མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་སུ་རིའི་སློབ་ཕྲུག་དགུ་བོ་བསྐྱར་དུ་སློབ་གྲྭར་འཇུག་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དུ་སློབ་གཉེར་གནང་བཞིན་པའི་གྲྭ་སེར་སྨད་བློ་དགའ་ལགས་བལ་ཡུལ་དུ་ཕེབས་ནས། ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་རྣམས་ཕྱིར་ངྷ་སར་ཁྲིད་ཡོང་འདུག་ལ། ཁོང་གིས་སློབ་ཕྲུག་དེ་ཚོ་ངྷ་སྟེང་བོད་ཁྱིམ་དུ་བསྐྱར་འཇུག་གནང་རྒྱུའི་རེ་སྐུལ་སྙན་ཞུ་ཞིག་ཕུལ་ཏེ། ད་ལྟའི་ཆར་ཉིན་ ༡༠ ལ་བསྒུག་ཀྱང་ཐག་གཅོད་ཅི་བྱུང་གི་ལན་གང་ཡང་རག་མ་སོང་ཟེར།

ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བའི་དབང་གིས་སློབ་ཕྲུག་བུ་དགུ་དང་བུ་མོ་གཅིག ཕ་ཚབ་མ་ཚབ་གཉིས་བཅས་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡོད་པར་མ་ཟད། སྐབས་དེར་སློབ་ཕྲུག་དེ་ཚོ་བལ་ཡུལ་བར་དུ་བསྐྱལ་ཏེ་ཕྱིར་བོད་དུ་གཏོང་རྩིས་བྱས་ཡོད་ནའང་། མང་ཚོགས་ནང་དེའི་སྐོར་ལ་བསམ་ཚུལ་འདྲ་མིན་སྣ་ཚོགས་བཤད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐད་ཀར་འཛིན་སྐྱོང་བཀའ་ཤག་ལ་ཛ་དྲག་གི་འབོད་སྐུལ་ཞུས་ཏེ། ཁོང་ཚོ་ཕྱིར་བོད་དུ་གཏོང་རྒྱུའི་སྲིད་བྱུས་དེ་འགྲིག་མེད་སྐོར་སྙན་གསན་ཞུས་པ་སོགས་ཀྱིས། བོད་གཞུང་བཀའ་ཤག་གིས་བསྐྱར་དུ་འདིའི་སྐོར་ལ་ཐུགས་བསམ་བཞེས་ཀྱི་ཡིན་གསུངས་ཡོད་ལ། ཉེ་ཆར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་དེར་ལྷོ་ཕྱོགས་སེ་ར་དགོན་དུ་སློབ་གཉེར་གནང་བཞིན་པའི་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས། ཕྱིར་འབུད་བྱས་པའི་སློབ་ཕྲུག་བུ་དགུ་ཕྱིར་ངྷ་སར་ཁྲིད་སླེབས་འདུག་ལ། ཁོང་གིས་ད་ལྟ་སློབ་ཕྲུག་དེ་ཚོ་ངྷ་སྟེང་བོད་ཁྱིམ་དུ་བསྐྱར་འཇུག་གནང་རྒྱུར་རེ་སྐུལ་སྙན་ཞུ་ཞིག་ཞིག་ཕུལ་ཏེ། དེའི་ལན་ལ་བསྒུག་བསྡད་ཡོད།

ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པས་གྲྭ་སེར་སྨད་བློ་དགའ་ཁོང་ལ་ཐུག་འཕྲད་ཀྱིས་གནས་ཚུལ་འདིའི་སྐོར་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བཏང་བའི་སློབ་ཕྲུག་དག་ནི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཁག་ཅིག་ནས་ཡོང་ཞིང་། དེ་དག་ལས་སློབ་ཕྲུག་གཅིག་མ་གཏོགས་གཞན་རྣམས་ཀྱི་ཕ་མ་ད་ལྟ་བོད་དུ་ཡོད་པ་དང་། ཁོང་ཚོའི་ཁྲོད་ཀྱི་ལོ་ན་ཆུང་ཤོས་རང་ལོ་ ༡༡ ཡིན་འདུག གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་ཐེངས་འདིར་སྟབས་ལེགས་པ་ཞིག་ལ་སློབ་ཕྲུག་འདི་ཚོའི་ཁྲོད་ན་ང་རང་ཉིད་ཀྱི་ཕ་ཡུལ་གཅིག་པ་གཅིག་ཀྱང་མི་འདུག གལ་སྲིད་ངའི་ཕ་ཡུལ་གཅིག་པ་ཞིག་ཡོད་ན་མི་གཞན་གྱིས་ངས་རང་གི་ཕ་ཡུལ་གཅིག་པ་དེའི་ནང་དུ་ཡོད་སྟབས་ཕྱོགས་རིས་བྱེད་ཀྱིན་འདུག་ཟེར་སྲིད་ཅེས་ཟེར།

གསར་འགོད་པས་ཁོང་ལ་ཐེངས་འདིར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བྱས་པའི་སློབ་ཕྲུག་རྣམས་ཕྱིར་ཁྲིད་ཡོང་དགོས་པའི་དམིགས་འདུན་སྐོར་དྲིས་པར་ཁོང་གིས། གཙོ་བོ་ཐེངས་འདིར་མ་སུ་རི་བོད་ཁྱིམ་ནས་ཕྱིར་འབུད་བྱས་པའི་ཕྲུ་གུ་དེ་ཚོ་ཕྱིར་བོད་དུ་གཏོང་རྒྱུ་རེད་ཟེར་བའི་སྐད་ཆ་ཞིག་བྱུང་བ་དེ་རེད། གལ་སྲིད་དེ་ལྟར་ཕྱིན་ན་མ་འོངས་པར་བོད་གཞིས་བྱེས་གཉིས་བར་དུ་དཀའ་ངལ་དང་བོད་མི་མང་དང་གཞུང་བར་དུ་དཀའ་ངལ། གཞིས་སུ་ཡོད་པའི་ཕ་མ་དང་༧གོང་ས་མཆོག་གི་བར་དུ་དཀའ་ངལ། དེ་བཞིན་རྒྱ་ནག་གིས་གནས་ཚུལ་འདྲ་མིན་བཟོ་བདེ་བོ་ཡོང་བ་སོགས་ཀྱི་དོགས་པ་རྣམ་རྟོག་གི་དབང་གིས་རེད། དེ་དཀའ་ངལ་གཅིག་རེད། དཀའ་ངལ་གཞན་གཅིག་ནི་ང་ཚོ་བོད་པ་ཟེར་བ་དེ་སྤྱིར་བཏང་ནས་གྲངས་ཉུང་མི་རིགས་རེད། མ་འོངས་པའི་མི་རབས་རྒྱུད་འཛིན་བྱེད་མཁན་གྱི་གནད་འགག་ཡོད་ན་མེད་ན་ཕྲུ་གུ་ཆུང་ཆུང་དེ་ཚོ་རེད། ལྷག་པར་དུ་སློབ་གྲྭར་འགྲིམ་བཞིན་པའི་ཕྲུ་གུ་ཆུང་ཆུང་དེ་ཚོ་དེ་བས་ཀྱང་གལ་ཆེ་བ་ཡིན་སྟབས། ཕྲུ་གུ་རེ་རེ་བཞིན་འཕྲོ་བརླག་ཏུ་མི་འགྲོ་བ་དང་ཁོང་ཚོའི་མི་ཚེའི་མདུན་ལམ་དང་བོད་གཞུང་གི་དམིགས་འདུན་སོགས་ཡག་པོ་ཞིག་ཡོང་ཐུབ་རྒྱུའི་དམིགས་འདུན་བཟུང་བས་ཀྱང་ཡིན་ཟེར།

ཡང་ཁོང་ལ་ཐེངས་འདིར་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་ཕུལ་བའི་སྙན་ཞུའི་ནང་དོན་ཅི་ཡིན་སྐོར་དྲིས་པར། ཁོང་གིས། ཉེ་ཆར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་སློབ་ཕྲུག་ཕྱིར་འབུད་བྱས་པ་དག་ལ། ང་རང་ཉིད་སྒེར་ངོས་ནས་སེམས་འཚབ་ཆེན་པོ་ཡོད་ལ། ང་དང་ང་ལྟ་བུའི་མི་མང་པོར་སེམས་འཚབ་ཡོད་པ་དེ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་བསྡད་པ་རེད། དེར་བརྟེན་སློབ་ཕྲུག་དེ་ཚོའི་མ་འོངས་པའི་མདུན་ལམ་ལ་བསམ་བློ་གཏོང་རྒྱུ་དང་། ལྷག་པར་དུ་བོད་ནང་དུ་ཡོད་པའི་ཕ་མ་རྣམས་ཀྱིས་རང་གི་ཤ་ཁྲག་ལས་ཆད་པའི་སློབ་ཕྲུག་དེ་ཚོ་བརྩེ་བ་ཚུན་ཆད་རྒྱང་རིང་དུ་བཏང་སྟེ། བཙན་བྱོལ་དུ་བསྐྱལ་ཡོང་དུས་དེ་ཚོར་སློབ་སྦྱོང་གི་གོ་སྐབས་ཤིག་མ་རག་ཚེ། ང་ཚོར་གང་ཡང་མེད་པ་ཞིག་ཆགས་ཀྱིན་འདུག་ལ། དེ་ལྟ་བུ་ཞིག་གཞུང་དང་སློབ་གྲྭ་ཁག་སུ་ཡིན་རུང་འདོད་པ་མེད་པས། ངས་སློབ་ཕྲུག་དེ་ཚོ་བལ་ཡུལ་ནས་ཕྱིར་ཁྲིད་ཡོང་དོན་ཁོང་ཚོ་བསྐྱར་དུ་སློབ་གྲྭར་འགྲིམ་པའི་གོ་སྐབས་ཤིག་རྙེད་ན་བསམ་པ་ཡིན། མ་སུ་རི་བོད་ཁྱིམ་ནས་མར་ཕུད་པ་ཡིན་སྟབས་ངྷ་སྟེང་བོད་ཁྱིམ་ནས་ཐུགས་བསམ་བཞེས་ཐུབ་ཀི་རེད་དམ་ཅེས་སྙན་ཞུའི་ནང་དོན་གཙོ་བོ་དེ་ལྟ་བུ་ཞིག་ཡིན། ཞེས་ཟེར།

ཡིན་ནའང་། ཁོང་གིས། ངས་སྙན་ཞུ་བརྒྱབ་སྟེ་ད་ལྟའི་བར་ཉིན་བཅུ་ཙམ་ཕྱིན་ནའང་ལན་གང་ཡང་མ་གནང་མོད། ཚོགས་འདུ་འཚོག་གི་ཡིན། ཐུགས་བསམ་བཞེས་གི་ཡིན་གསུངས་སོང་། དེ་ལ་བསྒུག་བསྡད་ཡོད་ཟེར།

ཡང་ཁོང་གིས་ཐེངས་འདིར་བལ་ཡུལ་ནས་སློབ་ཕྲུག་འདི་ཚོའི་སྐོར་འགན་ལེན་གནང་སྟངས་སྐོར་ནས་གསུངས་དོན། དང་ཐོག་ང་རང་བལ་ཡུལ་སྣེ་ལེན་ཁང་དུ་ཕྱིན་སྐབས་སློབ་ཕྲུག་ཚོ་ཁྲིད་ཆོག་ཆོག་མི་འདུག གང་ཡིན་ཟེར་ན་འགན་ལེན་བྱེད་མཁན་ཞིག་དགོས་པ་རེད། དེར་བརྟེན་ངས་བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་མཉམ་དུ་སྐད་ཆ་མ་བཤད་པའི་སྔོན་དུ་སློབ་ཕྲུག་ཚོར་ཐུག་འཕྲད་ཀྱིས། ཁྱེད་ཚོ་དངོས་གནས་ཕ་ཡུལ་དུ་ལོག་འདོད་ཡོད་དམ། གལ་སྲིད་ལོག་འདོད་མེད་ན་ལོག་འདོད་མེད་ཅེས་ས་ཡིག་རྒྱག་དགོས་པ་དང་། གཉིས་ཐད་ནས་ཁྱེད་ཚོ་ཕ་ཡུལ་དུ་ལོག་འདོད་མེད་ཚེ་ང་རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ་ཕྱིར་རྒྱ་གར་དུ་ཁྲིད་ཀྱི་ཡིན། ངས་ཁྱེད་ཚོ་དམིགས་འདུན་གཉིས་ཀྱི་ཐོག་ནས་ཁྲིད་ཀྱི་ཡིན། གཅིག མ་སུ་རི་མ་ཡིན་པའི་སློབ་གྲྭ་གཞན་དུ་འཛུལ་ཆོག་རྒྱུར་ཐབས་ཤེས་བྱ་རྒྱུ་ཡིན། གཉིས། གལ་སྲིད་དེ་ལྟར་མ་བྱུང་ན་ཁྱེད་ཚོ་གྲྭ་སའི་སློབ་གྲྭའི་ནང་འཇུག་ཐབས་བྱ་རྒྱུ་ཡིན། སྐབས་དེར་གྲྭ་ཆས་གྱོན་དགོས་འཁེལ་གི་རེད་ཅེས་བརྗོད་པར། ཁོང་ཚོས་ཁས་ལེན་བྱས་ཡོད། དེ་ལྟར་ངས་སློབ་ཕྲུག་དེ་ཚོ་བལ་ཡུལ་ནས་འགན་ལེན་བྱེད་སྐབས་རང་ཉིད་ཀྱི་ངོ་སྤྲོད་དང་ལག་ཁྱེར་ཆ་ཚང་ཕར་ཕུལ་བས་མ་ཚད། སློབ་ཕྲུག་ཚོས་ཁས་ལེན་བྱས་པའི་ཡིག་ཆ་ཡར་ཕུལ་བས། ཁོང་ཚོའི་ངོས་ནས་ཀྱང་ཞིབ་འཇུག་གནང་རྗེས་གཞི་ནས་ང་ལ་རྩིས་སྤྲོད་གནང་སོང་ཟེར།

དེ་ལྟར་ཁོང་ཐེངས་འདིར་བལ་ཡུལ་བར་དུ་ཕེབས་ཏེ་སློབ་ཕྲུག་ལྔ་ཁྲིད་སླེབས་པ་དང་། རྒྱ་གར་ནང་ལོག་ནས་སློབ་ཕྲུག་བཞི་ཁྲིད་ཡོང་བ་བཅས་བསྡོམས་པས་ཁོང་གིས་སློབ་ཕྲུག་དགུའི་འགྲོ་གྲོན་ཁོང་རང་ཉིད་ངོས་ནས་བཏང་བ་དང་། ད་ལྟ་ངྷ་ས་སྣེ་ལན་ཁང་གིས་སློབ་ཕྲུག་དེ་ཚོའི་འདུག་གནས་དང་ཁ་ལག་སོགས་གཏོང་གིན་ཡོད་འདུག ཡིན་ནའང་། སློབ་ཕྲུག་བུ་མོ་དེ་ད་ལྟ་ཕྱིར་བོད་དུ་ལོག་ཚར་འདུག དེའི་སྐོར་ལ་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་གསུངས་དོན། ཉེ་ཆར་མ་སུ་རི་ནས་སློབ་ཕྲུག་བཅུ་ཕུད་པའི་ནང་ནས། སློབ་ཕྲུག་བུ་མོ་དེ་བལ་ཡུལ་སྣེ་ལེན་ཁང་དུ་ཁོ་མོའི་ཨ་ཅག་ཡིན་ཟེར་མཁན་ཞིག་ཡོང་ནས་ཁྲིད་ཕྱིན་འདུག་པར་མ་ཟད།  ཁོ་མོ་ད་ལྟ་བོད་དུ་ཕྱིར་ལོག་ཚར་འདུག་ཅེས་ཟེར།

མཇུག་ཏུ་གྲྭ་སེར་སྨད་བློ་དགའ་ལགས་ཀྱིས་གསུངས་དོན། ད་ལྟ་རིམ་པ་དང་པོའི་སྟེང་དུ་བསྐྱོད་ཀྱིན་ཡོད་ལ། རིམ་པ་དང་པོ་ལེགས་འགྲུབ་མ་བྱུང་ན་རིམ་པ་གཉིས་པའི་སྟེང་གོམ་པ་རྒྱག་གི་ཡིན། དེ་ནི་དགོན་པ་གྲྭ་ཚང་ཞིག་གི་སློབ་གྲྭར་འཇུག་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་གཞིའི་འོག་མི་ ༣༡ འཛིན་བཟུང་བྱས།

སྐར་མ ༤༩ སྔོན་ལ།
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

ཆུ་ཚོད་ ༡ སྔོན་ལ།
བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥
Mobile App

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ནོར་གླིང་མཐོ་སློབ་ཏུ་སྐབས་བཅུ་གཅིག་པའི་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༠༥/༡༤

མཆན། 62

  1. ལུང་རྟོགས། says:
    ལོ་ 15 སྔོན།

    འདིའི་སྐོར་ལ་རང་ནས་བསམ་ཚུལ་ཞིག་སྔར་ནས་མདོན་འདོད་བྱུང་རུང་ད་ལྟ་བར་དུ་དུས་ཚོད་རག་མ་བྱུང་། བརྩན་བྱོལ་བའི་དགོན་བསྡེ་ཁག་དང་བསློབ་གྲྭ་ཁག་ནང་མདུལ་ཁྲིམ་དང་བསྒྲིག་བཞིར་བསྙད་ཏེ་མིའི་རང་དབང་ལ་བརྡོག་རོལ་བཏང་བ་ཉུང་ཉུང་བསྟན་ནས་མིན། དེས་ན་བློ་དགའ་ལགས་ནས་ཕྱག་ལས་མནང་བར་མཐའ་གཅིག་ཏུ་བརྒྱབ་བསྐྱོར་ཡོད།

    Reply
  2. བསྟོང་བསྐོར་ ཐུབ་བསྟན says:
    ལོ་ 15 སྔོན།

    སེར་སྨེད་སྐུ་ཞབས་བློ་དགའ་ལགས་གྱིས་ཕྱག་ལས་གནང་བ་དེ་ལ་%༡༠༠ རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེར།

    Reply
  3. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    ཕ྄ྱག་ལས་གནང་བ་ས྄ྟེ་ཡགས་པོ་འདུག་ཐུགས་ར྄ྗེས་ཆེ།

    Reply
  4. གངས་ཕྲུག says:
    ལོ་ 15 སྔོན།

    ཐོས་པ་དགའི་བཤད་པ་ལྟར་ན་སྔོན་མ་མ་སུ་རིའི་དགེ་སློབ་བར་འཕྲིག་སྤྱོད་རིག་བྱུང་ཡོད་ནའང་སྣང་མེད་དུ་བཞག་འདུག་ཅེས་བཤད་འདུག
    དེ་ལྟར་ཡིན་ན་དགེ་རྒན་སུ་རེད་སློབ་ཕྲུག་སུ་རེད། དེའི་སྐབས་སློབ་སྤྱི་སུ་རེད་གནས་ཚུལ་ཁ་གསལ་གསུང་ན་ཡག་པོ་འདུག དེ་རྣམས་བཤད་ཡ་མེད་
    ན་སྤྱི་ཚོགས་ནང་དཀྲུགས་ཤིང་རང་རེད། ངས་གོ་ཐོས་ལ་མ་སུ་རི་བོད་ཁྱིམ་ནས་མ་འོངས་བོད་ཀྱི་སོན་རྩ་ཉིས་སྟོང་ལྷག་གསོ་སྐྱོངས་བྱེད་ཀྱི་ཡོད་པ་
    དང་དེ་བཞིན་སྒྲིག་འཛུགས་དང་མཐུན་སྐྱེན་གཞན་དང་མ་འདྲ་བ་ཡོད་པ་གོ་བྱུང་། ཐོས་པ་དགའི་གོ་བ་དང་ངའི་གོ་བ་གཉིས་འགྲོ་གླེང་མུ་མཐུད་བྱེད་ཆོག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལ་དམིགས་ཡུལ་གཞན་མེད་ན་ལྷག་བསམ་འདུག་ད། འོན་ཀྱང་ཁྱེད་ཀྱི་ཐབས་ལམ་གཉིས་ཀར། ཡག་པོ་ཞིག་མ་རེད། དེ་ལས་ཐབས་ལམ་གཞན་ཞིག་འཚོལ་རོགས་གནང་དང་། དགའ་བསུ་དང་མོས་མཐུན་ཡོད།

    ཅེས་པ་ལྟར། ང་ཡང་བྲག་ཚེ་དབང་ལྟར་དྲན།

    Reply
  6. སྐྱ་ཀ་ཁ། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ། མི་འདི་ཚོས་བཤད་པའི་བསམ་ཚུལ་དག་ལ་ལེགས་པར་ཉོན། དེའི་རྗེས་རང་གིས་ཐག་གཅོད་བཟང་བོ་བྱོས། ཁ་དཔེར་ཡང་། གྲོས་ཁ་མི་ལ་བྱོས། གྲོས་ཐག་རང་གིས་ཆོད། ཟེར་རོ། །
    དེ་མིན་ཁྱེད་རང་སྐབས་འདི་ལྟ་བུ་ཞིག་ལ་མངོན་ཡོང་དུས་སྤྱི་འཐུས་ལ་རེ་བ་རྒྱག་གི་མི་འདུག་ཟེར་ས་མི་འགྲོ དེ་ནི་སྔོན་ཆད་ཁྱེད་ཀྱིས་འདི་དང་གན་བསྒྲུབ་གནང་སོང་ཟེར་བ་ཞིག་མེད་པས་མིན་འགྲོ གང་ལྟར་ཡང་རྒྱབ་སྐྱོར་ཡོད། ངས་ཁྱེད་རང་སྤྱི་འཐུས་ལ་གདམ་ཆོག

    Reply
  7. ས྄ྲིད་པའི་ད྄ྲང་མཁན། says:
    ལོ་ 15 སྔོན།

    མི་མང་གི་ཁ་འད྄ྲེ་ཡིན་པ་དང་མི་མང་གི་ལག་གསེར་ཡིན་ཞེས་པས་དཔེ་ལ྄ྟར་
    ཁ་མདའ་ཚིག་མདའ་འབེན་མཁན་མང་གི་ཡ྄ྭ་ གང་ལ྄྄྄྄྄ྟར་དམིགས་ཡུལ་གང་ཡོད་ཀ྄ྱང་ཕ྄ྲུ་གུ་དེ་ཚོགས་ལ་ཕན་ཐོག་བ྄ྱུང་སོང་ན་
    འག྄ྲིག་འདུག། ཡང་ཅིག་བཤད་ན་དམིགས་ཡུལ་ཡོད་ན་དེ་ནི་བོད་མི་མང་ལ་ས྄ྲི་
    ཞུ་ས྄ྒ྄྄ྲུབ་འདོད་པའི་ཀུན་ས྄ློང་ཞིག་འཆང་གི་མེད་འག྄ྲོ་
    དེ་ལ྄ྟར་ཡིན་ན་དགའ་བསུ་ཞུ་དགོས་པ་མ་རེད་པས་???????

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སངས་རྒྱས་ཀྱི་ཆོས་ལུགས་ལ་་་་སྔོན་ཆད་ཁྱེད་རང་གི་རིགས་རུས་་དང་བྱ་བཞག་་སྤྱོད་པ་མཐའ་ན་ཤན་པ་ཡིན་ཅིང་ཁྱད་པར་མེད གཙོ་བོ་རང་ཉིད་ཆོས་སྒོར་ཞུགས་པ་ནས་ཆོས་ཁྲིམས་སྲོང་རྒྱུ་གཙིག་སུ་འཛིན་དགོས་པ་དེ་རེད
    ་ད་དུས་དམངས་ཁྲོད་དུ ཡར་ལོག་བསྟན་པའི་སྲོག་ཤིང་ཟེར་སྲོལ་ཞིག་ཡོད
    འོན་ཀྱང་ངའི་ཁོ་བ་ཚོ་གྲྭ་བ་བྱེད་དགོས་ཟེར་གིན་མེད་རབ་བྱུང་ན་སློབ་གྲྭ་དང་ཡང་ན་དམག་མི་གང་རུང་ལ་འགྲོ་ཐུབ་ན་ཡག་པོ་རེད

    Reply
  9. བྲག་ཚེ་དབང་། says:
    ལོ་ 15 སྔོན།

    སེར་ས྄ྨད་བ྄ློ་དགའ་ལ་དམིགས་ཡུལ་གཞན་མེད་ན་ལ྄ྷག་བསམ་འདུག་ད། འོན་ཀྱང་ཁྱེད་ཀྱི་ཐབས་ལམ་གཉིས་ཀར། ཡག་པོ་ཞིག་མ་རེད། དེ་ལས་ཐབས་ལམ་གཞན་ཞིག་འཚོལ་རོགས་གནང་དང་།
    དགའ་བསུ་དང་མོས་མཐུན་ཡོད།

    Reply
  10. གངས་ཕྲུག says:
    ལོ་ 15 སྔོན།

    སློབ་གྲའི་སྒྲིག་འཛུགས་གལ་གནད་ཆེ་བ་ལས་སྒྲིག་འགལ་གྱི་སློབ་ཕྲུག་དེ་ཚོ་གལ་གནད་ཆེ་བ་ཞིག་ག་ལ་ཡིན། ད་ཡིན་ན་བླ་རྒན་
    བློ་དགའི་ཆབ་སྲིད་འཁྲབ་གི་འདུག མདོ་སྟོད་མི་མང་དང་ཡང་སྒོས་ང་ཚོ་ལི་ཐང་གི་མི་མང་ཚོའི་ངོ་རྒོལ་མཐའ་གཅིག་དུ་བྱེད་དགོས་
    ཁོས་མ་འོང་བ་སྐབས་བཅོ་ལྔ་བའི་སྤྱི་འཐུས་ལ་རེ་བ་བྱེད་པའི་ཆབ་སྲིད་རང་རེད། མི་ངན་དེའི་རིག་ལ་གཟབ་ནན་བྱེད་དགོས།
    དེ་ནི་བོད་གཞུང་སྤྱི་ཚོགས་ཀྱི་སྒྲུག་འཛུགས་གཏོར་གཤིག་གཏང་པ་དང་བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་ཤིང་གི་ས་བོན་འདེབས་པ་རེད།
    ངས་རེ་བ་ལ་ངྷ་སྟེང་བོད་ཁྱིམ་དུ་བསྐྱར་འཇུག་མི་གནང་རྒྱུའི་རེ་སྐུལ་དང་དེ་བཞིན་དགོན་པ་གྲྭ་ཚང་ཞིག་གི་སློབ་གྲྭར་མི་འཇུག་རྒྱུའི་རེ་བ་ཡོད།

    Reply
  11. སྟག་སྨྱོན། says:
    ལོ་ 15 སྔོན།

    ཕལ་ཆེ་བ་ལོ་ཆེན་པོ་རེད་ཕྲུ་གུ་མ་རེད། མི་འདི་ཚོ་མུ་མཐུད་སློབ་གྲྭ་བཏང་ནས་ཕན་ཐོགས་མིན་བཤད་དཀའ། བོད་ནས་ཡོང་མཁན་ཚོས་ལོ་མང་པོ་གསང་གི་འདུག དེ་རྩིས་ན་འདི་ཚོ་ལོ་ཆུང་ཆུང་གཏན་ནས་མ་རེད།

    Reply
  12. སྟག་སྨྱོན། says:
    ལོ་ 15 སྔོན།

    དུས་ཚོད་ཡོད་ན་གནས་ཚུལ་འདིར་དཀར་ནག་གི་དབྱེ་བ་ཞིག་འབྱེད་དགོས་ཀྱི་འདུག ཡིན་ཡང་དུས་ཚོད་ཀྱིས་དབང་གིས་ཐུང་ཐུང་ཞིག་ལས་མི་འབྲི། བློ་དགའ་ཟེར་བས་གློ་བུར་དུ་ཕྲུ་གུ་དེ་དག་བལ་ཡུལ་ནས་ཁྲིད་ཡོང་བ་འགྲིག་ཡོད་མེད་བཤད་དཀའ། ཕྲུ་གུ་དེ་དག་གི་གནས་ཚུལ་དེ་བར་ལམ་བཀའ་ཤག་དང་གྲོས་ཚོགས་ཀྱིས་དངོས་ནས་འགན་ལེན་དགོས་པའི་གནས་ཚུལ་ཞིག་ཆགས་པ་རེད། སློབ་ཕྲུག་ཅིག་ལ་མཚོན་ན་སློབ་གྲྭ་དེ་བཤང་ཁང་ནང་བཞིན་འཁྲབ་ས་བྱེད་མི་རུང་ལ། དེའི་ཕྱིར་གནས་ཚུལ་འདི་རྦད་དེ་ཚབས་ཆུང་ཆུང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། ཡིན་ཡང་ཕྲུ་གུ་རྣམས་བོད་ལ་གཏོང་རྒྱུ་ཐག་བཅད་པ་དེ་གཏན་ནས་འགྲིག་མི་འདུག་པས་གཞུང་གིས་ངེས་པར་ཐག་བཅོད་འདི་བསྐྱར་བཅོས་མ་བྱས་ཐབས་མེད་རེད། ཡིན་ཡང་གནས་ཚུལ་འདི་ཐག་གཅོད་རྒྱུར་ཉི་མ་ག་ཚོད་འགོར་མིན་བློ་དགའི་འདོད་པ་དང་བསྟུན་དགོས་པ་ཞིག་མ་རེད། འདི་བཀའ་ཤག་གིས་ཐག་གཅོད་གཅོད་བར་དུ་སྒྭག་དགོས་པ་ལས། ཉི་མ་འདི་འདྲ་ཞིག་གི་ནང་ལ་ཐག་གཅོད་ཡང་འདི་འདྲ་བྱེད་དགོས་ཤེས་བཀའ་ཤག་ལ་བཟོ་ལྟ་བཟོ་རྒྱུའི་ཐོབ་ཐང་དང་དབང་ཚད་བློ་དགའ་ལ་ཡོད་མ་རེད། ད་དུང་བློ་དགས་སློབ་གྲྭར་བཤང་བཙོང་ཁང་ནང་བཞིན་བྱ་སྤྱོད་སྤེལ་མཁན་གྱི་ཕྲུ་གུ་འདི་དག་བོད་ཁྱིམ་ལ་འཇུག་རྒྱུར་གནོད་ཤུགས་སྤྲོད་བཞིན་པ་འདི་ངོས་ལེན་ཐབས་མི་འདུག བོད་གཞུང་གིས་འདི་འདྲའི་གནས་ཚུལ་ཡོད་ཚད་མི་སྒེར་རེ་རེའི་འདོད་པ་ནང་བཞིན་ཐག་གཅོད་བྱེད་ཤེས་ཀི་མ་རེད། འདི་ཆུང་ནའང་རྒྱལ་ཁབ་ཅིག་གི་གཞུང་རེད། སློབ་སྦྱོང་དང་ཀུན་སྤྱོད་ཕུལ་བྱུང་ཅན་གྱི་སློབ་ཕྲུག་ཅིག་བོད་ཁྱིམ་ལ་འཇུག་དགོས་ཤེས་བོད་གཞུང་ལ་གནོན་ཤུགས་སྤྲད་པ་ཡིན་ན་དགའ་བསུ་ཡོད། དེ་མིན་མངོན་སུམ་སྒྲིག་འགལ་གྱི་སློབ་ཕྲུག་ཐ་ཤལ་རྣམས་ལ་ས་མིག་ཡག་ཤོས་སྤྲོད་དགོས་ཤེས་རྩོད་པ་བརྒྱབ་ནས་ངོས་ལེན་མེད། དེ་འདྲ་ཡིན་ན་སློབ་ཕྲུག་ཡག་པོ་ཚོ་སེམས་ཕམ་གི་རེད།
    གྲྭ་བ་བྱེད་དགོས་ཟེར་བ་དེ་བས་ཀྱང་ཁྲིམས་འགལ་རེད། མི་གཞན་གྱི་དཀའ་སྡུག་གི་དུས་ཚོད་ལ་གོ་སྐབས་བཙལ་ནས་མི་དེའི་མི་ཚེ་ལ་འགྱུར་བ་གཏོང་རྩིས་བྱེད་བཞིན་ཆེས་ཁྲིམས་འགལ་རེད། སློབ་གྲྭའི་ནང་བཤང་ཁང་གི་བྱ་སྤྱོད་སྤེལ་མཁན་རྣམས་དགོན་པར་ཁྲིད་འདོད་པ་དེ་བས་ཡ་མཚན་རེད། དེའི་ཕྱིར་ཕྲུ་གུ་འདི་ཚོར་བོད་དུ་མ་བཏང་བའི་ཚུན་ཆད་ནས། གཞན་ཐག་གཅོད་འདི་འདྲ་བྱེད་དགོས་དང་དུས་ཚོད་འདི་འདྲ་ཞིག་གི་ནང་ཚུད་ལ་ཐག་གཅོད་དགོས་ཤེས་བོད་གཞུང་ལ་བཀའ་གཏོང་རྒྱུའི་དབང་ཚད་མི་སྒེར་སུ་གཅིག་ལ་ཡོད་པ་མ་རེད། འདི་བོད་གཞུང་ཁྲིམས་ལུགས་བཞིན་ཐག་གཅོད་དགོས་པ་ལས། བོད་གཞུང་གིས་གྲྭ་བ་ཞིག་གི་ཁ་ལ་ཉན་དགོས་ན་ཁག་པོ་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese