མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་ཚོར་སྣང་འདི་འདྲ་ཞིག་བྱིན་ཐལ། གཉའ་འབྲོང་ཐུ་བུ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ང་ནི་སྲིད་སྟེགས་ལ་མི་མོས་པའི་གྲྭ་རྐྱང་ཞིག་ཡིན་ལ། ཆེན་པོའི་ངོ་འཛིན་ལ་མི་དགའ་བའི་གཤིས་ཀྱོང་ཞིག་ཀྱང་ཡིན། ཡིན་ནའང་། ང་ལ་ང་ཡི་གཤིས་ཀ་ཡོད་ལ། ང་ལ་ང་ཡི་རྣམ་དཔྱོད་ཡོད། ང་རྒྱ་གར་དུ་བསླེབས་ནས་མི་ལོ་བཅུ་གཅིག་འགོར་སོང་མོད། ཡར་ཡོང་སྐབས་བལ་ཡུལ་སྣེ་ལེན་ཁང་སོགས་བརྒྱུད་ནས་ཐོ་འགོད་ཀྱི་རིམ་པ་དེ་མ་གཏོགས་རང་གཞུང་གི་ལས་ཁུངས་ཁག་ཏུ་སོང་མྱོང་མེད་ལ། འགྲོ་དོན་ཡང་མི་འདུག རྒྱུ་མཚན་ནི། ང་ལའང་ང་ཡི་འགན་འཁྲི་ཞིག་ཡོད་ལ། ང་ལའང་ང་ཡི་འདུག་སྟེགས་ཤིག་ཡོད།

ངས་འདི་ནས་དེ་རིང་གླེང་འདོད་པ་ནི་ཁ་སང་ང་ལ་ཚོར་བ་གསར་བ་ཞིག་དང་ཡིད་ཆད་ཐོལ་བ་ཞིག་བྱིན་སོང་བས་དེ་རིང་ངེས་པར་དུ་དེ་ཡིག་ཐོག་ཏུ་འགོད་རྒྱུ་ཡིན། ཁ་སང་ངའི་གྲོགས་པོ་ཞིག་དང་ངེད་གཉིས་སྦེལ་ཀོབ་གཞིས་གྲོང་དང་པོའི་རང་བདེན་ཚོགས་ཆུང་དུ་བཙན་བྱོལ་བོད་མིའི་དཔྱ་ཁྲལ་ལག་དེབ་སྦྱོང་དུ་སོང་བ་ཡིན། ངེད་གཉིས་ལས་ཁུངས་ཀྱི་ར་སྐོར་ནང་བསླེབས་དུས་སེར་སྐྱ་སྐོར་ཞིག་ཀྱང་བསླེབས་ནས་ལས་ཁུངས་ཀྱི་སྒོ་འགྲམ་ན་བསྒུགས་འདུག ལས་ཁུངས་ཀྱི་ཁོར་ཡུག་དང་། ལས་ཁུངས་ཀྱི་རྫ་ཁང་རྙིང་བ་ཞིག་རལ་དུ་གྱུར་བར་བལྟས་ན་བཙན་བྱོལ་གྱི་དགོན་པ་ཁག་དང་གཞིས་གྲོང་ཁག་གི་མི་སྒེར་གྱི་ཐོག་རྩེག་རྒྱས་སྤྲོས་ཅན་གྱི་གཞལ་མེད་ཁང་ས་ནས་གནམ་དུ་གཟེངས་པ་དག་དང་གཏན་ནས་མི་འདྲ་བར་ས་འོག་ཏུ་ཐུར་ལ་འཐིམ་གྱིན་པའི་ཡོད་པ་ལྟ ་བུའི་ཚོར་སྣང་ཞིག་བྱུང་། སྐབས་དེར་ཞོགས་པའི་ཆུ་ཚོད་ 9: 15 རེད། ད་དུང་ལས་ཁུངས་ཀྱི་སྒོ་ཕྱེ་མི་འདུག་ལ། ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག་པས་ང་ཚོ་ལས་ཁུངས་ཀྱི་སྒོ་འགྲམ་དུ་འཚང་ཁ་ཤིག་ཤིག་ངང་བསྡད་ཡོད། ང་ཚོའི་རྗེས་ནས་ཀྱང་སེར་སྐྱ་ཁ་ཤས་བསླེབས་སོང་བས་ད་ནི་ཕལ་ཆེར་མི་གྲངས་སུམ་ཅུ་ཙམ་ཡོད་ཚོད་རེད། མི་ཞིག་གིས་སྡིགས་མོའི་ཚུལ་དུ་འདི་ཚོར་ཡང་རྒྱ་གར་གྱི་ཤན་ཞུགས་ཡོད་པ་རེད། ཆུ་ཚོད་དགུ་ལབ་ན་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་མ་གཏོགས་ཡོང་གི་མ་རེད་ཟེར། རྒྱ་གར་གྱི་ཤན་ཞུགས་པ་ཡིན་མིན་མི་ཤེས་མོད། ངོ་མ་ཆུ་ཚོད་དགུ་དང་ཕྱེད་ཀ་ཡས་མས་ཤིག་ལ་གསར་བུ་གཟུགས་སྟོབས་ཆེ་བ། གདོང་མདོག་ནག་པ། རང་གཤིས་རྩུབ་པ། ཁོག་དཀར་ཞིག་ལོས་ཡིན་སྙམ་པ་ཞིག་ག་ལེར་ཡོང་ནས་སྒོ་ཕྱེ་བ་དང་ལྷན་ལས་ཀ་འགོ་བཙུགས་སོང་། ང་ཚོ་ཡང་ཕལ་ཆེར་དེ་གར་ཐོན་པའི་རིམ་པ་ལྟར་བང་བསྒྲིགས་པ་ཡིན་ལ། དེའི་རྗེས་ནས་ཡང་བསྐྱར་བགྲེས་སོང་ཅུང་ཟད་བལྟས་ཉམས་ཅན་ཞིག་དང་། རང་གི་ན་ཚོད་ལ་ཕངས་སེམས་ཀྱིས་ཉམ་ཐག་པར་གྱུར་བ་ལོས་ཡིན་སྙམ་པའི་རྒས་འཁོགས་གཉིས་བཅས་རིམ་གྱིས་བསླེབས་ཏེ་རང་རང་གི་འདུག་སྟེགས་སྟེང་བསྡད་སོང་། གསར་བུ་དེས་མིའི་གདོང་ལ་མི་ལྟ་བར་ངོ་གདོང་གནག་ནས་རེ་རེ་བཞིན་ཞིབ་གཤེར་བྱེད་ཀྱིན་སྒོར་མོ་ལེན་པ་དང་། ལག་དེབ་སྦྱོང་བ། རྩིས་རྒྱག་པ་ཟུར་ནས་ཞལ་འདེབས་སློང་བ་སོགས་ལས་ཀ་ལྗིད་ཏིག་ཏིག་གིས་ལས་ཀྱིན་འདུག ལས་ཀ་ཧ་ཅང་གོ་རིམ་ལྡན་ལ་རིག་པ་གསལ་བ། ལག་པ་མྱུར་བ་ཞིག་ཀྱང་རེད། སྐད་སྦོམ་ཞིང་འགྲགས་ལ་ཚིག་རྩུབ་ཀྱི་རྣམ་པ་ཞིག་ཡོད་ཀྱང་ཚིག་རྩུབ་རེད་ཟེར་ནའང་མི་འགྲིག་པས་སྐད་ཆ་དེའི་ཕུགས་ཀྱི་ཀུན་སློང་དེ་ཕལ་ཆེར་དཀར་བོ་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་བྱིན་ཐལ། ཨ་མ་ཞིག་གིས་དཔྱ་ཁྲལ་གྱི་སྒོར་མོ་ཕུལ་སོང་། སྐབས་དེར་འགྲགས་ཆ་ཅན་གྱི་སྐད་དེས་ཞལ་འདེབས་ཡོད་ན་གསུངས་རོགས་གནོངས། མེད། སྒོར་གཉིས་ཀྱང་མེད་དམ། སྐད་མགོ་ཅུང་མཐོ། མེད། སྐད་མགོ་ཧ་ཅང་དམའ། མི་རྣམས་ཅུང་དོག་མི་བདེ་བ་འདྲ་ཞིག་ཆགས་སོང་། སིལ་མ་ཡོད་དམ། མེད། སིལ་མ་སློག་རྒྱུ་མི་འདུག སྒོར་གཉིས་ཞལ་འདེབས་བྱས་ན། རེད། རེད། འོ་ཡ་དང་པོ་ཞལ་འདེབས་ཡོད་ལབ་ན་བློ་བདེ་བོ་ཡོང་། ངོ་གདོང་ཧ་ཅང་གནག་ན་ཡང་དེའི་ཕུགས་ན་འཛུམ་མདངས་ཤིག་རང་ཤུགས་ཀྱིས་ལྷང་ལ་བུད་འདུག་པའི་ཚོར་སྣང་ཞིག་བྱུང་། རྐུབ་རྟེགས་སྲུང་བའི་རྒས་འཁོགས་གསུམ་གྱིས་ལས་ཀ་ཅི་ཡང་འཇོན་གྱིན་མི་འདུག་ལ་ལག་པ་ཡང་འདར་གྱིན་འདུག་པས། འདི་ཚོ་ཡང་ལོ་གཞོན་དུས་གསར་བུ་འདི་དང་འདྲ་བར་མི་མང་གི་དབུས་སུ་རང་གི་ཡོན་ཏན་ངོམ་ཆོག་ཆོག་ལོས་ཡིན་སྙམ་སོང་ལ།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། རྒས་པ་རྡོ་རྗེ་བྲག་ལ་ཡོད། ། གྲ་རྒས་དམར་ཡག་སྟག་ལ་ཡོད། །བཟང་ངན་ཕ་གཅིག་སྤུན་ལ་ཡོད། །གཞོན་ནུ་་ཤ་རྒྱས་ཁྲག་རྒྱས་དུས། །ཁྱོད་ལས་ཡག་ཅིག་ང་ཡང་ཡིན། །ཁ་མིག་དབང་པོ་གསལ་བའི་དུས། །ཁྱོད་ལས་མཁས་ཤིག་ང་ཡང་ཡིན། །རང་ཡུལ་ཕ་ཁྱིམ་ཡོད་པའི་དུས། །ཁྱོད་ལས་དྲག་ཅིག་ང་ཡང་ཡིན། །ཞེས་པའི་གསུང་འདི་ཡང་ཡིད་ལ་ཤར་སོང་།

དཔེ་མཚོན་འདི་རང་གཞུང་གི་ལས་ཁུངས་གཞན་དག་ལའང་བཀབ་ནས་འདང་ཞིག་བརྒྱབ་ན། བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ་དང་། ན་གཞོན་གྱི་གནམ་འོག་སོགས་བྲིས་ནས་གནམ་ལ་མཆོང་ཞིང་ས་ལ་སོ་འདེབས་པའི་ཀི་རྒྱངས་དག་ལ་བལྟས་ན་རང་གཞུང་གི་ལས་ཁུངས་མང་ཆེ་བའི་རྐུབ་སྟེགས་ད་དུང་འདི་ལྟ་བུའི་རྒས་འཁོགས་ཚེ་ཕྱི་མར་སང་འགྲོ་དག་གིས་བསྲུངས་ཡོད་པ་མིན་ནམ་སྙམ་པའི་ཚོར་སྣང་ཞིག་བྱིན་སོ ང་།

དངོས་གནས་ཕ་མ་ལས་བཀའ་དྲིན་ཆེ་བ་སུ་ཞིག་ཡོད་མོད། ཁོང་ཚོ་ཡང་ལོ་ན་ཚོད་ཀྱིས་མགོ་ལག་བཀུག་ཡོང་དུས་རང་གིས་ཚེ་གང་ལ་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཁང་ཁྱིམ་ས་ཞིང་དང་བཅས་པ་བུ་དང་བུ་མོར་ཚོར་རྩིས་སྤྲོད་བྱས་ནས་ཚེ་མཇུག་གི་ལམ་བྲོ་ལ་འབད་ནས་མི་ཚེ་དོན་ལྡན་བྱེད་པ་མ་ཡིན་ནམ། རང་གཞུང་གི་མི་རབས་རྒན་པ་ཚོར་མཚོན་ནའང་ང་ཚོའི་ཕ་མ་དང་གཅིག་པ་རེད། བཀའ་དྲིན་གཞལ་ཐབས་མེད། དེ་དག་ལ་མི་འབབ་པའི་ལས་ཀ་ཞིག་ང་ཚོས་ལས་ག་ལ་ཉན། འོན་ཀྱང་ཆོས་ཉིད་དང་། གནས་ལུགས་ཞེས་པའི་ཡིག་འབྲུ་འདི་དག་གི་གོ་དོན་ལ་ང་ཚོས་བསྐྱར་བཅོས་ཇི་ལྟར་བྱེད། འདི་ནི་དངོས་པོའི་གཤིས་ལ་གྲུབ་པའི་གཏན་ཚིགས་ཤིག་རེད། འདི་ཚོ་ཟླ་ཕོག་ཙམ་ལ་ཞེ་ཆགས་པ་ཡིན་ནམ། ཉི་མ་སྐྱེལ་མ་ཐུབ་ཡིན། ཡང་ན་གནས་ལུགས་མི་བརྩི་བ་ཡིན། ངོ་མ་ང་ལ་ཡང་ཚོར་སྣང་ཁྱད་མཚར་བ་ཡོང་གི་འདུག

དངོས་པོ་གང་དང་གང་ལ་གོམས་ཆ་ཆེ་སོང་ན་དེ་གཏོང་མི་ཕོད་པ་ཡིན་རྒྱུ་རེད། ན་ནིང་གསར་དུ་ཐོན་པའི་གློག་བརྙན། ཁ་སང་གི་གཏམ་རྒྱུད་ཀྱི་ནང་དུ་ཡང་། དོན་ངོ་མར་གནའ་གཏམ་དང་ཁ་འབྲལ་མི་ཐུབ་པ་ནི་བྱིས་པ་ཚོ་མ་ཡིན་པར་ཨ་མྱེ་ཉི་མ་རང་ཉིད་རེད། ཅེས་བོད་ཀྱི་སྒྱུ་རྩལ་བ་ཆེན་མོ་སྨན་བླ་སྐྱབས་ཀྱིས་བཤད་ཡོད་པ་དེ་ཡང་འདི་དང་གཅིག་མཚུངས་ལྟ་བུའི་ཚོར་སྣང་བྱུང་། ང་ཕ་ཡུལ་ན་ཡོད་དུས་གྲོང་ཁྱེར་སོགས་སུ་འགྲོ་རྒྱུར་ཤིན་ཏུ་དགའ། རྫོང་དང་། ཁུལ་ཐོག་སོགས་སུ་སོང་ན་ལས་འཆར་ངལ་གསོ་བྱས་ཟིན་པའི་རྒས་འཁོགས་ཚོ་ཚོང་ཁང་དང་། ཟ་ཁང་སོགས་ཀྱི་གྱང་རྩ་དང་ཉི་འཆམ་དག་ན་ཉི་མ་མ་འཁྱོལ་བར་ཁ་བརྡ་སྣ་ཚོགས་བྱེད་པ་དང་། ཤོ་རྒྱག་པ། རྒྱན་འདྲ་མིན་གྱི་རྩེད་མོ་བྱེད་པ་སོགས་མང་པོ་མཐོང་རྒྱུ་འདུག་ལ། ལས་ཀ་མེད་དུས་ཁོམ་སོང་ནས་ག་བྱེད་འདི་བྱེད་མི་འདུག་ཟེར་མཁན་ཡང་ཡོད། ཁོ་ཚོ་ངལ་གསོ་བྱས་ཚར་ན་ཡང་ཟླ་ཕོགས་ཡོད་པས་དཀའ་ངལ་མེད་ན་ཡང་ཁ་ཤས་ཀྱིས་ཚོང་ཙག་ཙིག་རྒྱག་པ་སོགས་ཀྱི་ཉི་མ་གཏོང་ཐབས་བྱེད་ཀྱིན་འདུག་ལ། ཡར་འབྲོག་ཕྱོགས་ལ་སོང་ན་དེ་ཚོ་དམྱལ་བར་སྐྱེ་ན་སྐྱེ་རབ་འཆི་ཁ་རྒས་ཁ་མ་ཎི་མན་རྡོག་རེ་བཏོན་ནས་ཡུལ་ནས་འདུག་མི་ཐུབ། སེམས་ཅན་གྱི་མིག་སྟོན་བྱས་ནས་ཟེར་གྱིན་འདུག ད་ཡང་ཉོག་ཐལ་བྲིས་ཀྱིན་བྲིས་ཀྱིན་ཚར་རྒྱུ་མེད་ཀི། གང་ལྟར་ཚོར་སྣང་ཙམ་ཡིན། ད་འབྲི་མཚམས་འཇོག་གི་ཡིན།

རྩོམ་སྒྲིག་པའི་གསལ་བཤད། རྩོམ་པ་པོའི་རེ་འདོད་བཞིན་འདིར་སྨྱུག་མིང་བཀོད་ཡོད།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 15

  1. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    འདི་ལ་སུ་དང་གང་། ཡང་ན་མང་ཉུང་གི་རྒྱབ་སྐྱོར་ཐོབ་རྒྱུ་དེ་གལ་ཆེན་པོ་མ་རེད་སྙམ། གནས་ཚུལ་བདེན་པ་ཡིན་མིན་དེ་རེད། གཞུང་ཞབས་འདེམ་ལྷན་ཁོངས་ཡོད་པའི་སྲི་ཞུ་ལས་བྱེད་ཡིན་ནའང་འདྲ། ཟུར་སྐྱོང་སྡེ་ཚན་ཁག་ཡིན་ནའང་འདྲ། ཡིག་རྒྱུགས་ལམ་ནས་སམ་ཆོད་གན་གང་ཡིན་རུང་ཡར་འཛུལ་ཞུགས་བྱེད་དུས་རང་ལོ་ལ་ཚད་ཡོད་ཅིང་། ཞབས་ལོ་༣༠ཟིན་མིན་ཅི་ལྟར་ཡང་རང་ལོ་ ༦༠ ལོན་པ་དང་རྒལ་ཡོལ་གཏོང་གི་ཡོད་པ་རེད། དེ་ཡིན་དུས་ལས་བྱེད་རྒན་གྲས་མང་པོ་ཞིག་གིས་ས་མིག་བཀག་འདུག་སྙམ་པའི་འདུ་ཤེས་དེ་ནོར་འཁྲུལ་རེད། འདི་རང་གཞུང་ཙམ་མ་ཟད་རྒྱལ་སྤྱིའི་འགྲོ་སྟངས་ཤིག་ཀྱང་རེད། སྤྱི་འཐུས་ལྟ་བུ་མི་དམངས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་ཡིན་ན་གནས་ཚུལ་ཁ་ཁ་རེད། ད་ཐེངས་ཞུ་རྒྱུ་དེ་ཙམ་ཡིན། ཞུ་ནོར་ཐེབས་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།

    Reply
  2. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་བོས་ཤེས་ཡོད་ན་བཟང་གི།༼གཞུང་གི་ཁྲིམས་སྒྲིག་ལ་རྒྱུས་མེད་པའི་རྟགས་རེད། ༽མུ་མཐུད་གང་ཤེས་པ་དེ་བཤད་རོགས།

    Reply
  3. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཁྲི་གཡང་དྲུང་ལགས་ཀྱིས་དགོངས་ཚུལ་གསུངས་པར་དགའ་བོ་བྱུང་། འོན་ཀྱང་ཞིབ་འཇུག་བྱེད་རོགས། ངའི་སྐད་ཆ་བདེན་པ་མིན་ན་རྒྱབ་སྐྱོར་བྱས་ཀྱང་ཕན་པ་མེད།

    Reply
  4. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    མདུང་རྩེ་ལགས་ཀྱིས་རྒྱབ་སྐྱོར་གནང་བར་དགའ། འོན་ཀྱང་དྲ་གྲོགས་འགས་དེ་འདྲ་རང་རེད་མི་འདུག་ཟེར་གྱི་འདུག་པས་རང་གཞུང་གི་ལུས་ཁུངས་ཁག་ཏུ་ཞིབ་འཇུག་གནང་ཐུབ་ན་ཡག་པོ་ཡོད་ས་རེད།

    Reply
  5. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ལྷ་མོ་དོན་གྲུབ་བདེན་པ་རེད། སྙན་ངག་པའི་སེམས་ཁམས་མ་འགྲིག་པ་འདྲ། ཞིབ་འཇུག་བྱེད་རོགས།

    Reply
  6. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཉི་ཟླའི་མགྲོན་བདག་གིས་ཀྱང་རྒྱབ་སྐྱོར་གནང་འདུག་ལགས་སོ། །

    Reply
  7. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    གླག་སྨྱོན་གྱིས་རྒྱབ་སྐྱོར་གནང་འདུག ལགས་སོ། །

    Reply
  8. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    ཞག་སྒྲོན་ལགས། རྒས་འཁོགས་དེ་ཚོ་སྙིང་རྗེ་དགོས་པ་ཞིག་རེད།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཁུངས་དང་ལུང་། རྒྱུ་མཚན་མེད་པར་བཤད་རྒྱ་དང་འབྲི་རྒྱུར་དགའ་མཁན་མང་པོ་ཡོད་པ་དངོས་ཡོད་ནའང་། སྐུ་ཉིད་རྒྱ་གར་དུ་ཕེབས་ནས་མི་ལོ་བཅུ་གཅིག་ཙམ་འགྲོ་གིན་ཡོད་ན་ད་ནི་ཅུང་འཐོམས་སངས་རན་མིན་འགྲོ་བསམ། ཁྱེད་ཀྱིས་”དཔེ་མཚོན་འདི་རང་གཞུང་གི་ལས་ཁུངས་གཞན་དག་ལའང་བཀབ་ནས་འདང་ཞིག་བརྒྱབ་ན། བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་མི་རབས་གསར་བའི་སྙིང་སྟོབས་ཀྱི་བསྒྲགས་གཏམ་དང་། ན་གཞོན་གྱི་གནམ་འོག་སོགས་བྲིས་ནས་གནམ་ལ་མཆོང་ཞིང་ས་ལ་སོ་འདེབས་པའི་ཀི་རྒྱངས་དག་ལ་བལྟས་ན་རང་གཞུང་གི་ལས་ཁུངས་མང་ཆེ་བའི་རྐུབ་སྟེགས་ད་དུང་འདི་ལྟ་བུའི་རྒས་འཁོགས་ཚེ་ཕྱི་མར་སང་འགྲོ་དག་གིས་བསྲུངས་ཡོད་པ་མིན་ནམ་སྙམ་པའི་ཚོར་སྣང་ཞིག་བྱིན་སོང་།”ཞེས་བཤད་པ་ནི་རང་གཞུང་གི་ཁྲིམས་སྒྲིག་ལ་རྒྱུས་མེད་པའི་རྟགས་རེད། གཞུང་གི་སྲི་ཞུ་བ་མཐོ་དམའ་གང་ཞིག་ཡིན་ཡང་རང་ལོ་ ༦༠ ཟིན་མཚམས་རྒལ་ཡོལ་དུ་འགྲོ་དགོས་པ་རེད། རྐུབ་སྟེགས་ལ་འཐམ་ནས་བསྡད་ས་ཞིག་ཡོད་པ་མ་རེད། ཁྱེད་རང་འགྲོ་སའི་རང་བདེན་ཚོགས་ཆུང་གི་མི་སྣ་དེ་དག་ལས་བྱེད་མ་རེད། ཁོང་ཚོ་ནི་ས་གནས་མི་དམངས་ཀྱིས་འོས་འདེམས་བྱས་པའི་ཚོགས་མི་རེད། ཁོང་ཚོ་ལ་ཉིན་དོད་ཙམ་ལས་གླ་ཆ་ཡོད་མེད་རྒྱུས་ཡོད་རྣམས་ལ་ཞིབ་ཏུ་དྲིས། ཕལ་ཆེར་ཁྱེད་ནས་ཆུ་ཚོད་ཕྱེད་ཙམ་ལ་སྒུག་དགོས་བྱུང་བ་དེས་སྤོ་ལངས་པ་མིན་འགྲོ་ཨ་ལ་ཀུ་རེ་ཡིན།

    Reply
  10. ཁྲི་གཡུང་དྲུང་། says:
    ལོ་ 16 སྔོན།

    ང་ཡང་ཁྱོད་ཀྱི་དགོངས་ཚུལ་མོས་པ་ཡོད།
    བཀའ་དྲིན་ཆེ།

    Reply
  11. མདུང་རྩེ། says:
    ལོ་ 16 སྔོན།

    བདེན་པའི་ཚིག་ལ་རྒྱབ་སྐྱོར་ལོས་ཡོད། ཁྱེད་ཀྱིས་སྐད་ཆ་འདི་ལ་གོ་ཤེས་ན་གོ་རྒྱུ་འདུག ཉམས་སུ་ལེན་ཤེས་ན་ལེན་རྒྱུ་མང་པོ་འདུག གཞོན་སོ་དཀར་དབང་ཡར་ལ་དར་དུས་ཅི་ཡང་མ་འཇོན་ན་རྒས་ཤི་སྐྲ་དཀར་པོ་མགོ་ཐོག་ཏུ་བབ་དུས་མི་འཇོན་པ་རང་གིས་ཀྱང་ཤེས་ལ་གཞན་གྱིས་དཔོག་ཐུབ། ཡིན་ནའང་གཏམ་དང་སྙན་གྲགས་ཙམ་ལ་མགོ་བོ་ཡོངས་སུ་འཁོར་ནས་ཨུ་ཚུགས་ཀྱིས་རྒན་ཡོལ་དུ་མི་སྡོད་རྐུབ་སྟེགས་ཤིག་རེག་ཆཻད་དུ་ཐབས་ཇུས་སྟོང་གིས་ཡོང་མཁན་ཞིག་ཡོད་ན་དེ་ནི་སྤྱི་ཚོགས་ཁེ་དབང་སྒེར་བདག་བྱས་པ་དང་གཉིས་སུ་མེད། མི་རབས་གསར་པ་ཞེས་པའི་ཚིག་འབྲུ་འདི་ལ་བཤད་པ་ལྟར་གྱི་རིན་ཐང་ལྡན་ཡོད་མེད་ཚོད་བགམ་ཞིག་བྱེད་དགོས་པར་མཐོང་།
    དེ་ནི་དུས་ལ་བབ་པ་ཞིག་ཡིན། རྒན་རབས་པ་རྣམས་ཀྱིས་མི་ཚེ་གོང་པོར་མི་རིགས་ཀྱི་ཞབས་འདེབས་ཞུས་པའི་བཀའ་དྲིན་ནི་ནམ་ཡང་བརྗེད་མི་སྲིད།
    ད་ནི་མི་རབས་གསར་པའི་དཔུང་སྡེ་ཞིག་དཔའ་སྐད་སྒྲོག་བཞིན། ལག་རྡང་བགྲེང་གིན་ཐོན་བྱུང་། ན་གཞོན་གྱི་རུ་ཁག་ཅིག་ཀི་སྒྲ་འདོན་བཞིན་ལ་རྒྱའི་སྙིང་ཁམས་རྒྱས་ཤིང་། ཤེས་ཡོན་གྱི་ལུས་སྟོབས་རྒྱས་པའི་དཔུང་ཚོགས་ཤིག་ཐོན་བྱུང་།
    རྒན་རབས་པ་ལགས། ཅིས་ཀྱང་ཁོང་ཅག་ལ་གོ་སྐབས་ཐཻངས་གཅིག་སྤྲོད་དང་།

    Reply
  12. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    ལས་ཁུངས་ཆེ་ཆུང་ཁག་ཚང་མའི་ནང་ལ་ལས་བྱེད་ཅི་ཙམ་ཡོད་པ་དང། དེ་དག་གི་ནང་ན་རྒན་གཞོན་གྱི་མང་ཉུང་ཅི་ཙམ་ཡོད་མེད། རྒན་གཞོན་བར་གྱི་བྱ་བའི་གྲུབ་འབྲས་ལ་ཁྱད་པར་ག་རེ་ཡོད་མིན་བཅས་ལ་ཞིབ་འཇུག་བྱས་ནས་ད་གཟོད་དགེ་སྐྱོན་ཟེར་བ་ཞིག་གླེང་འོས་པ་ལས། དེ་རིང་གཅིག་མཐོང་བ་དང་སང་ཉིན་གཅིག་མཐོང་བ་དེ་ཙམ་དཔེ་མཚོན་དུ་བཀོད་ནས་གནད་དོན་གླེང་བ་འདི་དག་ནི་ཚན་རིག་དང་མཐུན་པའི་སྐད་ཆ་མ་རེད།

    Reply
  13. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། རྒས་པ་རྡོ་རྗེ་བྲག་ལ་ཡོད། ། གྲ་རྒས་དམར་ཡག་སྟག་ལ་ཡོད། །བཟང་ངན་ཕ་གཅིག་སྤུན་ལ་ཡོད། །གཞོན་ནུ་་ཤ་རྒྱས་ཁྲག་རྒྱས་དུས། །ཁྱོད་ལས་ཡག་ཅིག་ང་ཡང་ཡིན། །ཁ་མིག་དབང་པོ་གསལ་བའི་དུས། །ཁྱོད་ལས་མཁས་ཤིག་ང་ཡང་ཡིན། །རང་ཡུལ་ཕ་ཁྱིམ་ཡོད་པའི་དུས། །ཁྱོད་ལས་དྲག་ཅིག་ང་ཡང་ཡིན། །ཞེས་གཉའ་འབྲོང་ཐུ་བུའི་ཟུར་དུ་བཀོད་པ་རྒྱུ་མཚན་ཅན་ཞིག་དྲང་འདུག་ཡ།ཁོས་བསམ་ཚུལ་བདེན་དང་བདེན་དྲང་བདེན་གྱི་གནས་ཚུལ་དེ་འདྲ་བཀོད་ན་སྤྱི་ཚོགས་ཡར་རྒྱས་ལ་འགྲོ་བའི་ཆ་རྐྱེན་ཡག་ཤོས་ཞིག་རེད།

    Reply
  14. གླག་སྨྱོན། says:
    ལོ་ 16 སྔོན།

    རེད་རེད་དངོས་གནས་བདེན་པ་བདེན་ཀྱང་རེད།

    Reply
  15. ཞག་སྒྲོན། says:
    ལོ་ 16 སྔོན།

    ངོ་མ་བདེན་པ་བྲིས་འདུག་་་་་་་་་ཡ། ཕོ་གསར་དེ་ལ་རོགས་པ་མི་ཁ་ཤས་ཡོད་པ་དེ་དག་གི་ནང་དུ་བོད་ཡིག་འབྲི་མི་ཤེས་བ་ཕལ་ཆེར་ཡོད་པ་འདྲ་ཡང་ན་ལུས་ཟུངས་ཟད་ནས་འབྲི་མ་ཐུབ་གང་ཡིན་མི་ཤེས་མོད་ཡིག་གེ་འབྲི་ས་ཞིག་ནས་མི་ཚོགས་མང་པོ་སྒུག་ཡོད་ན་ཡང་ཕོ་གསར་དེ་རང་བསྡད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese