ཉེ་ཆར་མདོ་སྨད་ཀྱི་མི་དྲུག་ཅུ་ཙམ་གྱིས་བརྒྱུད་ལམ་འདྲ་མིན་ནས་གྲོས་བསྡུར་བྱས་ཏེ། མཐར་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་ད་ལྟའི་སྤྱི་འཐུས་ལས་ཐོགས་པ་དྲུག་དང་། སྤྱི་འཐུས་ཀྱི་འོས་མི་གསར་བ་བདུན་མདོ་སྨད་སྤྱི་འཐུས་ཀྱི་འོས་མིག་ཏུ་བཏོན་འདུག
ཁོང་ཚོས་བོད་མི་མང་སྤྱི་འཐུས་ཤིག་ཡིན་ན། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པ། བོད་མི་མང་གི་མངོན་འདོད་ལྟར་སྒྲུབ་ཐུབ་མཁན་བཅས་ཀྱི་ཁྱད་ཆོས་གསུམ་ངེས་པར་དུ་ཚང་དགོས་ཟེར།
ཉེ་ཆར་དགེ་རྩེ་རིན་པོ་ཆེའི་དབུས་བལ་ཡུལ་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག་དང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་དང་། སིམ་ལ་ཇོ་ནང་དགོན་པའི་མཁན་པོ་ཀུན་དགའ་རིན་ཆེན་རྣམ་གཉིས་ཀྱིས་དབུས་སིམ་ལར་ཡོད་པའི་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག དེ་བཞིན་དུ་འགུ་ལོག་དམ་ཆོས་དཔལ་བཟང་གཙོས་དྷ་སར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྔ་ལྷག་ཅིག་དང་། ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་གཉིས་ལྷག་ཅིག ཨ་ཁུ་ཀུན་དགའ་དང་། མཁན་པོ་ངག་དབང་རྡོ་རྗེ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མདོ་སྨད་མི་མང་བཅུ་ཕྲག་དྲུག་ལྷག་ཅིག་གིས་འབྲེལ་ལམ་འདྲ་མིན་ཐོག་ནས་གྲོས་བསྡུར་བྱས་ཏེ་མཐར་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ཁག་ཅིག་ངོ་སྤྲོད་གནང་ཡོད་ལ། ཁོང་རྣམས་ཀྱིས་ད་དུང་མདོ་སྨད་མི་མང་གིས་ཁོང་ཚོས་འོས་སྦྱོར་བྱས་པའི་མི་དེ་དག་སྤྱི་འཐུས་སུ་བཞུགས་རྒྱུར་འོས་ཆོས་ཚང་མིན་མི་མང་རང་གིས་བརྟག་དཔྱད་བྱེད་རོགས་ཞེས་སྐུལ་འདུག
ཁོང་ཚོས་ཕྱིར་བསྒྲགས་གནང་བའི་འོས་མི་རྣམས་ལས་ད་ལྟ་བོད་མི་མང་སྤྱི་འཐུས་ལས་ཐོགས་པ་ཁག་ཅིག་ནི། ད་ལྟའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་བཅས་ཡིན་པ་དང་། ཡང་སྤྱི་འཐུས་ཀྱི་འོས་མི་གསར་བ་རྣམས་ནི། སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་དང་ས་རཱའི་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ། མདོ་སྨད་དབུས་རྒྱུན་ལས་ཐོགས་པ་གྲྭ་བློ་བཟང་དཔལ་ལྡན། རྩོམ་པ་པོ་མཁན་པོ་འཇུ་བསྟན་སྐྱོང་། དུས་དེབ་དབུ་མའི་ལམ་གྱི་རྩོམ་སྒྲིག་པ་གྲྭ་རྨོག་རུ་བསྟན་པ། འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་པ་གཟུངས་ཕྱུག་སྐྱིད་བཅས་ཡིན་འདུག
གཞན་ཡང་ཁོང་ཚོས་བོད་མི་མང་སྤྱི་འཐུས་ཞིག་ལ་ངེས་པར་དུ་ཚང་དགོས་པའི་འོས་ཆོས་གསུམ་བཏོན་འདུག་ལ། དེ་དག་ནི། ༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པ། བོད་མི་མང་གི་མངོན་འདོད་ལྟར་སྒྲུབ་ཐུབ་མཁན་བཅས་ཡིན་འདུག
ཁོང་ཚོས་མདོ་སྨད་མི་མང་ལ་རེ་སྐུལ་ཞུས་དོན། གོ་ལ་ཟླུམ་པོ་འདིའི་སྟེང་ན་འཚོ་བའི་རང་དབང་དང་ཐོབ་ཐང་ལ་དུང་བའི་འགྲོ་བ་ཡོངས་ལ་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་ཆེད་དང་། ཁྱད་པར་དུ་བོད་སྤྱི་བའི་ལས་དོན་ཉམ་ང་ཉག་ཕྲ་བའི་དུས་འདིར། ང་ཚོ་བོད་མི་ཡོད་དོ་ཅོག་གིས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ། མི་རེས་འགན་རེ་ཁུར་ཏེ་འབད་འབུངས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་མངོན་གསལ་ལགས། དེས་ན་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་མི་སུ་འདྲ་ཞིག་སླེབས་ན་འགྲིག་མིན་ཐད་བསམ་བློ་གཏོང་རྒྱུ་དེ་ང་ཚོ་ཚང་མའི་ད་སྐབས་ཀྱི་ལས་འགན་གལ་ཆེན་དུ་གྱུར་ཡོད་པ་མཐོང་ཆོས་སུ་གྲུབ་ཡོད་ཕྱིར། འདིར་བོད་མི་མང་ལ་ཤ་ཞེན་དང་སེམས་ཁུར་ཅུང་ཡོད་མཁན་གྱི་མི་ཁ་ཤས་ཞིག་གིས་བརྒྱུད་ལམ་དྲ་མིན་ནས་གོ་བསྡུར་བྱས་ཏེ་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་རུང་བའི་གང་ཟག་འགའ་ཞིག་གཏན་འབེབ་གནང་བ་བཞིན་ངོ་སྤྲོད་བྱ་རྒྱུ་ཡིན་པས་དེ་དོན་ཐུགས་ལ་བཟུང་སྟེ་བློ་གཟུ་བོའི་སྒོ་ནས་དཔྱད་པར་འཚལ། ཞེས་གསལ་འདུག
གསར་འགྱུར་སྤེལ་མཁན། ཨ་རིག་འགྱུར་མེད།
མདོ་སྨད་པ་བསམ་ཤེས་སྐོར་ཞིག་གིས་སྤྱི་ཚོགས་ལ་འགན་འཁུར་བླངས་བའི་བསམ་འདུན་ལ་རྗེས་སུ་ཡི་རང་ཡོད།
དེ་བཞིན་མཆན་འགོད་པ་མང་པོ་ཞིག་གིས་ཀྱང་གནས་ཚུལ་བདེན་མིན་ལ་མ་ལྟོས་པར་དོ་སྣང་གནང་བ་ཙམ་གྱིས་ཡག་པོ་རེད།
ཡིན་ནའང་།་མཆན་འགོད་པ་ངེད་ཚོས་ཅི་ཙམ་གྱིས་སྐད་བརྒྱག་ཀྱང་མི་མང་ལ་གོ་བརྡ་ཞིག་སྤྲོད་ཐུབ་རྒྱུ་ཁག་པོ་རེད།
མང་པོ་ཞིག་གིས་མཆན་འགོད་པ་ཚོ་ནི་ལས་མེད་རིགས་དང་།འགན་འཁིར་མེད་པའི་སྨོྱན་པའི་སྐད་ཆ་ཙམ་དུ་ངོས་འཛིན་བྱེད་ངེས་པ་རེད།
དེའི་ཕྱིར་ང་ཚོས་རེ་བ་དང་སྡིགས་དམོད་ཅི་ཙམ་བྱས་པ་སྤྱི་ཚོགས་ཀྱི་ངོས་ལེན་མེད་པ་མ་ཟད།གོ་དགོས་ས་ཚོས་གོ་རྒྱུ་ཡང་མ་རེད།
མི་མང་གིས་མཆན་འགོད་པ་ཚོ་ངོས་ལེན་མི་བྱེད་པའི་རྒྱུ་མཚན་གཞན་ཡང་ཡོད་པ་རེད།མིང་རྫུན་གྱི་འོག་ནས་སྒེར་གྱི་དགའ་ཁ་ཕྱོགས་འཐེན་ཤ་སྟག་བྱས་པས་རེད།མི་མང་གི་ངོས་ལེན་ཡོད་མེད་ལ་མ་ལྟོས་པར་ང་རང་གིས་ཀྱང་མིང་གསུམ་གྱི་གྲིབ་ཡོར་འོག་ན་འཆན་འགོད་བྱེད་བཞིན་ཡོད།
འདི་ཡང་ངོས་རང་གིས་ལྷག་བསམ་གང་ཡོང་དང་དྲ་རྒྱའི་ཟིན་ཁོངས་ལ་མི་མང་ལ་དོ་སྣང་ཡོང་བའི་ཆེད་དུ་ཡིན།
ང་ཚོ་ཟིན་བྲིས་པ་ཚོས་བསམ་བློ་གཏོང་དགོས་པ་ནི་རང་ཉིད་མུ་མཐུད་སྤྱི་ཚོགས་ཀྱི་ངོས་འཛིན་ནང་གི་གད་སྙིགས་བྱེད་རྒྱུ་ཡིན་ནམ།
ཡང་དག་པའི་འཆན་འགོད་པ་ཚད་ལྡན་ཞིག་བྱེད་རྒྱི་ཡིན་དེ་རེད།
སེམས་ལ་གང་དྲན་བཤད།ཁ་ནས་གང་ཡོང་སྨྲས།སྒེར་འཁོན་ཞེན་འཁོན་རྐྱང་རྐྱང་ལ་གཡེང་བསྡད་ན་འཆན་འགོད་པ་ཚོ་ནམ་ཡང་གད་སྙིགས་ཡིན།
གཤམ་ནས་ང་རང་གི་འདོད་པའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་མི་བཅུ་ནི།
ཚོགས་གཙོ་སྤེན་པ་ཚེ་རིང་།
རྒྱལ་རོང་ཟླ་བ་ཚེ་རིང་།
སྤྱི་འཐུས་སྒྲོལ་མ་མཚོ་མོ།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན།
མགོ་ལོག་དམ་ཆོས་དཔལ་བཟང་།
རྔ་བ་ཕྱག་མཛོད་མདོ་སྔགས།
བྷན་རྡ་ར་ཀརྨ་དགེ་ལེགས།
མདོ་སྨད་ཚོགས་གཞོན་མགོན་པོ།
བྷེལ་ཀོབ་ས་རྒྱུན་ཨ་རིག་དགེ་མཐོང་།
མདོ་སྨད་རྒྱུན་ལས་བསྟན་པའི་དངོས་གྲུབ་བཅས་ཡིན།
ང་ཚོས་ཁོ་ཚོས་རིན་ཐང་དང་ལོ་རྒུས་ཤེས་པའི་ཐོག་ནས་འོས་ཤོག་ངེས་པར་བླུགས་རྒྱུའི་འབོད་སྐུལ་ཀྱང་ཡོད།
༈ དྲ་གྲོགས་འགའ་རེས་གསུངས་བར་རྒྱུ་མཚན་ཆེན་པོ་མི་འདུག་པར་སྣང་། གང་ཡིན་ཟེར་ན་འདྲེ་དམག་བོད་དུ་སླེབས་པ་ནས་ཆོས་གཅེས་ཡིན་ཡང་ཆོག་རྒྱལ་གཅེས་ཡིན་ཡང་རུང་གྲྭ་བས་སྤྱི་ཚོགས་ཀྱིས་བོད་སྤྱི་བར་ཕན་བཏགས་པ་མ་གཏོགས་གནོད་སྐྱེས་འདུག་དྲན་མྱོང་མེད་ལ། ཁྱད་པར་དུ་༨༩དང་༢༠༠༨ལོའི་ཡར་ལངས་ཆེན་པོའི་སྐབས་ད་དུང་ཡུལ་ཤུལ་ས་འགུལ་སྐབས་གྲྭ་བའི་ལྷག་བསམ་དང་གྲྭ་བའི་གཏོང་ཕོད་སུ་ཞིག་གིས་འགྲན་ཟླ་མེད་པ་དངོས་ཡོད་ཡིན་པས་ང་ཚོའི་ངོས་ནས་གྲྭ་བ་ཚོར་གདོན་རྫས་ལྟ་བུར་མཐོང་ན་དྲང་བདེན་མིན་པའི་ཚོར་བ་ཞིག་རང་འགུལ་གྱིས་སླེབས་ཡོང་གི་འདུག གུས་པས་གཞིག་ན། རྙིང་པ་ཚོ་ཕར་ཆེར་འགྲིགས་འདུག གསར་བའི་ནང་ནས་དགེ་རྒན་ཆེན་མོ་བསོད་ནམས་རྒྱལ་མཚན་དང་། རྨོག་རུ་བསྟན་པ། འཇུ་བསྟན་སྐྱོང་དང་ཚངས་དབྱངས་བཅས་འཆུག་མི་འདུག་མོད། ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་ལྷ་ཁྱབ་སྤྱིན་པ་གསུམ་མ་བཞག་པར་དེ་ནོར་འདུག་དྲན་སོང་། སྤྱིར་ང་ཚོ་ཨ་མདོ་བ་ཚོའི་སྐྱོན་ཆེ་ཤོས་ནི་དང་པོ་ཅི་ཡང་མིན་པའི་སྐབས་ལྷག་བསམ་དང་ཤེས་ཡོན་ངོམ་མཁན་མང་པོ་ཡོད་མོད་གོང་དུ་སླེབས་ཚར་དུས་ལྟས་ངན་སྟོན་མཁན་ཡང་མི་ཉུང་བ་ཞིག་ཡོད་རེད། དཔེར་ན་འགའ་རེས་གཡོ་ཐབས་སྣ་ཚོགས་ཀྱིས་སྒེར་གྱི་སློབ་གྲྭ་དང་རིགས་གཞུང་སྲི་ཞུ་ཁང་བཙུགས་ཁ་བྱས་ཀྱང་། འཇུག་རུལ་བ་མང་པོ་ཡོད་པ་ལྟ་བུ། དེ་མིན་རྒྱུན་ལས་དང་སྤྱི་འཐུས་གང་རུང་སུ་སླེབས་ཚར་དུས་སྒེར་དོན་ཁོ་ནར་འགོ་འཁོར་བ་དང་ཡང་འགའ་རེས་ངོ་ཚ་རྒྱབ་ཏུ་འཕངས་ཤིང་སྤྱི་དངུལ་བསྡོས་འགྲོ་མཁན་ཡོད་པ་སོགས་མང་པོ་ཡོད་རེད། མདོར་ན་ཨ་མདོ་བའི་ནང་ན་ཤེས་ཡོན་ཡོད་མཁན་མང་པོ་ཡོད་ཀྱང་མྱི་དྲི་བྲོ་མཁན་ཧ་ཅང་ཉུང་བ་འདས་ཟིན་པར་ཕྱིར་མིག་ཐེངས་གཅིག་བྱས་ན་གསལ་བོར་རེད། གང་ལྟར་ཤེས་འཇོན་ཡོད་པ་མ་ཟད་ངོ་ཚ་ཁྲེལ་ཡོད་ཡོད་པའི་མི་བུ་ཞིག་ལ་གསོལ་བ་འདེབས།
འོ་ཅག་མདོ་སྨད་པ་རྣམས་ཀྱི་སྤྱི་འཐུས་ནང་སྒྲོལ་མ་མཚོ་མོ་དང་སྨོས་རུ་བསྟན་པ་ལ་སོགས་པའི་བོད་མི་སྤྱི་ལ་མི་ཕམ་པའི་མི་རྣམས་མེད་ན་ལེགས་དེ་འདྲ་བའི་མི་སྤྱི་འཐུས་གྲོས་ཚོགས་ནང་ཉུང་དུ་གཏང་བའི་དུས་ཡིན་པའི་བློ་དང་ལྡན་པ་རྣམས་ཀྱིས་ཡིད་བཟབ་གནང་རོག་ཞུ་ཞུ་
༈ དྲ་གྲོགས་འགའ་རེས་གསུངས་བར་རྒྱུ་མཚན་ཆེན་པོ་མི་འདུག་པར་སྣང་། གང་ཡིན་ཟེར་ན་འདྲེ་དམག་བོད་དུ་སླེབས་པ་ནས་ཆོས་གཅེས་ཡིན་ཡང་ཆོག་རྒྱལ་གཅེས་ཡིན་ཡང་རུང་གྲྭ་བས་སྤྱི་ཚོགས་ཀྱིས་བོད་སྤྱི་བར་ཕན་བཏགས་པ་མ་གཏོགས་གནོད་སྐྱེས་འདུག་དྲན་མྱོང་མེད་ལ། ཁྱད་པར་དུ་༨༩དང་༢༠༠༨ལོའི་ཡར་ལངས་ཆེན་པོའི་སྐབས་ད་དུང་ཡུལ་ཤུལ་ས་འགུལ་སྐབས་གྲྭ་བའི་ལྷག་བསམ་དང་གྲྭ་བའི་གཏོང་ཕོད་སུ་ཞིག་གིས་འགྲན་ཟླ་མེད་པ་དངོས་ཡོད་ཡིན་པས་ང་ཚོའི་ངོས་ནས་གྲྭ་བ་ཚོར་གདོན་རྫས་ལྟ་བུར་མཐོང་ན་དྲང་བདེན་མིན་པའི་ཚོར་བ་ཞིག་རང་འགུལ་གྱིས་སླེབས་ཡོང་གི་འདུག གུས་པས་གཞིག་ན། རྙིང་པ་ཚོ་ཕར་ཆེར་འགྲིགས་འདུག གསར་བའི་ནང་ནས་དགེ་རྒན་ཆེན་མོ་བསོད་ནམས་རྒྱལ་མཚན་དང་། རྨོག་རུ་བསྟན་པ། འཇུ་བསྟན་སྐྱོང་དང་ཚངས་དབྱངས་བཅས་འཆུག་མི་འདུག་མོད། ཀླུ་མཁར་བྱམས་དང་ལུང་རིགས་རྒྱལ་ལྷ་ཁྱབ་སྤྱིན་པ་གསུམ་མ་བཞག་པར་དེ་ནོར་འདུག་དྲན་སོང་། སྤྱིར་ང་ཚོ་ཨ་མདོ་བ་ཚོའི་སྐྱོན་ཆེ་ཤོས་ནི་དང་པོ་ཅི་ཡང་མིན་པའི་སྐབས་ལྷག་བསམ་དང་ཤེས་ཡོན་ངོམ་མཁན་མང་པོ་ཡོད་མོད་གོང་དུ་སླེབས་ཚར་དུས་ལྟས་ངན་སྟོན་མཁན་ཡང་མི་ཉུང་བ་ཞིག་ཡོད་རེད། དཔེར་ན་འགའ་རེས་གཡོ་ཐབས་སྣ་ཚོགས་ཀྱིས་སྒེར་གྱི་སློབ་གྲྭ་དང་རིགས་གཞུང་སྲི་ཞུ་ཁང་བཙུགས་ཁ་བྱས་ཀྱང་། འཇུག་རུལ་བ་མང་པོ་ཡོད་པ་ལྟ་བུ། དེ་མིན་རྒྱུན་ལས་དང་སྤྱི་འཐུས་གང་རུང་སུ་སླེབས་ཚར་དུས་སྒེར་དོན་ཁོ་ནར་འགོ་འཁོར་བ་དང་ཡང་འགའ་རེས་ངོ་ཚ་རྒྱབ་ཏུ་འཕངས་ཤིང་སྤྱི་དངུལ་བསྡོས་འགྲོ་མཁན་ཡོད་པ་སོགས་མང་པོ་ཡོད་རེད། མདོར་ན་ཨ་མདོ་བའི་ནང་ན་ཤེས་ཡོན་ཡོད་མཁན་མང་པོ་ཡོད་ཀྱང་མྱི་དྲི་བྲོ་མཁན་ཧ་ཅང་ཉུང་བ་འདས་ཟིན་པར་ཕྱིར་མིག་ཐེངས་གཅིག་བྱས་ན་གསལ་བོར་རེད། གང་ལྟར་ཤེས་འཇོན་ཡོད་པ་མ་ཟད་ངོ་ཚ་ཁྲེལ་ཡོད་ཡོད་པའི་མི་བུ་ཞིག་ལ་གསོལ་བ་འདེབས།
ཐུགས་རྗེས་ཆེ་ངས་ལས་མི་རྣམས་པ་ལ། ངོ་མ་བཤད་ན་ལས་དོན་འདི་ལས་སླ་བོ་ཞིག་དང་མ་རེད། དེའི་ཕྱིར་ཚང་མའི་མཉམ་ལས་གནོང་རོགས་།
རིགས་མཐུན་དང་བློ་ངོར་འཚམ་པའི་གང་ཟག་ནི་འོས་གཞི་ཡག་ཤོས་དེ་ཡིན། དཔེར་ན། མདོ་སྨད་ནས་སྒོ་མང་གྲ་ཚང་ལ་བསྟན་འཛིན་མགོན་པོ། དབུས་གཙང་ནས་མངའ་རིས་ལ་ཀརྨ་ཆོས་འཕེལ། མདོ་སྟོད་ནས་ལྡི་ལིའི་ཆུ་སྒང་ལ་བསོད་ནམས་སྟོབས་རྒྱལ། འདི་ནི་འཇིག་རྟེན་གྱི་ཆོས་ཉིད་ཡང་ཡིན། རང་གི་བདེན་ཁ་རང་ལ་བྱིན་པ་འདི། །རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ། །མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲལ། །
མི་དག་གི་ལས་ཕྱོགས་ལ་ལྟོས་དང་། མདོ་སྨད་པ་མི་གྲངས་སྟོང་ཕྲག་ཡོད་ས་ནས་བཅུ་ཕྲག་གི་བསམ་ཚུལ་འཁུར་ཡོང་ན་མི་འདི་ཚོ་ལས་གཞན་རྙེད་རྒྱུ་ཅི་ཡོད།
གོང་གི་འོས་མི་གསར་པ་འདི་འདྲ་རྐྱང་རྐྱང་མདོ་སྨད་སྤྱི་འཐུས་སུ་འདམ་དགོས་བྱུང་ན་མདོ་སྨད་ཚང་གི་ཁ་བཤད་ཙམ་ལས་དོན་ལ་གནས་ཐུབ་མེད་པ་གསལ་པོ་རེད་ལ་ངོ་མ་མདོ་སྨད་ལ་མི་གྲགས་ཆེན་ཞིག་མེད་དེ་ལས་ཀྱིང་བཤད་མི་དགོས།
ད་བཤད་གི་བཤད་གི་ཁེད་འདྲ་མོ་ཟིག་ཆགས་ཐལ།
ཕུན་ཚོགས་ལགས་ཀྱིས་༼གོ་ནོ་ཡིན་ན་དེ་རིང་ལྷོ་ཕྱོགས་ཀྱི་མདོ་སྨད་་གྲྭ་བ་ཚོས་མདོ་སྨད་སྤྱི་འཐུས་སུ་ཞིག་འདེམས་ན་འགྲིག་མིན་གྱི་ཚོགས་འདུ་ཞིག་འཚོག་གི་ཡོད་རབ་ཟེར།༽འདི་ནི་སྐད་སྙན་ཞིག་རེད། དེ་འདྲ་ཞིག་ཡིན་གྱི་རེད་འདོད། སྒོ་མང་ན་ཨ་མདོ་བ་ཉུང་མཐའ་གཅིག་སྟོང་ལྷག་ཡོད་ངེས་ཡིན། ཁོང་ཚོས་འགན་ཁུར་དགོས་པ་རེད། གཞན་འགན་མེད་མཁན་དེ་ཚོས་བྱུས་གཏོགས་བྱས་བསྡད་ན་ཡག་པོ་ཁྱོན་ནས་མ་རེད།
༼༼ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་གཉིས་ལྷག་ཅིག༽༽ཟེར་དུས་རྣམ་རྟོག་འདྲ་ཟིག་ལངས་སོང་། རྗེས་ཕྱོགས་ཞིབ་ཏུ་བལྟས་དུས་ཁོང་ཚོ་ད་ཨ་མདོ་རང་རེད་མི་འདུག སྐབས་འཚོལ་བ་ཉུ་ཤུ་ཙམ་གྱིས་ཨ་མདོའི་མིང་བེད་སྤྱོད་བྱས་པ་རེད་འདུག མདོ་སྨད་ལ་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་མང་ཐག་ཅིག་ཡོད། ཆོལ་ཁ་ཆོས་ལུགས་ཀྱི་ནད་རོ་ཁོག་ལ་ཉར་བའི་སྐབས་འཚོལ་བ་དེ་ཚོ་ལ་ཀོ་སྐབས་སྤྲོད་ཀྱི་ཡོད་མ་རེད། ངན་པ་སྐྱག་ལངས་ཤོར་ན་ཡག་པོ་མེད།
ད་རུང་ལོ་རྒྱུས་ཀྱི་ཐོག་ནས་ཞབས་འདྲེན་ཞུས་ཡོད་མཁན་དེ་ཚོ་ལ་ཡང་ཞིབ་དཔྱོད་ནན་མོ་ངེས་པར་དུ་བྱེད་དགོས།
ཚང་མའི་ཐུགས་སྣང་བྱས་པ་ཡག་པོ་རེད།
སྤྱི་འཐུས་ལ་ངོས་པར་དུ་ཆ་རྐྱེན་ཚང་དགོས་པ་ནི་སྐད་ཡིག་གཉིས་ཀྱི་ཐོག་ཕྱག་ལས་གནང་ཐུབ་པ་དང་རང་མགོ་འཐོན་པ་ལྷག་བསམ་དང་འཇོན་ཐང་ལྡན་པ་ཅན་ངོས་པར་འདམ་དགོས་གལ།
བོད་ཡིག་འབྲི་གློག་ཤེས་པ་ཙམ་རྐྱང་རྐྱང་གི་མིང་མདོ་སྨད་སྤྱི་འཐུས་ནང་ཚོད་ལྟོས་འོས་བླུགས་ཏུ་ངོ་ནས་ཡིད་སྐྱོ་དགོས་པ་བྱུང་།
ལྷག་པར་ཁྱེད་རྣམས་པས་ལྷག་བསམ་དཀར་པོ་མིན་པ་དང་བསམ་བློ་གུ་དོག་པོ་ཡིན་པ་མངོན་གསལ་རེད།
དུས་བབ་ཚང་གི་ལུང་རིགས་རྒྱལ་དང་ནེའུ་ཡོག་འཕྲིན་ལས་སྐལ་བཟང་འབེད་རྒྱན་ནས་བློ་གྲོས་རྒྱ་བོ་སོགས་ཡོང་ཐུབ་ན་ཅིང་ཙམ་ཡག་པོ་མིན་ནམ་བསམ།
འུ་ཚོར་མི་ཉུང་པ་བཞིན་ཤེས་འཇོན་གཉིས་ཀྱི་སྤྱི་འཐུས་ཀྱང་དཀོན་པོ་རེད།ད་བར་གྲོས་ཚོགས་ན་སྤྱི་འཐུས་ཤེས་འཇོན་གངགི་ཆ་ནས་སྐྱོ་ཤོས་ནི་མདོ་སྨད་རེད།
གོང་གི་ཡོས་ཚད་ཀྱིས་ང་ཡི་བློ་ཁ་མི་ཁེངས།
ད་ནས་ངས་འོས་གཞིར་འདོན་གྱིན་ཡིན།
༡ཀླུ་མཁར་བྱམས།
༢བསྟན་འཛིན་མགོན་པོ།
༣ལུང་རིགས་རྒྱལ།
༤བློ་བཟང་དཔལ་ལྡན།
༥ཀི་རྟིསྒྲོལ་དཀར་ལྷ་མོ།
༦ཚེ་རིང་གཡུ་སྒྲོན།
༧སྒྲོལ་དཀར་བསྐྱབས།
༨རྒྱ་རིགས་ཐར།
༩རྨ་ཆུའི་བྱམས་པ།
༡༠བསོད་ནམས་རྒྱལ་མཚན།
བཅས་ཡིན།
གོ་ནོ་ཡིན་ན་དེ་རིང་ལྷོ་ཕྱོགས་ཀྱི་མདོ་སྨད་་གྲྭ་བ་ཚོས་མདོ་སྨད་སྤྱི་འཐུས་སུ་ཞིག་འདེམས་ན་འགྲིག་མིན་གྱི་ཚོགས་འདུ་ཞིག་འཚོག་གི་ཡོད་རབ་ཟེར།ད་ཅང་མ་འགོར་བར་འུ་ཚོའི་སྤྱི་འཐུས་སྤྱི་སེམས་ཅན་ཚོ་ལྷང་ལ་འབུད་ངེས་རེད།
གོང་གི་འོས་གཞི་འཚོལ་སྟངས་ལ་བལྟས་ཡོང་ན་མི་མང་ནི་ད་དུང་མི་མང་རང་བྱས་འདུག་པའི་ཚོར་བ་ཞིག་སྤྲོད་གི་་་ཅིག་གི་སྲས་ཡིན་རབ་དང་ཉིག་གི་རྩོམ་པ་པོ་དང་ཉམས་ཞིབ་པ་སོགས་ཡིན་ཚུལ་གྱི་སྐད་ཆ་འདི་ཚོ་སྤྱི་འཐུས་ཀྱི་འོས་གཞི་ཚང་བྱེད་ཀྱི་ཆ་རྐྱེན་དུ་བགྲང་གི་ཡོད་ཚོད་རེད།འདི་ནི་འུ་ཚོར་ཆབ་སྲིད་ཀྱི་གོ་བ་ཤིན་ཏུ་དམའ་བའི་ཤན་ཕྱེ་བ་དེ་རེད།སྤྱི་འཐུས་ནི་ཡིན་གཅིག་མིན་གཉིས་བསམ་བློའི་ཕུགས་རྒྱང་རིང་བ།སྐབས་ཐོག་གི་ཚོར་བ་དང་ཕྱོགས་ཞེན་གྱི་དབང་དུ་མི་འགྲོ་བ།དཔྱོད་ཤེས་དང་བསྟུན་ཤེས་ཀྱི་གཤིས་ཀ་ལྡན་པ་སོགས་གཙོ་དགོས་ཤིང་།ལྷག་ཏུ་ཆབ་སྲིད་ཀྱི་གནས་བབ་དང་མི་མང་གི་མངོན་འདོད་ལ་བསམ་གཞིག་གནང་མཁན་ཞིག་ནི་ཅིས་ཀྱང་ཡིན་ཡིན་དགོས།
གོང་གི་འོས་གཞི་འདི་འདི་དག་ལས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་དང་དགེན་ཆབ་བྲག་་་ལྷག་ཏུ་འཕེལ་རྒྱས་སྒྲོལ་མ་རྣམས་ཀྱིས་ད་སྔ་བར་ཕྱག་ལས་གལ་ཆེན་གནང་ཚར་བས་ད་ནི་ངལ་གསོས་ཏེ་བསྡད་ན་ཡག་ཅིང་།གཟུངས་ཕྱུག་སྐྱིད་དང་རྨོག་རུ་བ་གཉིས་ཀྱང་ཅི་དགའ་ལྟ་དགོས་པ་འདྲ།དེ་མིན་གཞན་དག་ལ་བསམ་ཚུལ་བཤད་རྒྱུ་མེད།
སྤྱིར་བསམ་གཞིགས་རེ་བྱས་པ་ཡག་པོ་རེད། འོན་ཀྱང་ང་འོས་མི་འདི་དག་གི་ནང་ན་འདོད་མོས་ཡོད་ས་གཅིག་ཀྱང་མི་འདུག ངས་མ་འོངས་པའི་སྤྱི་འཐུས་ཀྱི་འོས་ཤོག ཚོགས་གཙོ་སྤེན་པ་ཚེ་རིང་། བུད་མེད་ཚོགས་གཙོ་དང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་བསྟན་འཛིན་མཁས་འགྲུབ་བཅས་དང་། གསར་བ་ནི། ནོར་གླིང་སྤྱི་ཁྱབ་འགན་འཛིན་སྒྲོལ་མ་སྐྱབས། ནོར་གླིང་མཐོ་སློབ་འགན་འཛིན་དང་ཉམས་ཞིབ་པ་སྒྲོལ་དཀར་སྐྱབས། ཆབ་སྲིད་བསམ་བློ་བའམ་བོད་གནས་ཉམས་ཞིབ་པ་ཀླུ་མཁར་བྱམས། དུས་བབས་རྩོམ་བསྒྲིག་པ་ལུང་རིགས་རྒྱལ། ལས་མེད་ཚོགས་ཟུར་རྨ་ཆུའི་བྱམས་པ་བཅས་ལ་འཕེན་ངེས་ཡིན། རྒྱུ་མཚན་མང་ཡང་རིམ་པས་ཞུ་ཆོག
དྲ་གྲོགས་རྣམ་པ་བློ་འཚབ་སྐྱེས་དགོས་པ་དང་། ཚིག་མཚོན་འདེབས་རེས་བྱེད་དགོས་པ་མ་རེད། འདི་མདོ་སྨད་དབུས་རྒྱུན་གྱིས་བཏོན་པའི་འོས་གཞི་མ་རེད་ལ། ལར་ནས་འོས་གཞི་སུས་བཏོན་ཀྱང་འདེམས་ཤོག་སུ་ལ་འཕེན་མིན་དེ་འོས་འཕེན་པ་རྣམས་ལ་རག་ལུས་པ་རེད། དངོས་གཞིའི་འོས་མིར་ཐོན་པའི་གང་ཟག་དེ་དག་ད་གཟོད་འོས་གཞི་ངོ་མ་རེད། དེ་དུས་འོས་འཕེན་མ་ནོར་བ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།
རེ་གཉིས་ཤིག་མ་གཏོགས་འོས་འཚམ་ཞིག་མཐོང་མ་སོང༌།འདིར་བལྟས་ཡོང་ན་མདོ་སྨད་ཀྱི་མི་འདི་དག་གིས་གྲོས་ཚོགས་ལ་སྙན་ངག་འབྲི་བ་དང་ཆོས་གསུང་རྒྱུའི་ལས་འགན་སྐུར་གྱི་ཡོད་པ་འདྲ། ངའི་བསམ་ཚུལ་ཡིན་ན་གྲྭ་པ་ཞིག་གྲོས་ཚོགས་ལ་ཁྱོན་ནས་མ་ཕེབས་ན་ལེགས། དེ་བཞིན་ཚང་མས་གྲྭ་པར་འོས་མ་བླུགས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། གྲྭ་པ་འདུག་ས་སྒར་ཡིན། བུ་མོ་འགྲོ་ས་གནས་ཡིན། ཞེས་པའི་གཏམ་དཔེ་དེ་དྲན་པར་གྱིས།
སེར་སྨད་བློ་དགའ་ལགས། མགོན་མེད་སྐྱབས་མེད་དུ་ལུས་པའི་སློབ་ཕྲུག་དེ་དག་ལ་ཐུགས་བསམ་བཞེས་པར་ཡིད་རང་སྔགས་བརྗོད་ཡོད། འོན་ཀྱང་སློབ་གྲྭ་ཚུད་པའི་ཐབས་མེད་པ་ཡིན་ན། གོམ་པ་གཉིས་པ་གྲྭ་ས་གྲྭ་པར་བྱེད་རྒྱུ་ཡིན་གསུངས་པ་དེ། ཧ་ཅང་གིས་བློ་ཕམ་འོས་པ་ཞིག་རེད། སློབ་གྲྭ་ནི་ཁྱིམ་པའི་སློབ་སྦྱོང་བྱ་ས་གཅིག་པས་དེའི་ནང་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བའི་དབང་གིས་སློབ་གྲྭ་ནས་ཕྱིར་འབུད་བཏང་བ་དང་ཡང་དེ་མཚུངས་ནག་ཉེས་དེས་སློབ་གྲྭ་གཞན་དུ་མ་ཚུད་ན་སྐྱབས་གནས་དགེ་འདུན་པའི་སྡེ་རུ་འཇུག་ཐུབ་པར་བྱ་རྒྱུ་ཡིན་ཟེར་བ་འདི་ཁྱེད་རང་གི་ཁྱིམ་པ་སུན་འབྱིན་གྱི་ལས་བྱེད་པ་ཡིན་པས་བསྟན་པའི་ཞབས་འདྲེན་རེད་ལ་དགོན་པར་སེར་སྨད་ལྟ་བུ་འཇུག་པ་ཡིན་ན་གང་དུ་གཅུག་སའི་གྲྭ་པའི་སྤྱི་ཚོགས་ལ་མཐོང་ཆུང་བྱས་པ་ཡིན་པས་བྱེད་སྟངས་འདིར་ཧ་ཅང་གིས་བློ་ཕམ་འོས་པ་ཞིག་མཐོང་།
མདོ་སྨད་ཀྱི་སྤྱི་འཐུས་འོས་མི་ ༡༡།
ཉེ་ཆར་མདོ་སྨད་ཀྱི་མི་དྲུག་ཅུ་ཙམ་གྱིས་བརྒྱུད་ལམ་འདྲ་མིན་ནས་གྲོས་བསྡུར་བྱས་ཏེ། མཐར་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་སུ་ད་ལྟའི་སྤྱི་འཐུས་ལས་ཐོགས་པ་དྲུག་དང་། སྤྱི་འཐུས་ཀྱི་འོས་མི་གསར་བ་བདུན་མདོ་སྨད་སྤྱི་འཐུས་ཀྱི་འོས་མིག་ཏུ་བཏོན་འདུག ༡༣
ཉེ་ཆར་དགེ་རྩེ་རིན་པོ་ཆེའི་དབུས་བལ་ཡུལ་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག་དང་། འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་དང་། སིམ་ལ་ཇོ་ནང་དགོན་པའི་མཁན་པོ་ཀུན་དགའ་རིན་ཆེན་རྣམ་གཉིས་ཀྱིས་དབུས་སིམ་ལར་ཡོད་པའི་མདོ་སྨད་མི་མང་བཅུ་ཕྲག་ལྷག་ཅིག དེ་བཞིན་དུ་འགུ་ལོག་དམ་ཆོས་དཔལ་བཟང་གཙོས་དྷ་སར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་ལྔ་ལྷག་ཅིག་དང་། ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་གཉིས་ལྷག་ཅིག ཨ་ཁུ་ཀུན་དགའ་དང་། མཁན་པོ་ངག་དབང་རྡོ་རྗེ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མདོ་སྨད་མི་མང་བཅུ་ཕྲག་དྲུག་ལྷག་ཅིག་གིས་འབྲེལ་ལམ་འདྲ་མིན་ཐོག་ནས་གྲོས་བསྡུར་བྱས་ཏེ་མཐར་སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ཁག་ཅིག་ངོ་སྤྲོད་གནང་ཡོད་ལ། ༡༤༠ འདི་ཚོ་ག་རེ་རེད།
ཇོ་ནང་བས་ཐབས་ལམ་རྙེད་ཡོད་གི
སྤྱི་འཐུས་སུ་ལ་འོས་ཤོག་འཕེན་མིན་གཙོ་བོ་སོ་སོ་ལ་མཛུབ་རྩིས་ཤིག་དགོས་པ་རེད། དེ་མིན་འདི་ནས་དགོས་མེད་ཀྱི་རྩོད་གླེང་བྱས་པས་སྙིང་བོ་ཅང་མ་མཐོང་། ངས་བལྟས་ན་ཨ་མའི་བུ་ཟེར་བས་བཤད་པ་ལ་གནས་ལུགས་ཅུང་ཙམ་འདུག་དྲན་སོང་།
མདོ་སྨད་མི་མང་གི་མངོན་འདོད་མི་འདི་དག་ཡིན་མིན་མི་ཤེས་ཀྱང་། བདག་ལ་མཚོན་ན་འདི་དག་ལས་ཁ་ཤས་ཤིག་གཏན་ནས་སྤྱི་འཐུས་སུ་འགྲོ་བའི་དགོས་པ་མེད་པར་མཐོང་། རྩོད་རྙོག་ཅན་གྱི་རིགས།
དེ་ལས་ཨ་ཚོགས་ཀླུ་མཁར་བྱམས། བོན་རྒྱ་བསྟན་འཛིན་རབ་རྒྱས། ལུང་རིགས་རྒྱལ་སོགས་ན་གཞོན་གྱི་སྣང་བ་རྣ་རྩེར་ཡོད་ཅིང་། ལ་རྒྱའི་ཟུངས་ཁྲག་ལྷོག་ལྷོག་ཏུ་གདུ་བཞིན་པ་དག་ཡོང་ན་ཅི་མ་རུང་།
མདོ་སྨད་ཀྱི་སྤྱི་འཐུས་འོས་གཞི་ཡག་པོ་ཞིག་གཏན་ནས་རེད་མི་འདུག
མདོ་སྨད་ཀྱི་བོད་ཀྱི་ཤེས་ཡོན་བཟུང་ཡོད་ཞེས་པ་དེ་དོན་དངོས་ཐོག་སྨིན་པ་ཞིག་ཡིན་ན་བསམ་ཤེས་བྱེད་རེན་རེད།ངས་མོག་རི་བསྟན་པ་ཟེར་བ་དེ་ངོ་ཤེས་ཀྱི་ཡོད་དེ་ནི་མདོ་སྨད་མི་མང་གི་སྐུ་ཚབ་མི་ཡོང་བ་མ་ཟད།མི་ལྔའི་སྐུ་ཚབ་ཡང་ཡོང་གི་མ་རེད།དེ་གདན་ས་ཁག་ནས་ཤེས་གསལ་རེད།ད་དུང་སྤྱི་འཐུབ་ཟེར་བ་དེ་དག་ལ་ཤེས་ཚུལ་དང་བསམ་ཚུལ་ཡག་པོ་དགོས་པ་བཤད་མ་དགོས་པ་ཞིག་རེད་དེ་ལས་གཞན་རྣམས་ལ་ཡང་མི་ཚང་བ་མང་པས་དགོངས་པ་བཤེས་རོགས།
མདོ་སྨད་ཞེས་པ་དེ་གང་ལ་ཟེར། མདོ་སྨད་ཀྱི་ས་མཚམས་དང་ཆུ་མཚམས་གང་ནས་འཛིན། སྡེ་པ་དང་རྫོང་ཁག་གང་དག་ལ་མདོ་སྨད་ཟེར། ལན་གསར་པོ་ཞིག་འདེབས་རོགས་ཞུ། ངས་ཡག་པོ་ཤེས་ཀྱིན་མེད་མདོ་སྨད་ཀྱི་གོ་དོན།
མདོ་སྨད་སྤྱི་འཐུས་ནི་སྙན་ངག་འབྲི་ཤེས་མི་ཤེས་ཀྱི་ཆ་ནས་འཇོག་གི་མེད །
ཨ་མའི་བུ་ཟེར་བ་ཞིག་གི་མདོ་སྨད་འོས་གཞི་གདམས་པ་དེ་ནི་དགོད་བྲོ་བ་ཞིག་རེད །
མི་འདི་ཚོ་མདོ་སྨད་ཚང་གི་ཨ་ཡོད་ནང་གི་དེ་ཡོད་ཡིན་ན ། མདོ་སྨད་མི་མང་ཟེར་བ་དེ་ཚར་འདུག་ཅེས་ལབ་ན་མི་འགྲིག་པ་ག་ལ་ཡོད །
ད་རུང་ཆོལ་ཁ་འདིའི་སྤྱི་འཐུས་ཡོང་ཁོངས་རྩོམ་པ་བོ་སྐོར་ཅིག་ལས་གནས་མེད་ན་ཡིད་སྐྱོ་བ་རང་རེད །
འོ་ད་གྲོགས་པོ་ཚོས་བརྒྱ་བཤད་སྟོང་གླེང་བྱས་ཀྱང་། མི་མང་རང་ངོས་ནས་བསམ་བློ་ཡག་པོ་བཏང་ན་མ་གཏོགས། ཆོལ་ཁ་གསུམ་གྱི་ཚོགས་པ་ཟེར་བ་འདི་ཚོས་རྙོག་གྲ་སློང་མཁན་གྱི་གཏེ་པོ་དེ་ཚོ་ཨང་དང་པོ་དང་གཉིས་པ་གསུམ་པ་བྱས་ནས་སྒྲིག་ཡོང་གི་འདུག ཨ། ལྟས་ངན་འདི་ཆོ།
ཐེངས་འདིའི་འོས་གཞི་དག་ནི་མིག་བཙིམ་ནས་བདམས་པ་དང་ཁྱད་པར་མ་མཐོང་།
བློ་གྲོས་རྒྱལ་པོ་ཟེར་བ་དེ་ཁོ་རང་གིས་གླེན་རྟགས་ངོ་མ་བསྟན་སོང་། མགོ་ལོག་དང་ཇོ་ནང་ཞེས་ས་ཁུལ་དང་ཆོས་རྒྱུད་ཀྱིས་མིང་ཐོག་ནས་ཚིག་མཚོན་འདེབས་པ་དེ་ཧ་ཅང་གིས་སྡུག་པོ་རེད།
མདོ་སྨད་མི་མང་གིས་རྩད་བརྒྱབ་མ་བརྒྱབ་མེད། གཙོ་བོ་ལྷོ་ཕྱོགས་ཀྱི་གྲྭ་བ་དག་གི་ལག་ན་ཡོད། རྡ་སའི་མདོ་སྨད་ཀྱི་ཕོ་གསར་ཚོས་མཇེ་བཙོང་ནས་འདུག་པ་ལས་འོས་ཤོག་ལྡུག་རྒྱུ་དྲན་གི་མ་རེད། དེའི་རྒྱུ་མཚན་ནི་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཙམ་པོ་སྤྲོད་རྒྱུར་ཕངས་ནས་བསྡད་ཡོད།
གོང་གི་འོས་གཞི་དག་ལས་ངའི་བསམ་ཚུལ་ལྟར་ན་གྲྭ་བ་ཁ་ཤས་ཤིག་འདུག ཁོང་ཚོ་དགེ་བཤེས་རེད་ཟེར་ཡང་། གྲོས་ཚོགས་དེ་རྟགས་གསལ་གཏོང་ས་མ་རེད། སྙན་ངག་འབྲི་ས་མ་རེད། དེའི་སྟབས་ཀྱིས་ལྷག་བསམ་དང་ཆབ་སྲིད་ལ་དབྱིངས་ཞུགས་པའི་མི་སྣ་མཁོ་བ་རེད། དེ་ལྟར་ན་མདོ་སྨད་མི་མང་གི་ནང་དུ་དོན་གྱིས་ལྷག་བསམ་དང་ཆབ་སྲིད་ལ་དགའ་བའི་མི་ཞིག་ཡོད་པ་ནི་བསྟན་འཛིན་མགོན་པོ་རེད། དེ་ད་ཐེངས་བཏོན་མི་འདུག ངས་བལྟས་ན་རྒྱལ་རོང་བ་དང་སྲས་བསྟན་འཛིན་མཁས་གྲུབ། འཕེལ་རྒྱས་སྒྲོལ་མ། ཆབ་བྲག་སོགས་ཀྱིས་བོད་སྤྱི་ལ་ཕན་པ་ཞིག་ཁྱོན་ནས་ཡོང་བ་དཀའ།
ངའི་འདོད་པ་ཡིན་ན་མདོ་སྨད་སྤྱི་འཐུས་ཟེར་དུས་གཞན་ལ་ངོ་གནོང་མི་དགོས་པའི་ཚད་གཞི་ཅན་འགའ་བསྡད་ན་འགྲིག དཔེར་ན་ཀླུ་མཁར་བྱམས། ལུང་རིགས། བསྟན་འཛིན་མགོན་པོ། ཀིརྟིའི་མདོ་སྔགས། བོན་རྒྱ་རབ་རྒྱས། དེང་སང་གི་བུད་མེད་ཚོགས་གཙོ། སྤྱི་འཐུས་ཚོགས་གཙོ། ཚེ་རིང་གཡུ་སྒྲོན། སོགས་ཡོང་ན་རེ་བ་ཅན་ཞེ་གཅིག་ཡིན། དེ་མ་གཏོགས་མདོ་སྨད་ལ་མི་ཅང་མི་འདུག
ཡར་མར་བཅོ་བརྒྱད་བཤད་ཀྱང་། མདོ་སྨད་ཚང་གི་ཨ་ཡོད་ནང་གི་ད་ཡོད་ཚོ་འདི་དག་རེད། དེ་མིན་གནས་ལྔ་རིག་པར་མཁས་ཚུལ་དང་ལག་འཁྱེར་ཆེན་པོ་ཡོད་ཚུལ་གྱིས་བོད་སྤྱི་བའི་ལས་དོན་ཅང་ཡོང་གི་མ་རེད། གཙོ་བོ་གྲོས་ཚོགས་འདིའི་ནང་དུ་མདོ་སྨད་སྤྱི་འཐུས་འདིས་འདི་བྱས་སོང་ཟེར་བའི་ཞབས་ཞུ་ཞིག་མ་ཡོང་རུང་ཞབས་འདྲེན་མི་ཞུ་བ་ཞིག་དགོས་པ་རེད།
ང་ནི་རྡ་སའི་སྤྱི་ཚོགས་ནང་ལོ་ངོ་དུ་མར་བསྡད་མྱོང་མཁན་ཞིག་དང་དེའི་རིགས་ལ་དོ་སྣང་ཆེན་པོ་སྤྲོད་མཁན་ཞིག་ཡིན། དེའི་སྟབས་ཀྱིས་དེ་རིང་ངས་རང་གི་བསམ་ཚུལ་ཆེས་མདོར་བསྡུས་འདི་བཤད་པ་ཡིན། ཐུགས་ལ་ཕོག་པ་འདྲ་བྱུང་ན་དགོངས་དག
གྲོགས་པོ་ཚོ། མ་མཐའ་ཡང་རྡ་རམ་ས་ལ་ཡས་མས་ལ་འདུག་མཁན་རེ་བདམས་པ་ཡིན་ན་ཚོགས་འདུ་ལ་མ་ཆད་པར་བཅར་ཞུགས་བྱེད་པའི་ཁྱད་པར་ཞིག་ཡོད་འགྲོ། དེ་མིན་ས་ཐག་རིང་པོ་ཞིག་ན་ཅིག་ཅིག་མིག་མིག་རྫིགས་པོ་རེ་ཡོད་ན་ཡང་དེ་ཚོ་ཐ་ན་ཚོགས་འདུ་དེར་ཡང་ཡག་པོ་ཞིག་བཅར་གྱིན་མི་འདུག རྩོམ་པ་པོ་ཡིན་དགོས་དོན་མེད་ཀྱང་རྩོམ་འབྲི་ཤེས་ན་ལེགས་པའི་རྒྱན་དུ་འགྱུར་བ་མ་གཏོགས་གནོད་པ་འདྲ་ཅི་ཡང་མེད་པས་རྩོམ་པ་པོ་སླེབས་ཐུབ་ན་ཡག་པོ་རེད། དེ་བཞིན་དུ་གྲྭ་བ་སླེབས་ན་ཡང་དམིགས་བསལ་གྱི་སྐྱོན་འདྲ་གང་ཡང་མི་འདུག་སྙམ།
དྲ་གྲོགས་ཚོ། དགག་པ་མ་རྒྱབ། བོད་ཀྱི་ཁ་དཔེར། བུ་རྒོད་པོ་སློག་རུལ་ནང་ན་ཡོད། །མཆོན་རྣོན་པོ་ཀོ་ཤུབ་ནང་ན་ཡོད། །ཅེས་བཤད་སྲོལ་ཡོད། མདོ་སྨད་སྤྱི་འཐུས་འདི་ཚོའི་ནང་ན་འབྱོན་སྟང་ཅན་ཁ་ཤས་རེ་ཡོད་སྲིད།
ལུང་རིག་རྒྱལ་ལགས་དང་ཀླུ་མཁར་བྱམས་ལགས་གཉིས་འདེམས་དགོས་ཟེར་མཁན་ཚོར་རྒྱུ་མཚན་ཅི་ཞིག་ཡོད།
བཀུར་འོས་རྩོམ་སྒྲིག་པ་ལགས་”མདོ་སྨད་ཀྱི་སྤྱི་འཐུས་འོས་མི ༡༡།” ཡིན་ས་མ་རེད། བཅུ་གསུམ་འདུག ད་དུང་”ཉེ་ཆར་མདོ་སྨད་ཀྱི་མི་དྲུག་ཅུ་ཙམ་གྱིས་བརྒྱུད་ལམ་འདྲ་མིན་ནས་གྲོས་བསྡུར་བྱས་ཏེ།” ཞེས་པ་ཡང་ནོར་ཡོད་ས་རེད། རྒྱུ་མཚན་ནི་འདིའི་ནང་དུ་ཉུང་མཐར་མི་གྲངས་150འདུག འདི་དག་ལ་ཉམས་བཞག་ན་ཡག་ས་རེད། དེ་མིན་འོས་གཞིས་རྣམས་འོས་འཚམས་སུ་མཐོང་སོང་། ཐུགས་རྗེ་ཆེ།
མདོ་སྨད་མི་མང་དེ་སྤྱང་པོ་དང་སྡོད་ཚུགས་པོ། དོན་དག་མི་ནོར་མཁན་ཞེ་ཅིག་རེད་བསམ་ནས་བསྡད་ཡོད། ཡིན་ནའང་ད་ཐཻངས་མགོ་ཇོ་ཕྱོགས་ནས་གླེན་རྟགས་སྟོན་མགོ་ཚུགས་སོང་།
རྒྱབ་སྐྱོར་རག་པ་དང་ཐོབ་པའི་གདེངས་འདྲ་ཡོད་ན། སྤྱིར་འོས་གཞི་ནི་སུས་བཏོན་ཡང་མ་ཆོག་པ་མེད་མོད། གོང་གི་འོས་གཞི་དེ་དག་དང་རྒྱལ་ཡོངས་མང་གཙོ་ཚོགས་པའི་འོས་གཞི་ལ་བལྟས་ན་དགོད་བྲོ་བ་ཞིག་འདུག ཤེས་ཡོན་དང་འཇོན་ཐང་། ལྷག་བསམ་གྱི་རྒྱབ་མ་འཁྱོག་པ། ཐ་ན་བོད་ཡིག་གི་རྩོམ་ཐུན་ཐར་ཐོར་ཙམ་ལས་སྐད་ཡིག་གཉིས་པ་ཞིག་གི་ཆ་རྐྱེན་ཡང་མེད་པ་མང་པོ་འདུག་པར་མ་ཟད། མང་པོ་ཞིག་ལ་རང་གི་ལྟོ་གོས་ཡང་མ་འགྲིག་པར་བསྡད་འདུག(དེང་རབས་སྤྱི་ཚོགས་ནང་ཤེས་འཇོན་གཉིས་ཀྱི་ཚད་འཛིན་ས་གཙོ་བོ་ནི་མི་དེའི་རང་གི་ནང་མིའི་འཚོ་གོས་དཔལ་འབྱོར་གནས་སྟངས་དེར་བལྟ་བཞིན་པ་ཡིན)
དེ་ལས་གལ་ཆེ་བ་ཞིག་ནི་འོས་ཆོས་ཚང་མཁན་རིགས་ཅིག་མི་ཉ་ཉོག་དེ་དག་དང་མཉམ་བསྲེས་བྱས་པ་དེས་ཁོ་ཚོས་འོས་ཤོག་ལ་གནོད་སྐྱོན་ཐེབས་བཞིན་པ་དེ་ཡིན།
ཡིན་ནའང་མི་དེ་དག་ལ་དགེ་རྒན་དང་རྩོམ་སྒྲིག་པ། ཞུ་དག་པ་ལྟ་བུའི་འོས་ཆོས་ཚང་གི་ཡོད་པ་འདྲ།
འོས་མི་ཁ་ཤས་ཞིག་ངོ་མ་ངོས་ལེན་བྱེད་དཀའ་མོ་རེད། མདོ་སྨད་མི་དམངས་ཀྱི་ཚབ་བྱེད་ཐུབ་པའི་སྤྱི་འཐུས་ཤིག་ཡིན་ཕྱིར་སྤྱི་འཐུས་གྲོས་ཚོགས་སུ་བོད་མི་དམངས་ཀྱི་བདེ་སྡུག་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཞིག་ཡིན་དགོས་བ་ལས་སྙན་ངག་ཐར་ཐོར་ཞིག་འབྲི་ཤེས་བ་ཙམ་གྱིས་ག་ལ་ཆོག མིང་སྙན་པོ་འདུག ཤེས་ཡོན་པ་དང་། རྩོམ་སྒྲིག་པ། རྩོམ་པ་པོ། མིང་རེ་རེ་བཞིན་འདོན་གི་མིན།
མདོ་སྨད་སྤྱི་འཐུས་ཀྱི་འོལ་ཆོས་གསུམ་དང་ས་གནས་ཁག་ཚང་མའི་ཆོལ་མི་དང་བསམ་འཆར་བསྡུ་ལེན་གནང་སྟངས་དེ་ཡག་པོ་ཞིག་
མཐོང་སོང།
ཨ་ལས་ད་དདུང་དེའི་ནང་འོས་ཆོས་བརྒྱ་ཆ་བརྒྱ་ཚང་བའི་མདོ་སྨད་ཕོ་རྒོད་གཅིག་འདུག་དེ་ནི་མདོ་སྨད་རྒྱུན་ལས་པ་བློ་བཟང་དཔལ་ལྡན་ལགས་རེད།
ད་ཐེངས་མཐོན་བྱུང་མདོ་སྨད་པའི་རྡོག་རྡོག་རིལ་རིལ་རྣམས་མཐོན་བྱུང་ཡང་དེའི་ནང་ནས་ཆེས་ཤིན་ཏུ་་འོས་པ་ནི་གནས་ལྔ་རིག་པའི་དབང་ཕྱུག་མདོ་སྔགས་རིག་པ་སྨྲ་བ་སྤྱི་སེམས་དང་དྲང་བདེན་ལ་དགའ་བའི་སྤྱི་ཟུར་རོང་པོ་བློ་བཟང་སྙན་གྲགས་ལགས་རེད་འདུག དེ་མིན་གྲ་བ་དང་སྐྱ་པོ་རྣམས་རྣམ་དབྱེར་བྱང་ཆ་ཆེ་བ་ལས་ཉམས་མྱོང་དང་ལྷག་བསམ་ཡོད་མཁན་ཞིག་གོ་ཐོས་མེད།
གང་ལྟར་ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར་རང་རེའི་སྤྱི་ཚོགས་ནང་སུ་ཞིག་གིས་བསྟན་སྲིད་སྤྱི་ཕན་ཆེད་ལྷག་བསམ་དང་འཇོན་ཐང་དྲང་ཚུགས་གཏན་མཁན་དེ་ང་ཚོའི་དཔོན་དུ་འོས་པ་ལས་དེ་མིན་སྐྱ་སེར་གྱི་དབྱེ་བར་ཁ་རྩོད་ཀྱིས་ཕན་ལས་གནོད་གཞི་ཆེ་བས་ཕན་གནོད་ལ་བསམ་བཞེས་དགོས་གལ་ཆེ་བར་མཐོང་།
དེང་སང་མི་མང་པོས་ཞིག་གིས་འོས་མེད་ཀྱི་བྱོས་རྟོག་ཞེ་དྲག་གནང་སོང་།
ཁག་ཅིག་གི་རང་གི་འཚོ་དོད་ཀྱི་ཆེད་ཡིན་ས་རེད།
ང་ཡང་མདོ་སྨད་ནས་ཡིན། ངེད་ཀྱི་འོས་མི་ནི་ལུང་རིགས་རྒྱལ་དང་ྐླུ་མཁར་བྱམས་གཉིས་ཡིན།
གོང་དུ་འོས་མིག་འདོན་མཁན་ཚོས། ༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ། བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་མཐུན་པ།
བོད་མི་མང་གི་མངོན་འདོད་ལྟར་སྒྲུབ་ཐུབ་མཁན་བཅས་ཀྱི་ཁྱད་ཆོས་གསུམ་ལྡན་ཞིག་དགོས་ཚུལ་གླེང་འདུག ༧གོང་ས་མཆོག་གི་དགོངས་གཞི་ག་རེ་རེད།
བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་ག་རེ་རེད། བོད་མི་མང་གི་མངོན་འདོད་ག་རེ་རེད། ༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་གི་མངོན་འདོད་གཉིས་ལམ་ཐིག་གཅིག་གི་སྒང་ན་ཡོད་དམ།
བོད་མི་མང་གི་མངོན་འདོད་སྒྲུབ་ཐབས་ལ་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་ལངས་ཕྱོགས་ག་རེ་རེད། འོས་མིག་ཏུ་སླེབས་པ་ཚོས་གནད་དོན་འདི་ཚོར་་ལན་བསྐྱོན་བཅུག དེ་ནས་འོས་མིར་འཚམས་མི་འཚམས་བལྟ་དགོས་རེད།
གནས་སྐབས་ལ་དེ་ཙམ་ཡིན།
རྣམ་པ་ཚོས་ལྷག་བསམ་རྣམ་དག་གིས་འོས་མི་འདི་ལྟར་བཏོན་པ་བཀའ་དྲིན་ཆེ། བལྟས་ཚོད་ལ་ཕྱོགས་ཡོངས་ནས་བསམ་གཞིགས་ཡག་པོ་བྱས་འདུག འོན་ཀྱང་། བཤད་དགོས་པ་ཞིག་ལ། འཕེལ་རྒྱས་སྒྲོལ་མ་མཚོ་མོ་འོས་ཁུངས་ནས་ཕྱིར་འཐེན་གནང་རོགས། ན་ནིང་གི་གྱོད་ཀྱི་རྩ་བ་མངོན་སུམ་གྱིས་འགོ་འཛུགས་ས་དེ་མོའི་སྐད་ཆ་རེད།
དེ་ནས་ད་དུང་། མདོ་སྟོད་ཀྱིས་གསེར་རྟ་ཚུལ་ཁྲིམས་ནམ་ཡིན་རུང་འོས་མིར་འདེབས་པ་དང་། མདོ་སྨད་ཀྱིས་ཀྱང་གསེར་རྟ་ཚུལ་ཁྲིམས་མདོ་སྨད་ཀྱི་འོས་མིར་བཏོན་པ་འདི། ང་ལ་མཚོན་ནས་བཤད་ནས་ཡིད་སྐྱོ་བའི་གནད་དོན་ཞིག་རེད། ལག་པ་ཕྱི་ནང་གང་ཡིན་རུང་ཤ་རེད། མི་སྒེར་རེ་ཟུང་ནད་རྙིང་དེ་ད་ཆ་ཆོལ་ཁའི་ངོས་ནས་མངོན་སུམ་དུ་ཤར་བཞིན་པ་འདི་རེད།
འདིའི་ཐད་ལ་བཙན་བྱོལ་བོད་གཞུང་གིས་ཀྱང་བྱེད་ཐབས་ཤིག་མི་བཀོལ་བར་འདི་ལྟར་བསྡད་འདུག་པ་འདིར། དབྱེ་བགོས་ཀྱིས་དབང་སྒྱུར་བྱེད་པའི་སྲིད་ཇུས་ཤིག་འཛིན་འདོད་པ་མིན་ན་ཅིག་ཁ་གྲགས་དགོས་ཚོད་རེད།
ང་ལ་མཚོན་ནས་བཤད་ན། གསེར་རྟ་ཚུལ་ཁྲིམས་གཉིས་ཀའི་ཤེས་ཡོན་དང་འཇོན་ཐང་ལ་ཡི་རངས་བྱེད་མཁན་ཞིག་ཡིན། སྐད་ཆ་འདི་དག་མི་སྒེར་གྱི་ངོ་ལ་བལྟས་ནས་བཤད་པ་གང་ཡང་མིན། མི་སྒེར་གྱི་ངོས་ནས་བཤད་ན་གཉིས་ཀར་མི་དགའ་རྒྱུ་གང་ཡང་མེད་པར་མ་ཟད། གཉིས་ཀར་དགའ་ཞེན་ཡོད། འདི་ཞོར་གི་བསམ་ཚུལ་ཙམ་ཡིན།
ད་གང་ལྟར། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་གྲུབ་ཟེར། བོད་ལ་གཅེས་པའི་སེམས་ཤིག་ཡོད་ན། ཡང་ན་རང་ཉིད་ཀྱི་ཕུགས་རྒྱང་རིང་བོའི་མདུན་ལམ་ལ་བསམ་བློ་ཞིག་གཏོང་ཤེས་ན། ཆོལ་ཁ་གསུམ་པོ་རྡོག་རྡོག་གཅིག་ཡིན་དགོས།
དངོས་གནས་བོད་སྤྱི་པའི་གནས་དོན་དང་རྒྱལ་སྤྱིའི་གནས་སྟངས་མཁྱེན་མཁན་ཞིག་སྤྱི་འཐུས་གདམ་དགོས་པ་ཡིན་ན་དུས་བབ་རྩོམ་བསྒྲིགས་པ་ལུང་རིག་རྒྱལ་དང་ཀླུ་མཁར་བྱམ་གཉིས་གདམ་དགོས་ངེས་རེད།
ཁོང་གཉིས་མཐོང་རྒྱ་དང་ཤེས་ཡོན་ལྷག་བསམ་དང་རྣམ་དཔྱོད་ཅི་དང་གང་ཐད་ནས་མདོ་སྨད་པའི་སྤྱི་འཐུས་འགྲིག་པ་འདུག་ཞུ་རྒྱུ་ཡིན། ང་རང་མདོ་སྟོད་ཀྱི་མི་ཞིག་གིས་ངོས་ནས་ཡག་པོ་མཐོང་སོང་།
ཀླུ་མཁར་བྱམས་མདོ་སྨད་པས་རྒྱང་ཕུད་བྱས་པ་རེད་ཟེར་བ་ཡང་བདེན་པར་སྣང༌། རང་གི་མི་ལ་རང་གིས་མཐོང་རྩ་བ་ཉིད་ནས་སྤྲོད་ཀྱིན་མེད་པར་སྣང༌། ཆོལ་ཁ་གཞན་པའི་ནང་དུ་ཀརྨ་ཆོས་འཕེལ་ལྟ་བུའི་རང་བཙན་གྱི་ལྟ་བ་འཛིན་མཁན་དེ་འདྲ་ཡང་སྤྱི་འཐུས་ལ་སླེབས་མྱོང༌། ང་ཚོའི་མདོ་སྨད་པ་ཚོས་ནམ་ཡིན་ཡང་རྒྱལ་བའི་བཀའ་དགོངས་ཞེས་མ་ཎི་འདོན་འདོན་བྱས་ཏེ། མཐར་བཏུགས་ན་རང་རང་གི་རྐུབ་སྟེགས་ཤོར་དུ་མཇུག་མ་འདོད་པ་ལོས་ཡིན། ནོར་གླིང་སྒྲོལ་དཀར་སྐྱབས་དང་མགོན་པོ་དོན་གྲུབ། ཀླུ་མཁར་བྱམས་དང་རྒྱ་རིགས་མཐར། ཉེའི་ཡོག་ཏུ་ཡོད་པའི་སྨན་པ་ཆེན་མོ་ཨ་མདོ་ཚེ་རིང་ལ་སོགས་པ་མར་གཡུགས་ནས་མི་དགོས་པ་དགེ་མདུན་པ་དང་ཡི་གེ་འབྲི་ཤེས་མཁན་ཁ་ཤས་འོས་གཞི་ཐོན་འདུག སྐུ་མཁྱེན། འདི་ཚོ་མདོ་སྨད་མི་མང་གི་སྐུ་ཚབ་དང་མདོ་སྨད་མི་མང་གིས་འོས་གཞི་བཏོན་པ་རེད་ཟེར་ནས་འུར་བསྒྲགས་མ་བྱོས་རོགས།
སྤྱི་འཐུས་ཀྱི་འོས་གཞིའི་སྤུས་ཀ་དེ་ཙམ་ཡག་པོ་མཐོང་མ་སོང་ ། ཤེས་ཡོན་མི་འདུག་ཅེས་ལབ་ཀི་མེད་།
་དེང་དུས་འགྱོན་ཐང་ལ་གཞིག་པའི་ཕྱི་འབྲེལ་གྱི་ནུས་པ་ནི་གཙུག་སུ་བརྩི་དགོས་སམ ། གྲ་བ་ཡང་མང་དྲག་འདུག
འབྲི་ཤེས་པ་ལས་ཁ་གྲགས་མི་ཤེས་པའི་རྩོམ་པ་པོ་ཁ་ཁེར་ཞིག་འདུག གཟུགས་པྱུགས་སྐྱིད་ལྟ་བུ་ཡིས་མི་བཅུ་ཡི་ནང་དུ་ཡར་ལངས་ནས་སྙན་ངག་གྱེར་མི་ཐུབ་པ་ཞིག་སྤྱི་འཐུས་དང་མི་རིགས་ཀྱི་སྐུ་ཚབ་ཞིག་གང་ནས་ཡོང༌། ཡང་མདོ་སྨད་པའི་སྤྱི་འཐུས་ལ་དགེ་མདུན་པ་མང་པོ་འོས་མཚམས་མཐོང་གིན་པ་དེ་གང་ཡིན་ནམ།
འཛོམས་མཁན་དང་གྲོས་སྡུར་བྱས་མཁན་ཕལ་ཆེ་ཤོས་ཀྱང་དགེ་མདུན་པ་རེད་འདུག མདོ་སྨད་པར་གཞོན་སྐྱེས་རིག་ལམ་རྒོད་པ་མང་པོ་ཡོད། ངེས་པར་དུ་རྒན་ཁོག་དང་དགེ་མདུན་པ་འདེམས་དོན་གང་ཡིན་ནམ།
ཁྱེད་ཅག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབ་ཅིག་
ངའི་ཞུ་འདོད་པ་ཞིག་ལ་མདོ་སྨད་སྤྱི་མཐུས་འོས་གཞི་འདོན་པ་ལས་རྩོམ་པ་པོའི་འོས་གཞི་འདོད་པ་མ་རེད
དེར་བརྟེན་ཁྱེད་ཅག་གི་འདི་འགོད་པམིང་ཆེ་པ་རྩོམ་པ་པོ་་རེད་འདུག་
ལྷག་པར་དུ་གྲྭ་བ་མི་པོ་འདུག
ངའི་ཆེས་མཐོང་ན་མི་འདོད་པ་གྲྭ་སྤྱི་མཐུས་ནང་སླེབས་པ་དེ་ཡིན
གྲྭ་བ་ལ་ཡིན་ཏན་ཡོད་ཀྱང་སྲིད་ཞུ་བསྒྲུབ་པའི་ཡོན་ཏན་མེད་
མ་ཟད་སྲིད་སྟེགས་ལ་དགའ་བའི་གྲྭ་བ་ཚོ་ཡང་དག་པ་ཞིག་མ་རེད་ཟེར་རྒྱུ་ཡིན་
ད་དུང་གསལ་བཤད་ཞིག་ལ་ ལྷོ་ཕྱོགས་ཕོ་ཉའི་དོ་བདག་གྲྭ་བ་དེ་བཤད་རྒྱུ་མིང་པོ་ཡོད་བཟོ་འདུག
ཧཧཧ། ཨ་རིག་འདི་གླེན་རྒྱུད་ཅིག་ཡིན་ཟེར་བ་ངོ་མ་ཡིན་པ་འདྲ། དྲུག་དང་བདུན་བསྡོམས་པ་བཅུ་གཅིག་ཏུ་གྱུར་ཚུལ་ལ་ལྟོས་དང་། ཧཧཧ གཞན་གྱིས་ཀྱང་ཁོང་ལ་ཨང་གྲངས་བརྒྱ་བར་དུ་བསླབ་རོགས་ཞུ། ཧཧཧ
སྤྱི་འཐུས་གྲོས་ཚོགས་ནི་རྩོམ་པ་པོའི་མཐུན་ཚོགས་སམ་རྩོམ་སྒྲིག་ཁང་ཞིག་མ་ཡིན་པར་རྒྱལ་ཁབ་ཅིག་གི་འདས་མ་འོངས་ད་ལྟ་གསུམ་གྱི་སྲིད་བྱུས་མཐའ་གཅོད་བྱེད་སའི་གྲོས་ཚོགས་རྭ་བ་ཞིག་ཡིན་པར་ཐུགས་ཆུབ་གནང་རོགས། འདིའི་ནང་ཚོགས་དྲུང་དང་གྲོས་ཚོགས་ཀྱི་རྩོམ་སྒྲིག་པ་ཟུར་དུ་ཡོད་སྟབས་གདམ་བྱའི་སྤྱི་འཐུས་ནང་རྩོམ་ཡིག་ཐར་ཐོར་བྲིས་མཁན་དང༌། ཚགས་དེབ་དང་དུས་དེབ་ག་གེ་མོ་འདོན་མཁན་ཞིག་ཡིན་མི་དགོས་པ་དེ་ཡང་མཁྱེན་ཆུབ་གནང་རོགས། ད་དུང་ནན་བཤད་བྱས་ན་སྐབས་འཚོལ་རིང་ལུགས་པ་དང༌། གཏམ་དང་གྲགས་པ་འབའ་ཞིག་འཚོལ་སྡོད་བྱེད་མཁན་རྣམས་ལ་གོ་སྐབས་འཆོར་མི་ཉེན་པ་ཡིད་གཟབ་གནང་གལ་ཆེ་ཞེས་ཞུ་རྒྱུ་ཙམ་ཡིན།
༼ལྷོ་ཕྱོགས་འབྲས་སྤུངས་དགོན་པར་གནས་བཞུགས་མདོ་སྨད་མི་མང་བཅུ་ཕྲག་གཉིས་ལྷག་ཅིག༽ལྨོ་ཕྱོགས་འབྲས་སྤུངས་སུ་མདོ་སྨད་ཀྱི་མི་ཉུང་ཉུང་དེ་ཙམ་ལས་མེད་པ་
ཡིན་ནམ་གང་ཡིན།
ཕལ་ཆེ་བ་ཡག་པོ་འདུག ཡིན་ན་ཡང་། གཞི་རིམ་སློབ་གྲྭའི་ཤེས་ཡོན་དང་རྨང་གཞི་ཙམ་ཡང་མེད་པ་མི་ཁག་ཅིག་དེའི་ནང་བཙན་གྱི་འཛུལ་བ་ཞིག་ཡིན་རྒྱུ་རེད་དྲན་གི དེ་དག་གིས་ང་ཚོའི་མི་མང་ངོ་ཚབ་དང་རྒྱལ་བ་ཚང་གི་སྐུ་ཚབ་གང་ནས་ཡོང་། དེའི་ཕྱིར་འདིའི་སྐོར་ང་ཚོས་ནན་ཏན་གྱིས་བསམ་བློ་གཏོང་དགོས་པ་ཞིག་རེད།