བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལས་འཆར་གྱི་འོག་ནས་འདོན་བཞིན་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཀྱི་དེབ་ཕྲེང་གཉིས་པ་ཐོན་ཡོད་འདུག
རྩོམ་སྒྲིག་ཚོགས་ཆུང་གིས་དེབ་ཀྱི་ངོ་སྤྲོད་དུ་ཞུ་སྐུལ་གནང་དོན། བོད་ཀྱི་སྐད་ཡིག་སྨྲ་བ་རྣམས་ཀྱིས་འདིར་གཏན་འབེབས་ཟིན་པའི་བརྡ་ཆད་རྣམས་སྐབས་མ་འཆོལ་བར་གཅིག་གྱུར་བེད་སྤྱོད་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་གི་ངོ་བོ་སོར་གནས་དང་ཡར་རྒྱས་ལ་མཉམ་རུབ་དང་རམ་འདེགས་ཡོང་བའི་རེ་སྐུལ་ཞུས་ཡོད་པ་རེད།
གཞན་ཡང་ངོ་སྤྲོད་ནང་གསུངས་པ་ལྟར་ན། ལས་འཆར་འདི་མགོ་བཙུགས་ནས་བཟུང་ད་བར་དུ། འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ས་དཔྱད་རིག་པ། སེམས་ཀྱི་ཚན་རིག ཨང་རྩིས། ཟློས་གར་དང་རོལ་མོ། ཆ་འཕྲིན་ལས་རིགས་དང་ལག་རྩལ་སོགས་ཀྱི་བརྡ་ཆད་ཟིན་བྲིས་སུ་བཏབ་ཟིན་པ་རྣམས་བརྒྱུད་རིམ་ངེས་ཅན་ཁག་བརྒྱུད་བཞིན་པའི་ཁོངས་ནས། མཐའ་མའི་གཏན་འབེབས་ཀྱི་དུམ་བུ་དང་པོར་རིག་ཚན་དྲུག་སྟེ། འཛིན་སྐྱོང་དང་། དངོས་ཁམས། རྫས་སྦྱོར། གསོ་རིག སྐར་རྩིས། རྩི་ཤིང་བཅས་ཀྱི་ཤེས་བྱའི་ཁྱབ་ཁོངས་སུ་གཏོགས་པའི་ཐ་སྙད་གྲངས་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད་པའི་དེབ་ཕྲེང་དང་པོ་ ༢༠༠༨ ལོར་འགྲེམས་སྤེལ་ཟིན་ཞིང་། ད་རེས་དེབ་ཕྲེང་གཉིས་པ་འདིར་ཡང་ཕལ་ཆེ་བ་གོང་གསལ་རིག་ཚན་ཁག་དང་འབྲེལ་བའི་བརྡ་ཆད་མ་གཏོགས་སྡེ་ཁག་བཞི་ཙམ་ནས་ཁས་ལེན་ཞུས་པ་ལྟར་ལག་བསྟར་མ་ཐུབ་པ་བྱུང་། རིག་ཚན་གཞན་རྣམས་ཀྱི་ཐ་སྙད་རྣམས་རང་རང་གི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཡིན་པའི་བརྡ་ཆད་ཁོ་ནར་ངེས་ཀྱང་། ཆབ་སྲིད་དང་རྩིས། ཁྲིམས། ཚོང་ལས་སོགས་ཀྱི་བརྡ་ཆད་སྤྱོད་གོ་ཆེ་བ་ཁག་འཛིན་སྐྱོང་གི་ཚན་པའི་ཁོངས་སུ་འདུས་ཡོད་ཟེར།
བེད་སྤྱོད་དང་བདག་ཉར་སྟབས་བདེའི་ཆེད་དེབ་ཕྲེང་དང་པོ་ཡོངས་རྫོགས་འདིར་ཟླ་སྒྲིལ་བཏང་ཡོད་འདུག
རྩོམ་སྒྲིག་པ་ཨཙའརྱ་ཀརྨ་སྨོན་ལམ་ལགས་ཀྱིས་འདི་ག་གསར་ཁང་ལ་བཤད་པ་ལྟར་ན། དེབ་ཕྲེང་གཉིས་པ་འདིའི་ནང་ཁྱོན་སྡོམ་ཐ་སྙད་གསར་པ་ ༢༥༠༠ ལྷག་ཡོད་ཟེར།
གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།
ཐ་སྙད་བོད་ནང་དང་བསྟུན་དགོས་ཞེས་བཤད་པ་དེ་རྒྱུ་མཚན་ཅུང་ཙམ་ཡོད་ཀྱང་། ཡིན་ནའང་བསྒྱུར་གཞིའི་སྐད་ཡིག་ལ་བརྟེན་ནས་ཅུང་མ་འདྲ་བ་ཡོང་བ་ཆོས་ཉིད་ཡིན། མཚམས་རེར་རྒྱ་ཡིག་དང་དབྱིན་ཡིག་གི་འགྱུར་གཞིའི་གོ་དོན་ལ་ཁྱད་པར་ཆེན་པོ་ཡོད། དེ་འདྲའི་སྐབས་སུ་ང་ཚོས་རང་ཉིད་ཀྱི་བསྒྱུར་གཞིའི་གོ་དོན་ལ་བསྟུན་པ་དེ་རྒྱུ་མཚན་ལྡན་པ་ཡིན། དེ་ལྟར་ཡོང་གི་ཡོད་མེད་བསྒྱུར་མཁན་ཚོས་ཧ་གོ་གི་རེད། དཔེར་ན། དབྱིན་ཇིའི་དཔེ་དེབ་བམ་ཐ་སྙད་སྐོར་ཞིག་བོད་ཡིག་ལ་འགྱུར་བའི་བོད་ཡིག་གི་འགྱུར་མ་དེ་གཞི་ལ་བཞག་ནས་སྐད་ཡིག་གསུམ་པ་ཧིན་དུ་ནང་བསྒྱུར་བ་དེ་དང། དབྱིན་ཡིག་གི་དཔེ་དེབ་དེ་གཞི་ལ་བཞག་ནས་ཧིན་དུ་ནང་བསྒྱུར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། དེར་བརྟེན་དབྱིན་ཇི་ནས་བོད་ཡིག་ལ་བསྒྱུར་མཁན་ཚོས་རྒྱུ་མཚན་ལ་ལྟོས་བ་མེད་པར་བོད་ནས་ཡིན་པའི་ཐ་སྙད་ཡིན་ན་ཚད་མར་བཟུང་དགོས་ཀྱི་མེད་ལ།་དེ་ནི་རྒྱུ་མཚན་ཞིག་ཀྱང་ག་ལ་ཡིན། དེར་བརྟེན་འདིའི་ཐད་ཀྱི་དཀའ་ངལ་དེ་དག་སེལ་དགོས་ན་བོད་རྒྱ་དབྱིན་གསུམ་ལ་མཁས་པ་ཙམ་དུ་མ་ཟད། ཁྱད་ལས་ཕྱོགས་ལ་རྒྱུས་ཡོད་ཡིན་དགོས་པ་རེད། དེས་ན་བཙན་བྱོལ་ནང་དང་བོད་ནང་གང་ནས་ཀྱང་མི་དེ་འདྲ་མི་གཅིག་ཀྱང་སྟོན་རྒྱུ་མེད། དེར་བརྟེན་རང་གི་ཐུབ་ཚོད་ཅིག་བྱེད་རྒྱུ་ལས་མེད་པ་རེད། ཁ་ནས་བཤད་ན་སླ་ཡང། ལག་ལ་བཞག་ན་ལྐུག་པ་ཡིན་ཟེར་བ་རེད། དངོས་གནས་དེའི་སྐོར་གྱི་གནད་དོན་དེ་སེལ་འདོད་ཡོད་ན་དཀའ་ལས་རྒྱུན་རིང་པོ་ཞིག་རྒྱག་དགོས་པ་ལས། དེ་རིང་བརྗོད་གཞི་གསར་བ་ཞིག་ཡོང་ན་ཧོབ་ཏེ་དེར་འཇུས། སང་ཉིད་ཡང་གཅིག་སླེབས་ན་དེ་ལའང་རང་གིས་འཁྱོག་ཚད་ཅིག་བཤད། འདི་ལྟར་བྱས་ན་ང་ཚོར་ཅི་ཞིག་ཡོང་རྒྱུ་ཡོད་དམ། ངས་རེ་བ་ཡིན་ན་མཚམས་རེར་དུས་བབ་ཟིན་བྲིས་ནང་ལ་ཡོང་ནས་མིག་བཤེར་རེ་བྱེད་རྒྱུ་དང། དེ་མིན་གཙོ་བོ་ནི་རང་གི་སློབ་སྦྱོང་བྱེད་རྒྱུ་ལ་འབད་ན་རིགས་སོ།
བོད་ནང་གི་མཁས་པ་ཁ་ལ་ཁྱེར་ནས་རང་ཉིད་མཁས་མདོག་མ་སྟོན། ཐ་སྙད་སྐོར་རྩོད་པ་རྒྱག་འདོད་ན་དང་པོ་དེའི་ནང་གི་ཐ་སྙད་རྣམས་ཀྱི་ཁྱད་ལས་ཕྱོགས་ཀྱི་གོ་དོན་དང་འབྱུང་ཁུངས་ཚང་མ་བློ་ལ་ངེས་པར་གྱིས། དེ་ནས་བསྒྱུར་བའི་ཐ་སྙད་འབྱོར་མིན་ལ་བརྟག་རྗེས་བསམ་ཚུལ་བཤད་ན་མཛེས་བ་ཡིན།་
ཐ་སྙད་གཅིག་གྱུར་བྱེད་དགོས་ཟེར་ན་གང་འདྲ་ཞིག་ལ་གོ་བ་རེད་དམ། ཐ་སྙད་མི་འདྲ་བ་ཅུང་མང་པོ་ཞིག་ཡོད་ན་གཞི་ནས་ཐ་སྙད་དེ་དག་ལས་གང་ཞིག་འབྱོར་མིན་ལ་བགློ་གླེང་བྱས་ཏེ་གཏན་འབེབས་བྱེད་པ་ལས་ཐ་སྙད་གསར་བ་མི་འདྲ་མང་པོ་མེད་ན་ཐ་སྙད་གཅིག་གྱུར་ཡོང་ཤེས་ཀྱི་མ་རེད། དེར་བརྟེན་ད་དུང་བོད་ཕྱི་ནང་གཉིས་ཐ་སྙད་གཅིག་གྱུར་བྱེད་པའི་དུས་ཚོད་ལ་སླེབས་མེད་པར་ཐ་སྙད་གསར་བཟོ་བྱེད་པའི་སྒང་ཡིན། ཐ་སྙད་ཀྱི་འདེམས་ཀ་ཅུང་མང་ཙམ་ཡོད་སྐབས་གཞི་ནས་གཅིག་གྱུར་བྱེད་དགོས། གོང་གི་དྲ་གྲོགས་ཚོས་དབྱིན་དང་ཨིན་ལྟ་བུ་དང། ཀམ་པུ་ཊར་དང་རྩིས་འཁོར་ཟེར་བ་ལྟ་བུའི་རྒྱུན་ལྡན་གྱི་ཐ་སྙད་ཁ་ཤས་སྐོར་བ་བརྒྱབ་ནས་གླེང་གི་འདུག ཡིན་ནའང་ཐ་སྙད་གསར་བཟོ་ནི་དེ་ལས་ཧ་ཅང་རྒྱ་ཆེ་བ་ཞིག་ཡིན། དཔེར་ན། ཤེས་ལས་ཀྱི་ཐ་སྙད་གཏན་འབེབས་ནང་དུ་དངོས་ཁམས་རིག་པ་དང། རྫས་འགྱུར། སྐྱེ་དངོས། ས་ཁམས། རྩིས་རིག། གནམ་རིག་བཅས་ཕྱོགས་མང་པོ་ཞིག་ནས་བསྒྱུར་ཡོད་པས་ཞིབ་ཏུ་བརྟག་དགོས་པ་རེད། དེའི་ནང་གི་ཐ་སྙད་མང་ཆེ་ཤོས་ང་ཚོའི་ཟིན་བྲིས་པ་ཚོས་ཧ་གོ་བ་ཕར་ཤོག དྲི་མའང་སྣུམ་མྱོང་མེད་པ་ཤ་སྟག་རེད། དངོས་གནས་དྲང་གནས་དེའི་སྐོར་ལ་བཤད་འདོད་ཡོད་ན་ཞིབ་འཇུག་རྒྱ་ཆེན་པོ་ཞིག་བྱེད་དགོས་པ་རེད། དེ་མིན་ཁ་ལ་ཐོན་ཚད་ཅིག་གི་གང་ཡང་ཡོང་གི་མ་རེད། རྟག་པར་ང་ཚོས་གློག་ཀླཡིགཞད་དང་རྩིས་འཁོར། དབྱིན་ཇི་དང་ཨིན་ཇི། རིག་གཞུང་དང་ལེགས་བྱང་སོགས་སྤྱིར་བཏང་གི་ཐ་སྙད་སྐོར་ཞིག་ཁྱེར་ཡོང་ནས་ཐ་སྙད་གཅིག་གྱུར་བྱེད་ཐུབ་ཀྱི་མ་རེད་ལགས། ལྷག་པར་དུ་ཤེས་ལས་ཀྱི་ཐ་སྙད་གཏན་འབེབ་བྱེད་མཁན་གཙོ་བོ་ཀརྨ་སྨོན་ལམ་ཟེར་བ་དེ་ལོ་མང་པོར་ཡིག་སྒྱུར་ཐད་ལ་ཉམས་མྱོང་ཆེན་པོ་ཡོད་པ་ཞིག་ཡིན་པ་ཤེས་པར་གྱིས།
བོད་ནང་ནས་བཟོ་བཞག་པའི་ཐ་སྙད་གསར་པ་དག་དང་མཐུན་པར་ཤོག་
བོད་ནང་གི་རྒྱ་བོད་དབྱིན་གསུམ་གྱི་མིང་མཛོད་ལྟ་བུར་མཚོན་ན་ཐ་སྙད་གཅིག་ཁྲི་ལྷག་ཅིག་ཡོད་པས་ཚིག་རེ་ཟུང་གི་མཚོན་ཐུབ་ཀྱི་མ་རེད།
ཇིང་སྲས་མིག་གསུམ་པ་ལགས། ༼མིང་ཚིག་ཁ་ཤས་ལ་ཨུ་ཚུགས་ཚད་ནས་འགྲོ་མི་དགོས་ཀྱི་འདུག་བསམ་བྱུང་།༽ཟེར་བ་འདི་ཕྱོགས་གཅིག་ནས་བཤད་ན་བདེན་པ་རེད། དཔེར་ན་དབྱི་ཇི་ཡི་གེ་དང་། དབྱིན་ཇི་ཟེར་བའི་ཐ་སྙད་འདི་སྔར་ནས་བོད་ལ་རླུང་ལྟར་དུ་གྲགས་ཟིན་པ་ཞིག་རེད། ཡང་བསྐྱར་འདི་ལ་ཨིན་ཇི་ཞེས་གསར་འགྱུར་ཞིག་བྱས་དགོས་པའི་རྒྱུ་མཚན་ཅི་ཞིག་འདུག ངས་བལྟས་ན་འདི་རིགས་རང་དགར་ལོ་ཙཱ་བའི་ཁྱད་ཆོས་འདོན་འདོད་ཀྱི་གྲགས་འདོད་ཙམ་ཞིག་མ་གཏོགས་ལྷག་བསམ་རྣམ་དག་ཅིག་མིན་པ་ཚོད་དཔག་བྱེད་ཀྱིན་ཡོད། བོད་ནང་གི་མཁས་པ་རྣམས་ཀྱི་ལྷག་བསམ་རྣམ་དག་གི་ཐོག་བོད་ཀྱི་རིག་གཞུང་ལ་ཞབས་ཞུ་སྒྲུབ་འདོད་གཅིག་པུ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད་པ་གསལ་བོ་རེད་ལ། བོད་ཆོལ་ཁ་གསུམ་གྱི་མཁས་དབང་མང་པོའི་བགྲོ་གླེང་དཔྱད་བརྡུར་ཡང་ཡང་བྱས་ཏེ་གཏན་ལ་ཕབས་པ་རེད། དེར་བརྟེན་ཚིག་རེ་རེ་ལ་ཡང་དགོས་པ་དང་རྒྱུ་མཚན་རྣམ་དག་རེ་བཤད་ཀྱི་ཡོད་པ་རེད།
ལར་ནས་སྔོན་བྱོན་བོད་ཀྱི་མཁས་པ་རེ་རེ་ལ་གསུང་འབུམ་པོད་བཅུ་ཕྲག་མང་པོ་ཡོད་ཅིང་ཚིག་དོན་གཉིས་ཀའི་ཆ་ནས་ཁྱད་ཆོས་མང་དུ་ཡོད་རེད། དེང་སང་བཙན་བྱོལ་ནང་ལྟ་བུ་ལ་མཚོན་ན་མི་མང་པོའི་ཚོགས་པ་བཙུགས་ཏེ་ཧིན་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་བའི་མཐར་དེབ་རེ་ཟུང་སྟོན་རྒྱུ་ཡོད། ལ་ལ་དེ་ཡང་སྟོན་རྒྱུ་མེད་པ་ལྟ་བུ་རེད། དྲང་མོ་བཤད་ན་བཙན་བྱོན་ནང་གི་རྩོམ་ཡིག་མང་ཆེ་བ་ལྟོ་ཕོག་དང་འཚོ་བའི་དོན་དུ་ལས་ཀ་བྱས་པ་ཆགས་བསྡད་འདུག
བོད་གཞུང་ཤེས་རིགས་ལས་ཁུང་ནི་དོན་དངོས་ཐོག་བོད་སྤྱི་ལ་བསམ་བློ་གཏང་གྱི་ཡོད་ན་བདག་གི་དྲན་སོང་། གང་ཡིན་ཟེར་ན། ཉེ་སྔོན་བོད་ནས་རྒྱ་བོད་དབྱིན་གསུམ་གྱི་བོད་ཀྱི་ཐ་སྙད་གསར་པའི་དེབ་ཞིག་བཙན་འབྱོར་ནང་འབྱོར་ཡོད་ན་ཡང་། ཤེས་རིགས་ལས་ཁུངགིས་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཞེས་པའི་དཔེ་དེབ་དེ་ནི་བོད་ནང་ནས་འགྲེམ་སྤེལ་བྱས་པའི་དཔེ་དེབ་དེ་དང་འགྲན་བསྡུར་བྱས་རྒྱུ་རེད། ཡིན་ན་ཡང་དཔེ་དེབ་དེ་ཡི་མིང་ལ་བརྗོད་བདེ་མོ་ཞིག་དང་། སྤྱི་སྐད་ཞིག་དང་མི་མཚུང་པའི་ཐ་སྙད་ཞིག་ཀྱང་བཀོད་འདུག གང་ལགས་ཞེ་ན། ཨིན་ཞེས་བརྗོད་ན་དེང་སང་མིང་མཛོད་ཕལ་མོ་ཆེ་དང་མི་མཐུན་པར་ཞིག་གྱུར་ཡོད།
མིང་ཚིག་ཁ་ཤས་ལ་ཨུ་ཚུགས་ཚད་ནས་འགྲོ་མི་དགོས་ཀྱི་འདུག་བསམ་བྱུང་།
དཔེར་ན། གློག་ཀླད་ལ་རྩིས་འཕྲུལའམ་ཡང་ན་འཕྲུལ་ཆས།
ཁ་པར་ལ་བརྡ་འཕྲིན་འམ་ཡང་ན་བརྡ་འཇོག་སོགས།
དེ་ལྟར་སྔོན་མ་ནས་བསྒྱུར་ཚར་བའི་མིང་ཚིག་དེ་དག་ལ་ཨུ་ཚུགས་ཀྱིས་ཡང་ནས་བསྐྱར་དུ་བསྒྱུར་ན་སློབ་མཁན་དང་ཁྲིད་མཁན་སུ་ཡིན་རུང་་དཀའ་ངལ་འཕྲད་མི་སྲིད་པ་མ་རེད།
རྩོམ་བྲིས་པའི་ཆེད་བརྗོད་རྩིས་ཆས་ཉེ་འགྲམ་གྱི་རྩིས་འཕྲུལ་འཁྲུལ་ནང་ལ་ལ་ལེགས་བྱང་དང་འཚོ་དབུགས་ཉམས་པའི་རྐྱེན་གྱིས་འབྲས་ནད་སྐྲན་ཁྱབ་འཕེལ་ཕྱིན་པའི་སྐོར་མཐོ་སློབ་ཁང་གིས་གསལ་བསྒྲགས་གནང་འདུག
ད་ཚར་ཅིག་ཀློགས་དང་། ཚིག་མཛོད་མེད་ནའང་། མི་གོ་བ་ཅི་འདུག
དབྱིན་ཨིན་ཚིག་གཉིས་མང་དྲགས་འདུག་གསུངས་པ་བདེན་ཡང་། དབྱིན་ཚིག་བོད་ནས་གསར་བཟོ་དང་ཨིན་ཚིག་ཕྱི་ནས་གསར་བཟོས་ཀྱིས་འགྲན་རྩོད་ཟེར་བ་མི་འཐད་དེ། དབྱིན་ཚིག་༧རྒྱལ་དབང་སྐུ་ཕྲེང་༡༣པའི་སྐབས་ད་ལྟའི་བར་བེད་སྤྱད་པ་སྤྱི་མཚུངས་ཡིན་པ་དང་། དབྱིན་ཞེས་ཡི་གེ་དྲུག་གི་ཚབ་ལ་ཨིན་ཞེས་ཡི་གེ་འབྲུ་གསུམ་གྱིས་འཐུས་པ་དང་། ༧གོང་ས་༡༤པའི་སྐབས་ཀྱི་བོད་རིགས་རྣམས་ཨིན་སྐད་མཁས་པ་དང་བོད་སྐད་སློབ་ཚུལ་ལའང་མཁས་པས་ཨིན་ཚིག་ཅེས་བྲིས་པ་འཐད་པར་སེམས།
བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀྱི་བར་འགྲན་རྩོད་ཧ་ཅང་ཆེ་བས་བོད་ནང་དུ་ཐ་སྙད་གསར་པ་ཞིག་སྟོན་ན་དེའི་རྗེས་སུ་བཙན་བྱོལ་ནང་དུ་ཐ་སྙད་གསར་པ་ཞིག་སྟོན་པ་དང་།
བཙན་བྱོལ་ནང་སྤྲུལ་སྐུ་ཞིག་ངོས་འཛིན་བྱས་ན་དེའི་རྗེས་སུ་བོད་ནང་དུ་ཡང་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་པ་སོགས་ནི་རྒྱུན་ལྡན་ཞིག་གི་གནས་ཚུལ་རེད།
དེ་སྔ་བོད་ནས་དབྱིན་བོད་ཞེས་པའི་ཐ་སྙད་ཞིག་སྤེལ་ཡོད་ཀྱང་། ད་རེས་བཙན་བྱོལ་གཞུང་ནས་ཨིན་བོད་ཀྱི་ཐ་སྙད་གསར་པ་ཞིག་གནང་ཡོད།
དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཞིག་ལ་ངོས་འཛིན་གནང་མཆོག་ཀྱང། དེ་འདྲ་མང་གྲགས་ན་བོད་ཀྱི་སྐད་ཡིག་ལ་ཕན་པ་ལས་གནོད་པའི་རྐྱེན་དུ་གྱུར་སྲིད་པས་གཅིག་འགྱུར་གྱི་ཐ་སྙད་བཟོ་འགྱུར་འབད་རྩོན་གནང་དགོས་སམ།
དེ་མིན་ད་ལྟ་བོད་ཡིག་ཐོག་བོད་ཕྲུག་རྣམས་མགོ་བོ་ན་ནས་དཀའ་ངལ་ཞིག་ཕྲད་བཞིན་པར་སོང་དགོངས་པ་ངེས་པར་བཞེས་དགོས་འདུག
རྩོམ་བྲིས་པའི་ཆེད་བརྗོད་རྩིས་འཕྲུལ་འཁྲིས་ཀྱི་རྩིས་ཆས་ནང་ལ་ལེགས་བྱང་དང་འཚོ་དབུགས་ཉམས་པའི་རྐྱེན་གྱིས་འབྲས་ནད་སྐྲན་ཁྱབ་འཕེལ་ཕྱིན་པའི་སྐོར་མཐོ་སློབ་ཁང་གིས་གསལ་བསྒྲགས་གནང་འདུག
oxygen འཚོ་དབུགས།
culture རིག་གཞུང་། ལེགས་སྦྱངས།
editorial ཆེད་བརྗོད།
college མཐོ་རིམ་སློབ་གྲྭ
cancer འབྲས་ནད་སྐྲན།
computer འཕྲུལ་ཆས།
culculator = རྩིས་ཆས།
དྲ་གྲོགས་འགའ་རེའི་འདིར་བོད་ནང་གི་ཐ་སྙད་དང་བཙན་བྱོལ་བའི་ཐ་སྙད་འདོགས་སྟང་སོར་ཡིན་པའི་ཚིགས་ཁ་ཤེས་རེ་བྲིས་འདུག འོན་ཀྱང་ད་དུས་རྗེས་ལོན་བྱེད་མ་ཐུབ་པའི་ཆ་མང་པོ་ཞིག་མཐོང་།
བོད་ནང་ལའང་མདོ་དབུས་ཁམས་གསུམ་གྱི་ས་ཆར་ཐ་སྙད་མི་འདྲ་མང་པོ་ཡོད་པ་དང་། བཙན་བྱོལ་གཤོལ་བོད་པའི་སྐད་ལ་ཡང་དེ་བཞིན་དུ་ཐ་སྙད་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱེད་བཞིན་པ་རེད།
འོན་ཀྱང་ཐ་སྙད་གསར་བཟོ་བྱེད་སྐབས་ཅི་ཡང་མི་ཤེས་པའི་བླུན་པོ་རྣམས་ཀྱིས་སར་སོང་ནས་ཧིན་སྒོར་༣༠ རེད་སྤྲད་དེ་ཐ་སྙད་ཉོས་ནས་དེ་ཕྱོགས་བསྒྲིགས་ཕྱེད་པ་འདི་ནི་བོད་གཞུང་ཤེས་རིག་ལང་ཁུང་གི་འགྲོ་ལུགས་རེད།
བོད་ནང་ལ་མཚོན་ན་བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམས་ཚོགས་ནས། ཐ་སྙད་གསར་པའི་འབྱུང་ཁུངས་ཤེས་པའི་སྒོ་ནས་རྒྱུ་མཚན་བཙལ་ཞིང་དགག་དགོས་སོ་སོར་བྱེས་དེ་ཐ་སྙན་མིང་མཛོད་སོགས་བསྒྲིག་ཀྱིན་ཡོད།
གང་ལྟར་ཡང་ཐ་སྙད་གསར་པ་དེ་ཚོ་ལ་དཔྱད་ཞིབ་ལེགས་པོ་མ་བྱས་པར་གང་བྱུང་མ་བྱུང་བྲིས་ན་མ་འོངས་པའི་བོད་ཀྱི་ཤེས་རིགས་དང་གཅིག་འགྱུར་ལ་གནོད་པ་ཧ་ཅིང་ཆེ་བས་ཐུགས་གཟབ་གནང་རོགས།
བོད་གཞུང་ཤེས་རིག་ལས་ཁུངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཐ་སྙད་གསར་པ་གཏན་འབེབས་བྱས་པ་རྣམས་བོད་ཕྱི་ནང་གཉིས་ཀའི་ངེས་པ་ཏུ་བརྩི་འཇོག་བྱེད་དགོས་ཀྱི་རེད་སྙམ།
བོད་གཞུང་ཤེས་ལས་ཁུངས་ཀྱིས་གཏན་འབེབས་བྱས་པ་རྣམས་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་རྒྱ་ཆེན་མི་དམངས་ཀྱིས་ཁས་ལེན་དགོས་པར་མ་གཏོགས་ང་རང་ཚོའི་བོད་མི་རིགས་ཀྱི་ཆེད་དུ་བཙན་བྱོལ་བོད་གཞུང་ལས་ལྷག་པ་སུ་ཡང་མེད།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གཏན་འབེབས་བྱས་པའི་ཐ་སྙད་གསར་པ་རྣམས་ཡག་པོ་བྱུང་ཡོད་ན་རེད། མེད་ནའང་རེད། ང་རང་ཚོའི་བོད་གཞུང་ཤེས་རིག་ལས་ཁུངས་ལ་འཇོན་སྟངས་དང་ཤེས་ཚོད་འདི་ལས་མེད་པ་རེད།
བཙན་བྱོལ་ཕེབས་ནས་མི་ལོ་ལྔ་བཅུ་འགྲོ་ཚར་བ་རེད། ཡིན་ནའང་ད་ལྟ་བར་དུ་བོད་མི་རིགས་ཀྱི་རིག་གནས་ལ་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་མ་ཐུབ་པ་རེད།
བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུགས་ཀྱིས་ངོས་ནས་གཏན་འབེབས་བྱས་ཟིན་པ་རྣམས་རིན་མེད་ཐོག་ཀམ་པུང་དྲའི་རྒྱུད་ནས་བེད་སྤྱོད་བྱེད་ཐུབ་པ་ཞིག་གནང་ན་རྒྱལ་ཁབ་༣༧་ནང་དུ་ཁ་འཐོབ་གནས་པའི་བོད་མི་ཚོའི་ཀྱང་ཐ་སྙད་གསར་པའི་དཔེ་དེབ་དེར་མཇལ་ཐུབ་ངེས་རེད།
དེ་ལྟར་མ་ཡིན་པར་དཔེ་དེབ་གཅིག་དཔར་བསྐྲུན་བྱས་ནས་རིན་གང་མཐོ་ཙམ་བྱ་ནས་ཙོང་རྩིས་ཡིན་ན་ཡག་པོ་མ་རེད། རིན་མེད་ཐོག་ཏུ་བོད་མི་རྣམས་ཀྱི་བེད་སྤྱོད་གཏོང་ཐུབ་པ་ཞིག་ངེས་པ་ཏུ་བཟོ་དགོས་ཀྱི་རེད་འདོད།
དེ་མིན་དེབ་གཟུགས་སུ་བཀོད་ནས་བཞག་པ་ཡིན་ན་འཛམ་གླིང་ཐོག་ཏུ་བོད་ཡིག་ལ་དུང་ཞེན་ཟབ་པའི་བོད་མི་རྣམས་ཀྱིས་དེབ་དེར་རག་པ་ལ་ཡང་ལོ་གཅིག་གཉིས་ཙམ་རེ་འགོག་འགྲོ་གི་རེད་སྙམ།
བཀའ་དྲིན་ཆེ་ཤེས་རིག་ལས་ཁུངས།
བཙན་བྱོལ། calculator
བོད་ནང་། culculator = རྩིས་ཆས།
བཙན་བྱོལ། computer ཀམ་པུ་ཊར།
བོད་ནང་། computer འཕྲུལ་ཆས།
བཙན་བྱོལ། cancer འབྲས་ནད།
བོད་ནང་། cancer
བཙན་བྱོལ། Academic ཤེས་ཡོན་གྱི།
བོད་ནང་། Academic
བོད་ནང་། academy གཙུག་ལག་སློབ་ཁང་།
བོད་ནང་། academy སློབ་གླིང་།
བཙན་བྱོལ། college མཐོ་རིམ་སློབ་གྲྭ
བོད་ནང་། college སློབ་གླིང་།
བཙན་བྱོལ། editorial རྩོམ་སྒྲིག་པའི་གཏམ།
བོད་ནང་། editorial ཆེད་བརྗོད།
བཙན་བྱོལ། culture རིག་གཞུང་། ལེགས་སྦྱངས།
བོད་ནང་། culture
བཙན་བྱོལ། oxygen
བོད་ནང་། oxygen འཚོ་དབུགས།
ཐ་སྙད་གསར་བཟོ་ལ་ལེགས་བསྟོད་ཡོད་ཀྱང་བོད་ཕྱི་ནང་གཉིས་ཆར་ཐ་སྙད་གཅིག་སྒྱུར་གྱི་སྒོ་ནས་གཏན་ལ་འབེབས་དགོས་པ་ལས་ཅ་དངོས་སྣེ་གཅིག་ལ་ཕྱི་ནང་གཉིས་ནས་མིང་རེ་འདོགས་ན་མ་འོངས་པ་དཀའ་ངལ་འཕྲད་པའི་ཉེ་ཁ་ཡོད།
དེ་བས་ན་བོད་ཕྱི་ནང་གཉིས་ཆར་བསམ་བློ་རྗེས་རེས་བྱས་ནས་གཏན་ལ་ཕེབས་ན་མི་ཟང་ངམ།།
ཕྱོགས་སྔ་མའི་ནམ་ལངས་སྔོན་ནས་དགག་པའི་ཉི་མ་ཤར། འདི་དེ་རིང་ངས་གསུང་རབས་ལས་མཐོང་བྱུང་། རང་རེའི་དྲ་སེར་འགས་བྱེད་སྟངས་ཀྱང་འདི་དང་འདྲ་སེ་བ་འདུག ཁ་ཤས་ཀྱིས་དཔེ་དེབ་མ་མཐོང་སྔོན་ནས་”ཤེས་རིག་ལས་ཁུངས་འདི། ཤེས་རིག་ལས་ཁུངས་འདི”ཞེས་ཤ་འཁོན་རྕད་རྩད་བྱེད་ཀྱི་འདུག
ང་ཚོས་ད་ལྟའི་ཆར་ག།ི་བྱེས་གནཉིས་ནས་ཐ་སྙད་གསར་པ་མང་པོ་ཞིག་བསྒྲིགས་དང་སྒྲིག་བཞིན་ཡོད་པ་དེར་བསྔགས་བརྗོད་ཞུ་དགོས།
ཐ་སྙད་མང་པོ་ཞིག་བཟོ་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ཐ་སྙད་མང་པོ་ཞིག་སྒྲིག་དགོས་པའི་དམིགས་ཡུལ་གང་ཡིན་ནམ། ཐ་སྙད་ཀྱི་ཕུང་པོ་མང་པོ་ཞིག་གིས་ང་ཚོར་ཕན་ཐོགས་ཅི་ཞིག་ཡོད་དམ།
འདི་དག་ནི་དྲི་རྟགས་ཤིག་ཆེན་པོ་ཞིག་རེད། ང་ཚོ་ནི་དེང་རབས་ཀྱི་ཤེས་བྱ་གསར་པའི་ཐད་ལ་ཆེས་རྗེས་ལུས་ཅན་གྱི་རྒྱལ་ཁབ་དང་མི་རིགས་གཅིག་ཡིན། དེར་བརྟེན་ང་ཚོས་གཅིག་གྱུར་གྱི་ཐ་སྙད་གསར་བཟོ་མི་བྱེད་ཀ་མེད་ལ་ཐུག་ཡོད།
ཐ་སཉད་གསར་བཟོ་ཐུབ་ན་ཚན་རིག་གི་ཤེས་ཡོན་གསར་པ་དག་དང་ཕྱི་འཛམ་གླིང་གི་ཤེས་རིག་མང་དག་ཞིག་བོད་ཀྱི་ཕ་སྐད་ནང་དུ་ཕབ་བསྒྱུར་ནང་འདྲེན་བྱེད་ཐུབ།
དེ་འདྲ་ཞིག་བྱེད་ཐུབ་ན་ད་གཟོད་བོད་རྒྱལ་ཁབ་དང་བོད་མི་རིགས་ཟེར་བ་དེ་གནའ་དེང་གི་ཤེས་རིག་གང་སར་སྣ་འཛོམས་ཅན་དང་། བོད་མི་རིགས་ཀྱི་ལེགས་སྦྱངས་གོང་འཐོར་གཏོང་ཐུབ།
དེ་ནི་ང་ཚོས་བསྒྲུབ་དགོས་པའི་བྱ་བཞག་གཅིག་ཡིན་ལ་བསྒྲུབ་ཐུབ་པའི་བྱ་བ་ཞིག་ཀྱང་ཡིན། དེར་བརྟེན་བསེ་རུས་གསུངས་པ་ལྟར་ང་ཚོས་ཐ་སྙད་གང་བཟོས་པ་དག་སྤྱི་ཚོགས་ཅན་གྱི་རང་བཞིན་དུ་བསྒྱུར་ཐུབ་པ་དགོས།
ཤེས་རིག་གི་ཐ་སྙད་གཏན་འབེབ་བྱེད་སྟངས་ལ་ངས་མཐོང་ཚུལ་ཙམ་ཞུ།ཁ་སང་ངའི་གྲོགས་པོ་ངོ་ཤེས་ཤིག་གིས་ང་ལ་ཁ་པར་ཡོང་སྟེ་བཤད་རྒྱུར།ང་ལ་ལས་ཀ་ཞིག་རག་སོང་།ཁྱོད་ཀྱི་གློག་གླད་ཅིག་གཡར་རོགས་ཟེར།ངས་ཁྱོད་ཀྱིས་ལས་ཀ་ཅི་ཞིག་རག་སོང་ཞེས་དྲིས་པར་།ཤེས་རིག་གི་གི་ཐ་སྙད་གཏན་འབེབ་ཀྱི་ལས་ཀ་རག་སོང་ཞེས་ཟེར་གྱི་འདུག་་་ངས་ཁྱོད་ལྟ་བུ་ཞིག་གིས་ཐ་སྙད་གཏན་འབེབ་ཀྱི་ལས་ཀ་ཇི་ལྟར་བྱེད་ཀྱི་ཡིན།ཁྱོད་ཀྱིས་རྨི་ལམ་རྨིས་པ་མིན་ནམ་ཞེས་དྲིས་སྐབས།དེ་ངོ་མ་ཡིན།ཐ་སྙད་ག་ཚོད་བཙལ་ན་སྒོར་མོ་དེ་ལས་མང་བ་སྤྲོད་ཀྱི་འདུག་་་ཐ་སྙད་གཅིག་ལ་སྒོར་སུམ་བཅུ་སྤྲོད་ཀྱི་འདུག་ཅེས་ཟེར།
ངའི་གྲོགས་པོ་ཁོ་ནི་འཛིན་གྲྭ་བརྒྱད་པ་ཙམ་ཀྱི་ཤེས་ཡོན་ལས་མེད་ལ།ད་སྔ་བར་ཟ་ཁང་ཡག་པོ་ཞིག་གི་ལས་ཀ་ཡང་མ་རག་པར་ལྷག་ཡོད་པ་ཞིག་ཡིན།མི་འདི་ལྟ་བུ་རེ་རེའི་ལག་ཏུ་བོད་ཀྱི་ཐ་སྙད་གསར་བཟོ་དང་གཏན་འབེབ་ཀྱི་ལས་ཀ་བཞག་པ་ནི་སུས་བལྟས་ཀྱང་ལན་པོ་ཞིག་དང་བློ་འཁེལ་བ་ཞིག་ཡིན་མི་སྲིད་མོད།ཁོས་ད་སྔ་བར་ཐ་སྙད་སུམ་བརྒྱ་ལྷག་བཙལ་ཏེ་སྤྲད་ཚར་བ་ཡིན་ཟེར་ནས་སྐྱིད་གླུ་ལེན་གྱི་འདུག་་འདི་ནི་དངོས་ཡོད་གནས་ཚུལ་ཡིན་་་་ངའི་གྲོགས་པོ་འདིའི་མིང་ལ་ཟ་ཕུག་ཟེར།མི་རློམ་ན་ཁོ་ལ་དྲིས་ཀྱང་ཆོག
ཁྱེད་རྣམས་ལ་《ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་》ཅེས་པའི་དཔེ་དེབ་དགོས་མཁོ་མཆིས་ཚེ། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པ་ནས་འཐོབ་ཀྱི་ཡོད་པ་འདྲ། དཔེ་དེབ་དེ་ཐ་སྙད་ཁྱབ་སྤེལ་ལ་དགོངས་ནས་རིན་མེད་འབུལ་གྱི་ཡོད་ངེས།
དབྱིན་དང་ཨིན་ལ་དགོངས་ཚུལ་གསུང་མཁན་མང་པོ་བྱུང་འདུག། སྤྱིར་བཏང་དབྱིན་ཞེས་པ་ཡོངས་སུ་གྲགས་པ་ཡིན་ཡང་། ཨིན་ཞེས་པ་སྟབས་བདེ་བ་དང་། སྒྲ་སྒྱུར་ཉེ་བ་བྱུང་འདུག་སྙམ།
དྲ་གྲོགས་འགའ་ཤས་བོད་གཞིས་བྱེས་གཉིས་སུ་ཐ་སྙད་མི་མཚུངས་པའི་ཐུགས་ཁྲལ་གནང་གི་ཡོད་ཀྱང་། ད་ལྟའི་ཆར་ཐ་སྙད་གཏན་འབེབས་བྱེད་བཞིན་པ་ཡིན་སྟབས་ཇི་ཙམ་གྱིས་ཐ་སྙད་མི་འདྲ་ཐོན་པ་དེ་ཙམ་གྱིས་ལེགས་བཅོས་ལ་ཐུགས་ཕན་གསོ་བ་ལས་གནོད་དེ་ཙམ་འོང་དཀའ། འོན་ཀྱང་བོད་ཕྱི་ནང་གཉིས་སུ་ཆབ་སྲིད་དཀའ་ངལ་གྱིས་ཐ་སྙད་གཏན་འབེབས་སླད་དུ་གྲོས་འོང་དཀའ་བ་དངོས་འབྲེལ་ཡིན། སོང་ཙང་ཁྱེད་རྣམས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་བོད་གཞུང་ཤེས་རིག་གིས་གཏན་ལ་ཕབ་པའི་ཐ་སྙད་དཔེ་དེབ་སོ་སོའི་ངོ་ཤེས་ཐུགས་ཁུར་ཅན་ལ་བསྐུར་ཐུབ་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་འབྱུང་ངེས་མ་ཟད། ཐུགས་ཁྲལ་ཆུང་དུ་འགྲོ་བར་ཕན་པ་སྨོས་མེད་ཡིན།
ང་ཚོའི་དཀའ་ངལ་གཙོ་བོ་དེ་མིང་ཚིག་གསར་པ་བཟོ་མི་ཤེས་པ་དེ་མ་ཡིན་པར་བཟོས་པ་དེ་གཅིག་གྱུར་གྱིས་ཁྱབ་སྤེལ་འགྲོ་མི་ཐུབ་པ་དེ་རེད། སྤྱིར་ན་གནད་དུ་ཁེལ་མིན་ལ་མ་ལྟོས་པར་མིང་ཚིག་རེ་བཟོས་ཟིན་པ་དེ་ཚོ་བསྐྱར་བཅོས་ཀྱིས་མིང་གསར་འདོགས་ཐབས་མ་བྱས་ན་ཡག་འདུག
བོད་གཞིས་བྱེས་གཉིས་ཀའི་སྐད་ཀྱི་གནས་བབ་འདི་ཨ་རི་དང་དབྱིན་ཡུལ་གཉིས་ཀྱི་དབྱིན་སྐད་ཀྱི་བར་ཐག་ལས་ཆེས་ཆེར་བརྒལ་འདུག
བོད་སྐད་གཉིས་བཤད།
གཤམ་གྱི་ཐ་སྙད་འདི་དག་ནི་བོད་ཕྱི་ནང་ནས་གཏན་འབེབས་བྱས་པའི་ཐ་སྙད་དག་རེད། ཤེས་རིག་གི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དང་། བོད་ནང་གི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་གཉིས་ཀྱི་ནང་དུ་འདུག གཤམ་གྱི་འདི་དག་ནི་དཔེ་མཚོན་ཙམ་ཡིན། ད་དུང་འགྱུར་མི་གཅིག་པ་གྲངས་ཀྱིས་མི་ལངས་པ་ཞིག་འདུག ཕལ་ཆེར། བོད་ཕྱི་ནང་གཉིས་ནས་བོད་སྐད་གཉིས་བཤད་རྒྱུ་ཡིན་པ་གཏན་འཁེལ་ལྟ་བུ་རེད། བོད་ཕྱི་ནང་གཉིས་ནས་ཐ་སྙད་གཏན་འབེབས་བྱེད་དུས་ཐ་སྙད་གཅིག་གྱུར་བེད་སྤྱོད་ཀྱི་ཕྱོགས་ལ་བསམ་བློ་བསྐྱར་ཏུ་གཏོང་དགོས་པར་འདུག
བཙན་བྱོལ། calculator རྩིས་རྒྱག་འཕྲུལ་ཆས། རྩིས་རྒྱག་མཁན།
བོད་ནང་། culculator གློག་རྩིས། རྩིས་ཆས
བཙན་བྱོལ། computer ཀམ་པུ་ཊར།
བོད་ནང་། computer རྩིས་འཕྲུལ།
བཙན་བྱོལ། cancer འབྲས་ནད། འབྲས།
བོད་ནང་། cancer ངན་སྐྲན།
བཙན་བྱོལ། Academic ཤེས་ཡོན་གྱི། གཙུག་ལག་གི
བོད་ནང་། Academic རིག་གཞུང་།
བོད་ནང་། academy གཙུག་ལག་སློབ་ཁང་།
བོད་ནང་། academy སློབ་གླིང་།
བཙན་བྱོལ། college མཐོ་རིམ་སློབ་གྲྭ
བོད་ནང་། college སློབ་གླིང་།
བཙན་བྱོལ། editorial རྩོམ་སྒྲིག་པའི་གཏམ།
བོད་ནང་། editorial ཆེད་བརྗོད།
བཙན་བྱོལ། culture རིག་གཞུང་། ལེགས་སྦྱངས།
བོད་ནང་། culture རིག་གནས།
བཙན་བྱོལ། oxygen འཚོ་རླུང་། སྲོག་འཛིན་རླུང་།
བོད་ནང་། oxygen འཚོ་དབུགས། དབྱང་དབུགས།
བོད་ཡིག་ལ་དོ་སྣང་ཡོད་མཁན་ཚོས་ལྷོད་ལྷོད་ཡིན་དུས་ཤིག་ལ་ད་ཕན་གཏན་འབེབས་བྱས་ཟིན་པ་དག་གཤིབ་བསྡུར་བྱོས་མ་གཏོགས། རྗེས་མ་བོད་ཕྱི་ནང་གཉིས་ཀྱི་བར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡོང་མི་སྲིད་པ་མ་རེད།
དྲ་གྲོགས་ཚོ། བདག་གིས་ ༼ ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད༽ ཞེས་པའི་མིང་དེ་ཐོས་མ་ཐག་ཏུ་བརྗོད་མི་བདེ་བ་དང་། མ་ཟད་འདིར་གཏན་ལ་འབབ་བྱ་དང་འབེབས་བྱེད་ཀྱི་སྒོ་ནས་བསམ་བློ་བཏང་ན། བརྡ་ཆད་ནི་གཏན་ལ་དབབ་བྱ་ཡིན་ལ། གཏན་འབེབས་བྱ་བ་ཡིན། དེས་ན་ཐ་སྙད་ནི་ཁྱད་གཞི་དང་གཏན་འབེབས་ནི་ཁྱད་ཆོས་ལྟ་བུར་ཆགས་ཡོད། ང་ཚོ་བོད་སྐད་གཞིར་བཞག་ན་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ལ་བརྗོད་པ་འདི་ཁྱབ་ཆེ། དཔེར་ན། ནམ་མཁའ་སྔོན་པོ་ཞེས་པ་ལྟ་བུ། ཁྱད་ཆོས་སྔོན་ལ་བཞག་ནང་ཁྱད་གཞི་རྗེས་ལ་ཐོན་པ་འདི་དབྱིན་སྐད་ཀྱི་འགྲོ་སྟང་ཁྱབ་ཆེ་ཤོས་ཞིག་རེད། དཔེར་ན་ “BLUE SKY” ཞེས་པ་ལྟ་བུའོ།
དེབ་འདི་ལ་ཡང་ཕ་ཡུལ་དང་བྲལ་བའི་ཤན་ཞིག་ཞུགས་ཡོད་པ་འདྲ། མ་འོངས་པར་དེབ་དེ་དངོས་སུ་ཁ་བྱེ་སྐབས་ཅི་འདྲ་ཞིག་ཡིན་ཕར་ཆེར་མཚན་དོན་གྱིས་དཔོག་ཐུབ་པ་འདྲ། ཧ་ཧ་ཧ
ཨིན་བོད་ཡིན་ནམ་དབྱིན་བོད་ཡིན། གང་ལྟར་ཡང་ཁོང་ཚོའི་ལས་གཞི་འདི་བོད་ནང་གི་གཞི་གཞུགས་མཁས་པ་ཚོས་ཐ་སྙད་གསར་བཟོའི་ལས་གཞི་མགོ་བརྩམས་གྲུབ་པའི་རྗེས་སུ་གསར་དུ་དྲན་ཡོང་བ་དང་། གསར་དུ་ལས་གཞི་འདིའི་ཆེད་འཚོགས་འདུ་བསྐོང་བ་ཞིག་རེད། མ་གཞི་ཐ་སྙད་གང་ཞིག་ལ་ཁྱད་ཆོས་འབུར་དུ་ཐོན་བ་དེ་འདྲ་ཡོད་ན་རྩེ་གྲས་ལེགས་འདེམས་བྱས་ན་འགྲིག་གི་རེད་དེ། བོད་ནང་གི་བོད་ཕྲུག་གཞོན་སྐྱེ་ཚོ་རྒྱ་མིའི་སློབ་གྲྭ་ནས་འཚར་ལོངས་བྱུང་བ་རེད། ཁོག་ཚོས་རྒྱ་ཡིག་སྒང་གི་ཐ་སྙད་ཚོར་འདི་ལ་བོད་སྐད་ཀྱི་ཐ་སྙད་གང་ཟེར་གྱི་ཡིན་སྙམ་པའི་བློ་ཞིག་འཁོར་ཡོང་གི་རེད། དེར་བརྟེན་གནད་འགག་ཆེས་ཤོས་བོད་ནང་གི་བོད་ཕྲུག་ཚོའི་དགོས་མཁོ་བསྐོང་རྒྱུ་དེ་རེད་ལ་རྒྱ་ཡིག་གི་ཐ་སྙད་བོད་བསྒྱུར་བྱེད་ཀྱི་ཤིན་ཏུ་གལ་ཆེན་དོན་ཆེན་རེད་སྙམ།
ཨིན་ཟེར་བ་འདིའང་གསར་ཚིག་བསྒྱུར་མ་ཞིག་ལ་གོ་བ་ལེན་དགོས་པ་རེད་
ཡང་ན་ཨུ་ཚུགས་ཀྱིས་བཞག་པ་རེད། གང་ལྟར་དགའ་བསུ་ཞུ་ཟེར།
གཞིས་ལུས་སྤུན་ཟླས་སྤྱི་སྐད་དུ་གཏན་འབེབས་བྱས་པའི་མིང་མཛོད་ལ་མི་བཟོད་པའི་བློས་མིང་གཉིས་པ་ཞིག་བྱས་པ་མིན་པར་ཐ་སྙད་གསར་བའི་རིགས་ཡིན་ན་སྙིང་ནས་དགའ་བསུ་ཡོད་མོད་འོན་ཀྱང་ད་དུང་གང་ཡིན་རྔོ་མི་ཐོག་གོ།
དེབ་ཕྲང་དང་པོ་དང་གཉིས་པ་གཉིས་ཀ་མངགས་ཉོ་འདོད་ན་རྒྱུད་ལམ་གང་ནས་རག་མིན་ལམ་སྟོན་ལ་སྒུག་འདུག གོང་ཚད་དང་སྦྲགས་གླ་ཚང་མ་ག་ཚོད་འགྲོ་གི་རེད་དམ།
དབྱིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་གསར་དུ་འདོན་སྤེལ་བྱས་ཡ་ལ་དགའ་མོད་ཀྱང་བོད་ནས་འགྲེམས་སྤེལ་བྱས་པའི་བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅེས་པའི་ཐ་སྙད་གསར་པ་དེ་དང་མི་མཐུན་པ་ཞིག་བྱུང་ན་བོད་སྤྱི་སྐད་ལ་གནོད་ཀྱི་ཡོད་པ་མ་ཟད་བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་བཅས་པའི་ཐ་སྙད་གསར་པའི་དཔེ་དེབ་དེ་ཉིད་བོད་ནང་ལ་དར་ཁྱབ་ཆེན་པོ་ཡིན་པར་བརྟེན། དབྱིན་བདོ་ཤན་སྦྱར་དང་བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་འཛོད་བཅས་པ་གཉིས་ཀྱིས་དངོས་པོ་གཅིག་ལ་ཐ་སྙད་གསར་པ་མི་འདྲ་བ་གཉིས་བྱུང་ནས་མིང་དེ་ཉིད་དར་ཁྱབ་བྱུང་ཡིན་ན་བོད་ཀྱི་སྐད་ཡིག་གཅིག་གྱུར་ཡུང་བ་ལ་གནོད་ཀྱི་ཡོད་པས་ངེས་པར་དུ་དེ་དང་མཐུན་པ་ཞིག་མ་བྱུང་ན་འགྲེམ་སྤེལ་མ་བྱས་ན་བཟང་། བོད་ནས་འགྲེམས་སྤེལ་བྱས་པའི་བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱན་བཀོལ་གྱི་མིང་མཛོད་དེ་ཉིད་བོད་ནང་དར་ཁྱབ་ཤུག་ཆེན་པོ་ཕྱིན་ཡོད་པ་ལ་བརྟེན་ནས་དངོས་པོ་གཅིག་ལ་མིང་མི་འདྲ་བ་གཉིས་ཡོད་མཁན་རིགས་དེབ་དེ་གཉིས་ནང་ནས་ཐ་སྙད་ལེགས་ཤོས་ཞིག་འཇོག་ནས་གཅིག་ངེས་པར་དུ་མེད་པ་བཟོ་དགོས།
དབྱིན་བོད་ཤན་སྦྱར་ཟེར་རྒྱུ་ཡིན་པ་ལ་ཨིན་བོད་ཤན་སྦྱར་ཟེར་དོན་ཅི་ཡིན་ནམ། དབྱིན་ཇི་ལ་ཨིན་ཇི་ཟེར་གྱི་ཡིན་ནམ།
ཨིན་བོད་ཤན་སྦྱར་ཞེས་པའི་དོན་ཅི་ཞིག་རེད། གལ་སྲིད་དབྱིན་བོད་ཤན་སྦྱར་ལ་ཟེར་གྱིན་སྔར་ནས་གྲགས་ཟིན་དབྱིན་བོད་མི་འབྲི་བར་ཨིན་ཞེས་འབྲི་དགོས་དོན་ཅི་ཞིག་ཡིན།
ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་འདི་རྣམས་བོད་ཆོལ་ཁ་གསུམ་གྱི་སྤྱི་སྐད་དམ་ཡིག་སྐད་ཡིན་པའི་རེ་བ་ཡོད། བརྡ་ཆད་གསར་པ་ཡིན་ཚེ། ཚིགས་དེ་དག་རྒྱུ་མཚན་ཡོད་པ་དང་། སྤུས་གཙང་བ། བརྗོད་བདེ་བ་ཞིག་ཡིན་པའི་རེ་བ་ཡོད།
དེ་མིན་ཁ་སྐད་ཕྱོགས་རེ་བ་དང་། བརྡ་ཆད་སྤུས་ཚད་མེད་པ་ཞིག་ཡིན་ན་འདི་ཡང་ཕན་པ་ལས་གནོད་པ་ཆེ་སྲིད།
ཨིན་བོད་ཟེར་དོན་ཅི་ཡིན་ནམ།
ཚིག་མཛོད་རྙིང་པ་ཚང་མའི་ནང་ན་དབྱིན་བོད་ཞེས་བྲིས་འདུག ༼དབྱིན་ཡིག་དང་དབྱིན་ཇི་ལྟ་བུ།༽
ཅིའི་ཕྱིར་ཤེས་ལས་ནས་འདི་ལྟར་བྱེད་དགོས་སམ།
འདི་འདྲ་བྱས་ན་བོད་སྐད་གཅིག་གྱུར་ལ་ཕན་གནོད་གང་ཆེ་བསམ་གཞིགས་བྱེད་དགོས།
ཁ་དུང་དེབ་ཀྱི་ཁ་བྱང་འདི་སྐྱུག་བྲོ་བ་ཞིག་མ་རེད་དམ།
༼ཨིན་༽དང་། ༼དབྱིན་༽གཉིས་ལ་ཁྱད་པར་གང་ཡོད་དམ།
ཨིན་ཡིག་དང། དབྱིན་ཡིག་ལྟ་བུ་གང་བརྗོད་པ་བདེ་བ་དང་། རྒྱུ་མཚན་མཐོང་གི་འདུག་གམ།
སྐུ་ལས་སྐྱོན་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མ་འདས།
དབྱིན་བོད་ཤན་སྦྱར་ཡིན་ན་ཡང་འདྲ། ཨིན་བོད་ཤན་སྦྱར་ཡིན་ན་ཡང་འདྲ།
གང་ལྟར་གང་གཏན་འབེབས་ཟིན་པའི་ཐ་སྙད་རྣམས་ཡོངས་ཁྱབ་ཏུ་བེད་སྤྱོད་ཡོད་པ་ཞིག་དགོས་སྟབས། ཐོག་མར་གཞཱུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། གསར་འགྱུར་བརྒྱུད་ལམ་ཁག དགོན་སྡེ་དང་སློབ་གྲྭ ཁག་གི་ནང་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་དགོས་པ་ཞིག་རེད། དེ་ནས་རིམ་པར་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུན་སྤྱོད་ཐུབ་པ་ཞིག་བྱ་དགོས་སྙམ།
དེ་ལྟར་རྒྱུན་སྤྱོད་བེད་སྤྱོད་གཏོང་མ་ཐུབ་ཚེ། ཐ་སྙད་ཀྱི་ཕུང་པོ་སྤུངས་ཏེ་ནམ་ཞིག་བརྡ་རྙིང་གི་ཚིག་མཛོད་ལྟ་བུ་ཞིག་མི་ཆགས་པའི་ངེས་པ་ཅི་ལ་ཡོད་དེ་མེད་དོ།།
ང་ལ་སེམས་ཁྲལ་གཅིག་ཡོད་པ་ནི། དུས་རབས་ཉེར་གཅིག་པའམ་ཚན་རྩལ་དུས་རབས་འདིའི་ནང་བརྡ་ཆད་དམ་ཐ་སྙད་གསར་པ་མང་པོ་ཞིག་འོང་གིན་ཡོད་སྟབས། ང་ཚོའི་མི་རབས་འདིར་ཐ་སྙད་དེ་རིགས་ངོ་འཕྲོད་པོ་ཙམ་ཡང་མ་བྱུང་བར་ཚིག་མཛོད་སོགས་ཀྱི་དཔེ་དེབ་ཁག་ནང་འཚང་ཁ་ཤིག་ཤིག་ངང་ལྷག་ཉེན་འདུག་སྙམ་པ་དེ་ཡིན།།
ཨིན་བོད་ཤན་སྦྱར་གསར་ཕེབས་ལ་ཕེབས་བསུ་ཞུ།