མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སླར་ཡང་རྩོམ་པ་པོ་གཉིས་འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་རྩོམ་པ་བོ་གཉན་དང་བུད་ངྷ་གཉིས་ཟླ་སྔོན་མའི་ནང་འཇུས་འདུག་ཀྱང་། ད་ལྟའི་ཆར་ས་གནས་གང་དུ་བཀག་ཉར་དང་ཁོང་གཉིས་ཀྱི་ད་ལྟའི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་བྱུང་མི་འདུག  ཁོང་གཉིས་འཛིན་བཟུང་བྱེད་དོན་ ༢༠༠༨ ལོའི་ཤར་དུང་རིའི་སྟེང་རྩོམ་ཡིག་སྤེལ་བར་འབྲེལ་བ་ཡོད་པར་དོགས་གཞི་བྱེད་ཀྱིན་ཡོད་ཟེར། 

ཁ་སང་སྟེ་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གིས་བོད་ནང་གི་རྩོམ་པ་པོ་གྲགས་ཅན་གཉན་དང་བུད་ངྷ་གཉིས་འཛིན་བཟུང་བྱས་ཡོད་ནའང་། ད་ལྟ་གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་གསལ་པོ་ཤེས་རྟོགས་མེད་པ་དང་། འཛིན་བཟུང་བྱེད་དོན་ནི་ ༢༠༠༨ ལོའི་བོད་མིའི་ཞི་བའི་ངོ་རྒོལ་ཡར་ལངས་སྐོར་ཤར་དུང་རི་དུས་དེབ་ཐོག་རྩོམ་ཡིག་བྲིས་བ་དེའི་སྐོར་ཡིན་པར་དོགས་གཞི་བྱེད་བཞིན་ཡོད་འདུག

གཉན་གྱི་དངོས་མིང་ལ་འཇང་རྩེ་དོན་ཁོ་ཟེར་བ་དང་རྔ་བ་ཁུལ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ལས་ཁུངས་ཀྱི་ལས་བྱེད་རེད། ཁོང་ནི་དེང་སྐབས་བོད་ནང་གི་རྩོམ་རིག་སྒྱུ་རྩལ་གྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་སྙན་ངག་པ་དང་འབོལ་རྩོམ་འབྲི་མཁན་འབྲི་མཁན་ཞིག་ཡིན་ལ། ཁོང་གི་སྙན་རྩོམ་དེབ་༼རོ་ལངས་༽ཞེས་པ་ ༢༠༠༢ ལོར་ཀན་སུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད། དེ་བཞིན་ཁོང་གི་བརྩམས་ཆོས་ལ་སྦྲང་ཆར་དུས་དེབ་སོགས་སུ་བྱ་དགའ་མཐོ་ཤོས་ཐེངས་མང་རག་མྱོང་ཡོད་འདུག
བུད་ངྷ་ལགས་ནི་རྔ་བ་རྫོང་བར་མ་ཞང་བོད་སྨན་ཁང་གི་སྨན་པ་ཞིག་ཡིན་པ་དང་། ནམ་རྒྱུན་ཁོང་ནི་འབོལ་རྩོམ་སོགས་བརྩམས་ཆོས་མང་པོ་སྤེལ་མཁན་ཞིག་རེད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་རྩོམ་སྒྲིག་བྱས་པའི་ ༢༠༠༨ ལོའི་ཤར་དུང་རི་དུས་དེབ་ནང་། ༢༠༠༨ ལོའི་བོད་ཆོལ་ཁ་གསུམ་གྱི་ཞི་བའི་ངོ་རྒོལ་སྐོར་ལ་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པའི་ནང་། ཁོང་གིས་ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཞིག་ཡོད་ཅེས་པ་དང་། ཕྱིར་རྟོག་དང་བསམ་གཞིག་ཅེས་པ་སྤེལ་ཡོད།

དེ་བཞིན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དང་ཤར་དུང་རིའི་རྩོམ་སྒྲིག་པ། གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ལགས་ད་ལོའི་ཕྱི་ཟླ་ ༤ བར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ནས་ད་བར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད་ལ། ད་ལོའི་ཕྱི་ཟླ་ ༥ ནང་རྔ་བ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ལྔ་འཛིན་བཟུང་བྱས་པའི་སྐོར་ལའང་ད་ལྟའི་བར་གནས་ཚུལ་གོ་ཐོས་ཅི་ཡང་བྱུང་མེད། 

ཁོང་ཚོ་ནི་ཕ་ཡུལ་མཛོད་དགེ་ནས་ཡིན་པའི་ཆོས་འཕེལ་དང་ཀིརྟི་སྐྱབས། ཐེ་བོ་ནས་ཡིན་པའི་བསོད་ནམས། མཚོ་སྔོན་ནས་ཡིན་པའི་རྡོ་ལ། རྔ་བ་རྫོང་ནས་ཡིན་པའི་གཏམ་མེ་བཅས་ཡིན། ཁོང་ཚོ་འཛིན་བཟུང་བྱེད་དོན་གཙོ་བོ་སློབ་གྲྭའི་ནང་སློབ་མ་ཚོས་སྒེར་ངོས་ནས་པར་སྐྲུན་བྱེད་བཞིན་པའི་གནམ་ལྕགས་ཞེས་པའི་ཚགས་པར་ཞིག་ཡོད་པར། དགེ་རྒན་དེ་ཚོས་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་བྱས་ཚུལ་དང་ཚགས་པར་དེར་ཆབ་སྲིད་དང་འབྲེལ་བའི་ནང་དོན་བསྲེས་ཡོད་ཚུལ་བརྗོད་བཞིན་ཡོད་འདུག་ཟེར།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

སྐར་མ ༤༨ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༢༡ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༢༢ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

༢༠༢༦/༠༤/༣༠
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨

མཆན། 12

  1. རི་བོང། says:
    ལོ་ 16 སྔོན།

    ད་ཡིན་ན་ཡང་རླབས་ཆེན་གྱི་སྐྱེས་བུ་གཉིས་མུན་ནག་དུ་ཁྲིད་སོང་བ་རེད། ཤུལ་དུ་འུ་ཚོས་འཇོན་པ་ནི་དྲ་ལམ་ནས་སྡུག་སྐད་རེ་རྒྱག་རྒྱུ་འདི་རེད།

    Reply
  2. གཉའ་འབྲོང་ཐུ་བུ། says:
    ལོ་ 16 སྔོན།

    བོད་ནང་ནས་རྩོམ་པ་བོ་དང་གྲགས་ཅན་མི་སྣ་རེ་འཇུས་སོང་དུས་ངའི་སེམས་སུ་ང་ཚོ་ཕྱི་ལོག་ཏུ་གྱར་ཏེ་གྱི་ནར་གནས་པ་འདིས་ཁོང་ཚོ་ལ་ཕོག་ཐུག་བཏང་ཨེ་འགྲོ་དང་། ང་ཚོ་ཡང་ཁོང་ཚོ་འཇུ་དགོས་པའི་རྐྱེན་རྩ་དང་ཉེས་ཅན་པར་གྱུར་ཨེ་འདུག་བསམ་ནས་དོགས་པ་ཡང་དང་ཡང་དུ་བསུ་བཞིན་ཡོད།

    Reply
  3. སྟོབས ། says:
    ལོ་ 16 སྔོན།

    རྩོམ་པ་བོ་འཇུ་བཟུང་གི་ལམ་ལུགས་ནི་གསར་བ་ཞིག་མིན་པར་ཚང་མའི་ཤེས་དགོས ། དེ་ཧ་ལས་རྒྱུ་ཅིའང་མེད ། རང་དབང་ལ་ཚད་བཀག་ཡོད་ས་ནས་འཇུ་བཟུང་ལ་རྫོགས་མཐའ་མེད །

    Reply
  4. ཡོན་ཏན་བཟང་། says:
    ལོ་ 16 སྔོན།

    བོད་གཞིས་ཀྱི་ཤེས་ཡོན་པ་ཚོ་ལ་གདུང་སེམས་ཞུ

    Reply
  5. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    ཀྱེ་་་གྲོགས་པོ་ཚོ་དཔའ་རྩལ་དང་སྙིང་སྟོབས་རྣམ་དཔོད་དང་སྤྱང་གྲུང་ལ་རྒྱ་དང་ཞེན་ཁོག་ཡོད་ན་་་་་་་་་་ལངས་རིན་མི་འདུག་གམ། གཟིགས་དང་ད་ལོ་གཅིག་པུར་ང་ཚོའི་ཤེས་ཡོན་པ་ག་ཚོད་འཛིན་བཟུང་བྱས་སོང་དེ་དག་ཅི་ཞིག་གི་ཆེད་དུ་འཛིན་གྱིས་ཡོད་མེད་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། སོང་ཙམ།
    ང་ཚོ་ནང་ཁུལ་ལ་མ་གཏོག་དཔའ་རྩལ་དང་སྙིང་སྟོབས་རྣམ་དཔོད་དང་སྤྱང་གྲུང་ལ་རྒྱ་དང་ཞེན་ཁོག་མེད་པ་ཡིན་ནམ་་་་དེ་ནི་གཏན་ནས་ཡིན་ཚོད་མེད་་་་་་་།

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    རྩོམ་པ་པོ་ནི་མི་རིགས་ཀྱི་མགྲིན་ཚབ་པ་དང༌། བསམ་བློའི་འཆར་འགོད་པ། རྒྱལ་ཁབ་ཀྱི་བཟོ་བཀོད་པ་སོགས་ཡིན། ཡིན་ནའང༌། བོད་ནང་གི་མི་རིགས་འདིའི་མགྲིན་ཚབ་པ་སྟེ། བོད་ཀྱི་རྩོམ་པ་པོ་ཚོར་མི་རིགས་འདིའི་སྐྱིད་སྡུག་སྨྲར་འདོད་ཀྱི་སྤོབས་པ་ཡོད་ཀྱང་རང་དབང་མེད་པ་མ་ཟད་གཅིག་གཅིག་གཉིས་གཉིས་བྱས་ནས་ཁྲིད་འགྲོ་གི་འདུག
    ད་ནི་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྣེ་ཁྲིད་འོག་རང་དབང་གི་རྩོམ་པ་པོ་དང་དེ་མིན་མི་མང་སོགས་ནས་ཀྱང་ཁོང་ཚོའི་ཆེད་དུ་རྒྱལ་སྤྱི་ལ་འབོད་སྐུལ་ཞུ་དགོས་ན་འདྲ། རྒྱ་ནག་ལ་ངོ་རྒོལ་བྱེད་དགོས་ན་འདྲ། གང་ལྟར་གྲགས་མེད་ངང་མ་སྡད་ན་སྙམ།

    Reply
  7. མི་ཆུང་། says:
    ལོ་ 16 སྔོན།

    ང་ཚོའི་མི་རིགས་ཀྱི་བླ་སྲོག་ལྟ་བུ། ཤེས་ཡོན་གྱི་སྡེ་ཚོགས་དང་། གྲགས་ཅན་གྱི་གླུ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་འདི་ལྟར་ཉིན་མ་རེ་རེར། བཙོན་དུ་བསྡད་ན། དོན་དམ་ང་ཚོར་ཕན་གྱི་ཡོད་དམ། ཡང་ན་གནོད་ཀྱི་ཡོད།

    འདི་ལྟར་གྱུར་ན་ང་ཚོའི་ཕ་ས་འདི་སུས་སྐྱོང་གིན་རེད། ཡང་ན་ཁོ་པ་ཚོས་ང་ཚོར་ནུས་པ་མེད་པ་མ་ཤེས་པར། འདི་ཕྱོགས་སུ་ད་དུང་རེ་བ་ཞིག་བྱེད་ཀྱི་ཡོད་དམ། དེ་མིན་ཁོ་པ་ཚོས་བཙན་བྱོལ་བོད་མི་ལྟ་ཅི། རྒྱལ་སྤྱིས་ཀྱང་བོད་འདི་སྐྱོབ་ཐབས་མེད་པ་ཤེས་དུས། འུ་ཐུག་ཐབས་ཟད་ཀྱི་འཐབ་རྩོད་གནང་གི་ཡོད་དམ།

    ངོ་མ་ཕངས་པོ་རེད། ཁོ་པ་ཚོའི་རིགས་རྣམས་ད་ལྟ་ངེས་པར་དུ་རང་སར་འཚོ་གནས་དགོས་ཀྱི་ཡོད། བཙོན་དུ་ཚུད་ཟིན་པའི་ཉིན་དེ་ནས་ཕལ་ཆེར་ཚར་བ་རེད། ང་ཚོས་ཁ་སངས་ནས་ཁོ་པ་ཚོར་ཡག་ཉེས་ཇི་ལྟར་ཡང་སྤྱི་ཚོགས་དེའི་ནང་། གསོན་པོར་ཞུགས་རོགས། ཇི་ཙམ་མང་བ་བཙོན་དུ་བཞུགས་པ་དེ་ཙམ་གྱི་ང་ཚོའི་ཕམ་ཁ་ཡིན་པ་དེ་གསལ་བཤད་བྱེད་དགོས།

    Reply
  8. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    བོད་གཞིས་ཀྱི་ཤེས་ཡོན་པ་ཚོས་རང་སྲོག་ལ་མི་འཛེམས་པར་བོད་སྤྱི་བའི་ལས་དབང་ལ་འདི་ལྟར་གཏོང་ཕོད་ཆེ་བ་འདི་དངོས་ལོ་ངོ་སྟོང་གི་ཡར་སྔོན་གྱི་བཙན་པོས་གསུམ་གཉིས་ས་ལ་དབང་བསྒྱུར་སྐབས་ཀྱི་སྙིང་སྟོབས་དེ་ད་ལྟ་དངོས་སུ་སད་འདུག་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད་མོད། འོན་ཀྱང་ཁོང་ཚོའི་ད་ལྟའི་གནས་བབས་འདི་བསམ་ན་དངོས་གནས་སེམས་འཁུར་ཇེ་ཆེ་ནས་ཇེ་རེད།

    Reply
  9. ཤུལ་ལུང་རྡོ་རྗེ། says:
    ལོ་ 16 སྔོན།

    ངོ་མ་གནས་ཚུལ་འདི་འདྲ་གོ་ཐེངས་རེར་ཡང་།
    མི་ཀོང་ན་མཆི་མ་འཁོར་ཡོང་ཞིང་།
    སེམས་གཏིང་ནས་ཟུག་གཟེར་ལངས་ནི་ཟིག་རེད།

    Reply
  10. གནམ་ལྕགས། says:
    ལོ་ 16 སྔོན།

    ཁོང་གཉིས་བཟུང་བ་ལ་ཁ་དང་ཁོག་ནས་ཕངས་སེམས་ཤིག་སྐྱེས་སོང་། ལྷག་པར་དུ་གཉན་ལགས་ནི་བོད་ནང་དུ་ཤུགས་རྐྱེན་ཆེས་ཆེ་བའི་གཞོན་སྐྱེས་སྙན་ངག་པ་ཞིག་ཡིན། ད་ལྟ་ལ་ཐུག་གི་བར་གྱི་ཁོང་གི་རྩོམ་ཡིག་དག་གི་རིན་ཐང་ནི་རང་རེའི་གངས་ཅན་པའི་གཙུག་ལག་གི་རྒྱ་མཚོ་ན་འོད་འཚེར་བའི་མུ་ཏིག་དེ་དག་གོ་ཞེས་བརྗོད་སྤོབས།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལོ་ཤས་ཀྱི་རྗེས་ནས་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་བའི་ཁ་གྲངས་བརྩི་དུས། མང་ཆེ་བ་བཙོན་ཁང་དུ་ཡོད་ངེས། བཙོན་དུ་མེད་པའི་རྩོམ་པ་པོའི་གྲངས་འབོར་ཉུང་ལ། བརྩམས་ཆོས་ཀྱང་ཇེ་ཉུང་ལ་འགྲོ་གི་རེད། ལྷག་དོན་བོད་མི་རིགས་ཀྱི་སྐྱིད་སྡུག་དང་འབྲེལ་བའི་དེབ་དང་གཞས་ཀྱི་འོད་སྡེར་སོགས་མཐོང་དཀོན་པོ་ཆགས་རྒྱུ་རེད།

    བཙོན་ནས་ཕྱིར་ཡོང་བའི་རྩོམ་པ་པོ་རྣམས་དབང་བོ་སྐྱོན་ཅན་ཡིན། གཞས་པ་དང་གཞས་མ་ཚོ་ཡང་དབང་བོ་སྐྱོན་ཅན་ཡིན།

    མུ་མཐུད་ནས་འདི་ལྟར་ཕྱིན་ཚེ། སྙན་ངག་གི་རྦ་རླབས་དེའི་མགོ་ཡལ་འགྲོ་གི་རེད། གླུ་གཞས་ཀྱི་སྒྲ་དབྱངས་འདིའི་རྒྱུན་ཆད་འགྲོ་གི་རེད། དེབ་ཕྲེང་གི་བང་རིམ་དེ་ཡང་བཤིག་འགྲོ་གི་རེད།

    ཁུ་སིམ་མེར་ཉལ་སྡོད་མཁན་ཚོར། རྒྱ་ནག་གཞུང་གིས་མགོ་ལ་བྱིལ་བྱིལ་བྱེད་བཞིན་གཏན་དུ་གཉིད་ཁུག་འཇུག་གི་རེད། ཞིང་འབྲོག་མང་ཚོགས་ཀྱང་གཉིས་ཁུག་འགྲོ་གི་རེད། གཉིད་རིང་པོ་ཞིག་དང་མཉམ་དུ་ན་ཚ་དང་ཟུག་གཟེར་མེད་པའི་སྒོ་ནས་རྩ་མེད་ལ་གཏོང་གི་རེད།

    Reply
  12. གཡག་ལྡོམ། says:
    ལོ་ 16 སྔོན།

    ངོ་མ་བོད་པ་ཚང་ལ་ཡོད་ན་མེད་ན་ཚོ་རེ་རེ་བཞིན་འཇུས་སོང་དུས་འུ་ཅག་གིས་ད་དུང་ཆོལ་ཁའི་ཕྱོགས་ཞེན་ལ་བྲེལ་ནས་འུར་ཟང་ཟིང་དུ་ལུས་ཡོད། ཇི་འདྲའི་ཡིད་ཕང་པ་ལ་ཨང་། ཁོང་ཚོའི་བདེན་དོན་གྱི་འབོད་སྒྲ་གཏན་ནས་གཏན་དུ་ནུབ་པ་མེད་པར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese