མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོན་པ་དང་བླ་མའི་འབྲེལ་བ་ཆོད།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

 

འབྲེལ་ཡོད་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན། ཟླ་འདིའི་ཚེས་ ༢༡ ཉིན་ཁམས་ནག་ཆུ་རྫོང་ཤག་རོང་པོ་དགོན་པའི་གྲྭ་མཁྱེན་རབ་ཐོགས་མེད་དང་། གྲྭ་ངག་དབང་ནོར་བུ་གཉིས་འཛིན་བཟུང་བྱས་འདུག་ཀྱང་ད་སྐབས་གྲྭ་ངག་དབང་ནོར་བུ་གློད་གྲོལ་བཏང་ཡོད་པ་དང། མཁྱེན་རབ་ཐོགས་མེད་གར་ཡོད་ཤེས་རྟོགས་མེད་པ་རེད།

མཁྱེན་རབ་ཐོགས་མེད་ནི་ནག་ཆུ་རྫོང་རྟར་ཆེན་ཤང་གྲོང་ཚོ་དགུ་པའི་ཕ་སྟག་ རྒྱལ་གྱི་བུ་ཡིན་པ་དང་། ད་ལོ་རང་ལོ་ ༣༥ རེད་འདུག ཁོང་འཛིན་བཟུང་བྱེད་དོན་ནི། རྒྱ་གཞུང་གི་མི་སྣས་ཤག་རོང་པོ་དགོན་པ་དང་དགོན་པ་དེའི་བླ་མ་ཟླ་བ་རིན་པོ་ཆེ་ དང་འབྲེལ་བ་བྱེད་མི་ཆོག་པ་དང་། ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་དགག་རྒྱག་གི་ཚོགས་འདུ་ཞེས་པ་ཞིག་འཚོགས་པའི་སྐབས་སུ། གྲྭ་མཁྱེན་རབ་ཐོགས་མེད་ཀྱིས་དགོན་པ་དང་བླ་མའི་དབར་འབྲེལ་བ་བྱེད་མི་ཆོག་ན་དགོན་པར་བསྡད་ཀྱང་ཅི་ཕན། དེ་ལས་ལྡེ་མིག་འདི་ཁྱོད་ཚོས་བདག་པོ་རྒྱོབ་ཅེས་དགོན་པའི་འདུ་ཁང་གི་ལྡེ་མིག་ཕྱིར་འཕང་སྟེ་ཚོགས་ནས་ལངས་ཏེ་ཕྱིན་ཡོད་འདུག དེ་རྗེས་ཁོང་འཛིན་བཟུང་བྱས་ནས་ད་དུང་གློད་གྲོལ་བྱས་མེད་པར་མ་ཟད། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མི་འདུག

གྲྭ་ངག་དབང་ནོར་བུ་འཛིན་བཟུང་བྱེད་དོན་ནི། ངོ་རྒོལ་དགག་རྒྱག་གི་ཚོགས་འདུའི་སྐབས་སུ་ཁོང་གི་ཚ་བོ་གྲྭ་བྱམས་པ་ཟེར་བ་སེམས་མ་བདེ་བ་བྱུང་བའི་རྐྱེན་གྱིས་ས་ཐོག་ཏུ་འགྱེལ་བའི་སྐབས། གྲྭ་ངག་དབང་ནོར་བུས་རྒྱ་གཞུང་གི་མི་སྣ་ཞིག་ལ་འབུད་རྒྱག་ཏོག་ཙམ་བཏང་སོང་ཟེར་ནས་འཛིན་བཟུང་བྱས་པ་རེད་འདུག ད་ལྟའི་ཆར་གྲྭ་ངག་དབང་ནོར་བུ་གློད་གྲོལ་བཏང་ཚར་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ། ངག་དབང་ཐར་པ། གསར་འགྱུར་སྤེལ་མཁན། ལུང་རིགས་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 5

  1. སེང་ཆུང་། says:
    ལོ་ 16 སྔོན།

    གསོལ་བ་ཐོབས།

    Reply
  2. སེང་ཆུང་། says:
    ལོ་ 16 སྔོན།

    མི་ཆུང་ལཊ་ཀྱི་གསུངས་པ་དེ་བདེན་དོན་ཆེའང་། ད་སྐབས་ཀྱི་གནས་ཚུལ་འདི་འདྲ་ཞིག་ལའང་ཇ་ལན་ཆུ་འཇལ་གྱིས། རིཊ་འགས་ང་ཚོའི་བོད་མི་ཟེར་བའི་ཚབ་ཏུ་༼ ཀ་ཅ ༽ དང་ཡང་བོད་མི་ཁ་ཤས་ཀྱིས་བོད་མི་ནང་ཚགས་ལ་ཁྱོད་འབྲོག་པ་ཁོ་ཨ་ཕོ་ཧོར་སོཊ་ཀྱིས་འཕྱ་རྨོད་བྱེད་པ་དེ་དག་གི་ཉེར་ལེན་གྱིས། མི་ཁ་ཤས་ཀྱིས་བོད་པ་ཡིན་མོད། བོད་མི་མིན་ཚུལ་སོཊ་རང་གི་ཕ་ཡུལ་དང་རང་གི་སྐྱེ་ཡུལ་སོཊ་སྦ་གསང་གི་ལས་ལ་བརྩོན་ཞིང་། ལ་ལ་ནི་དེ་དག་གིས་རྐྱེན་པས་བོད་སྤྱི་པའི་ལས་དོན་ལ་ལྷོད་གཡེང་ཤོར་བ་སོགས་ཀྱི་བྱ་བཞག་ནི་ཡར་ངོའི་ཟླ་དང་མཚུངས་པར་ཐུཊ་བཞེད་གནང་གལ་མཐོངས།
    ཁ་དྲོ།

    Reply
  3. མི་ཆུང་། says:
    ལོ་ 16 སྔོན།

    རྩོམ་སྒྶིག་པ་ལགས་གསར་འགྱུར་ཚང་མ་དུས་ཐོག་གི་ཆར་པ་ངོ་མ་རེད། དགའ་འོས་པར་མི་འགྱུར་བ་ཅི་ལ་སྲིད། ང་ཚོ་མི་རབས་གསར་པ་ཚོར་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དབར་འཐེན་ཁྱེར་དང་དེའི་དྲི་མ་ཡང་མི་གོས་པར་བྱེད་རྒྱུ་དེ་གལ་འགངས་ཧ་ཅང་ཆེ་ཡང་།

    འོན་ཀྱང་མཚམས་ལ་ལར། ང་ཚོས་ལྷོད་ཡངས་དང་ཡང་ན་ལྟ་བ་འཁྲིགས་འཛིན་ཅན་ལ་ལའི་ཁ་དབང་དུ་ཤོར་ནས། བརྗོད་ཚིག་གསར་པ་གསར་པ་དེ་འདྲ་འབྱུང་གིན་འདུག དེའི་རིགས་ཀྱིས་གསར་སྐྱེས་གཞོན་ནུ་ཚོར་གོ་ལྟ་ལོག་པ་ཞིག་སྤྲོད་སྲིད་ན། གཟབ་པར་མཛོད་ཅིག་ཅེས་འབོད་སྐུལ་ཡིན།

    དཔེར་ན། སྐབས་ཐོག་གི་གསར་འགྱུར་ཚན་པ་འདིའི་འགོ་ཐོད་དུ། ཁམས་ནག་ཆུ། ཞེས་པའི་བརྗོད་ཚིག་གསར་པ་གསར་རྐྱང་ཞིག་བེད་སྤྱོད་གནང་འདུག འདི་བཞིན་ཨེ་ཤ་ཡའི་ཁམས་སྐད་ཀྱི་སྡེ་ཚན་ནས་ཀྱང་། དེ་ལྟར་བེད་སྤྱོད་ཀྱིན་འདུག་ན། རེ་ཞིག་བརྗོད་ཚིག་གསར་པ་དེ་ཚོ་མཉམ་པར་འཇོག་གནང་ན་ལེགས།

    ཀྲུང་གོའི་བོད། ཀྲུའི་མཚོ་སྔོན། ཀྲུའི་གོའི་བོད་དམག་སོགས་ཀྱི་ཚིག་དེ་ཚོར་ང་ཚོས་རྒྱ་མིར་བཤེ་གིན་ཡོད། དེ་བཞིན་ང་ཚོས་ཀྱང་རང་ཉིད་ལ་བདག་གིར་དབང་ཐུབ་པའི་ས་ཆ་ཏིལ་འབྲུ་ཙམ་མེད་ཀྱང་། ད་དུང་སྐབས་འཚོལ་བ་ལ་ལས། ཁམས་ནག་ཆུ་དང་ཁམས་ཀོང་པོ་ཟེར་བ་སོགས། འདི་ཚོ་ང་ཚོའི་དུས་རབས་དང་ང་ཚོའི་མི་རབས་འདི་ཚོར་ཡེ་ནས་མི་དགོས།

    Reply
  4. དྲང་སྲོང་། says:
    ལོ་ 16 སྔོན།

    ཨོ་ ཡང་རྒྱ་སྐྱག་ཚང་གི་ཁ་ལ་ཁྲོ་ཆུ་ཁོལ་མ་རྒྱོབ། ད་ནི་དངོས་གནས་དྲངས་གནས་བོད་ནང་གི་བོད་མི་ལྷག་བསམ་ཅན་ཐམས་ཅད་རྩ་རྫོགས་བྱེད་ངེས་རེད།

    Reply
  5. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།། གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི།། དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེའི་ཐུགས་རྗེས་སྐྱོང་བར་མཛོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese