མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ངས་འདི་ནས་སྐད་ཆ་ཁ་ཤས་ཤིག་འདིི་ལྟར་ཞུ་འདོད་ཀྱིས་ཁ་སེམས་མེད་པར་ཞུ་རྒྱུའི་བློ་ཐག་བཅད་པ་ཡིན། དེ་ཡིན་དུས་ངས་སྐད་ཆ་དེ་བཤད་རྗེས་སུ་མི་མི་ཉུང་བ་རེ་ཡིས་ང་ལ་ཁ་བརྡང་བྱེད་སྲིད་ལ། བྱེད་འོས་པའིི་གནས་ལུགས་རེ་ཟུང་ཡོད་ངེས་ཡིན་ལ། བྱེད་མི་འོས་པའི་རྒྱུ་མཚན་ཡང་རེ་ཟུང་ཞིག་ཡོད་སྲིད་པ་ཡིན།

དེ་དག་ཡོད་ཚད་ཀློག་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་བསམ་བློ་སྔོན་བཏང་གི་སྒོ་ནས་ཞིབ་དུ་ཀློག་རོགས་ཞུ། དེང་སང་བོད་བཙན་བྱོལ་གཞུང་ཟེར་ནས་ལོ་ངོ་ལྔ་བཅུ་སོང་བའི་དེ་རིང་གི་ཉིན་མོ་འདི་ལ་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིགས་ཤིག་མི་འདོད་ཀྱང་བཙན་གྱིས་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་བཀའ་བློན་ཁྲི་བ་ནས་གསུངས་དེ་སླེབས་འོང་དུས། མངའ་འོག་སྐྱེ་འབུངས་མི་སེར་ཆེས་མི་ཉུང་བ་ཞིག་སེམས་ཁོང་དུ་དྲི་བ་ཞིག་རང་བཞིན་གྱིས་སླེབས་ཀྱི་ཡོད།

ང་ཚོ་བཙན་བྱོལ་ནས་བོད་གཞིས་བྱེས་མི་མང་གི་ཚབ་མཚོན་ལྡན་པའི་གཞུང་ཞིག་བཙུགས་པའི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་སྙིང་སྟོབས་དེ་ནི། ཉིན་མ་དེ་རིང་གི་བར་དུ་གནས་ཡོད་ལ། དེ་རིང་བར་དུ་བྱེས་པ་ཚོ་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་མགྲིན་ཚབ་པ་དང་བདེ་སྡུག་གི་རེ་འདོད་སྒྲོག་མཁན་གྱི་ཚབ་མཚོན་ཆེས་ཡག་ཤོས་ཤིག་ཆགས་ཡོད་པར་ས་བསྒྲགས་གནམ་བསྒྲགས་བྱས་སྟབས། ཉིན་མ་དེ་རིང་བར་དུ་ཁ་གྲགས་མི་ཤེས་པའི་ས་གནམ་གཉིས་ཀྱིས་ཀྱང་བཙན་བྱོལ་བོད་གཞུང་གཞིས་ལུས་མི་མང་གི་མགྲིན་ཚབ་པ་དང་བོད་མི་ས་ཡ་དྲུག་གི་བདེ་སྡུག་མཚོན་བྱེད་ཀྱི་བཙན་བྱོལ་གཞུང་དུ་ངེས་འཛིན་བྱས་པ་རེད།

བསམ་མི་འཕོད་པའི་གནད་འགག་གི་སྐད་ཆ་ཞིག་གློ་བུར་དུ་བཙན་བྱོལ་སྤྱི་ཚོགས་བརྒྱུད་དེ་རྒྱལ་སྤྱིའི་གདེང་ཆའི་སྒང་དུ་སླེབས་དེ་འོང་དུས། བོད་བཙན་བྱོལ་གཞུང་དེ་ནི་སྒྲིག་འཛུགས་ཤིག་གི་ངོ་བོར་གྱུར་བ་རེད། དེ་འདྲ་ཞིག་ཡིན་ན། སྒྲིག་འཛུགས་ཤིག་ལ་མཚོན་ན་ཚོགས་པ་ཞིག་གི་ལས་རྟགས་ལས་གཞན་གང་ཡང་མི་དགོས་པ་ཡིན་དུས། ད་ནི་བོད་མིའི་རང་དབང་ལག་དེབ་བམ། རང་བཙན་ལག་དེབ་མེ་བསྲེག་བཏང་ན་འོས་ཤིང་འཚམ་ལ། ཉིན་མ་དེ་རིང་ནས་གཞུང་གི་གླེང་ཕྱོགས་ཟེར་ནས་བརྗོད་མཚམས་བཞག་ནས་སྒྲིག་འཛུགས་ཤིག་གི་དགོས་འཁོ་ཟེར་ནས་གླེང་འོས་པ་དང་། སྒྲིག་འཛུགས་དེ་ཡི་དམིགས་ཡུལ་ཡང་སྒྲིག་འཛུགས་རང་བཞིན་ལས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པ་ཞིག་བྱེད་ཐུབ་མེད་པ་དེར་ཁས་ལེན་བྱེད་དགོས་པའི་དུས་སུ་སླེབས་པ་ཡིན།

དྲང་མོ་བཤད་ན། བཙན་བྱོལ་བ་གཅིག་བུ་ལ་སྒྲིག་འཛུགས་ཤིག་དགོས་དོན་མི་འདུག་ལ། རང་བཙན་ལག་དེབ་དེ་བས་ཀྱང་དགོས་དོན་མི་འདུག ང་ཚོ་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཀྱང་དེ་རིང་ནས་མ་ཉན་པ་དེ་ཡང་ཁས་ལེན་བྱེད་རན་ལ་ཐུག་པ་རེད། ཁ་སང་གི་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིག་དེ་མ་སླེབས་བར་དུ་གཞུང་སྒེར་མི་ཉུང་བ་ཞིག་གིས་ཀྱང་། རང་བཙན་ལག་དེབ་བེད་སྤྱོད་བཏང་བ་དེར་དགོས་པ་ཡོད་ཟེར་ན་འགྲིག་མོད། སྐད་ཆ་དེ་སླེབས་ཉིན་ནས་བཟུང་དེ། རང་བཙན་ལག་དེབ་མེ་བསྲེག་བཏང་ནས་སྒྲིག་འཛུགས་ཤིག་གི་ལས་རྟགས་གསར་བཟོ་བྱོས་ན་འཚམ་པོ་ཡིན།

ལྷག་པར་དུ་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་གྱི་ཚོགས་པ་སྐྱིད་སྡུག་ཁག་གིས་ཀྱང་ང་ཚོ་བོད་མི་གཞིས་ལུས་ཡོངས་ཀྱི་ཚབ་མཚོན་བྱེད་ཐུབ་དགོས་ཀྱི་ཡོད་ཟེར་བའི་སྐད་ཆ་དེ་ཡང་སྐྱག་རྫུན་དང་གཡོ་སྒྱུ་ཞིག་ལས་འགན་ལེན་ཡོད་པའི་སྐད་ཆ་དང་། གཞིས་ལུས་མི་མང་གི་སེམས་པ་དྲོད་ལ་སྒྱུར་བའི་སྐད་ཆ་ཞིག་མིན་པ་དེར་ཁས་ལེན་བྱེད་ཞོར་དུ་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. lobsangg says:
    ལོ་ 16 སྔོན།

    ཨ་ཁུ་ཤ་ཁརག་རུས་གསུམ་འཇལ་བ་དགའ་པོ་བྱུང

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ་ལགས། རང་ཉིད་བྱེས་པ་ཞིག་གི་སྐྱིད་སྡུག་འོག་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་དུ་བསྡད་པའི་ན་ཟུག་གྱི་བསླེངས་པའི་སྐད་ཆ་འདི་དག་ཞུས་པ་མ་གཏོགས། བྱེས་སུ་དམིགས་བསལ་གྱིས་གླེང་ཕྱོགས་བཟོ་འདོད་དེ་འདྲ་རྩ་ནས་མ་ཡིན། ཚང་མས་ཐུགས་སེམས་ནན་པོ་ཞིག་བཞེས་རན་རེད་འདུག

    Reply
  3. khado says:
    ལོ་ 16 སྔོན།

    དེབ་མེ་ལ་མ་བསྲེག་དང་ཟམ་གདོང་ལུག་མགོ་རི་ནས་ཕབས་ཚར་ན་ཏོག་ཙམ་འགྲིག་ཡོང་ཐག་ཆོད་ཡིན། གཙོ་བོ་ཟམ་གདོང་གདོན་རྒན་དེ་རེད།

    Reply
  4. jamyang says:
    ལོ་ 16 སྔོན།

    ངོ་མ་བཤད་ན་ཁྱོད་ཀྱིས་བཤད་པ་དེའང་བདེན་བདེན་འདྲ་ཞིག་སྣང་། འོན་གྱང་ང་ཚོས་ཅི་བཤད་ཀྱང་རྒྱ་གར་གཞུང་དང་འཛམ་གླིང་རྒྱལ་སྤྱིའི་སྒང་ན་ང་ཚོ་ཅི་ཞིག་ལ་བརྩི་བཞིན་ཡོད་པའང་སྔར་ནས་གསལ་བོ་རེད། དེས་ན་ང་ཚོས་མིང་ཅི་ཞིག་བཏགས་ཀྱང་གཙོ་བོ་བོད་གཞིས་བྱེས་གཉིས་ཀྱི་སྙིང་སྟོབས་དང་ཕན་ཚུན་གྱི་ཡིད་ཆེས་ལ་བརྟེན་ཡོད། འདི ་ནི་ང་ཚོའི་ཡིད་བཞིན་གྱི་ནོར་བུ་ངོ་མ་དེ་ཡིན་ནོ། ། གཞན་རང་བཙན་ལག་དེབ་ཡིན་ན་དཔྱད་ཁྲལ་ལག་དེབ་ཡིན་ནམ་གང་ལྟར་འདི་འང་ང་ཚོའི་གཞུང་ཞིག་ཡིན་ན་འདྲ་བསྒྲིགས་འཛུགས་ཤིག་ཡིན་ན་འདྲ་ཕན་ཚུན་རྟེན་བརྟེན་པ་ཡིན་དུས་ངེས་པར་དགོས་ངེས་ཤིག་ལས་དེ་མེར་བསྲེག་གཏོང་དགོས་དོན་ངས་བལྟས་ན་མེད་སྙམ།

    Reply
  5. phuntsok says:
    ལོ་ 16 སྔོན།

    རེད་རེད་།ཁྱོད་རང་གིས་གླེང་ཕྱོགས་ཤིག་བཟོ་འདོད་གྱིས་བྲིས་པ་ཡིན་རྒྱུ་རེད།དེ་མ་གཏོགས་གནས་ལུགས་གསལ་བོ་ཞིག་ནི་ཅང་མི་འདུག་་ངོ་མ་ཡིན།ཐོག་མའི་རང་བཙན་ལག་དེབ་དེ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དུ་བསྒྱུར་དགོས་པའང་བཙན་བྱོལ་བོད་གཞུང་གིས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་གྱི་ཡོད་མེད་ཀྱི་སྐད་ཆའི་ཐོག་ནས་ཡོང་བ་མ་རེད།འདི་ནི་ཁྱོད་ཀྱི་ཤེས་དགོས་པ་གཅིག་རེད་ལ་ཕལ་ཆེར་ཤེས་ཀྱང་ཡོད་རྒྱུ་རེད།

    སྤྱིར་བཙན་བྱོལ་གཞུང་འདི་བཞིན་ཚོགས་པ་ཞིག་དང་སྒྲིག་འཛུགས་ཙམ་གྱི་ངོ་ཚབ་ལས་མཚོན་གྱི་མེད་ཀྱང་།ལག་དེབ་ལྗང་ཁུ་ནི་ཚོགས་པ་ཞིག་གི་ཚོགས་མིའི་ལག་དེབ་ཙམ་གྱི་འདུ་ཤེས་བཟུང་བས་ཆོག་ཅིང་།འདི་ལ་ཚོགས་པ་ཞིག་གི་ལས་རྟགས་ཟེར་ནས་གཞན་དམག་ཐོབ་བཟོ་བཟོ་བྱེད་སྟངས་ཞིག་ད་སྔ་མཐོང་རྒྱུ་མེད།ཚོགས་མིའི་ལག་དེབ་ལ་རྣམ་པ་དང་བཟོ་བཀོད་ཅི་ཡིན་ལ་ཁྱད་པར་ཅི་ཡང་མེད།

    Reply
  6. michung says:
    ལོ་ 16 སྔོན།

    ངའི་གྲོགས་མཆོག ཁྱེད་དེ་རིང་གཞི་ནས་གཉིད་སད་ཡོད་ཚོད་འདུག བཙན་བྱོལ་བོད་གཞུང་ངམ། ཡུལ་གྱར་སྒྶིག་འཛུགས་བ་ཚོ་འདི་ལྟར་སྡོད་པ་དེ་ཡང་། འཚོ་བ་སྐྱེལ་སྟངས་ཤིག་ལས། འབྱུང་འགྱུར་བོད་དང་ལྷག་དོན་ད་ལྟའི་བོད་ནང་གི་གནས་སྟངས་དང་། དཀའ་སྡུུག་གིས་མནར་བའི་གཞི་ལུས་མི་དམངས་ཀྱི་ཆེད་དུ་མ་ཡིན་པ་སྔོན་ཚུད་ནས་ཤེས་དགོས་ངེས་རེད།

    མཐོམས་སིག་སིག་གི་གཞི་ལུས་མི་དམངས་ཚོས་ཡུལ་གྱུར་བ་འདི་ཚོར་རེ་བ་བྱས་པ་དེ་རང་འཕྱུགས་སོང་བ་རེད། རེ་བ་མེད་བཞིན་དུ་ཡོད་མདོག་མདོག་གི་རྣམ་པ་ཞིག་སྟོན་གྱི་ཡོད། དེ་ཡང་འཚོ་སྟངས་ཤིག་ལས་ཅི་ཡང་མ་ཡིན། གང་ལྟར་ཡོད་ཚད་སྟོང་པ་རང་རེད།

    Reply
  7. dongbu says:
    ལོ་ 16 སྔོན།

    སྒྲིག་འཛུགས་ཤིག་གི་ངོ་བོའི་ཐོག་ནས་བལྟས་ན། ཁྱེད་ཀྱི་བསམ་ཚུལ་བདེན་པ་རེད་འདུག གང་ལྟར་འདི་འདྲ་ཞིག་རེད། ཆབ་སྲིད་ཀྱིས་ཕོངས་བ་རང་རེད།
    ད་ལྟ་གང་དུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese