ་བཅུ་ལྷག་ཕྱིན་ཏེ། ད་བར་རྒྱ་དམར་གྱི་བཙན་འོག་ཏུ་བཟོད་དཀའ་བའི་སྡུག་བསྔལ་སྣ་ཚོགས་དངོས་སུ་མྱངས་དང་མྱོང་བཞིན་པའི་བོད་ཕྱི་ནང་གཉིས་སུ་ཡོད་པའི་རྒྱལ་ཞེན་སྙིང་སྟོབས་ཅན་གྱི་རྒན་རབས་མི་ཐོག་གཅིག་རྫོགས་ལ་ཉེར་བའི་དུས་སུ་སླེབས་ཀྱང༌། ད་དུང་བོད་རྒྱལ་ཁབ་ཀྱི་རང་དབང་སླར་གསོ་ཐུབ་མིན་ནི་འཆི་གསོན་ཐག་མ་ཆད་པའི་བ་རྒན་ནད་པ་བཞིན་གནས་ཡོད། འབྱུང་འགྱུར་མི་ལོ་ལྔ་འམ་བཅུའི་ནང་ཚུན་རང་དབང་སླར་གསོ་མ་ཐུབ་པ་ཡིན་ན་བོད་ཏུ་ཡོད་པའི་བོད་མི་རྣམས་འཛམ་གླིང་གི་མི་འབོར་ཆེ་ཤོས་ཀྱི་རྒྱ་ནག་མི་རིགས་ནང་ཐིམ་ཉེན་དང༌། རྒྱ་གར་དང་ཕྱི་གླིང་ནང་ཡོད་པའི་བོད་མི་རྣམས་གནས་ཚང་གི་རྒྱལ་ཁབ་དེ་དང་དེའི་མི་རིགས་ནང་དུ་ཐིམ་སྟེ་བོད་ཅེས་པའི་མིང་ཙམ་ཡང་ལྷག་མེད་དུ་འགྱུར་མི་སྲིད་པ་མིན་པས། གཞིས་བྱེས་བོད་རིགས་ཡོངས་རྫོགས་ཀྱིས་སྔར་ལྷག་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་དམིགས་ཡུལ་གཅིག་སྒྲུབ་བྱེད་ཀྱི་ཐབས་ལམ་གཅིག་ཉིད་ཐོག་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་དགོས་པ་མཐོང༌། དེ་ཡང་འབྱུང་འགྱུར་གྱི་བཀའ་ཤག་གི་བཀའ་བློན་ཁྲི་བའི་འོས་གཞིའི་མི་འགྲོ་དེ་ཉིད་མ་ནོར་བ་ཞིག་བདམ་རྒྱུ་གལ་ཆེ་ལ་བརྟེན་དེའི་སྐོར་གནས་དོན་གལ་ཆེ་བ་འགའ་ཞིག་བརྗོད་ན། ཐོག་མར་མི་མང་གི་སེམས་ལ་ངེས་དགོས་པ་འགའ་ཤས་ཡོད་པ་ལས།

༡༽ བཀའ་བློན་ཁྲི་བའི་ལས་ཀའི་ངོ་བོ་དང་ལས་འགན་གལ་ཆེ་ཆུང་ཇི་ཙམ་ཡིན་མིན་ཤེས་དགོས་པ།

༢༽ བཀའ་བློན་ཁྲི་བའི་འོས་གཞིའི་མི་འགྲོ་དེ་ཉིད་སྐྱ་སེར་ཕོ་མོ་དང༌། ཆོལ་ཁ་དང་ཆོས་ལུགས་ལ་མ་རྟོན་པ་སློབ་སྦྱོང་དང༌། ཉམས་མྱོང༌། ལྷག་བསམ། དྲང་བདེན་ཡོད་མེད་ལ་རྟོན་དགོས་པ། ༣༽ མ་འོངས་བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའམ་དབུ་མའི་ལམ་སོགས་གང་གི་ཐོག་འགྲོ་རྒྱུ་ཡིན་མིན་སེམས་ལ་ངེས་དགོས་པ།

༤༽ ད་ལྟའི་བཀའ་ཤག་གིས་འཆར་གཞི་བཀོད་དེ་བང་རིམ་སྒྲིག་བཞག་པའི་ལས་ཀ་རྣམས་མཇུག་མཐུད་དེ་འགྲོ་རྒྱུ་ཡིན་ནམ་དེ་ལས་གཞན་ཞིག་བྱ་རྒྱུ་ཡིན་མིན་སོགས་མི་མང་གི་ཁོངས་སུ་ཆུད་པ་ཞིག་དགོས། བཀའ་བློན་ཁྲི་བའི་འོས་འགྲོའི་མི་དེར་གཤམ་གསལ་ཁྱད་ཆོས་རྣམས་ཚང་བ་འདུག་མི་འདུག་བརྟགས་དགོས།

༡༽ ྋགོང་ས་མཆོག་ནས་བོད་གཞུང་གི་དབུ་འཁྲིད་གནང་བའི་རིང་བཀའ་བློན་ཁྲི་བ་དེར་ཤེས་ཡོན་ཅན་ཡིན་པ་ཙམ་གྱི་མི་ཆོག་པ་མི་དེའི་ལྟ་གྲུབ་དང་ད་ལྟའི་སྐྱབས་བཅོལ་བོད་གཞུང་གི་ཡང་དག་པའི་སྲིད་བྱུས་ཀྱི་ལངས་ཕྱོགས་དང་འགལ་བ་མེད་པ་ཞིག་དགོས།

༢༽ བོད་དོན་འཐབ་རྩོད་ཀྱི་ངོ་བོ་དང་ཐབས་ལམ་ལ་འགྱུར་བ་མེད་པ་དབུ་མའི་ལམ་དང་འཚེ་བ་མེད་པའི་ཐོག་གནས་དགོས།

༣༽ དེ་དག་དང་འབྲེལ་བའི་ཤེས་ཡོན་ཉམས་མྱོང་ལྟ་གྲུབ་དང་བཅས་པ་ཡོངས་རྫོགས་ཚང་དགོས་པ་བཅས་ཡིན། གལ་ཏེ་དེ་དག་མ་ཚང་པ་ཙམ་མ་ཟད། དབུ་མའི་ལམ་དང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཕྱོགས་འགལ་བྱེད་མཁན་ལྟ་བུ་འབྱུང་མི་སྲིད་པ་མིན་པས་དེ་ལྟར་བྱུང་བ་ཡིན་ན་ད་ལྟའི་བཀའ་ཤག་ནས་མི་ལོ་བཅུའི་རིང་འཛེམས་ཟོན་མེད་པའི་སྒོ་ནས་ལེགས་བཅོས་དང་གསར་གཏོད་བྱས་པའི་ཡང་དག་པའི་ཁྲིམས་སྒྲིག་དང་ལམ་ལུགས། དེ་བཞིན་དཔལ་འབྱོར་དང་བཅས་པ་ཆ་ཚང་ཆུད་བཟོས་སུ་འགྲོ་རྒྱུ་མ་ཟད་བོད་ཅེས་པའི་མིང་ཙམ་ཡང་ལྷག་མེད་ཏུ་འགྱུར་ཉེན་ཆེ་བས་ཚང་མས་གཟབ་དགོས༌། དེང་རབས་ཀྱི་ལམ་ལུགས་ལྟར་བྱས་ན་ལས་ཀ་གང་འདྲ་ཞིག་ཡིན་ཡང་ཐོག་མའི་གཞི་འཛིན་ས་དེ་ཤེས་ཚད་དང༌། དེ་ནས་ལས་ཀའི་ངོ་བོ་དང་འབྲེལ་བའི་ཉམས་མྱོང་ཇི་ཙམ་ཡོད་མེད་བཅས་ལ་ངོས་འཛིན་བྱེད་སྲོལ་ཡོད་པ་བཞིན། ང་རང་ཚོ་ཡང་དེ་དག་ལས་མ་འདས་པ་ཞིག་གི་ཐོག་ནས་བཀའ་བློན་ཁྲི་བའི་འོས་འདེམས་གནང་ན་ལེགས་པ་ཡིན། དཔེར་ན་ཉེར་ཆར་གཏན་སློབ་ཁག་གི་རེག་ཊར་ས་མིག་གསལ་བསྒྲགས་ནང་རེག་ཊར་གྱི་དགོས་ངེས་ཆ་རྐྱེན་འདོན་སྐབས་ཉུང་མཐར་འཛིན་སྐྱོང་གི་ཉམས་མྱོང་ལོ་བདུན་ཡོད་པ་ཞེས་བཀོད་འདུག་པ་ལྟར་ན། བོད་རྒྱལ་ཁབ་ཀྱི་བཀའ་བློན་ཁྲི་བའི་ལས་འགན་འཛིན་པར་ཤེས་ཡོན་ཚད་ལྡན་ཐོག་འཛིན་སྐྱོང་གི་ཉམས་མྱོང་དེ་ལས་མ་མང་ཡང་མི་ཉུང་བ་ཞིག་ལྡན་དགོས་པ་ནི་སྨྲོས་མེད་རེད། དེང་གི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་དང༌། ད་ལྟའི་རྒྱ་བོད་དབར་གྱི་འབྲེལ་བ། བོད་ཕྱི་ནང་གཉིས་ཀྱི་ཛ་དྲག་གི་གནས་སྟངས་བཅས་གང་ལ་བལྟས་ཀྱང་བོད་མི་ཡོངས་ནས་མ་འོངས་པའི་བཀའ་བློན་ཁྲི་བ་འདིའི་ཐོག་དམིགས་བསལ་ཡིད་གཟབ་ཅིག་བྱེད་དགོས་པའི་དུས་ལ་བབ་འདུག་སྙམ། ད་བར་བོད་ཅེས་པའི་མིང་དེ་འཛམ་གླིང་འདིའི་སྟེང་དུ་མཐོང་ཐོས་སུ་ཡོད་པ་འདི་དང༌། ཚོགས་སྐྱིད་ཁག་དང༌། དགོན་སྡེ་གྲྭ་ཚང་ཁག མཐའ་ན་ཁྱིམ་གཞིས་ཚུན་ཆད་མི་ལོ་ལྔ་བཅུ་ཙམ་གྱི་རིང་རང་དབང་ཐོག་བློ་བདེ་བག་ཡངས་ངང་སྡོད་རྒྱུ་བྱུང་བ་འདི་ནི་ྋགོང་ས་སྐྱབས་མགོན་ྋརྒྱལ་བ་རིན་པོ་ཆེ་ཁོང་ཉིད་ཀྱི་མཛད་འཕྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་མ་གཏོགས་གཞན་སུ་གང་གིས་འཇོན་པོ་དང་རྒོད་པོ་བྱས་ནས་བྱུང་བ་མིན། མ་འོངས་པ་ཡང་བོད་ཅེས་པའི་མིང་དེ་འཚོ་གནས་དགོས་ཀྱི་ཡོད་ན་ྋགོང་ས་ྋརྒྱལ་བ་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་བཀའ་སློབ་ལམ་སྟོན་དང་དགོངས་གཞི་དགོས་པ་གང་ཡིན་ཆད་ལྷག་མེད་པ་གཅིག་ནས་གཉིས་བར་ཆ་ཚང་ཡིད་གཉིས་མེད་པར་ལག་བསྟར་བྱེད་ཐུབ་ན་ད་གཟོད་མགོ་ནག་བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་རྒྱུ་ཡིན་པ་སོམ་ཉི་དགོས་དོན་མ་མཆིས། མདོར་ན་གོང་དུ་གསལ་བར་ལྟར་ད་ལྟའི་བཀའ་ཤག་གིས་འཆར་གཞི་བཀོད་དེ་བང་རིམ་སྒྲིག་བཞག་པའི་ལས་དོན་རྣམས་ཀྱི་མཇུག་མཐུད་པའི་ཐོག ྋ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་རྣམས་མ་ནོར་མ་འཁྲུལ་བར་ཤེས་རྟོགས་ཐུབ་པ་ད་ལྟའི་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཁོང་ལྟ་བུ་ཞིག་བཀའ་བློན་དུ་བདམ་དགོས་པ་ནི་སྐྱབས་བཅོལ་བོད་མི་རྣམས་ལ་ཁུར་དུ་བབ་པའི་ལས་འགན་དེ་རེད། ཁོང་ལྟ་བུའི་མཁས་དབང་རང་དོན་བློས་གཏོང་ཐུབ་མཁན་གྱི་གང་ཟག་ཁྱད་པར་ཅན་ཞིག་ཤིན་ཏུ་དཀོན་པ་ལྟ་བུ་སྣང་ཡང་ྋགོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་ད་ལྟའི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་དང་འཚེ་བ་མེད་པའི་ཐོག་བོད་དོན་བདེན་མཐའ་སེལ་ཐབས་དང༌། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་རྒྱུ། སྐུ་ཚབ་འབྲེལ་མཐུད་གཏང་རྒྱུ༌། བཙན་བྱོལ་ནང་གི་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་ཁག་ལག་བསྟར་གནང་རྒྱུ། གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་སྒྲུབ་རྒྱུར་ཡིད་གཉིས་ཐེ་ཚོམ་མེད་པའི་སྒོ་ནས་བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པའི་སྙིང་སྟོབས་ལྡན་པ། དྲང་བདེན་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་གང་ཟག་ཤེས་མྱོང་ཅན་མི་ཉུང་བ་ཞིག་ཡོད་པ་ལས། མི་མང་གི་མཁྱེན་རྟོགས་སླད་དེ་དག་གི་ལོ་རྒྱུས་སྙིང་བསྡུས་རེ་ངོ་སྤྲོད་ཞུ་ན།

ཀ༽ སྐུ་ངོ་བཀྲིས་དབང་འདུས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
ཁོང་གི་གཞི་རྩའི་སློབ་སྦྱོང་བོད་དུ་གནང་ཞིང༌། བཙན་བྱོལ་དུ་འབྱོར་ནས་མ་སུ་རི་བོད་གཞུང་གཏན་སློབ་ནང་སློབ་སྦྱོང་གནང་པ་དང༌། དེ་རྗེས་མཐོ་རིམ་ཤེས་ཡོན་ཝིན་བྷརྒ་ཨེ་ལེན་ནས་ཐོན། སློབ་ཐོན་རྗེས་བོད་གཞུང་གི་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ནང་སྲིད་དང་ཤེས་རིག་ལས་ཁུངས་སུ་ཕྱག་ལས་གནང༌། ༡༩༦༨ ལོར་ཨིན་ལེན་དུ་ཆེས་མཐོའི་སློབ་སྦྱོང་དོན་དུ་ཕེབས་ཏེ་ ༡༩༧༣ ལོར་བྷི་རི་སེ་ཊེལ་མཐོ་སློབ་ནས་སློབ་ཐོན་བྱུང་ ༡༩༧༤ ལོར་སླར་ཡང་བོད་གཞུང་གི་ཞབས་ཞུའི་ཆེད་ཕྱིར་ལོག་གནང་སྟེ་གཞུང་ཞབས་སུ་ཞུགས་ཤིང་བཀའ་བློན་དུ་བསྐོ་གཞག་དང༌། དེ་རྗེས་ལྡི་ལི་དོན་ཁང་གི་དོན་གཅོད་ལོ་མང་གནང༌། དེ་ནས་ཕྱི་དྲིལ་བཀའ་བློན་དང༌། ནང་སྲིད་ཤེས་རིག་དང་ཆོས་དོན་བཀའ་བློན་གནང་ཡོད། བཀའ་ཤག་སྐབས་བཅུ་གཅིག་པ་བར་བཀའ་ཤག་སྐབས་འགའ་བཀའ་བློན་གནང༌། དེ་ནས་སླར་ཡང་ལྡི་ལིར་བོད་གཞུང་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང༌། དེ་རྗེས་ཨ་རི་སྐུ་ཚབ་དོན་གཅོད་དུ་བཏང་པ་གནང་བ་དང༌། ད་ལྟ་བྷ་ར་ཛིལ་དུ་སྐུ་ཚབ་དོན་གཅོད་གནང་བཞིན་པ་བཅས་མདོར་ན་སྐུ་ཚེ་ཧྲིལ་པོ་ད་ལྟའི་བར་ལྷག་བསམ་གཡོ་བ་མེད་པའི་སྒོ་ནས་གཞུང་གི་ཞབས་ཞུ་སྒྲུབ་བཞིན་པ་བཅས་སོ།

ཁ༽ སྐུ་ངོ་ཐུབ་བསྟན་ལུང་རིག་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
ཨ་མདོ་རེབ་གོང་ཡབ་བསྟན་འཛིན་སྐལ་བཟང་དང༌། ཡུམ་སྐལ་བཟང་སྐྱིད་གཉིས་ཀྱི་རིགས་ཀྱི་མྱུ་གུར་ ༡༩༥༧ ལོར་སྐྱེས། ༡༩༥༩ ལོར་བོད་དུ་དུས་འགྱུར་མི་ཟད་པ་བྱུང་སྐབས་བཙན་བྱོལ་དུ་འབྱོར་ཏེ་ ༡༩༦༣ ལོར་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཐུགས་རྗེ་བཀྲིན་ལས་ཌལ་ཧོར་གཏན་སློབ་ཏུ་གཞི་རིམ་བར་མའི་བར་སློབ་སྦྱོང་བྱས༌། ༡༩༧༢ ལོར་ཝར་ཎ་མཐོ་སློབ་ཏུ་འཛུལ་ཞུགས་ཀྱིས་ཨ་ཙཱརྱ་བར་སློབ་སྦྱོང་བྱས་ཤིང༌། ༡༩༨༡ ལོར་སློབ་མཐར་ཕྱིན་ཏེ་རྡ་ས་་བོད་ཁྱིམ་སློབ་གྲྭར་དགེ་རྒན་གྱི་ལས་འགན་ཞབས་ཞུ་སྒྲུབ་བཞིན་པར། ༡༩༨༥ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འོག་ཝར་ཎ་མཐོ་སློབ་ཏུ་སླར་ཡང་ལོ་གཅིག་གི་དགེ་རྒན་འོས་སྦྱོང་དང༌། དེ་རྗེས་ཤེས་རིག་ལས་ཁུངས་ནས་རྡ་ས་བོད་ཁྱིམ་གྱི་དགེ་རྒན་དུ་རང་འཇགས་བཏང་བ་གནང་སྟེ་ ༡༩༩༢ བར་དགེ་རྒན་གྱི་ཞབས་ཞུས་རྗེས། ༡༩༩༣ ལོར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་བཏང་ཞིང་རིམ་པས་སློབ་གྲྭའི་འགན་འཛིན་གཅིག་ལྕོགས་བསྐོ་གཞག་གནང༌། ༡༩༩༦ ལོར་ཟླ་ ༥ ཚེས་ ༨ འཁོད་པའི་ྋ་གོང་ས་སྐྱབས་མགོན་ཆེན་པོས་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་སུ་ཐད་བསྐོའི་བཀའ་ཡིག་གནང་སྟེ་སྤྱི་འཐུས་སུ་ཞུགས་ཤིང༌། སྤྱི་འཐུས་རྣམ་པས་སྤྱི་མོས་ཀྱིས་ཚོགས་གཙོ་གཞོན་པར་འོས་འདེམས་ཀྱིས་ཚོགས་གཙོ་གཞོན་པར་བསྐོ་གཞག་བྱུང་སྟེ་སྤྱི་འཐུས་དུས་ཡུན་ལོ་ལྔའི་རིང་ཚོགས་གཙོ་གཞོན་པའི་འགན་གཞེས་ཐོག བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་རྙིང་པ་བསྡུས་ཏེ་གསར་བཟོ་ཟིན་བྲིས་ཚོགས་ཆུང་དང་དེའི་ཚོགས་གཙོ་བསྐོ་གཞག་བཞིན་འོས་བསྡུའི་ཟིན་བྲིས་གཏན་འབེབས་ཀྱི་གྲོས་ཚོགས་སུ་ཕུལ། ཕྱི་ལོ་ ༢༠༠༠ ལོར་སྐབས་བཅུ་གཉིས་པའི་སྤྱི་འཐུས་ཀྱི་ལས་ཡུན་རྫོགས་རྗེས་སླར་ཡང་སྐབས་བཅུ་གསུམ་པའི་སྤྱི་འཐུས་ནང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་དང༌། སྤྱི་འཐུས་རྣམས་པས་སྤྱི་འཐུས་ཀྱི་ཚོགས་གཙོར་མང་མོས་ཀྱིས་བདམས་ཤིང་སྤྱི་འཐུས་ཚོགས་གཙོ་ཡིན་མུས་སུ་རྒྱ་ཆེའི་མང་ཚོགས་ནས་བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་བས་གྲོས་ཚོགས་སུ་བཀའ་བློན་གྱི་མི་འགྲོར་མིང་འདོན་ལོ་རྒྱུས་བཏང་བར་གྲོས་ཚོགས་ནས་སྤྱི་མོས་བྱུང་སྟེ་བཀའ་བློན་དུ་བསྐོ་གཞག་དང༌། བཀའ་ཤག་ཏུ་ཆོས་རིག་ལས་ཁུངས་དང༌། ཤེས་རིག་ལས་ཁུངས་གཉིས་ཀྱི་བཀའ་བློན་གྱི་འགན་སྤྲད། དེ་ནས་རིམ་པས་ཤེས་རིག་རང་འཇགས་དང༌། དེའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་གྱི་ལས་འགན་བསྐུར། བཀའ་ཤག་སྐབས་གཉིས་པའི་ལས་ཡུན་རྫོགས་རྗེས་སླར་ཡང་སྐབས་བཅུ་གསུམ་པའི་བཀའ་ཤག་གིས་བཀའ་བློན་ཁྲི་པས་གྲོས་ཚོགས་ཚོགས་དུས་བཅུ་བཞི་པའི་ཐོག་བཀའ་བློན་མི་འགྲོར་མིང་ལོ་རྒྱུས་བཅས་བཏང་ཞིང༌། སྤྱི་མའཐུས་ལྷན་ཚོགས་སུ་མང་མོས་ཀྱིས་འདེམས་ཐོན་བྱུང་བས་བཀའ་བློན་དུ་བསྐོ་གཞག་དང༌། ཤེས་རིག་བཀའ་བློན་གྱི་ལས་འགན་བཀོད་སྒྲིག་བྱས་པ་བཅས་ད་ལྟ་བཀའ་བློན་གྱི་འགན་བྱེད་མུས་ཡིན་པ་བཅས་སོ། ༡༽ བཀའ་བློན་རིང་ཤེས་རིག་ཚོགས་ཆེན་ཐེངས་ ༣ པའི་རྗེས་ལོ་ ༡༥ རིང་ཚོགས་ཆེན་ཚོགས་མ་ཐུབ་པ་ཛ་དྲག་ཏུ་བརྩིས་ཏེ་ ༢༠༠༢ ལོར་བོད་སློབ་ཁག་གི་སློབ་སྤྱི་དང་འགན་འཛིན་དགེ་རྒན་བཅས་པ་ ༤༠༠ ཙམ་འདུས་པའི་ཚོགས་ཆེན་བཞི་པ་བསྡུ་བསྐོང་བྱས་ཤིང་སྐབས་དེར། རེ་བསྐུལ་གྱི་བསམ་ཤོག་འབྲི་བ་པོ་བདག་ཀྱང་པ་ཀུལ་བོད་ཁྱིམ་སློབ་གྲྭའི་ཆོས་དགེའི་མིང་ཐོག་ཚོགས་ཞུགས་ཞུས། ༢༽ ཚོགས་ཆེན་ཐོག་གཙོ་བོ་དེང་སྐབས་ན་གཞོན་ཚོའི་ཤེས་ཚད་ཇེ་ཞེན་དུ་འགྲོ་བཞིན་པ་ལྷག་པར་བོད་ཀྱི་སྐད་ཡིག་ཉམས་ཤིང་ཡོད་པའི་ཐོག་བགྲོ་གླེང་ཤུགས་ཆེ་དང༌། དེའི་རྒྱུ་རྐྱེན་གང་ལ་ཐུག་པ་ཞིབ་པར་ ༣༽ ༡༩༩༡ ལོར་སྐབས་ ༡༡ པའི་བོད་མི་མང་སྤྱི་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་པའི་སྐབས་སུ་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དང༌། ༼ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏིང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་༽ ཞེས་གསལ་ཡོད་ཀྱང༌། ལག་ལེན་དུ་མ་འཁེལ་བར་གནས་པ་ཤེས་རིག་ཚོགས་ཆེན་བཞི་པའི་ཐོག་དགོས་གལ་ཡོད་མེད་ཀྱི་ཞིབ་ཅིང་ཕྲ་བའི་བགྲོ་གླེང་མཐིལ་ཕྱིན་གནང་བ་བརྒྱུད་ངེས་པར་དགོས་པའི་སྤྱི་མོས་ཐོག་གྲོས་ཆེད་བཞག་པ་ནས་བཀའ་ཤག་གི་ལམ་སྟོན་འོག་སྲིད་བྱུས་གཏན་འབེབས་དང༌། ད་ཆ་བོད་སློབ་སམ་བྷོ་ཊའི་ཁྱབ་ཁོངས་ཡོངས་སུ་ལག་བསྟར་ཐུབ་པ། ལྷག་པར་དུ་སྲིད་བྱུས་དགོངས་དོན་ཇི་བཞིན་ལག་བསྟར་ཆེད་མེས་དབོན་དཔེ་སྟོན་གཙུག་སློབ་ཁང་བྱ་བ་གསར་དུ་སྒོ་ཕྱེ་བ། དེ་ཡང་དེང་གི་ཆར་སྤྱི་ཚོགས་ཕ་མ་བཅས་པའི་བསྔགས་བརྗོད་བྱེད་བཞིན་པའི་གནས་སྟངས་སུ་ཡོད། ༤༽ སྲིད་བྱུས་དེའི་ལག་བསྟར་ཇི་བཞིན་ཡོང་ཆེད་དེའི་དགོངས་དོན་གྱི་དགེ་རྒན་འོས་སྦྱོང་དང༌། དེ་ཡང་སློབ་གྲྭ་ཡོངས་རྫོགས་༼གཞུངདང༌། སྤྱི། སྒེར།༽ ཀྱི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་གོ་རྟོགས་སྤེལ་བའི་ཟབ་སྦྱོང་མ་ཆད་པ་ཕུལ་ཟིན། མདོར་ན་སྐུ་ངོ་ཐུབ་བསྟན་ལུང་རིག་ལགས་ནི་ཌལ་ཧོར་གཏན་སློབ་ནས་ཝ་ཎ་མཐོ་སློབ་དང༌། དེ་ནས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནས་ད་ལྟ་ཤེས་རིག་བཀའ་བློན་གནང་བཞིན་པ་འདིའི་བར་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོངས་རིན་པོ་ཆེ་མཆོག་དང་ལོ་མང་རིང་མཉམ་ལས་་བྱས་པའི་ཉམས་མྱོང་དང་དགེ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་བཅས་སོ།

ག༽ སྐུ་ངོ་བློ་བཟང་སྙན་གྲགས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
ཁོང་ནི་སྤྱི་ལོ་༡༩༦༥ ལོར་ཀ་ལིམ་པོང་དུ་འཁྲུངས། གཞི་རིམ་སློབ་སྦྱོང་ཧར་བཌ་སྤུར་སློབ་གྲྭ་ནས་ཐོན་ཏེ། ཅན་རྡི་གར་པཎ་ཇབ་མཐོ་སློབ་ཁང་དུ་མཐོ་རིམ་གྱི་སློབ་སྦྱོང་སྲིད་དོན་དང་དཔལ་འབྱོར་རིགས་པའི་ཐོག་གནང་ ༡༩༩༩ ནས་ ༡༩༩༥ བར་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུག་ཆེ་དང་གཞན་ལས་འགན་ཡང་གནང༌། ༡༩༦༦ ལོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟིང་གནས་ཁང་གི་འགན་འཛིན་དང༌། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་པའི་འགན་འཁུར་བླང༌། བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པར་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དང༌། དེ་རྗེས་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པ་མཆོག་ནས་བཀའ་བློན་གྱི་མི་མགྲོར་གྲོས་ཚོགས་སུ་མིང་དང་ལོ་རྒྱུས་བཏང་བས་གྲོས་ཚོགས་ནས་སྤྱི་མོས་བྱུང་སྟེ་བཀའ་བློན་དུ་བསྐོ་གཞག་བྱུང་ཞིང༌། བཀའ་ཤག་ནས་འཕྲོད་བསྟོན་བཀའ་བློན་དུ་ལས་འགན་བཀོད་སྒྲིག་དང༌། རིམ་པས་ཕྱི་དྲིལ་དང་འཕྲོད་བསྟེན་གཅིག་ལྕོགས་ཀྱི་བཀའ་བློན་དུ་བསྐོ་གཞག་གནང་བ་དང༌། ད་ལྟ་ཨ་རི་བོད་ཀྱི་དོན་གཅོད་སྐུ་ཚབ་ཀྱི་ལས་འགན་ཞུ་བཞིན་པ་བཅས་དང༌། ༡ དཔལ་འབྱོར་བཀའ་བློན་གནང་བའི་རིང་གཞུང་གི་དཔལ་འབྱོར་སྡེ་ཚན་ཁག་གྱོང་གུད་དུ་འགྲོ་བཞིན་ཡོད་པ་སྒེར་བདག་ཅན་བསྒྱུར་རྒྱུའི་བཀའ་ཤག་གི་དགོངས་པ་ཇི་བཞིན་བསྒྱུར་ཏེ་གཞུང་གི་བང་མཛོད་ལ་ཉེན་ཁ་མེད་པའི་གནས་སྟངས་དུ་གྱུར། ༢ མང་ཚོགས་ཀྱི་དངུལ་ཕོན་ཆེ་གཞུང་གི་ཉར་ཡོད་པ་ཁྲིམས་མཐུན་མིན་པ་མ་ཟད། མ་འོངས་པར་མང་ཚོགས་ཀྱི་དངུལ་བཅོལ་ཕྱིར་སློག་མི་ཐུབ་པའི་གནས་སྟངས་གྱུར་ཉེན་ཡོད་པ་དེའི་གནས་ལས་གྲོལ་བར་བྱས་ཡོད་པ་བཅས་སོ༑ ཁོང་རྣམ་པ་གསུམ་ནི་ྋགོང་ས་མཆོག་གི་ལམ་སྟོན་བཀའ་སློབ་སྤྱི་དང་ཁྱད་པར་འཚེ་མེད་ཞི་བའི་སྒོ་ནས་དབུ་མའི་ལམ་གྱི་ཐོག་བོད་དོན་འཐབ་རྩོད་བྱེད་རྒྱུར་ཆོད་སེམས་དང་ཉམས་མྱོང་ཆེན་པོ་ཡོད་པ་རྒྱ་ཆེན་མང་ཚོགས་ནས་མ་མཁྱེན་པ་མི་སྲིད་ཀྱང༌། གལ་པོ་ཆེ་ལ་ནན་ཏན་དམ་པའི་ཆོས་ལ་རྒྱབ་རྩ་ཞེས་པའི་དཔེ་ལྟར་མི་མང་གི་མཁྱེན་རྟོགས་ཆེད་ནན་ཏན་གྱི་ཚུལ་དུ་ཁོང་གསུམ་གྱི་ལོ་རྒྱུས་སྙིང་བསྡུས་རེ་བརྗོད་པ་ཡིན་པས་རྒྱ་ཆེ་ལྷག་བསམ་གྱི་རབ་ཏུ་ཕྱུག་པ་བོད་མི་མང་ཚོགས་ཀྱི་ཐུགས་ལ་བབས་པར་འདུག་ན་མ་འོངས་པའི་བཀའ་བློན་ཁྲི་པའི་ལས་འགན་དེ་ཁོང་རྣམ་པ་གསུམ་ལས་གང་རུང་ཞིག་ལ་འབུལ་རྒྱུ་ནི་བན་རྒན་བདག་གི་རེ་བ་ཙམ་མ་ཟད་རེ་བསྐུལ་གསོལ་འདེབས་ཀྱང་ཞུ་རྒྱུ་ཡིན།

སྤྱི་ལོ་༢༠༡༠ ། ༧ ། ༢ ཉིན་གྲུབ་བའི་གནས་མཆོག་ཌལ་ཧོར་གནས་སྡོད་འབྲས་ཏྲེ་གུས་ཆུང་བྱམས་པ་དབང་ཆེན་ནས་ལྷག་བསམ་ཆེན་པོས་བྲིས།

འཛམ་གླིང་ཞི་བདེ་རྒྱས་གྱུར་ཅིག །

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 4

  1. རིག་འཛིན། says:
    ལོ་ 16 སྔོན།

    བཙན་འབྱོལ་གཞུང་གི་མི་སྣ་དྲགས་ཆེ་འགའི་ལོ་རྒྱུས་སྙིང་བསྡུས་རེ་བཀོད་གནང་བར་ཡིད་རངས་དང་བསྔགས་བརྗོད་སླད་མེད་ཡོད་ཞུ་རྒྱུ་དང་་་་་་་ད་དུང་མུ་མཐུད་དེ་མི་སྣ་ངོ་སྤྲོད་གང་མང་གནང་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་མཆིས།

    Reply
  2. མེ་ལྷ་ says:
    ལོ་ 16 སྔོན།

    དོན་སྙིང་ལྡན་པའི་ཟིན་བྲིས་རེ་སྤེལ་བ་དགའ་ཡོད་
    མི་ཁྱེད་འདྲ་བོ་དུས་བབ་ཟིན་བྲིས་སུ་ཉུང་མ་དྲགས་ན་
    མང་གཏན་ནས་མི་འདུག་མུ་མཐུད་དེ་ཟིན་བྲིས་འདི་དང་འདིར་
    འདྲ་མང་ཙམ་སྤེལ་རོགས་ཀྱིས།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    མི་སྣའི་ལོ་རྒྱུས་ཞིབ་འཇུག་བྱས་ནས་བཀོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་ཅིག་ཅིག་ཉིས་ཉིས་འདེམས་དགོས་ཟེར་ནས་བཀའ་གཏོང་མཁན་འདྲ་བོ་མང་པོ་འདུག་མོད་འདི་འདྲ་བྱས་ནས་ལོ་རྒྱུས་དང་བཅས་ངོ་སྤྲོད་བྱེད་མཁན་ཁྱེད་ཙམ་ལས་མཐོང་མ་སོང་།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བཀུར་འོས་རྣམ་དཔྱོད་ལྡན་པའི་རིག་པ་སྨྲ་བ་བྱམས་པ་དབང་ཆེན་ལགས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་བོད་མི་རིགས་ཀྱི་ལས་དབང་ལ་ཐུགས་བསམ་བཞེས་བཞིན་ཡོད་པར་དགའ་པོ་བྱུང་།
    ངས་གོ་ཐོས་བྱས་ན་སྐུ་ཉིད་ཀྱིས་བཙན་བྱོལ་ནང་དུ་སློབ་གྲྭ་ཞིག་ལ་སློབ་དགེ་གནང་གི་ཡོད་པ་གོ་བྱུང་།
    གང་ཡིན་ཡང་རྩོམ་ཞིག་བྲིས་པར་དགའ་པོ་བྱུང་། རྗེས་སུ་དུས་བབ་དྲ་ཐོག་ཏུ་བོད་མི་རིགས་ཀྱི་སྤྱི་དོན་གླེང་མོ་གནང་མཁན་ཕེབས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese