མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་སུ་རིའི་སློབ་ཕྲུག་དགུ་བོ་བསྐྱར་དུ་སློབ་གྲྭར་འཇུག་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་སློབ་གཉེར་གནང་བཞིན་པའི་གྲྭ་སེར་སྨད་བློ་དགའ་ལགས་བལ་ཡུལ་དུ་ཕེབས་ནས། ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་རྣམས་ཕྱིར་ངྷ་སར་ཁྲིད་ཡོང་འདུག་ལ། ཁོང་གིས་སློབ་ཕྲུག་དེ་ཚོ་ངྷ་སྟེང་བོད་ཁྱིམ་དུ་བསྐྱར་འཇུག་གནང་རྒྱུའི་རེ་སྐུལ་སྙན་ཞུ་ཞིག་ཕུལ་ཏེ། ད་ལྟའི་ཆར་ཉིན་ ༡༠ ལ་བསྒུག་ཀྱང་ཐག་གཅོད་ཅི་བྱུང་གི་ལན་གང་ཡང་རག་མ་སོང་ཟེར།

ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བའི་དབང་གིས་སློབ་ཕྲུག་བུ་དགུ་དང་བུ་མོ་གཅིག ཕ་ཚབ་མ་ཚབ་གཉིས་བཅས་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་པར་མ་ཟད། སྐབས་དེར་སློབ་ཕྲུག་དེ་ཚོ་བལ་ཡུལ་བར་དུ་བསྐྱལ་ཏེ་ཕྱིར་བོད་དུ་གཏོང་རྩིས་བྱས་ཡོད་ནའང་། མང་ཚོགས་ནང་དེའི་སྐོར་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་བཤད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐད་ཀར་འཛིན་སྐྱོང་བཀའ་ཤག་ལ་ཛ་དྲག་གི་འབོད་སྐུལ་ཞུས་ཏེ། ཁོང་ཚོ་ཕྱིར་བོད་དུ་གཏོང་རྒྱུའི་སྲིད་བྱུས་དེ་འགྲིག་མེད་སྐོར་སྙན་གསན་ཞུས་པ་སོགས་ཀྱིས། བོད་གཞུང་བཀའ་ཤག་གིས་བསྐྱར་དུ་འདིའི་སྐོར་ལ་ཐུགས་བསམ་བཞེས་ཀྱི་ཡིན་གསུངས་ཡོད་ལ། ཉེ་ཆར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་དེར་ལྷོ་ཕྱོགས་སེ་ར་དགོན་དུ་སློབ་གཉེར་གནང་བཞིན་པའི་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས། ཕྱིར་འབུད་བྱས་པའི་སློབ་ཕྲུག་བུ་དགུ་ཕྱིར་ངྷ་སར་ཁྲིད་སླེབས་འདུག་ལ། ཁོང་གིས་ད་ལྟ་སློབ་ཕྲུག་དེ་ཚོ་ངྷ་སྟེང་བོད་ཁྱིམ་དུ་བསྐྱར་འཇུག་གནང་རྒྱུར་རེ་སྐུལ་སྙན་ཞུ་ཞིག་ཞིག་ཕུལ་ཏེ། དེའི་ལན་ལ་བསྒུག་བསྡད་ཡོད།

ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་གྲྭ་སེར་སྨད་བློ་དགའ་ཁོང་ལ་ཐུག་འཕྲད་ཀྱིས་གནས་ཚུལ་འདིའི་སྐོར་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བཏང་བའི་སློབ་ཕྲུག་དག་ནི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ཅིག་ནས་ཡོང་ཞིང་། དེ་དག་ལས་སློབ་ཕྲུག་གཅིག་མ་གཏོགས་གཞན་རྣམས་ཀྱི་ཕ་མ་ད་ལྟ་བོད་དུ་ཡོད་པ་དང་། ཁོང་ཚོའི་ཁྲོད་ཀྱི་ལོ་ན་ཆུང་ཤོས་རང་ལོ་ ༡༡ ཡིན་འདུག གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་ཐེངས་འདིར་སྟབས་ལེགས་པ་ཞིག་ལ་སློབ་ཕྲུག་འདི་ཚོའི་ཁྲོད་ན་ང་རང་ཉིད་ཀྱི་ཕ་ཡུལ་གཅིག་པ་གཅིག་ཀྱང་མི་འདུག གལ་སྲིད་ངའི་ཕ་ཡུལ་གཅིག་པ་ཞིག་ཡོད་ན་མི་གཞན་གྱིས་ངས་རང་གི་ཕ་ཡུལ་གཅིག་པ་དེའི་ནང་དུ་ཡོད་སྟབས་ཕྱོགས་རིས་བྱེད་ཀྱིན་འདུག་ཟེར་སྲིད་ཅེས་ཟེར།

གསར་འགོད་པས་ཁོང་ལ་ཐེངས་འདིར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་རྣམས་ཕྱིར་ཁྲིད་ཡོང་དགོས་པའི་དམིགས་འདུན་སྐོར་དྲིས་པར་ཁོང་གིས། གཙོ་བོ་ཐེངས་འདིར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བྱས་པའི་ཕྲུ་གུ་དེ་ཚོ་ཕྱིར་བོད་དུ་གཏོང་རྒྱུ་རེད་ཟེར་བའི་སྐད་ཆ་ཞིག་བྱུང་བ་དེ་རེད། གལ་སྲིད་དེ་ལྟར་ཕྱིན་ན་མ་འོངས་པར་བོད་གཞིས་བྱེས་གཉིས་བར་དུ་དཀའ་ངལ་དང་བོད་མི་མང་དང་གཞུང་བར་དུ་དཀའ་ངལ། གཞིས་སུ་ཡོད་པའི་ཕ་མ་དང་༧གོང་ས་མཆོག་གི་བར་དུ་དཀའ་ངལ། དེ་བཞིན་རྒྱ་ནག་གིས་གནས་ཚུལ་འདྲ་མིན་བཟོ་བདེ་བོ་ཡོང་བ་སོགས་ཀྱི་དོགས་པ་རྣམ་རྟོག་གི་དབང་གིས་རེད། དེ་དཀའ་ངལ་གཅིག་རེད། དཀའ་ངལ་གཞན་གཅིག་ནི་ང་ཚོ་བོད་པ་ཟེར་བ་དེ་སྤྱིར་བཏང་ནས་གྲངས་ཉུང་མི་རིགས་རེད། མ་འོངས་པའི་མི་རབས་རྒྱུད་འཛིན་བྱེད་མཁན་གྱི་གནད་འགག་ཡོད་ན་མེད་ན་ཕྲུ་གུ་ཆུང་ཆུང་དེ་ཚོ་རེད། ལྷག་པར་དུ་སློབ་གྲྭར་འགྲིམ་བཞིན་པའི་ཕྲུ་གུ་ཆུང་ཆུང་དེ་ཚོ་དེ་བས་ཀྱང་གལ་ཆེ་བ་ཡིན་སྟབས། ཕྲུ་གུ་རེ་རེ་བཞིན་འཕྲོ་བརླག་ཏུ་མི་འགྲོ་བ་དང་ཁོང་ཚོའི་མི་ཚེའི་མདུན་ལམ་དང་བོད་གཞུང་གི་དམིགས་འདུན་སོགས་ཡག་པོ་ཞིག་ཡོང་ཐུབ་རྒྱུའི་དམིགས་འདུན་བཟུང་བས་ཀྱང་ཡིན་ཟེར།

ཡང་ཁོང་ལ་ཐེངས་འདིར་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་ཕུལ་བའི་སྙན་ཞུའི་ནང་དོན་ཅི་ཡིན་སྐོར་དྲིས་པར། ཁོང་གིས། ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་སློབ་ཕྲུག་ཕྱིར་འབུད་བྱས་པ་དག་ལ། ང་རང་ཉིད་སྒེར་ངོས་ནས་སེམས་འཚབ་ཆེན་པོ་ཡོད་ལ། ང་དང་ང་ལྟ་བུའི་མི་མང་པོར་སེམས་འཚབ་ཡོད་པ་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྡད་པ་རེད། དེར་བརྟེན་སློབ་ཕྲུག་དེ་ཚོའི་མ་འོངས་པའི་མདུན་ལམ་ལ་བསམ་བློ་གཏོང་རྒྱུ་དང་། ལྷག་པར་དུ་བོད་ནང་དུ་ཡོད་པའི་ཕ་མ་རྣམས་ཀྱིས་རང་གི་ཤ་ཁྲག་ལས་ཆད་པའི་སློབ་ཕྲུག་དེ་ཚོ་བརྩེ་བ་ཚུན་ཆད་རྒྱང་རིང་དུ་བཏང་སྟེ། བཙན་བྱོལ་དུ་བསྐྱལ་ཡོང་དུས་དེ་ཚོར་སློབ་སྦྱོང་གི་གོ་སྐབས་ཤིག་མ་རག་ཚེ། ང་ཚོར་གང་ཡང་མེད་པ་ཞིག་ཆགས་ཀྱིན་འདུག་ལ། དེ་ལྟ་བུ་ཞིག་གཞུང་དང་སློབ་གྲྭ་ཁག་སུ་ཡིན་རུང་འདོད་པ་མེད་པས། ངས་སློབ་ཕྲུག་དེ་ཚོ་བལ་ཡུལ་ནས་ཕྱིར་ཁྲིད་ཡོང་དོན་ཁོང་ཚོ་བསྐྱར་དུ་སློབ་གྲྭར་འགྲིམ་པའི་གོ་སྐབས་ཤིག་རྙེད་ན་བསམ་པ་ཡིན། མ་སུ་རི་བོད་ཁྱིམ་ནས་མར་ཕུད་པ་ཡིན་སྟབས་ངྷ་སྟེང་བོད་ཁྱིམ་ནས་ཐུགས་བསམ་བཞེས་ཐུབ་ཀི་རེད་དམ་ཅེས་སྙན་ཞུའི་ནང་དོན་གཙོ་བོ་དེ་ལྟ་བུ་ཞིག་ཡིན། ཞེས་ཟེར།

ཡིན་ནའང་། ཁོང་གིས། ངས་སྙན་ཞུ་བརྒྱབ་སྟེ་ད་ལྟའི་བར་ཉིན་བཅུ་ཙམ་ཕྱིན་ནའང་ལན་གང་ཡང་མ་གནང་མོད། ཚོགས་འདུ་འཚོག་གི་ཡིན། ཐུགས་བསམ་བཞེས་གི་ཡིན་གསུངས་སོང་། དེ་ལ་བསྒུག་བསྡད་ཡོད་ཟེར།

ཡང་ཁོང་གིས་ཐེངས་འདིར་བལ་ཡུལ་ནས་སློབ་ཕྲུག་འདི་ཚོའི་སྐོར་འགན་ལེན་གནང་སྟངས་སྐོར་ནས་གསུངས་དོན། དང་ཐོག་ང་རང་བལ་ཡུལ་སྣེ་ལེན་ཁང་དུ་ཕྱིན་སྐབས་སློབ་ཕྲུག་ཚོ་ཁྲིད་ཆོག་ཆོག་མི་འདུག གང་ཡིན་ཟེར་ན་འགན་ལེན་བྱེད་མཁན་ཞིག་དགོས་པ་རེད། དེར་བརྟེན་ངས་བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་མཉམ་དུ་སྐད་ཆ་མ་བཤད་པའི་སྔོན་དུ་སློབ་ཕྲུག་ཚོར་ཐུག་འཕྲད་ཀྱིས། ཁྱེད་ཚོ་དངོས་གནས་ཕ་ཡུལ་དུ་ལོག་འདོད་ཡོད་དམ། གལ་སྲིད་ལོག་འདོད་མེད་ན་ལོག་འདོད་མེད་ཅེས་ས་ཡིག་རྒྱག་དགོས་པ་དང་། གཉིས་ཐད་ནས་ཁྱེད་ཚོ་ཕ་ཡུལ་དུ་ལོག་འདོད་མེད་ཚེ་ང་རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ་ཕྱིར་རྒྱ་གར་དུ་ཁྲིད་ཀྱི་ཡིན། ངས་ཁྱེད་ཚོ་དམིགས་འདུན་གཉིས་ཀྱི་ཐོག་ནས་ཁྲིད་ཀྱི་ཡིན། གཅིག མ་སུ་རི་མ་ཡིན་པའི་སློབ་གྲྭ་གཞན་དུ་འཛུལ་ཆོག་རྒྱུར་ཐབས་ཤེས་བྱ་རྒྱུ་ཡིན། གཉིས། གལ་སྲིད་དེ་ལྟར་མ་བྱུང་ན་ཁྱེད་ཚོ་གྲྭ་སའི་སློབ་གྲྭའི་ནང་འཇུག་ཐབས་བྱ་རྒྱུ་ཡིན། སྐབས་དེར་གྲྭ་ཆས་གྱོན་དགོས་འཁེལ་གི་རེད་ཅེས་བརྗོད་པར། ཁོང་ཚོས་ཁས་ལེན་བྱས་ཡོད། དེ་ལྟར་ངས་སློབ་ཕྲུག་དེ་ཚོ་བལ་ཡུལ་ནས་འགན་ལེན་བྱེད་སྐབས་རང་ཉིད་ཀྱི་ངོ་སྤྲོད་དང་ལག་ཁྱེར་ཆ་ཚང་ཕར་ཕུལ་བས་མ་ཚད། སློབ་ཕྲུག་ཚོས་ཁས་ལེན་བྱས་པའི་ཡིག་ཆ་ཡར་ཕུལ་བས། ཁོང་ཚོའི་ངོས་ནས་ཀྱང་ཞིབ་འཇུག་གནང་རྗེས་གཞི་ནས་ང་ལ་རྩིས་སྤྲོད་གནང་སོང་ཟེར།

དེ་ལྟར་ཁོང་ཐེངས་འདིར་བལ་ཡུལ་བར་དུ་ཕེབས་ཏེ་སློབ་ཕྲུག་ལྔ་ཁྲིད་སླེབས་པ་དང་། རྒྱ་གར་ནང་ལོག་ནས་སློབ་ཕྲུག་བཞི་ཁྲིད་ཡོང་བ་བཅས་བསྡོམས་པས་ཁོང་གིས་སློབ་ཕྲུག་དགུའི་འགྲོ་གྲོན་ཁོང་རང་ཉིད་ངོས་ནས་བཏང་བ་དང་། ད་ལྟ་ངྷ་ས་སྣེ་ལན་ཁང་གིས་སློབ་ཕྲུག་དེ་ཚོའི་འདུག་གནས་དང་ཁ་ལག་སོགས་གཏོང་གིན་ཡོད་འདུག ཡིན་ནའང་། སློབ་ཕྲུག་བུ་མོ་དེ་ད་ལྟ་ཕྱིར་བོད་དུ་ལོག་ཚར་འདུག དེའི་སྐོར་ལ་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་གསུངས་དོན། ཉེ་ཆར་མ་སུ་རི་ནས་སློབ་ཕྲུག་བཅུ་ཕུད་པའི་ནང་ནས། སློབ་ཕྲུག་བུ་མོ་དེ་བལ་ཡུལ་སྣེ་ལེན་ཁང་དུ་ཁོ་མོའི་ཨ་ཅག་ཡིན་ཟེར་མཁན་ཞིག་ཡོང་ནས་ཁྲིད་ཕྱིན་འདུག་པར་མ་ཟད།  ཁོ་མོ་ད་ལྟ་བོད་དུ་ཕྱིར་ལོག་ཚར་འདུག་ཅེས་ཟེར།

མཇུག་ཏུ་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་གསུངས་དོན། ད་ལྟ་རིམ་པ་དང་པོའི་སྟེང་དུ་བསྐྱོད་ཀྱིན་ཡོད་ལ། རིམ་པ་དང་པོ་ལེགས་འགྲུབ་མ་བྱུང་ན་རིམ་པ་གཉིས་པའི་སྟེང་གོམ་པ་རྒྱག་གི་ཡིན། དེ་ནི་དགོན་པ་གྲྭ་ཚང་ཞིག་གི་སློབ་གྲྭར་འཇུག་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་གཞིའི་འོག་མི་ ༣༡ འཛིན་བཟུང་བྱས།

སྐར་མ ༥༠ སྔོན་ལ།
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

ཆུ་ཚོད་ ༡ སྔོན་ལ།
བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥
Mobile App

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ནོར་གླིང་མཐོ་སློབ་ཏུ་སྐབས་བཅུ་གཅིག་པའི་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༠༥/༡༤

མཆན། 62

  1. ཐོས་པ་དགའ། says:
    ལོ་ 15 སྔོན།

    སྐུ་ཞབས་བློ་དགའ་ལགས། ཁྱེད་ཀྱི་ཐུགས་ཁུར་ཆེ་བཞེད་ཀྱི་སློབ་ཕྲུག་ཚོ་སྐྱོབས་ལ་བཀའ་དྲིན་ཆེ། མ་སུ་རིའི་སློབ་སྤྱིའི་ངན་སེམས་ཅིང་པ་དེ་ཞེན་ཁོག་དང་སོ་སོའི་སྐུབ་སྟག་བརྟན་པོར་གནས་ཐབས་ཞིག་ཡིན་པ་ལ་ཐེ་ཚོམས་མེད།
    གཞན་སྔོན་མ་མ་སུ་རིའི་རྒེན་དགེ་ཕྲུག་བར་འཕྲིག་སྤྱོད་རིག་བྱུང་ཡོད་ནའང་སྣང་མེད་དུ་བཞག་ཡོད། དེ་རིང་སློབ་མ་དེ་ཚོ་ལ་ཤ་ཚ་དང་སྙིང་རྗེ་ཁྱོན་ནས་མེད་མཁན་འདི་འདྲིའི་སློབ་སྤྱི་ཞིག་གི་བཙན་བྱོལ་བའི་རང་དབང་དང་ཐོབ་ཐང་འཕྲོག་པ་དེ་ཧ་ཅང་ཐེལ་དྲག་པ་ཞིག་རེད་སྙམས། འདི་ཚོའི་ཐོག་ལ་དུས་རྟག་ཏུ་བོད་གཞུང་གི་ལྟ་ལྟོག་ཡག་པོ་བྱེད་དགོས། ༸གོང་ས་མཆོག་གིས་སློབ་ཕྲུག་གི་སློབ་སྦྱོང་ཟླ་བ་གཅིག་ཐོས་ཤོར་སོང་ན་མི་ཚེ་གཅིག་ལ་ཐོས་ཤོར་འགྲོ་གི་ཡོད་ཞེས་ཐུགས་རེས་ཆེན་པོ་གནང་ཡོད་པས་ཚང་མས་འདིའི་རྒྱབ་སྐྱོང་གནང་རོག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཨ་ཁུ་ཁྲོ་ཐུང་ལགས། བློ་དགའི་གནང་སྟངས་དེ་ཐ་ཤལ་ཡིན་དང་། བློ་དགའ་ཁོང་རང་ཐ་ཤལ་ཡིན་པ་སོ་སོར་དབྱེ་འབྱེད་ནས་གསུངས་ན་དགེ་མཚན་ཆེ་བར་ཡོང་ངེས། དང་པོའི་དོན་དེ་ཀུན་གྱིས་ཤེས། ཕྱི་མ་དེ་ང་ཚོས་ཤེས་འདོད་ཤིན་ཏུ་ཆེ་བས་ཐུགས་རྗེ་གཟིགས་ཅུང་ཟད་ཁ་གསལ་ཙམ་བཟོ་རོགས་ཞུ།

    Reply
  3. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    སྐུ་ཞབས་བློ་དགའ་ལགས་ཀྱི་བྱེད་སྟངས་དེ་ལ་མོས་མཐུན་མཁན་་དེ་ཚོ་ལྐུགས་པའི་ཨུ་ཚུགས་མ་བྱེད
    གང་ཡིན་ཞུས་ན་ཁོང་ནི་ཐ་ཤལ་ཞིག་རེད་འདུག

    Reply
  4. གྱི་ན་བ says:
    ལོ་ 15 སྔོན།

    སྐུ་ཞབས་བློ་དགའ་ལགས། འཇིག་རྟེན་གྱིས་ཁ་དམག་ལ་མགོ་བོ་མ་སྒུར་པ་ལས་དོན་མུ་མཐུད་གྱིས་དང་རྒྱབ་སྐྱོར་ཡོད། བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། ཕྲུ་གུ་ཚོའི་ཆེད་དུ་འགྲོ་སོང་ལ་བློ་བདེ་པོ་གྱིས་དང་རྗེས་ཕྱོགས་རོགས་གང་ཐུབ་བཟོ་ངེས་ཡིན།

    Reply
  5. ྖganchab says:
    ལོ་ 15 སྔོན།

    སློབ་གྲའི་སྒྲིག་འཛུགས་གལ་གནད་ཆེ་བ་ལས་སྒྲིག་འགལ་གྱི་སློབ་ཕྲུག་དེ་ཚོ་གལ་གནད་ཆེ་བ་ཞིག་ག་ལ་ཡིན།
    དེ་དོན་་ཕྱིར་འབུད་བཏང་བ་ནི་ནོར་མི་འདུག

    Reply
  6. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཡག་པོ་འདུག་པའི་ལས་གཞི་ལ་རྒྱབ་སྐྱོར་ཡོད་།

    Reply
  7. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    ཡག་ཤོས་བྱུང་ན་སློབ་གྲྭ་ཐོངས། དེ་མ་བྱུང་ན་དམག་མི་ལ་མངགས། འུ་ཐུག་ཐབས་ཟད་ན་གྲྭ་པ་བཏང་རྒྱུ་ཡིན་ཟེར་པ་དེ།
    ད་ངོ་མ་དུས་མཐའ་ཟེར་བ་དེ་སླེབས་ལ་ཉེར་བ་ཡིན་པ་འདྲ། བློ་བཟང་ལགས་ཁྱེད་ཀྱིས་གྲྭ་པ་དང་དགོན་པ་ལ་ལྟ་སྟངས་ཡག་པོ་ཞེ་དྲག་འདུག་ཐུགས་རྗེ་ཆེ།

    Reply
  8. གྲྭ་རྒོད says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ཟེར་བའི་བླ་རྒན་ལགས།ཉིད་ཀྱི་ཕྱག་ལས་གནང་སྟིང་ཐད།བསམ་ཚུལ་ཐུང་ཐུང་ཞིག་འབྲི་འདོད་བྱུང་།ཉིད་ཀྱི་དམིགས་ཡིད་ནི་གཞན་སྐྱོབ་ཁ་ལ་ཁྱེར་ནས་རང་དོན་བསྒྲུབ་བསམ་ཀྱང་དེ་ལས་སླ་བོ་ཞིག་གཏན་ནས་མིན།ད་ལྟའི་སྤྱི་ཚོགས་འདི་སྔོན་ལྟར་མགོ་སྨོངས་ལས་བརྒལ་ཡོད།དེ་འགྲུབ་མི་ཐུབ།བཙན་བྱོལ་སྤྱི་ཚོགས་ནང་ཁྱོད་ལྟ་བུ་ག་ཚོད་ཡོད་མེད་དང་རང་ཉིད་ལ་མི་མང་གྱི་སྐུ་ཚབ་བྱེད་པའི་ནུས་པ་གང་ཡོད་རང་གི་ཤེས་ཚུལ་རང་ཉིད་ཀྱི་ལྷག་བསམ་དྲང་བདེན་ཕྱོགས་གང་ཐད་ནས་ཚང་མེད་པ་རང་གི་ཤེས་གསལ་རེད།རབ་བྱུང་ཞིག་གི་འདོད་སྔམ་ཆེ་བ་ལ་ཚད་མེད་པ་དེ་ངོ་ཚ་དགོས་པ་ཞིག་མིན་ནམ་ཉམས།སློབ་གྲྭ་ལ་སློབ་གྲྭའི་སྒྲིགས་འཛུག་ཡོད་པ་མ་ཟད་ད་དུང་མི་འཐུད་ནས་འགྲོ་དགོས་པས་བྱ་སྤྱོད་དེའི་རིགས་བྱུང་ན་གནས་དབྱུངས་མི་གཏོང་ཐབས་མེད་ཡིན།ཕྱིར་འཇུག་ཐབས་ཡང་མེད་མདུན་སྤྱོད་དགོས་པས་ནོར་བ་རང་ལ་རྩིས་དགོས།ཧམ་པ་བྱས་བ་དོན་མེད་རེད།

    Reply
  9. kunga says:
    ལོ་ 15 སྔོན།

    ཡ་ཡ། ད་རབ་བྱུང་ན་སློབ་གྲྭ་ཐོངས། དེ་མ་བྱུང་ན་དམག་མི་ལ་མངགས། འུ་ཐུག་དུས་གྲྭ་པ་གྱིས་ཟེར་བའི་བཙན་བྱོལ་བོད་མིའི་གདམས་ངག་དེ་བློ་དགའ་ལགས་ཀྱིས་ཕྱག་བསྟར་མ་གནང་མཐུ་མེད་ཡིན་པ་འདྲ། སྤྱིར་བཏང་མགོ་ཡི་འཁྲུ་མ་སྐམ་གོང་ནས། རྐུབ་ཀྱི་ཤེ་མནར་འདུག་མཁན་དེ་ཚོ་ལ་གྲྭ་ཆས་གཡོག་དགོས་བྱུང་ན་ག་འདྲ་ཡོད་འགྲོ།

    Reply
  10. ཨ་ཁུ་ཁྲོ་ཐུང་། says:
    ལོ་ 15 སྔོན།

    ཚུལ་མིན་བྱ་སྤྱོད་ཀྱིས་རྐྱེན་པས་ཕྲུ་གུ་དེ་ཚོ་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་དེ་འགྲིག་པ་ཞིག་རེད། ཕྲུ་གུ་དེ་ཚོའི་ཕ་མ་གཉེན་འབྲེལ་དེ་ཚོར་སྙིང་རྗེ། ཕྲུ་གུ་དེ་ཚོས་དཀའ་ངལ་མང་པོ་བཟོས་པ་རེད། ཡིན་ནའང་མི་འགའ་ཞིག་ལ་བསམ་མནོ་བཏང་ནས་སློབ་ཕྲུག་དེ་ཚོར་གུ་ཡངས་བཏང་པ་ཡིན་ན་མ་འོངས་པ་བོད་པའི་སློབ་ཕྲུག་དེ་ཚོགས་ཇི་ལྟར་ཆག་ཡོང་། ངེས་པར་དུ་ཐུགས་བསམ་བཞེད་དགོས་པ་ཞིག་རེད། བླ་རྒན་བློ་བཟང་གིས་བྱེད་སྟངས་དེ་ཡག་པོ་ཞིག་རེད། ཡིན་ནའང་གོམ་པ་གཉིས་པ་དེ་གྲྭ་པ་བྱེད་གཅུག་གིན་ཡིན་ཟེར་བ་དེ་ཅུང་ཟད་ཐལ་དྲག་འདུག གྲྭ་པ་དང་དགོན་པ་ལ་མཐོང་ཆུང་གི་རྣམ་པ་འདུག བྱས་ཙམ་སོ་སོ་གྲྭ་པ་ཞིག་གིས་ངོས་ནས་སྐད་ཆ་བཤད་སྟངས་ཐད་དོ་གནང་གྱིས། སློབ་ཕྲུག་དེ་ཚོས་ཕྱིར་ཆད་སྤང་བླང་ཡག་པོ་བྱེད་ན་ལམ་འགག་ཞིག་ཏན་ཏན་ཐོབ་ཡོང་གིན་རེད་སྙམ་པ་བྱུང།

    Reply
  11. kunga says:
    ལོ་ 15 སྔོན།

    དེ་ནི་གྲྭ་པའི་འོས་པའི་ལས་འགན་ཞིག་མིན་ཡང་དུས་ལ་བབ་པ་འདྲ་ཡིན་ན་ཡང་བློ་དགའ་ལགས྄ཀྱི་རེ་བ་དེ་ལམ་སང་འགྲུབ་པ་དཀའ་བའི་ཚང་མས་སྨོན་ལམ་གནང་རོགས་ཞུ།།

    Reply
  12. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས་ཁྱེད་ཀྱིས་ཐུགས་བསམ་བཞེས་སྟངས་ལ་ཡིད་རངས་ཡོད་དེ། ངན་པའི་རྒྱབ་ཏུ་ལངས་ཤིང་བཟང་པོའི་གོ་སར་རེ་བ་ནི་བཅོལ་ཆུང་རང་མིན་འགྲོ། དེ་བས་ཉེས་ཅན་གྱི་སྐྱག་པྲུག་དེ་ཚོར་ཡིད་ཐང་མ་ཆད་པར་ད་དུང་སློབ་གྲྭ་གཞན་དུ་མིག་དཔེ་ངན་པ་སྟོན་མཁན་དུ་འཇུག་ཐབས་བྱ་རྩིས་ཡོད་པས། ་སུ་རི་སློབ་གྲྭར་མིང་ཆད་དང་སྐད་གྲགས་བྱུང་སོང་ད་རྡ་སྟེང་བུད་ཁྱིམ་ན་ཟིང་སློང་བར་མངག་རྒྱུ་ཡིན་པས།

    Reply
  13. སྟོད་ཕྲུག་སྐྱ་རིལ། says:
    ལོ་ 15 སྔོན།

    ཡ་ཡ། ད་རབ་བྱུང་ན་སློབ་གྲྭ་ཐོངས། དེ་མ་བྱུང་ན་དམག་མི་ལ་མངགས། འུ་ཐུག་དུས་གྲྭ་པ་གྱིས་ཟེར་བའི་བཙན་བྱོལ་བོད་མིའི་གདམས་ངག་དེ་བློ་དགའ་ལགས་ཀྱིས་ཕྱག་བསྟར་མ་གནང་མཐུ་མེད་ཡིན་པ་འདྲ། སྤྱིར་བཏང་མགོ་ཡི་འཁྲུ་མ་སྐམ་གོང་ནས། རྐུབ་ཀྱི་ཤེ་མནར་འདུག་མཁན་དེ་ཚོ་ལ་གྲྭ་ཆས་གཡོག་དགོས་བྱུང་ན་ག་འདྲ་ཡོད་འགྲོ།

    Reply
  14. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    སྐུ་ཞབས་བློ་དགའ་ལགས་སུ་སེམས་གཏིང་ནས་བསྔགས་བརྗོད་ཞུ་འོས་པ་ཞིག་རེད།
    འོན་ཀྱང་་ལམ་ཁ་གཉིས་པ་གྲྭ་གསར་འཁྲིད་རྒྱུ་ཡིན་ཟེར་བ་དེ་ངས་བལྟས་ནས་ནོར་འཁྲུལ་ཞིག་ཏུ་མཐོང་
    གལ་ཏེ་སློབ་ཕྲུག་དེ་རྣམས་འཁོར་བར་གཞེན་པ་ལོག་ན་གནས་ཚུལ་ཐ་དད་རེད་

    དེ་མིན་མི་སྐྱའི་སྤྱི་ཚོགས་ནང་ཁུངས་མི་འཁྱོལ་བར་འུ་ཐུགས་ཐབས་ཟད་ནས་གྲྭ་གསར་འགྲོ་བ་ནི་སྟོན་པ་སངས་རྒྱས་ལ་བརྙས་གཅོད་རང་རེད་བསམ་གྱི་འདུག
    དེ་ལྟར་མི་གནང་བའི་རེ་བ་ཡོད།
    རྩ་བའི་སྐུ་ཞབས་བློ་དགའ་མཆོག་གིས་ཕྱག་ལས་གནང་གཏང་ལ་སེམས་གཏིང་ནས་གུས་བསྐུར་ཞུ་འོས་པར་མཐོང།

    Reply
  15. ཐིག says:
    ལོ་ 15 སྔོན།

    གྲོགས་པོ་བློ་དགའ་ལགས་ཀྱིས་བྱེད་ཕྱོགས་འདི་ནི་བསམ་བློ་ཇི་ལྟར་བཏང་ཡང་གཞི་རྒྱ་ཆེ་བའི་རྒྱུ་མཚན་ཞིག་གཏན་ནས་མཐོང་མི་ཐུབ། ཁོ་བོས་འཇོན་འདོག་གིས་ཕྱིར་འབུད་ཟིན་པའི་སློབ་ཕྲུག་དེ་ཚོའི་སློབ་སྤྱོངས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་ཁུལ་བྱས་པ་ལས། སྤྱི་ཚོགས་ཤིག་གི་སྒྲིག་འཛུགས་དང་གནས་བབས་ལ་བསམ་བློ་གཏན་ནས་བཏང་མི་འདུག ཚུལ་མཐུན་མིན་པའི་བྱ་སྤྱོད་དང་སྤྱི་ཚོགས་ཀྱི་ཡར་རབ་གོམས་གཤིས་ལ་ཐུར་བཤོས་དང་གནོད་སྐྱོན་ཐད་པའི་བྱ་བཞག་ལ་རྒྱབ་སྐྱོར་བྱེད་པ་ནི་མི་རིགས་ཤིག་འཆི་ལམ་ཏུ་འཁྲིད་པ་དང་གཉིས་སུ་མེད་ལ། ཐེངས་འདིའི་གནས་ཚུལ་འདི་ཉིད་འདི་ལྟར་བསམ་བློ་ཆེ་ཁུལ་གྱིས་གུར་ཡངས་གཏང་པ་ཡིན་ན། ཕྱིས་སུ་བཙན་བྱོལ་སྤྱི་ཚོགས་ནི་བཟང་སྤྱོད་ཀྱི་དྲི་ཙམ་མེད་པ་དུད་འགྲོའི་བྱ་སྤྱོད་འབའ་ཞིག་ཁངས་བའི་ངོ་ཚ་ཁྲལ་མེད་ཀྱི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུར་ཤིན་ཏུ་ཉེས།
    གལ་སྲིད་དངོས་གནས་སློབ་མ་དེ་ཚོ་བོད་དུ་ཕྱིར་གཏང་འདོད་མེད་ན། བསམ་བློ་དང་སྤྱོད་པ། ད་དུང་རིག་གནས་སོགས་གོང་མཐོར་གཏང་པའི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས་པ་ལས་སློབ་གྲྭའི་སྒྲིག་འཛུགས་གཏོར་གཤིག་བཏང་ནས་སློབ་ཕྲུག་དེ་ཚོ་ཕྱིར་སློབ་གྲྭར་བཅུག་ཐབས་བྱེད་པ་དེ་ཇུས་བཟང་ཞིག་མིན་པ་མ་ཚད། དེ་ནི་བོད་གཞུང་སྤྱི་ཚོགས་ཀྱི་སྒྲུག་འཛུགས་གཏོར་གཤིག་གཏང་པ་དང་བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་ཤིང་གི་ས་བོན་འདེགས་པ་རེད།

    Reply
  16. གནམ་ལྕགས། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའི་ལྷག་བསམ་ལ་གོང་བཀུར་ཞུ།

    Reply
  17. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 15 སྔོན།

    བློ་དགའ་ལགས་སུ་བསྟོད་བསྔགས་ཡོད། མི་མང་གི་ཁ་ཟེར་བ་འདིའི་ནང་ནས་གང་ཡང་ཐོན་གྱི་རེད། གཙོ་བོ་རང་ཉིད་ཀྱི་དམིགས་ཡུལ་ལྟར་སློབ་ཕྲུག་ཚོར་རོགས་པ་ཡག་པོ་གནང་ཐབས་བྱེད་ཀྱི་དེ་རེད། ངས་ཁྱེད་ཀྱི་ལས་རིམ་དང་པོ་འགྲུབ་ཐུབ་པའི་རེ་བ་ཡོད་ལ། དེའི་ཐོག་ལ་ཕྱོགས་ཡོངས་ནས་ཐབས་ཤེས་བྱེད་དགོས་ངེས་རེད། དེ་མ་བྱུང་ཡང་ལས་རིམ་གཉིས་པ་རེད། དེ་ཡང་མ་བྱུང་ན་ང་ཚོས་ཐབས་ཤེས་བྱེད་ཆོག་གི་རེད། ང་ཚོ་དང་པོ་བོད་ནས་ཡོང་དུ་སྒོར་མོ་ཡོད་མཁན་དང་རྒྱབ་རྩ་ཡོད་མིན་ཡང་། ༸གོང་ས་མཆོག་གི་བཀའ་དྲིན་ཁོ་ན་བརྟེན་ནས་རང་འགོ་ཐོན་ནས་ཡོད་པ་རེད། སྒྲིགས་འཛུག་གི་ལས་ག་ཟེར་བ་ཐག་ཆོད་པོ་དགོ་དུས་སློབ་མས་སྒྲིགས་འགལ་བྱུང་བར་སློབ་གྲྭས་ཐག་གཅོད་བྱེད་རྒྱུ་འོས་བབ་རེད། མ་སུ་རུའི་བྱེད་སྟངས་ལ་འཁང་ར་བྱེད་རྒྱུ་གང་ན་ཡོད། འོན་ཀྱང་། ང་ཚོས་སློབ་ཕྲུག་ཚོ་ཡང་ངན་པ་ཐ་ཤལ་ཁོ་ནར་ངོས་བྱེད་རྒྱུ་མེད། སོར་མོའི་ཕྲེང་བའི་གཏམ་རྒྱུད་ལྟར་ངན་པ་བཟང་པོར་སྒྱུར་ལོས་ཡོད།
    ཁྱེད་ཀྱིས་ཁོང་ཚོ་བོད་དུ་ཕྱིར་ལོག་མི་དགོས་པའི་ཐབས་ཤེས་བྱས་པར་སྙིང་ཐག་པ་ནས་དགའ་བསུ་དང་བསྟོད་བསྔགས་ཡོད། སྙིང་སྟོབས་བསྐྱེད་དང་ལས་མང་པོ་བྱེད་ཆོག་གི་རེད།

    Reply
  18. ཨ་ཁུ་ཁྲོ་ཐུང says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བཀའ་སློབ་ལྟར་ད་ནི་བླ་སྤྲུལ་དང་དགེ་འདུན་པས་གྲ་བཙུན་ཙམ་མ་ཡིན་པར་ཁྱིམ་པ་ཕོ་མོའི་སློབ་གྲྭ་བཙུགས་དགོས་པའི་དུས་བབས་པ་མིན་ནམ། བློ་དགའ་ལགས། དེ་གའི་བུ་བུ་མོ་ཚོར་གྲ་ཆས་ཙམ་གྱོན་མི་དགོས་པར་ཁྱིམ་པ་ཕོ་མོའི་སློབ་ཕྲུག་ཟུར་དུ་འགྲོ་ས་ཞིག་བཟོ་ཐུབ་ན་དགེ་མཚན་མི་ཆེའམ།

    ཀརྨ་རྡོ་རྗེས་མཆན་འདི་ལ་དངོས་ཤུགས་མང་པོ་གོ་རྒྱུ་འདུག

    Reply
  19. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    སློབ་གྲྭའི་སྒྲིག་གཞི་དང་འགལ་ན་ཕྱིར་འབུད་གཏོང་དགོས་པ་ནི་ཁྲིམས་རང་ཡིན་པས། དོན་མེད་ཐེ་བྱུས་ནི་ཅུང་འ་ཆ་འུར་ལ་འདྲེས། རྒྱུ་མཚན་མང་མོད་བླ་རྒན་དེས་དགེ་བ་ཡིན་མདོག་ཞིག་བྱེད་བཞིན་འདུག དྲང་མོར་བཤད་ན་དེའི་ནང་དུ་ཆབ་སྲིད་ཀྱི་གཡའ་དྲི་ཞིག་འགོས་འདུག

    Reply
  20. ཨ་ཁུ་ཁྲོ་ཐུང says:
    ལོ་ 15 སྔོན།

    སྐུ་ཞབས་བློ་དགའ་ལགས་ཀྱིས་གནང་སྟངས་ཐད་ངས་ཐུགས་རྗེ་ཞུ་རྒྱུ་ཡིན། ཡིན་ནའང་ཁྱེད་ཀྱི་བསམ་མནོ་གཏོང་ཕྱོགས་ཀྱི་ཐད་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་ཞིག་འདུག དེ་གང་རེད་ཞུས་ན། ཕྲུ་གུ་དེ་ཚོ་ཕྱོགས་ཡོངས་ནས་རོགས་རམ་དབང་གིས་སློབ་གྲྭ་ཁག་ཚུད་ཐབས་བྱས་རྒྱུ་ཡིན། སློབ་གྲྭ་ཚུད་པའི་ཐབས་མེད་པ་ཡིན་ན། གོམ་པ་གཉིས་པ་གྲྭ་ས་གྲྭ་པར་བྱེད་རྒྱུ་ཡིན་གསུངས་པ་དེ། ཧ་ཅང་གིས་བློ་ཕམ་འོས་པ་ཞིག་རེད། ཕྲུ་གུ་དེ་ཚོར་ཐ་མ་གད་སྙིགས་དུ་གྱུར་པའི་ཚེ་གྲྭ་པ་གཅུག་རྒྱུ་ཡིན་ཟེར་བ་དེ། ཁྱེད་ཆོས་ཤེས་མཁན་གྲྭ་སའི་གྲྭ་པ་ཞིག་གིས་ངོས་ནས་བསྟན་པའི་ཞབས་འདྲེན་རེད། སྤྱི་བཏང་གང་ཟག་རེ་རེ་ཡང་ཆོས་འདུལ་བར་རབ་ཏུ་བྱུང་ཐུབ་ན་དགེ་རྩ་ཆེན་པོ་རེད་དེ། གང་དུ་གཅུག་སའི་གྲྭ་པའི་སྤྱི་ཚོགས་ལ་མཐོང་ཆུང་དེ་ལྟར་བྱེད་པར་དེ་ཧ་ཅང་གིས་བློ་ཕམ་འོས་པ་ཞིག་རེད།

    Reply
  21. གྲྭ་རྒོད says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལེགས།ཁྱོད་ཀྱི་ཕྲུ་གུ་ཚོའི་མདུན་ལམ་གཅིག་བུ་ལ་བསམ་བླི་བཏང་བ་ཡིན་ནའང་སྤྱི་ཚོགས་ཀྱི་སྒྲིག་འཛུག་ལ་བསམ་བློ་གཏོང་ཐུབ་མི་འདུག
    ད་དུང་སློབ་གྲྭ་གཞན་ཞིག་གི་ནང་ཚུལ་ཆེད་དཀའ་ངལ་བརྒྱབ་པ་ཡིན་ན་དེ་ཡང་སློབ་གྲྭ་དེ་དང་དེའི་སྒྲིག་ལམ་ལ་རྩིས་མེད་དང་ཁྲིམས་ལ་རྒྱབ་འགལ་བྱས་འདུག
    རིམ་པ་གཉིས་པ་དེ་ཡང་དེ་ལས་ཐབས་སྐྱོ་བོ་ལས་དཀའ་ཞིག་རེད།གང་ཡིན་ཟེར་ན་གྲྭ་ས་ནི་ཕྱི་གཙང་ནང་གཙང་ཞིག་ཡིན་པས་དེ་འདྲ་བྱེད་མི་རུང།གྲྭ་ས་ནི་བྱིས་པའི་རྩེ་ར་མིན།ངས་བཤད་འདོད་པ་ནི་སྒྲོང་ཐུང་ཞིག་ཡིན།མི་སྒེར་སེམས་ཅན་ཞིག་གི་རང་ཉིད་ཀྱི་རྐུབ་སྟགས་རེག་ཆེད་ལས་འགལ་འདྲ་མིན་སྣ་ཚོགས་བྱས་ཤེས་ཡོན་ཀྱི་ཚོགས་སྡེ་མང་པོ་ཞིག་ནང་ཕན་ཚན་མི་མཐུན་པ་བཟོའི་མཐར་རང་ཉིད་ཀྱི་གཞན་མགོ་སྨོང་བ་ཞིག་བྱེད་དགོས་བསམ་ཀྱང་སྟབས་མ་ལགས་ནས་རང་ཉིད་ཕུང་བ་རེད།དེ་དཔེ་དོན་མཚུངས་པ་འདྲ་བོ་མཐོང་།

    Reply
  22. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སློབ་ཕྲུུག་དེ་དག་ལ་གོ་སྐབས་ཞིག་ངེས་པར་དུ་སྤྲོད་དགོས་ངེས་རེད
    རབ་བྱུང་ན་བོད་ཁྱིམ་སློབ་གྲྭར་འགྲོ་ཐུབ་ན་ཡག་པོ་རེད་དེ་མིན་ཚོགས་པ་གང་ཞིག་གི་ནང་དུ་བླང་ཀྱང་འགན་ཁུར་མི་ཞིག་དགོས་ངེས་རེད
    ཚེ་སྟོད་ལ་ཤན་པ་བྱས་ཚེ་སྨད་ལ་དགྲ་བཅོམ་ཐོབ་མཁན་ཡོད་པ་བཞིན་ཁོ་བ་ཚོ་ཡང་བསམ་ཤེས་ཅན་རེ་མི་ཆག་པའི་ངེས་པ་མེད

    Reply
  23. ཨ་མའི་བུ། says:
    ལོ་ 15 སྔོན།

    སྟོབས་ཟེར་བ་ཞིག་གིས་ཕྲུ་གུ་འདི་ཚོ་སྤྱི་ཚོགས་ནང་གི་གད་སྙིགས་སུ་ལྟ་བ་ནི་རྦད་དེ་ནོར་སོང་། ཁྱོད་ཀྱི་འདོད་པ་ལྟར་ན་སའི་གོ་ལ་འདིའི་སྒང་གི་འཁྲིག་སྤྱོད་མི་བྱེད་མཁན་མ་གཏོགས་མི་གཙང་མ་ཞིག་མེད་སོང་བ་ཨེ་ཡིན། དེར་ཁས་ལེན་ན། དེང་སང་གྲྭ་ས་ན་ངེས་པ་དོན་གྱི་འདུལ་བ་འཛིན་པ་རེ་གཉིས་མ་གཏོགས་ཨེན་ཆུང་དག་གི་བརླ་བར་ལ་འཁྲིག་པ་མི་སྤྱོད་མཁན་ག་ཚོད་ཡོད། ཁྱབ་པ་ཁས། གྲྭ་ས་ཚང་མ་གད་སྙིགས་སྤུངས་ས་ཡིན་པ་དོན་གྱིས་ཁས་ལེན་ཤོར་རོ།།

    མིའི་གྲལ་དུ་འཚང་ནས་སྐད་ཆ་བཤད་སྐབས་གཟབ་གཟབ་བྱེད་རྒྱུ་མ་བརྗེད། འདིའི་སྐབས་ལ་སེར་སྨད་བློ་དགའ་ཟེར་བའི་མི་འདི་སུ་ཡིན་ན་ཚང་མས་དེའི་ལྷག་བསམ་ལ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་དགོས་ལ། རང་རེའི་གཞོན་རབས་པ་དག་སེར་སྨད་བློ་དགའ་ནང་བཞིན་བཟོ་རྒྱུར་འབད་པ་བྱས་ན། ད་གཟོད་བོད་མི་རིགས་དང་རྒྱལ་ཁབ་ལ་རེ་བ་ཆེན་པོ་ཡོད་པར་མཐོང་། དེའི་སྟབས་ཀྱིས་གུས་ནས་བྱིས་པ་འདི་དག་སློབ་གྲྭར་མ་ཚུད་ན་སེར་སྨད་བློ་དགའ་ལགས་ལ་རོགས་སྐྱོར་གཞན་ནས་མི་ཐུབ་རུང་དངུལ་ཏོག་ཙམ་གྱིས་བྱེད་རྒྱུ་ཐག་གིས་བཅད་པ་ཡིན།

    Reply
  24. ཚེ་རིང། says:
    ལོ་ 15 སྔོན།

    གཤམ་དུ་སྟོབས་ཞེས་པའི་ཟིན་བྲིས་པ་ཞིག་གིས། “བུ་མོ་ཞིག་ལ་བཙན་ཤུད་ཀྱིས་འཁྲིག་སྤྱོད་བགྱིས་ན ། རྒྱལ་ཕྱི་ནང་ཀུན་གྱི་རྩ་ཁྲིམས་ཀྱིས་ངོས་ནས་ཐག་གཅོད་ཅི་ལྟར་བྱེད་སྲོལ་ཡོད །” ཁྱེད་ཀྱིས་གནས་ཚུལ་འགོ་མཇུག་ཚང་མ་མཁྱེན་མི་འདུག བུ་མོ་ཞིག་ལ་བཙན་ཤུད་ཞེས་པ་དེ་བཙན་ཤུགས་ཀྱི་དོན་ཡིན་ན། བཙན་ཤུགས་མ་རེད། རང་མོས་ཀྱིས་འཁྲིག་སྤྱོད་ཅིག་རེད། སློབ་གྲྭའི་སྒྲིག་འཛུགས་དང་འགལ་བ་ལས། རྒྱལ་ཕྱི་ནང་གི་ཁྲིམས་གང་དང་ཡང་འགལ་མེད། དེ་ན་སློབ་མ་ལ་སློབ་མར་དཔག་པའི་ཉེད་ཆད་ཅིག་མེད་དོན། སློབ་གྲྭ་ནས་ཕྱིར་ཕུད་ཙམ་མ་རེད། དང་པོ་འདྲི་གཅོད་བྱས་པ་དང། དེ་ནས་རྒྱང་ཕུད་གཏོང་རྩིས་བྱས་ཏེ། བལ་ཡུལ་དུ་བསྐྱལ་བ་རེད། སྔོན་མ་སྔོན་མ་་རྒྱ་ནག་གིས་ཁྲིམས་ཆད་བྱེད་སྟངས་དེ་ཚོ་དྲན་ཡོང་གི་འདུག

    Reply
  25. GYAMTSO says:
    ལོ་ 15 སྔོན།

    ཉེ་ཆར་བློ་དགའ་ལགས་ཀྱིས་སློབ་ཕྲུག་ཚོ་བལ་ཡུལ་ནས་འཁྲིད་ཡོང་གི་ཡོད་པ་ལམ་སྐབས་ནས་མཐོང་སོང་། ངའི་སེམས་པར་ཕྲུག་གུ་ཆུང་ཆུང་དེ་ཚོ་བོད་ནས་གསར་པ་བསླེབ་པ་ཡིན་རྒྱུན་རེད་བསམ་བྱུང། ཇ་འཐུང་ས་ཞིག་ནས་བློ་དགའ་ཟེར་བའི་ཕྲུག་གུ་ཚོའི་བདག་བོ་ལ་སྐད་ཆ་དྲིས་ནས་རྒྱུ་མཚན་གསལ་བོ་ཤེས་བྱུང། བསམ་ཡུལ་ལས་འདས་པ་ཞིག་རེད། དངོས་སུ་ཕྲུག་གུ་ཆུང་ཆུང་ཚོའི་རྣམ་པ་མཐོང་རྒྱུ་ན་ཉེས་མེད་ཉེ་འགེབས་རང་རེད། སློབ་ཕྲུག་ཆུང་ཆུང་འདི་ཚོས་ཚུལ་མིན་གྱི་ཉེས་པ་བསག་ཡོད་ནའང་བཙན་བྱོལ་སྤྱི་ཚོགས་ནས་རྒྱང་ཕུད་གཏོང་མ་བཏང་པར་ཉེས་ཆད་གཞན་པ་རེ་བཏང་ན་མི་འགྲིགས་སམ། ལོ་རེ་བཞིན་བོད་ནས་བཙན་བྱོལ་ལ་ཡོང་མཁན་ཇེ་ཉུང་ཇེ་ཉུང་ཡིན་པ་སྐུ་ངོ་ཚོས་མ་ཁྱེན་པ་ཡིན་རྒྱུ་མ་རེད།

    Reply
  26. གཡུ་ཞུན། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་མི་ཚོ་རང་དབང་མང་དྲགས་ན་ལས་རྒྱུ་མང་ཀི་ཡ།
    སློབ་གྲྭའི་སྒྲིག་གཞིར་འགལ་ན་སློབ་གྲྭ་ནས་ཕྱིར་འཕུད་འོས་བ་ཞིག་རེད་སྙམ། ཁ་སྔོན་མི་ཚོའི་གླེང་གཞིར་གྱུར་བ་ཧ་ལམ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བཟོས་ན་རེད་ཕ་ཡུལ་ལ་གཏོང་རྩིས་ཡོད་དེའི་རྐྱེན་ཡིན་རྒྱུ་རེད་བསམ་སོང་། ཨ་ཨ་ད་མགོ་ཉོག་ད། རྗེས་མ་བོད་ཁྱིམ་སློབ་གྲྭ་ཁག་གིས་ཕྱག་ལས་ཇི་ལྟར་གནང་དགོས་སམ།

    Reply
  27. སྟོབས ། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལ་གཏམ་འདི་བཤད །
    བུ་མོ་ཞིག་ལ་བཙན་ཤུད་ཀྱིས་འཁྲིག་སྤྱོད་བགྱིས་ན ། རྒྱལ་ཕྱི་ནང་ཀུན་གྱི་རྩ་ཁྲིམས་ཀྱིས་ངོས་ནས་ཐག་གཅོད་ཅི་ལྟར་བྱེད་སྲོལ་ཡོད ། གལ་སྲིད་བློ་དགས་སློབ་ཕྲུག་དེ་ཚོ་ཡང་བསྐྱུར་སློབ་གྲྭ་ནང་དུ་འཛུལ་ཐུབ་བྱས་ན་ཡུལ་མིའིཁྲིམས་ལུགས་ལ་གང་འདྲ་བྱས་ནས་གདོང་སྟོན་གྱི་ཡིན །
    རྒྱ་གར་གྱི་ཁྲིམས་ལུགས་གཞིར་བཟུང་ཐོག་བཙན་བྱོལ་བོད་མིས་ཀྱང་ལེགས་ཉེས་དབྱེ་ཐག་གཅོད་རྒྱུ་ནི་འུ་ཚོ་སུའི་ཆབ་འོག་ཏུ་བཙན་བྱོལ་ཡིན་བ་ཡིན་པ་དེ་བརྟེན་ནས་ཐག་གཅོད་བྱ་དགོས་སམ། ཉེས་ཅན་འགེབས་སྲུང་གི་ཉེས་པ་བཙན་བྱོལ་གཞུང་ཕོག་ན །
    ཁྲིམས་ཐོག་ཏུ་བསྐྱོད་མཁན་སུ་ཡིན་རྒྱུ་རེད་འདི་ལ་བསམ་བློ་བཏང་ཨེ་ཡོད །

    གོམ་པ་གཉིས་པ་ལམ་འགྲོ་མ་སོང་ན ། གྲྭ་ས་ལ་འཛུལ་ཞུགས་བྱ་རྒྱུ་ཐབས་ཤེས་བྱེད་གྱི་ཡིན་ཟེར་བ་འདི། ཧ་ཅང་གི་ཞབས་འདྲེན་ཆེན་པོ་ཞིག་ཡིན་པ་ཚང་མས་ཤེས་དགོས ། གྲྭ་ས་ནི་ཕྱི་གཙང་ནང་གཙང་ཞིག་ཡིན་དགོས་ཞེས་༧་གོང་ས་མཆོག་གི་རྒྱུན་དུ་གསུང་གི་ཡོད། མིའི་ཁྲོད་ཀྱི་གད་སྙིགས་སྡུད་བསོག་བྱེད་ས་ཡིན་ན་ད་གཟོད་ཚུལ་མིན་གྱི་ཁྲིམས་ཆད་ཕོག་པའི་ཉེས་ཅན་ཡིབ་ས་ཞིག་བྱས་ན་ཆོག

    Reply
  28. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་བཀའ་སློབ་ལྟར་ད་ནི་བླ་སྤྲུལ་དང་དགེ་འདུན་པས་གྲ་བཙུན་ཙམ་མ་ཡིན་པར་ཁྱིམ་པ་ཕོ་མོའི་སློབ་གྲྭ་བཙུགས་དགོས་པའི་དུས་བབས་པ་མིན་ནམ། བློ་དགའ་ལགས། དེ་གའི་བུ་བུ་མོ་ཚོར་གྲ་ཆས་ཙམ་གྱོན་མི་དགོས་པར་ཁྱིམ་པ་ཕོ་མོའི་སློབ་ཕྲུག་ཟུར་དུ་འགྲོ་ས་ཞིག་བཟོ་ཐུབ་ན་དགེ་མཚན་མི་ཆེའམ།
    Karma Dorje,
    kardorime@gmail.com,
    Tel:00 36 30 90 39 788.

    Reply
  29. ལི་ཐང་ངག་དབང་དབྱིག་གཉེན། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས་སྤྱིར་སྟངས་ནས་ཐུགས་རྗེ་ཆེ་ཞེས་ཞུ་ལོས་དགོས་
    འོན་ཀྱང་སྐད་ཆ་འདིར་བསམ་གཞིགས་ཤིག་བྱས་ཡོས་དུས་དེ་རིང་གི་སློབ་
    ཕྲུག་འདི་ཚོ་ངས་བསམ་པ་ཡང་བསྐྱར་སློབ་གྲྭ་གཞན་ཞིག་ཏུ་ཚུད་རྒྱུ་ཁ་པོ་
    ཡིན་པ་མཁྱེན་གསལ་རེད་ གལ་སྲིད་སློབ་གྲྭ་གཞན་དག་ནང་མ་ཚུད་
    ཚེ་ངས་བསམ་པ་དེ་རིང་གི་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བིའི་སློབ་ཕྲུག་འདི་ཚོ་
    སེར་སྨད་གྲྭ་ཚང་གི་གྲྭ་རྒྱུན་ཆགས་རྒྱུ་ཡིན་པ་གསལ་པོ་རེད་སྙམ་གྱིན་ཡོད་
    དུས་དེར་ད་དུང་སློབ་ཕྲུག་འདི་ཚོས་འབྱུང་འགྱུར་བྱ་བ་གང་འདྲ་ཞིག་
    བྱེད་ཡོང་བསམ་ནས་བསྡད་ཡོད།

    Reply
  30. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    སློབ་གྲྭ་གང་ཞིག་ཏུ་འཇོག་ཐུབ་ན་ཡག་པོ་རེད་མ་གཏོག་གྲྭ་སའི་སློབ་གྲྭ་ལ་ཁིྲད་ཡོང་ནས་གྲྭ་ཆས་གྱོན་བཅུག་གི་ཡིན་ཟེར་ཡ་དེ་ཡག་པོ་མ་རེད།
    སྤྱིར་སྟང་ནས་ཐ་སྙིད་དེ་ལ་སྙན་པོ་མི་འདུག་གང་ཟེར་ན་ཁྱེད་ཀྱིས་གྲྭ་པ་བཟོ་ཡ་ཡིན་ལབ་ཀྱིས་མི་འདུག་གྲྭ་ཆས་གྱོན་བཅུག་གི་ཡིན་ཟེར་ཡ་དེ་ངས་སྙན་པོ་གོ་གི་མི་འདུག།

    Reply
  31. བྱམས་རྒྱལ། says:
    ལོ་ 15 སྔོན།

    དཔའ་གློ་དགའ་མཆོང་པའི་ཁ་ཞབས་ནས།
    མི་ཉམས་ཆུང་གཤིན་རྗེའི་ཁ་ནས་བསྐྱབས།
    བུ་དཔའ་བོ་གཅིག་གི་བྱས་རྗེས་རེད་།
    དེ་མི་སྨོན་རང་སྐྱིད་གཉིས་ཀ་རེད་།

    ལྷག་བསམ་ཟེར་མཁན་མང་མོད་དེ་།
    ངོ་ཐོག་སྒྲུབ་མཁན་སྲིད་མཐའ་ཙམ།
    དུག་སྦྲུལ་གཙུག་གི་ནོར་བུ་དེ་།
    བསམ་མི་མང་སྟེ་ལོན་མི་དཀོན།

    ར་ལོ་ཟེར་བའི་སྡང་སེམས་ཅན།
    བྱུས་ཕྱི་ནང་བརྗེ་མཁན་སྔར་མ་ཁྱོད་།
    བུ་བྱས་པ་ཅན་ལ་ཞེ་རེ་གནགས།
    མི་སྨད་རང་སྡུག་གཉིས་ཀ་རེད་།

    མཐོ་གོང་མ་གྲོས་ཚོགས་མན་ཆད་དང་།
    དམའ་དྲ་གྲོགས་སྤུན་ཟླ་ཡན་ཆད་ཀྱིས།
    ཉམས་ཆུང་རྒྱབ་རྩ་ལངས་པའི་དུས།
    ཁྱོད་ར་ལོས་མི་བྱེད་མི་ཉན་ཟེར།

    སྤྱིར་༧རྒྱལ་བའི་དགོངས་པ་འཁྲུགས་གཞི་དང་།
    ནང་ཕུ་ནུ་དམ་ཚིག་གནོད་དོགས་ནས།
    བུ་ང་ཡི་ཚིག་གཅིག་བཤད་པ་མེད་།
    དུས་དེ་རིང་མི་བཤད་ཁག་མེད་བྱུང།

    བོད་ཕྲུག་དེ་རྣམས་མ་འོངས་བདུན་ལམ་ལྟ་ཅི་ད་དུང་གཞིས་བྱེས་གཉིས་དང་། ཕ་མ་ཚོ་དང་༧གོང་ས་མཆོག་བར་གྱི་དད་པ་དམ་ཚིག་ལའང་ལུས་གནོད་ ད་དུང་བོད་ལ་ལོགས་འགྲོ་དགོས་ཡ་དེ་རང་གི་གཅེས་པའི་སྲོག་ལའང་འགན་ལེན་མི་བཟོད་པའི་ཚབས་ཆེན་གྱི་གནས་ཚུལ་དངོས་ཡོད་ཡིན་པར་བརྟེན་བཀུར་འོས་སྐུ་ཞབས་བློ་དགའ་ཡིས་ལྷག་བསམ་ཆེན་པོས་མ་འསྐུལ་དངས་བླངས་ཀྱིས་བོད་ཕྲུག་དེ་རྣམས་གཤིན་རྗེའི་ཁ་ནས་བླངས་པ་ལ་་་་་་་་་་་ཁྱོད་ཀྱིས་ལྡོག་ཕྱོགས་ནས་བཤད་དེ་་སྐུ་ཞབས་བློ་དགས་རྐང་བཙུགས་ནས་གནས་ཚུལ་ཚབས་ཆེན་གྱི་ངོ་བོར་བཟོ་བཞིན་པ་མ་གཏོགས། དངོས་ཡོད་གནས་ཚུལ་དེ་འདྲ་ཞིག་ཡོང་སྲིད་དོན་མེད་ཟེར། ཁྱོད་དེ་འདྲ་ཤོད་ཕོད་དམ། སྐུ་མཁྱེན་ཏོག་ཙམ་གཟབ་རོགས། རང་སེམས་གདོན་གྱིས་བསླུས་སམ་ ཡང་ན་ ལེགས་ཉེས་དཔྱོད་པའི་རྣམ་དཔྱོད་ཀྱིས་དབུལ་ལམ།

    བློ་བཟང་ཐུབ་བསྟན་ལགས།
    སེར་སྨད་བློ་དགའ་དམང་ཚོགས་ཚོགས་པས་སྤྱི་འཐུས་འོས་མིང་དུ་སྟོན་འདུག་པ་ཁྱེད་རང་གིས་གསུངས་པ་མ་གཏོགས་ངས་མི་ཤེས་ལ་མ་ཟད་ཕྲན་སྤྱི་འཐུས་དང་བཀའ་ཤག་གི་འོས་མི་སྐོར་ལ་ཅི་ཡང་མི་ཤེས་མཁན་ཞིག་གི་ངོས་ནས་བལྟས་ནའང་སྐུ་ཞབས་བློ་དགའ་སྤྱི་འཐུས་འོས་མི་ལུས་ཆོག་ བུ་དཔའ་བོ་ལ་དཔའ་དར་དང་ རྟ་མགྱོགས་པོ་མགྱོགས་དར་མི་དགོས་སམ།

    Reply
  32. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    མི་མཁས་འཛངས་ཅན་ཞིག་གི་དུས་ནམ་ཡང་བོས་བསྡུའི་དུས་ཚོད་སླེབས་ལ་ཉེ་དུས་ཟ་ངེ་ཟུ་ངེ་བཟོ་ཀྱི་མ་རེད་ ཤེས་འཇོན་གང་ཡང་མེད་མཁན་རྣམས་དེ་ལྟར་བཟོ་ངེས་རེད། ཡིན་ན་ཡང་བློ་དགའ་ལགས་དེ་ལྟར་རེད་ཅེས་ཐག་བཅད་མེད་ ངས་ཡི་གེ་འདི་མཐོང་བ་དང་རང་ཤུགས་ཀྱི་དོགས་པ་འདི་བློ་ཡུལ་ལ་འཆར་བྱུང་
    བཙན་བྱོལ་བའི་སྤྱི་ཁྲོད་ཁོང་ལས་ལྷག་པའི་སྤྱི་འཐུས་ཞིག་རྙེད་ཀྱི་མེད་ན
    ང་རང་ཡང་ཟ་ངེ་ཟུ་ངེ་ཞིག་བཟོ་གི་མིན་ནམ་བསམ་གྱིས་འདུག་

    Reply
  33. ཆོས་འཕེལ། says:
    ལོ་ 15 སྔོན།

    སྐུ་གཞོགས་སེར་སྨད་བློ་དགའ་ལགས། སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་གོམ་པ་དང་པོ་ཐོག་ཏུ་འགྲོ་ཨི་ཐུབ་བལྟ་རྒྱུ་དེ། སློབ་གྲྭ་ཡང་བསྐྱར་ཚུད་ཨི་ཐུབ་བལྟ་རྒྱུ་དེ་རེད། གཉིས་པ་དགོན་སྡེ་ཁག་ལ་བཏང་བའི་གོམས་པ་གཉིས་པ་དེ་སྤོ་བའི་སྔོན་དུ། ཕྲུག་གུ་དེ་དག་རེ་རེ་ནས་ཕ་ཡུལ་དང་ཕ་མའི་མིང་བཅས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ངེས་པར་ཅན་དུ་འཁོད་ཐུབ་དགོས། ལྷག་པར་དུ་ལོ་ན་བཅུ་གཅིག་ལས་མ་ལོན་པ་དེ། དགོན་སྡེ་གྲྭ་ཚང་དུ་འཛུད་སྐབས་སོ་སོའི་ཕ་མ་དང་གྲོས་བསྡུར་བྱེད་ནས་གཏང་མ་ཐུབ་ན། བཤད་རྒྱུ་གང་མང་སླར་ཡང་ལྷག་པའི་ཉེས་ཁ་ཆེ། གང་ལྟར་སྙྀང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ

    Reply
  34. མཚོ་མོ། says:
    ལོ་ 15 སྔོན།

    སྐུ་ཕྱོགས་བློ་དགའ་ལགས་ཁྱེད་རང་བལ་ཡུལ་དུ་ཕེབས་ནས་སློབ་གྲྭ་ནས་གནས་དབྱུང་གཏང་བའི་སློབ་མ་དེ་ཚོ་ཕྱིར་ཁྲིད་ཡོང་ནས་སྐྱར་དུ་སློབ་གྲྭ་ལ་འཇུག་ཨེ་ཐུབ་ལྟ་བ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གང་ཡིན་ཟེར་ན་སློབ་མ་དེ་དག་གི་སློབ་གྲྭའིའགྲིག་ལམ་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་ན་ཡང་ཉེས་པ་དེ་ཧ་ཅིང་གི་ཐལ་དྲག་བཞག་མ་ཚད་རྒྱ་གར་དུ་སྐྱབས་བཅོལ་བའི་ཐོབ་ཐང་འཕྲོགས་ནས་བོད་དུ་ཕྱིར་ལོགས་བྱེད་དགོས་ཟེར་བ་དེ་དངོས་ནས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་རེད་ང་ཚོས་དེ་ལ་རྒོལ་ལན་ཞིག་མ་སྤྲད་ན་ནམ་ཞིག་སྔོན་བོད་ཀྱི་ཐབས་སྐྱོ་བོའི་ལམ་ལུགས་དེ་རོ་ལང་རྒྱག་ཐག་ཆོད་རེད།

    Reply
  35. ཚེ་རིང། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ཡིག་ཆད་ཤོར་འདུག་པས། ནོར་བཅོས་གནང་རོགས། གཞིས་བྱེས་གཉིས་ཀྱི་དམ་༼ཚིག༽ དབང་ཆེན་རེ་ཟུང་༼གིས་༽ ནོར་༼འཁྲུལ་༽དེ་ཤོར་སྐབས། རོགས་སྐྱོར་གང་ཡང་མ་ཐུབ་༼མོད།༽ གུག་རྟགས་ནང་གི་ཡི་དེ་ཚོ་ཡར་བཅུག་རོགས་གནང།

    Reply
  36. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    བློ་དགའ་ཁྱོད་ཕོ་ཁྱོ་ག་རེད་ད། མང་པོ་ཞིག་གིས་གཅིག་གཅིག་རེད། མིག་མིག་རེད་ཅེས་བརྒྱ་བཤད་སྟོང་བཤད་བྱེད་འདུག་པ་མ་གཏོགས། ལག་ལེན་གང་ཡང་ཡོད་མ་རེད། ཚང་མས་དངངས་འཚབ་བྱེད་པའི་དོན་དག་དེར་དངོས་སུ་ལག་པ་འཇུ་ཕོད་པ་དེ་གཅིག་པུས་བློ་སྟོབས་མཚོན་པ་རེད། མདོར་ན་སློབ་མ་དེ་ཚོ་སློབ་གྲྭ་ནས་ཕུད་ཚར་དུས་བསྐྱར་དུ་ཐབས་ཤེས་བྱས་ནས་སློབ་གྲྭར་འཇུག་ཐབས་བྱས་པ་དེ་བསམ་བློ་ཡག་པོ་ཞིག་རེད།
    ཁ་ཤས་ཀྱིས་བློ་དགས་འོས་ཤོག་རག་ཐབས་ཆེད་དུ་ལས་ཀ་དེ་འདྲ་བྱེད་ཀྱི་ཡོད་པའི་བཟོ་འདྲ་བཤད་འདུག དེ་ཧ་ལས་རྒྱུ་ག་རེ་འདུག དེང་སང་སྒེར་སོ་སོའི་ཁ་ཕན་མི་བསམ་མཁན་སུ་ཞིག་ཡོད་རེད། ཕོ་རང་ལ་འཇོན་ཐང་ཡོད་ན་འོས་ཤོག་རག་ཐབས་བྱས་ཀྱང་འགྲིག་གི་རེད། བློ་དགའ་སྤྱི་འཐུས་ནང་སླེབས་ཀྱང་མི་འགྲིག་པ་ཞིག་མཐོང་གི་མི་འདུག བློ་དགའ་ལས་འཇོན་ཐང་ཆེ་བ་དང་། ལྷག་བསམ་ཆེ་བ། ཤེས་ཡོན་ཆེ་བ་སོགས་ད་ལྟའི་སྤྱི་འཐུས་ནང་ག་ཚད་ཡོད། ངས་བལྟས་ན་ཕལ་ཆེར་ཞེ་དྲག་ཡོད་ཀྱི་མ་རེད། དེར་བརྟེན་བློ་དགའ་ལ་ཕྲག་དོག་ཟ་མཁན་ཚོ་སྡུག་གྱོང་རང་གིས་ཁུར་ནས་སྡོད།

    Reply
  37. ཚེ་རིང། says:
    ལོ་ 15 སྔོན།

    བོད་པའི་སྤྱི་ཚོགས་ནང་སྤྱི་འཐུས་བྱེད་འདོན་ཡོད་མཁན་དང། མཚན་སྙན་དགོས་མཁན་ཧ་ཅང་མང་མོད། འདི་ལྟར་དཀའ་ལས་རྒྱག་མཁན་དཀོན་པོ་རེད། བོད་གཞིས་བྱེས་གཉིས་ཀྱི་དམ་ལ་འགལ་བ་འགྲོ་རྐྱེན་དུ་འགྱུར་མི་སྲིད་མོད། བཙན་བྱོལ་ནང་གི་དབང་ཆེན་རེ་ཟུང་བྱེད་སྟངས་ལ་བལྟས་ནས། ཁ་ཤས་ལ་དེ་ལྟར་སེམས་འཚབ་ཡོང་སྲིད་པ་ཞིག་རེད།
    ངས་བློ་དགའ་སྤྱི་འཐུས་བྱས་ན་འགྲིག་འདུག་ཟེར་གྱི་མེད་མོད། མིའི་དཀའ་ལས་བརྒྱབ་པ་ལ་དོན་མེད་ཟུར་ཟ་བྱས་ན་ཡག་པོ་མ་རེད། ཕྲུ་གུ་ཚོའི་མདུན་ལམ་གཅིག་པུ་ལ་བསམ་བློ་བཏང་ན་དེ་ལྟར་ཕྱིར་ཕུད་བྱེད་ཐུབ་པ་ཞིག་མ་རེད། ཕྲུ་གུ་ཚོ་དང་མཉམ་དུ་ཕ་ཚབ་མ་ཚབ་ཡང་ཕྱིར་ཕུད་བྱས་པ་རེད། དབང་དང་ནུས་པ་མེད་པའི་ཕ་ཚབ་མ་ཚབ་ཀྱིས་ལྟ་སྐྱོང་ཡག་པོ་མ་བྱས་པར་ཁ་བརྙད་ན། མ་སི་རི་བོད་ཁྱིམ་དྲུང་ཆེ་དང། དེ་སྔོན་གྱི་དྲུང་ཆེ། དེ་བཞིན་སློབ་སྤྱི། སྒྲིག་འཛུག་འགན་འཛིན་སོགས་ལའང་འགན་མེད་པ་ཡིན་ནམ། ཁོང་ཚོ་ལ་ཉེས་པ་སུས་བཏང་ཡོད། ནོར་དེ་ཤོར་སྐབས་དྲུང་ཆེ་མེད་པ་ཡིན་ནམ།
    དྲང་བདེན་མ་ཡིན་པའི་ཐུབ་ཚོད་ཀྱི་ཉེས་པ་དེ་དག་དྲན་ན་གཉོམ་ཆུང་ཚོས་ངུ་ངག་སུ་ལ་སྒྲོག་དགོས།
    དུད་ནག་འཐེན་མཁན་ཚོ་དང་མཉམ་དུ་སྨྲེ་ངག་འདོན་བཞིན་སོང་ན་སྐྱིད་ས་རེད་བསམ་པའི་ཚོར་སྣང་ཡོང་གི་རེད། དེ་ལྟར་མ་དགོས་པར། གྲྭ་རྐྱང་ཞིག་གིས་ཁོང་ཚོའི་མདུན་ལམ་ལ་བསམ་བློ་བཏང་བ་ལ། རོགས་སྐྱོར་གང་ཡང་མ་ཐུབ་མེད། རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། ཐུགས་རྗེ་ཆེ།

    Reply
  38. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཀུན་ལ་དོགས་པ་ཟ་བ་གྲུང་པོ་བརྩི།། འདི་དགེ་ཆོས་ཀྱི་གསུང་རེད། ང་ཚོ་བོད་ཀྱི་ཁྱད་ཆོས་སམ་ལེགས་བྱང་། ཡང་རིགས་གཞུང་། དེ་མིན་གོམས་གཤིས་ཤིག་རེད། ང་ཚོའི་དྲ་རྒྱ་ཀློག་མཁན་སྐོར་ཞིག་གི་དམིགས་བསལ་ཁྱད་ཆོས་ཤིག་ཀྱང་རེད། སེར་སྨད་བློ་དགའ་ལ་རྒྱབ་སྐྱོར་ཞུ།

    Reply
  39. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གང་ལྟར་ཕྱག་ལས་འདི་གནང་བར་རྗེས་སུ་ཡི་རིང་དང་ཐུགས་རྗེ་བླ་ལྷག་དུ་ཆེ་ཞུ་རྒྱུ་ཡིན

    Reply
  40. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལྷ་མོ་སྐྱབས་ཀྱིས་བརྩམས་བྲིས་ནའང་ཁྱེད་ཚོས་སྤྱི་འཐུས་འོས་འདེབས་ཐོབ་ཆེད་རེད་ཟེར་བ་དང་བློ་དགའ་གྱིས་སློབ་ཕྲུག་བདག་མེད་རྣམས་ལ་རོགས་བྱས་པ་ཡང་སྤྱི་འཐུས་འོས་ཐོབ་པས་ཆེད་དུ་རེད་ཟེར་བ་འདི་ཚོ་ནི་ལབ་མཁན་ཁྱེད་རང་ཚོ་ལ་བསམ་བློ་དེ་འདྲ་གཅིག་མ་གཏོགས་པས་རེད་སྙམ།

    རྐུ་མ་གཅིག་གིས་བསམ་ཚུལ་ལ་ག་དུས་ཡིན་ནའང་མི་གཞན་གྱིས་རྐུ་རྒྱག་གི་རེད་བསམ་གྱི་རེད། མི་དྲན་དགུ་དྲན་བསྡད་མཁན་ཚོ་ལ་རང་སེམས་དེ་འདྲ་ཞིག་མ་གཏོགས་མེད་པས་རེད།

    སེར་སྨད་བློ་དགའ་གྱིས་སློབ་ཕྲུག་རྣམས་ལ་རོགས་བྱས་པ་དེར་ཀུན་སློང་མ་རུང་བ་ཡོད་པར་ཁས་ལེན་མེད།

    Reply
  41. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    འོ་རེད། སློབ་ཕྲུག་དགུ་པོའི་མདུན་ལམ་ལ་བསམ་བློ་གཏོང་དགོས་པ་གལ་ཆེན་རེད། གལ་སྲིད་ཁོང་ཚོ་ལ་སློབ་སྦྱོང་དང་གསོ་སྐྱོང་ཡག་པོ་ཞིག་བྱེད་ཐུབ་ན་མ་འོངས་པར་ཁོང་ཚོ་དགུ་པོའི་ཁྲོད་ནས་བོད་ཀྱི་བཀའ་ཁྲི་དང༌། བཀའ་བློན། མཁས་དབང་སོགས་རེ་གཉིས་ཐོན་འོང་བ་སྲིད། དེ་ལྟར་བྱུང་ཚེ་ཁོང་ཚོ་ཕྱིར་འབུད་བྱས་པ་ལས་སློབ་གྲྭ་དང་དགོན་སྡེ་ག་གེ་མོ་ཞིག་ནང་སློབ་འཇུག་བྱས་ན་ཆེས་བཟང་བ་རེད་སྙམ།
    སེར་སྨད་བློ་དགའ་ལགས། ད་དུང་མུ་མཐུད་ཤུགས་རྒྱག་རོགས། སྤྱིར་སྒེར་གཉིས་ཀ་ལ་སྨིན་པའི་དགེ་བཟང་རང་རེད།

    Reply
  42. མི་ཆུང་། says:
    ལོ་ 15 སྔོན།

    ང་མི་ཆུང་གིས། བྱ་འགུལ་དེ་རིགས་ལ་ཐ་གཅིག་ཏུ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད། ད་དུང་ཁོ་ཚོའི་རྒྱ་གར་ནང་སྡོད་ཆོག་པའི་ལག་ཁྱེར་RC ཁོང་ཚོ་བལ་ཡུལ་དུ་སྐྱེལ་བར་འགྲོ་མིས།

    རྒྱ་གར་གྱི་ས་མཚམས་ཉེན་རྟོག་པར་རྩིས་སྤྲད་འདུག་ཟེར། དེ་བདེན་པ%

    Reply
  43. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་སེར་སྨད་བློ་དགའ་ལགས་ཁ་མ་ཡིན་དོན་གྱི་ལག་ལེན་ཐོག་ནས་ཕྲུ་གུ་དེ་ཚོ་ལ་རོགས་བྱས་པར་སྙིང་ཐག་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནང་དུ་བཞག་རོགས་བྱེད་ན་བསམ་དོན་འགྲུབ་པ་རེད། གལ་སྲིད་མ་བྱུང་ན་གྲྭ་ཆས་གྱོན་མ་བཅུག་རོགས། ཁུངས་མི་འཁྱོག་པའི་ལས་ལ་འཇུག་བཅུག་ན་འབྲས་བུ་བཟང་པོ་ཡོང་ཁག་པོ་རེད་སྙམ།

    དེ་ལས་སྡུག་ཐུག་ན་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་ན་དགའ་གི་རེད་སྙམ། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་ཡིན་པས་སྤྱི་འཐུས་གྲོས་ཚོགས་ཀྱིས་ངོས་ནས་ཕྲུ་གུ་འདིར་ཚོ་སློབ་གྲྭ་གང་རུང་ཞིག་གི་ནང་དུ་བཅུག་ཐུབ་པ་མི་འདུག་གམ།

    དྲ་གྲོགས་ཀརྨ་རྡོ་རྗེ་ལགས་སེར་སྨད་བློ་དགའ་གྲྭ་པ་གྲྭ་རྐྱང་ཞིག་ལ་སྒོར་མོའི་དཀའ་ངལ་ཡོད་པར་གསལ་པོ་རེད་འདུག་པས་ཐབས་ཤེས་འདྲ་འདུག་གམ།

    Reply
  44. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས་སྙིང་གི་མ་བཟོད་པར་མ་སྐུར་དང་བླང་གིས་ཕྱག་ལས་གནང་བ་ཡིན་ན་རྗེས་སུ་ཡི་རང་ཡོད། དམང་ཚོགས་ཚོགས་པའི་ཁྱེད་སྤྱི་འཐུས་འོས་མིང་དུ་སྟོན་འདུག་ཁྱེད་རང་གི་ཡང་མི་མང་བཀུག་ཐབས་ཞིན་ཡིན་ན་ནི་ཐབས་སྡུག་པོ་རེད། ཡིན་ན་ཡང་དེ་ཁྱེད་རང་ལ་མཐོ་དྲག་ཀྱི་བསམ་གི་ཡོད།

    Reply
  45. རྭ་ལོ། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལ་སྤྱིར་བཏང་ལེགས་སོ་ཞུ། ཁྱོད་ཀྱི་ལྷག་བསམ་ལ་དོགས་འདྲི་ཡང་མི་ཞུ། ལྷག་པར་དུ་འོས་བསྡུའི་དུས་ཚོད་བསླེབ་ལ་ཉེ་དུས་ཤིག་ལ་ཟ་ངེ་ཟིང་ངེ་བཟོས་ན་ཡག་པོ་མ་རེད་བསམ་པ་ཡིན།

    ཡིན་ནའང་། གལ་སྲིད་སློབ་གྲྭ་ཞིག་ལ་མ་ཚུད་ན་གྲྭ་སའི་སློབ་གྲྭར་འཁྲིད་རྒྱུ་ཡིན། དེ་དུས་གྲྭ་ཆས་གྱོན་དགོས་པ་རེད་ཅེས་པ་འདི་ལས་ལྷག་པའི་མིག་རྒྱང་དང་། ཐབས་ཤེས། འགན་ལེན་ཞིག་མེད་ན་ལས་ཀ་དེའི་རིགས་ལ་ལག་པ་མ་འཆང་ན་ཡག་གི་རེད།

    ད་དུང་གཞིས་བྱེས་གཉིས་དང་། ཕ་མ་ཚོ་དང་༧གོང་ས་མཆོག་བར་གྱི་དད་པ་དམ་ཚིག་ལ་གནོད་ཀྱི་དོགས་ནས་ཕྱིར་ཁྲིད་ཡོང་བ་ཡིན་ཞེས་པ་འདི་ཚོ་སྐུ་ཉིད་ཀྱིས་རྐང་བཙུགས་ནས་ཚབས་ཆེན་གྱི་ངོ་བོར་བཟོ་བཞིན་པ་མ་གཏོགས། དངོས་ཡོད་གནས་ཚུལ་དེ་འདྲ་ཞིག་ཡོང་སྲིད་དོན་མེད་པ་བཅས། གནས་སྐབས་དེ་ཙམ་ཡིན།

    Reply
  46. རི་བོང། says:
    ལོ་ 15 སྔོན།

    ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིག་པ། ། དེ་རེའི་སྐུ་ཞབས་བློ་དགའི་ཕྱག་ལས་ལ་རྗེས་སུ་ཡི་རངས་ཡོད།

    Reply
  47. བྱ་གཞུང་འཇམ་དབྱངས། says:
    ལོ་ 15 སྔོན།

    སློབ་མ་འདི་དག་གི་ནག་ཉེས་ཞིག་བསག་པ་ཡིན་པས་ཁོ་ཚོ་ལ་ཉེས་ཆད་ཞིག་བཅད་ནས་སློབ་གྲྭ་གང་རུང་ཞིག་དུ་བཅུག་ན་ཏག་ཏག་རེད།    སློབ་མ་འདི་དག་་གི་མདུན་ལམ་དང་མ་འོངས་བར་མི་སྒར་བ་ཞིག་གིས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཡི་རངས་དང་བསྔགས་བརྗོད་ཞུ་བ་ཡིན།

    Reply
  48. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཡ་ཡ་ད་གྲྭ་བ་བཟོ་རྒྱུའི་དམིགས་ཡུལ་རེད། གྲྭ་འབོར་ཇེ་ཉུང་དུ་འགྲོ་བཞིན་འདུག་ཟེར་ནས་བླ་རྒན་ཚོས་སྐད་རྒྱག་གིན་ཡོད་པ་རེད།

    Reply
  49. འབྲོང་རྒོད' says:
    ལོ་ 15 སྔོན།

    རྗེས་སུ་ཡི་རང་ཡོད།

    Reply
  50. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས་ཀྱིས་ཕྱག་ལས་འདི་གཞུང་དང་སློབ་གྲྭའི་སྒྲིག་ལམ་ངོ་རྒཽལ་མ་རེད་ལ། མི་སྒེར་ཅིག་གིས་སྤྱི་པའི་ལག་པ་འཆང་དཀའ་བ་ཅིག་ལ་ལྷག་བསམ་རྣམ་དག་གིས་ལས་འགུལ་བཟང་པོ་ཅིག་རེད་སྙམ། ལས་འགུལ་ལ་རྗེས་སུ་ཡི་རང་ཡོད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese