མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདག་གིས་མཐོང་བའི་འོས་བསྡུའི་ཉེན་ཁ། ལྷ་ཆབ་སྦྱིན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྡ་སའི་རི་ངོགས་ན་ཚ་ཚ་འུར་འུར་གྱིས་གླེང་གིན་པ་ནི་ད་ལོའི་བཀའ་སྤྱིའི་འོས་གཞི་བདམས་རྒྱུ་དང་སང་ལོའི་དངོས་གཞིའི་འོས་ཤོག་གི་སྐོར་རེད། བསམ་བློ་ཞིབ་ཏུ་བཏང་ན། འདི་འདྲའི་ལས་འགུལ་ལ་ཚོར་བ་ཤུགས་ཆེར་ལྡན་མཁན་ནི་རྒན་རྒོན་ལོ་ལོན་དེ་ཚོ་རེད། ཁོང་ཚོས་སྔ་མོ་ནས་རང་བཙན་ལག་དེབ་དེབ་སྐྱེལ་སོགས་སྔོན་འགྲོའི་ཆ་རྐྱེན་ཚང་མ་སྒྲུབ་ནས་འོས་ཤོག་འཕེན་རྒྱུར་གྲ་སྒྲིག་ནན་མོ་བྱེད་ཀྱི་ཡོད། འོན་ཀྱང་ཡིད་ཕངས་པ་ཞིག་ལ། རྒན་རྒོན་གྱི་བརྒྱ་ཆའི་དྲུག་ཅུ་ཡིག་རྨོངས་པ་ཡིན་སྟབས། འོས་གཞི་དང་དངོས་གཞི་གང་གི་སྐབས་སུ་ཡང་ཕ་རོལ་བ་ཞིག་ལ་འབྲི་རུ་འཇུག་རྒྱུ་དེ་རེད། འདིའི་ཐད་ནས་འབྱུང་སླ་བའི་ཉེན་ཁ་རིགས་གཉིས་སུ་བགར་ནས་བཤད་ན།

བཀའ་ཁྲིའི་ཐད་ནས་འོས་གཞི་དང་དངོས་གཞི་གང་ཡིན་ཡང་འོས་ཤོག་འཕེན་སྐབས། མི་རེ་རེ་བྱས་ནས་རང་བཙན་ལག་དེབ་ཐོ་འགོད་བྱས་ཏེ་འོས་ཤོག་འཁུར་ནས་ཁང་བ་སྟོང་བ་ཆེན་པོ་ཞིག་ཏུ་ཅོག་ཙེ་གྲ་སྒྲིག་བྱས་ཡོད་པ་དེར་སོང་ནས་བདམས་བྱ་འདེམས་དགོས་པ་ཡིན། ཁང་བ་དེའི་ནང་དུ་ཞིབ་བཤེར་བྱེད་མཁན་གྱི་ལས་བྱེད་སོགས་གང་ཡང་གྲ་སྒྲིག་བྱས་མེད། དེའི་སྟབས་ཀྱིས་ཡིག་རྨོངས་པ་རྒན་རྒོན་ལོ་ལོན་དེ་ཚོས་འོས་ཤོག་བཟུང་ནས་ཡིག་འབྲི་བ་ཞིག་གི་མདུན་དུ་རུབ་འཚོགས་བརྒྱབ་ནས་སྒུག་འདུག་རྒྱུ་དེ་རེང། གལ་སྲིད་ཡིག་འབྲི་བ་དེས་རང་གི་འདོད་མོས་ཀྱི་བདམས་བྱ་དེའི་མིང་བྲིས་ཚེ་མི་གཅིག་གིས་མ་མཐའ་ཡང་འོས་ཤོག་བཅུ་གྲངས་ཤིག་སྦྱོང་ཐུབ་ངེས་ཡིན། དེ་འདྲའི་སྐབས་སུ་ཡང་སྟངས་འཛིན་བྱེད་མཁན་ཞིག་མེད་པ་ནི་ཉེན་ཁ་ཞིག་ཏུ་མཐོང་།

སྤྱི་འཐུས་ཀྱི་ཐད་ནས་ང་ལ་ཉམས་མྱོང་འདི་འདྲ་ཞིག་ཡོད། སྐབས་སྔོན་མའི་སྔོན་འགྲོའི་འོས་གཞིའི་སྐབས་སུ་མདོ་སྨད་ཀྱི་བཟའ་ཚང་གཉིས་དང་ཁོང་གི་བུ་མོ་བཅས་མི་གསུམ་གྱིས་འོས་ཤོག་འཕེན་སྐབས་ང་ལ་འབྲི་རུ་བཅུག་སོང་། དེ་དུས་ཁོང་ཚོ་གསུམ་ཆའི་འོས་ཤོག་གི་ངོས་སུ་སྤེན་པ་ཚེ་རིང་དང་ཧོར་གཙང་འཇིགས་མེད་གཉིས་འབྲི་རོགས་ཟེར། དེ་ནས་ངས་སུ་འབྲི་དགོས་ཞེས་དྲིས་སྐབས། ད་ཁྱོད་རང་གི་འདོད་པ་བཞིན་ཕྲིས་ཤོག་ཟེར། དེ་ནི་ང་རང་མི་གཅིག་ལ་འོས་ཤོག་བཞིའི་ཐོབ་ཐང་རེག་པ་མ་རེད་དམ། དེ་ནས་ད་དུང་ངས་དལ་འགོར་ཅུང་ཙམ་བྱས་ན་དེ་འདྲའི་ཡིག་རྨོངས་པ་འགའ་རེ་མི་ཡོང་བའི་ངེས་པ་ག་ལ་ཡོད། གལ་སྲིད་སྐབས་འཚོལ་བ་ཞིག་ཡིན་ན་དེ་འདྲའི་བྱ་སྤྱོད་མི་སྤེལ་བའི་ངེས་པ་མེད་ལ། དེ་ལྟའི་བྱ་སྤྱོད་ནི་སྟབས་བདེ་བོའི་བྱ་སྤྱོད་ཅིག་ཀྱང་ཡིན།

གོང་དུ་ཞུས་པའི་ཉེན་ཁ་འདིའི་རིགས་ནི་དབུས་གཙང་དང་མདོ་སྟོད་ཀྱི་ནང་ལ་མང་དུ་འབྱུང་སྲིད་པ་འདྲ། རྒྱུ་མཚན་ནི་འོས་ཤོག་འཕེན་སྐབས་རྒན་རྒོན་མང་བོ་སླེབས་ཀྱི་འདུག་ལ།
སྔ་འབྱོར་གཞིས་ཆགས་མང་བའི་ཆོལ་ཁ་གཉིས་ཡིན་པས་སོ།།

མང་གཙོའི་རྒྱལ་ཁབ་གཞན་གྱི་འོས་བསྡུའི་སྐབས་སུ་དམག་དང་མེ་མདའ་གྲལ་སྒྲིག་པ་ལའང་རྒྱུ་མཚན་ཞིག་ལོས་ཡོད། ང་ཚོར་ཡང་དེ་ལྟ་བུའི་དམ་དྲག་ཅིག་མེད་ནའང་ཡིག་རྨོངས་འོས་འཕེན་པ་དག་ལ་ཁོང་ཅག་གི་ཚོད་ཀྱིས་གྲ་སྒྲིག་ཅིག་ངེས་པར་མཁོ། དེ་མེད་དུས་བློ་བཟང་སེང་གེ་ཕྲིས་ཟེར་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་འབྲི་སྲིད་ལ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཕྲིས་ཟེར་སར་བློ་བཟང་སེང་གེ་ཡང་འབྲི་སྲིད། དེ་ལྟ་བུའི་གནས་ཚུལ་བྱུང་ཡང་འོས་ཤོག་གི་བདག་པོ་ཁོང་འཛུམ་འཚེར་འཚེར་གྱིས་ལོག་དགོས་པ་མ་རེད་དམ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༧ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 8

  1. གཡག་རྒོད says:
    ལོ་ 16 སྔོན།

    ཕྲན་གྱིས་ཁ་ན་ཊའི་རྒྱལ་ཡོངས་འོས་བསྡུའི་ལས་རིམ་ཆེ་ཆུང་ཁ་ཤེས་ནང་དུ་ལས་ཀ་བྱེད་མྱོངས། ལྷ་ཆབ་ལགས་ཀྱིས་ཐུགས་སྣང་སྣང་བཞིན་བའི་གནད་དོན་དེ་མི་འབྱུང་བའི་ཕྱིར། འོས་གཞིའི་ནང་ཡོད་པའི་དོ་བདག་སོ་སོས། རང་གི་འོས་ཤོག་གཞན་ལ་མ་ཤོར་བའི་ཆེད་དུ། བློས་ཐུབ་གྱི་མི་སྣ་རེ་འོས་བླུག་སར་དེར་རྟོག་ཞུབ་བྱེད་དུ་མངག་སྲོལ་འདུག། ལྷག་པར་དུ་ཁ་གྲངས་བརྩི་བའི་སྐབས་སུ། གལ་ཆེན་དོན་ཆེན་ལ་བརྩི་གི་འདུག།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་ཀྱང་སྔོན་མ་སྤྱི་འཐུས་འདེམས་སྐབས་ཤིག་ལ་མི་མང་པོ་ཞིག་ལ་ཡི་གེ་འབྲི་རོགས་བྱེད་དགོས་བྱུང་སོང་། ཁྱེད་ཀྱིས་གསུངས་པ་ཅི་མ་ཅི་བཞིན་རེད། ཁོ་རང་ཚོ་ལ་འོས་གཞི་རེ་ཟུང་ཞིག་འདུག དེ་མིན་ཚང་མ་ང་ལ་གཞི་ནས་སྐད་ཆ་འདྲ་ཞིག་དྲིས་ནས་ངས་གང་ཡག་པོ་ཡོད་རེད་ལབ་ན་དེ་གདམ་ཞོག་ལབ་ཀྱིན་འདུག

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    ནོར་བཅོས།
    མ་དག་པ། མགོ་འདྲེན་རྣམ་དཔྱོད་ཅན་ཞིག་ཅིས་མཁོ།།
    དག་པ། མགོ་འདྲེན་རྣམ་དཔྱོད་ཅན་ཞིག་ཅིས་མི་མཁོ།།

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ད་ཐེངས་ཨ་མྱེས་ལྷ་ཆབ་ཀྱིས་གང་གསུངས་པ་དེར་མངོན་པར་བསྟོད་དོ་ཟེར་རྒྱུ་ཡིན། འདི་ལྟ་བུའི་སྐད་ཆ་མང་དུ་བཤད་རྒྱུ་ཡོད་ན་མ་མཐར་ཡང་གྲ་སྒྲིག་བྱེད་མཁན་ཚོར་བརྡ་ཞིག་ཐོངས་ཀི་རེད། ཐུགས་རྗེ་ཆེ།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲ་སྒྲིག་ཁྲོད།།
    དྲང་བདེན་བློ་མིག་ཐོགས་པ་ཇི་ཙམ་ཡོད།།
    ཕྱོགས་རིས་ལིང་ཏོག་བྲལ་བ་ཇི་ཙམ་ཡོད།།
    བཀའ་སྤྱིའི་འོས་མི་དོན་དམ་ཇི་འདྲ་ཞིག།

    བཀའ་སྤྱི་གཉིས་ནི་ནང་གི་ཕ་མ་ཡིན།།
    བཀའ་སྤྱི་གོང་བཀུར་བྱིས་པ་ང་ཚོ་ཡིན།།
    བཀའ་སྤྱི་གཉིས་པོ་ང་ཚོའི་མགོན་སྐྱབས་ཡིན།།
    བཀའ་སྤྱི་གཉིས་པོས་དེ་དོན་ཐུགས་ལ་ཞོག།

    བྱིས་པའི་མདུན་ལམ་འོད་སྟོང་ལྡན་དགོས་ན།།
    ཕ་མ་བློ་གཏད་ཆོག་པ་ཅིས་མཁོ།།
    བདེ་སྐྱིད་ལམ་སྣ་ཟིན་འདོད་བོད་མི་ཚོར།།
    མགོ་འདྲེན་རྣམ་དཔྱོད་ཅན་ཞིག་ཅིས་མཁོ།།

    Reply
  6. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    གངས་ཕྲུག་ལགས་ཀྱིས་བདམས་པའི་འོས་གཞི་དག་ཕལ་ཆེར་བདག་གི་འོས་གཞི་དག་དང་འདྲ་བོ་འདུག འདི་ལྟར་མི་ངོ་བཅུ་མེད་ནའང་ཡོད་པ་དག་ནི་རྡོག་རྡོག་རེ་ཡོད་ན། མ་འོངས་པའི་མདོ་སྨད་སྤྱི་འཐུས་ལ་རེ་བ་ཆེན་པོ་ཡོད།

    Reply
  7. གངས་རྒན། says:
    ལོ་ 16 སྔོན།

    གངས་ཕྲུག་ལགས། ཁྱེད་ཀྱིས་མི་འདི་བཞི་ལ་ཕྱི་ནང་གི་ཤེས་ཡོན་གང་ཞིག་འཛོམས་པ་དང་། འཇོན་ཐང་གང་ཞིག་ཡོད་པ་གསལ་པོ་གསུངས་ན་ཚང་མས་འོས་འཕེན་པ་ལ་རྒྱབ་སྐྱོར་བྱེད་ཆོག བདག་གི་གོ་ཐོས་ལ་ཁོ་ཚོའི་ཁྲོད་ཀྱི་མི་ཕལ་ཆེ་བར་སྐད་ཡིག་གཉིས་པའི་མཐུན་རྐྱེན་ཙམ་ཡང་ཚང་མེད་པའི་ཁར། འཇོན་ཐང་ཐད་ནས་བཤད་ན་བོད་སྤྱི་བའི་རྩ་དོན་ཕར་ཞོག་ཐ་ན་རང་གི་ལྟོ་གོས་ངན་ངོན་ཙམ་ཡང་འགྲིག་གི་མེད་ཚུལ་འདུག་པས་འཇོན་ན་འཇོན་ཚུལ་དེ་གང་ལ་ཆ་བཞག་དགོས་སམ།

    Reply
  8. གངས་ཕྲུག says:
    ལོ་ 16 སྔོན།

    སྐུ་ཞབས་ལྷ་ཆབ་སྤྱིན་པ་ལགས་ད་སྐབས་མི་མང་པོ་ཞིག་གིས་སྤྱི་འཐུས་ཀྱི་འོས་མི་འདོན་གྱིན་འདུག དེ་ཡང་ན་གཞོན་ཤེས་འཇོན་ཅན་ཞིག་དགོས་ཞེས་གླེང་སློང་དྲགས་པོ་བྱེད་ཀྱིན་འདུག བདག་གིས་ཀྱང་བསམ་བློ་བཏང་ཡིན། ན་གཞོན་ཤེས་འཇོན་ཅན་ཞིག་སླེབས་ན་བསམ་གྱིན་ཡོད། དེས་ཆ་ནས་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་ལ་བསམ་བློ་བཏང་ཡིན། ད་སྐབས་མདོ་སྨད་སྤྱི་འཐུས་ཀྱི་འོས་གཞིར་རུང་བ་ན་གཞོན་ཤེས་འཇོན་ཅན་བཞི་ཙམ་བརྙེད་སོང་དེ་དག་ནི།
    ༡ བསོད་ནམས་རྒྱལ་མཚན། ས་རཱ་སློབ་དཔོན་ཆེན་མོ། ས་རཱ།
    ༢ ལུང་རིགས་རྒྱལ། དུས་བབ་རྩོམ་སྒྲིག་པ། དྷ་ས།
    ༣ ཚངས་དབྱངས་རྒྱ་མཚོ། ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ། དྷ་ས།
    ༤ ཨ་ཚོགས་ཀླུ་མཁར་བྱམས། བོད་གནས་ཉམས་བཞི་པ། དྷ་ས།
    བཅས་ཡིན་པས་ཁྱོད་ཀྱིས་བལྟས་ན་ག་འདྲ་འདུག བསམ་ཚུལ་ཞིག་ཤོད་རོགས་ཞུ། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese