མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེར་རྐྱང་གིས་སྐྱོད་སྟངས་ཤིག རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༩༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ང་ཚོའི་དམངས་གཙོ་འདི་ལ་སྲིད་དོན་ཚོགས་པ་མེད་པའི་དཀའ་ངལ་གཅིག་ནི་ད་ལོར་ཡང་གསལ་གསལ་ཐིང་ཐིང་རེད།

ཉེ་སྔོན་སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་མེག་རྒན་ནས་ཐུག་བྱུང་། ཁོང་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་དང་། རྒྱ་གར་གྱི་གྲོང་ཁྱེར་ཁག་ནང་ཡོད་པའི་བོད་རིགས་མཐོ་སློབ་པ་རྣམས། བཙན་བྱོལ་བོད་མིའི་མཐོ་སློབ་ཁག་ཅིག་བརྒྱུད་དེ་ངྷ་སར་འབྱོར་འདུག མདོ་དོན་ཁོང་གིས་ས་གནས་དང་སྡེ་ཚན་དེ་དག་ཏུ་བཀའ་ཁྲིའི་འོས་འགྲན་གྱི་ལས་འགུལ་དག་སྤེལ་ནས་ཡོང་བ་རེད།

སྐབས་དེར་ཁོང་ཁེར་རྐྱང་རེད། ངེད་གཉིས་ཀྱིས་འཚིག་ཇ་རེ་བཏུང་བ་ཡིན།

ཉིན་དེར་ངས་ཁོང་གི་སྟེང་ནས་ང་ཚོའི་དམངས་གཙོའི་ཁྱད་ཆོས་དེ་མཐོང་། བཀའ་ཁྲི་ལ་ལངས་འདོད་ཡོད་ན་སོ་སོ་ཁེར་རྐྱང་དུ་ལོངས། འགྲོ་སོང་ཡོད་ན་རང་གི་གློ་ཁུག་ནང་གི་སྒོར་རྡོག་དེ་ཚོ་ཐོངས། ང་ཚོའི་སྒོ་རའི་ནང་བསླེབ་ན་དེ་དུས་ཁྱོད་ལ་ག་རེ་བཤད་རྒྱུ་ཡོད་མེད་ཉན་ཆོག བོད་མི་རིགས་ཀྱི་ཆག་འཇིག་གཉན་འཕྲང་གི་སྐབས་འདིར་ཁྱོད་ལ་འཆར་སྣང་ག་རེ་ཡོད། ཁྱོད་ཀྱི་ལྷག་བསམ་སྟོན་དང་། ཁྱོད་ཀྱི་ཤེས་འཇོན་ཤོད་དང་། བོད་ཀྱི་གནད་དོན་ཇི་ལྟར་སེལ་ག  ཨ། ཤོད་དང་། ཤོད་དང་།

ང་ཚོ་ནི་ཇི་འདྲའི་བྱབ་ཆུང་ཞིག་རེད་ཨང་། ད་དུང་ཨ་རིའི་ཨོ་བྷ་མ་ནང་བཞིན་ཞིག་དགོས་པའི་ཧམ་པ་འདི་འདྲ་བཤད་ཐུབ་པའང་བློ་ཁོག་རེད། ལོ་ན་གཞོན་པ། ཤེས་ཡོན་ཡོད་པ། འཇོན་ཐང་ཆེ་བ་ཞིག་བདམ་གི་ཡིན་ཟེར།

ད་སྐབས་དཀའ་ངལ་ངོ་མ་ནི་འོས་འཕེན་མཁན་དག་ལ་འཕྲད་གི་མི་འདུག ལོ་དང་ཟླ་བར་མཐུད་ཅིང་། ཁྲག་དང་སྣག་གིས་རང་གི་མི་ཚེ་ཞིག་ཡར་སྐྱོར་ནས་ལངས་མཁན་གྱི་འོས་མི་ཁོ་རང་ཚོར་འཕྲད་གིན་འདུག ཁོང་ཚོ་ནི་རང་རང་གི་ལག་པ་ལ་ཁེན་ནས་ལངས་དགོས་པ་རེད། རང་རང་གི་རྣམ་དཔྱོད་ལ་བརྟེན་ནས་ཁ་ཚ་བོ་དང་གཏིང་ནག་པོ་ཡོད་པའི་དྲི་བ་མཐའ་དག་གི་ལན་ཐོབ་དགོས་པ་རེད། དྲི་བ་དེ་དག་ནི་སྤྱི་ཚོགས་ཧྲིལ་བོ་འདིའི་གཏིང་དུ་ཡོད། དམངས་གཙོ་ཡིན་ཡང་། ཁེར་རྐྱང་དུ་ལངས་སྟངས་འདི་ནི་ཧ་ལས་པའི་ངམ་གནག་རེད།

རྒྱབ་སྐྱོར་ཡོད་ཟེར་མཁན་དག་གིས་ཀྱང་ཁ་གཡང་རེ་དང་འོས་ཤོག་རྐང་གཅིག་པོ་དེའི་ཕན་ནས་རྒྱབ་སྐྱོར་གྱི་མཛུབ་མོ་རྐང་གཅིག་ཡར་འགྱོག་གི་མ་རེད།

གལ་སྲིད་རྗེས་མ་ནས་བཀའ་ཁྲི་ལ་ངེས་པར་དུ་ལངས་དགོས་ན། ང་ཚོར་སྲིད་དོན་གྱི་ཚོགས་པ་དགོས་ཀྱི་འདུག དེ་མིན་བོད་མི་རིགས་ཀྱི་སྲིད་སྟེགས་མཐོ་ཤོས་དེར་ཁེར་རྒྱུག་དང་ཁེར་འདེད་བྱེད་པའི་རྣམ་པ་འདི་ནི་ཡིད་ཧ་ཅང་སྐྱོ་བ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༡ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢
Mobile App

གཏམ་གླེང་དམར་རྗེན་མ།

༢༠༢༥/༠༥/༢༢
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

༢༠༢༥/༠༥/༢༡
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

༢༠༢༥/༠༥/༢༡

མཆན། 23

  1. སྐར་མདའ། says:
    ལོ་ 15 སྔོན།

    བསམ་ཚུལ་འདྲ་མིན་ཤོད་དགོས་ནི་སྦྱོང་ཅན་གྱི་དམིགས་བྱ་རྡོག་གཅིག་བུ་དེ་ཡིན་མོད། འོན་ཀྱང་། དོན་མེད་རྙོག་གཏམ་གྱིས་ཁ་བརྡར་ནས་འདུག་པ་ལས་དོན་བཟང་ཞིག་སྒྲུབ་པའི་ཆེད་དུ་བསམ་བློ་རེ་གཏོང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
    བསམ་ ཚུལ་གསར་བ་རེ་ཡོད་ན་ སྐར་མདའ་ལ་ཤོད་ཆོག
    དགའ་བསུ་ཡོད།

    Reply
  2. ས྄ྐར་མདའ says:
    ལོ་ 15 སྔོན།

    ཨ་འཇམ་དབྱངས་ཚུལ་ཁྲིམས།
    ཕུལ་བྱུང་རྩོམ་རྩལ་རིག་པའི་མངའ་ཐང་དེ༎
    གངས་ཅན་ཡུལ་ནས་དར་འགོ་བཙུགས་པ་རེད༎
    འཇོག་མེད་རྡ་སའི་སྐུ་ངོ་ཁ་བདེ་ཚོའི༎
    ལག་གཡོག་རྒྱུགས་པའི་དགོས་པ་ཅང་མ་མཐོང་༎
    དེ་བས་རང་ནུས་གསེར་གྱི་གཟི་འོད་ལ༎
    གཅེས་སྤྲས་བྱེད་ཕྱིར་གནམ་འཕང་གཅོད་ན་དགའ༎
    མི་ཁ་མདའ་ལས་རྣོ་པའི་ནོར་གླིང་ནས༎
    བརྙས་བཅོས་ཟ་བའི་ཨ་ཕོ་ཁྱེད་མིན་པ༎
    ང་ཡི་སེམས་ན་ཧ་ཅང་གསལ་བོ་ཡིན༎

    Reply
  3. ས྄ྐར་མདའ says:
    ལོ་ 15 སྔོན།

    བདེན་པ་ཡོད་ན་རྫུན་གཏམ་ཤོད་དགོས་དོན་མེད།
    དེང་སང་བལ་ཡུལ་ན་བཀའ་བློན་ཁྲི་བའི་འོས་བསྡུའི་འཐད་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོང་གི་ཡོད། ཕྱོགས་གཅིག་ནས་བལྟས་ན་བསམ་བློའི་བློ་སྒོ་འབྱེད་པའི་རྟགས་མཚན་ཞིག་ཀྱང་རེད་སྙམ། འོན་ཀྱང་ཞིབ་ཚགས་ཀྱིས་བལྟས་ཡོང་དུས་དེའི་ཧྲག་ནས་ཆུ་དྭངས་མ་གཅིག་བུ་བཞུར་གྱིན་མེད་པར་ཆུ་རྙོགས་ཀྱང་འདྲེས་འོངས། འདི་ནི་གཟབ་གཟབ་མ་བྱས་པ་ཡིན་ན་ཁྲིམས་མཐུན་གྱི་འོས་བསྡུ་ཞིག་གི་ལམ་ལ་མི་འགྲོ་བར་ཁྲིམས་འགལ་གྱི་ལམ་ལ་འགྲོ་པའི་གཉེན་ཧ་ཅང་ཆེན་པོ་འདུག་སྙམ།
    གང་ཡིན་ཟེར་ན་གོ་མྱོང་ཐོས་མྱོང་མེད་པའི་མིང་ཐོ་རེ་ཟུང་མང་ཚོགས་ལ་བཀྲམས་ཅི་ཐུབ་བྱེད་རྒྱུ་ཡོད་པ་དེ་རེད། ངས་བལྟས་ན་བཀའ་ཁྲི་ཟེར་བ་དེ་ནི་རིག་གནས་མེད་པའི་རྒྱགས་པ་ཞིག་མིན་ལ།
    ཁང་པ་བསླངས་པའི་ཚོང་དཔོན་ཁེངས་དྲག་ཅན་ཞིག་དེ་བས་མིན།
    ང་ཚོ་ལ་དགོས་པ་ནི་གྲུབ་འབྲས་གཡུར་དུ་ཟ་བ་མངོན་གྱུར་བྱེད་ཐུབ་པའི་འཇོན་ཐང་ཅན་ཞིག་དགོས། དེ་ནི་བོད་ཡོད་དོ་ཅོག་གི་བསམ་ཚུལ་ཡང་ཡིན་ངེས།

    Reply
  4. ས྄ྐར་མདའ says:
    ལོ་ 15 སྔོན།

    ཚེ་སྲོག་གི་ཉེན་ཁ།
    ཕ་སྤྲེའུ་བྱང་ཆུབ་སེམས་པའི་རྒྱུད་པ་ཞིག་ཡིན་ཕྱིན།ཕན་སེམས་ཀྱི་བསམ་བ་རྒྱ་ཆེན་པོ་ཞིག་ཡོད་པ་གསལ་བོ་རེད། དེའི་ནང་ནས་ཀྱང་ལྟ་བ་དཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་ཅིག་ཡིན་ན་རང་ལས་གཞན་གཅེས་ཀྱི་བསམ་བློའི་མིང་གཞི་བརྟན་པོར་ཡོད་པ་དེ་ལ།
    ཐམས་ཅད་ཡིད་ཆེས་ཀྱིས་ཁེངས་པ་སྨོས་ཅི་དགོས།
    དེ་ཡིན་ན་ངས་བཤད་བྱ་གཙོ་བོ་དེ་ནི།བལ་ཡུལ་གྱི་སྤོག་རའི་བཀྲིས་འཕེལ་རྒྱས་གླིང་གི་གཞི་ཆགས་ཀྱི་བོད་རིགས་ལོ་གཞོན་བུ་མེད་<སྲི་ཆོས་སྒྲོལ་མ>་ལ་ལོ་ན་བརྒྱད་ལ་
    སོན་པའི་བུ་མོ་<ཉི་མ་དབང་མོ>་ཟེར་བ་ཞིག་ཡོད་པས་དེ་ལ་ཆེས་ཉེན་ཁ་ཅན་གྱི་
    ཁྲག་གི་ནད་ཚ་Bloodcancerཕོགས་ཡོད་སྟབས་བལ་ཡུལ་སྨན་ཁང་གི་བརྟག་དཔྱད་ཀྱི་གྲུབ་འབྲས་ལ་གཞིགས་ན་ལོ་གཉིས་ཀྱི་རིང་ལ་སྨན་ཁང་ནས་སྨན་བཅོས་བྱས་ཏེ་
    འདུག་དགོས་པའི་གྲུབ་འབྲས་འཐོན་འདུག་པས།ལོ་གཉིས་ཀྱི་རིང་ལ་འགྲོ་སོང་བལ་སྒོར་འབུམ་ལྔ་ཙམ་གྱི་འགྲོ་གྲོན་དགོས་ཀྱི་ཡོད་པ་ཡིན་དུས།མོའི་མི་ཚང་གི་ཆ་རྐྱེན་ནི་ཧ་ཅང་གི་སྐྱོ་པོ་ཡིན་པས་འབུམ་ལྔ་མ་དགོས་ཁྲི་གཅིག་ཀྱང་འགྲོ་སོང་གཏོང་རྒྱུ་མེད་ཙང་ད་སྐབས་ཧ་ལས་པའི་དཀའ་ངལ་གྱི་གནས་སུ་འཁྱར་ཡོད།ད་ལྟ་མོའི་བུ་མོའི་སྲོག་གི་ཉེན་ཁ་ལ་ཐུག་ཡོད་པ་ཡིན་དུས།གློ་བུར་དུ་འགྲོ་སོང་ཕོན་ཆེན་པོ་དེ་འདྲ་ཞིག་
    གཏོང་ཐུབ་ཀྱི་མེད་ནའང་ལོ་ན་ཕྲ་པའི་བུ་མོ་དེའི་ཚེ་སྲོག་རྟ་རྔ་འདྲ་བོ་དེ་སྐྱོབ་ཕྱིར་
    བལ་ཡུལ་གྲོགས་པོ་ཚོགས་པའི་ཚོགས་གཙོ་དེ་་་་བཀྲིས་ཚེརིང་་་་གིས་གནས་སྐབས་ཀྱི་འགྲོ་སོང་ཐད་ལ་ཐུགས་འཁུར་རྒྱ་ཆེན་བཞེས་ཏེ་ཚོགས་པ་དང་སྒེར་སོགས་སུ་ཞལ་འདེབས་སློང་བར་ཕྱིན་ནའང་དེ་འདྲ་བའི་ཕོན་ཆེན་པོ་ཞིག་རག་པ་ཤིན་ཏུ་ཁག་པོ་ཡོད།བོད་རིགས་ཀྱི་ཁྲོད་ན་ཆ་རྐྱེན་ཧ་ཅང་གི་ཡག་པོ་ཡོད་པ་དཔེ་མང་པོ་ཡོད། དེ་དག་གི་ཁྲོད་ན་བལ་སྒོར་འབུམ་ལྔ་ཙམ་གཏོང་ཐུབ་མཁན་ཡང་མང་པོ་ཡོད་པ་རེད།ཡིན་ནའང་།བྱམས་དང་སྙིང་རྗེ་ཡིས་ཀུན་ནས་བསླངས་དང་མ་བསླང་ལ་རག་ལས་ཡོད་པ་རེད་བསམ་གྱི་འདུག ང་ཚོ་བོད་རིགས་ཚོས་ཁ་ནས་ལྷག་བསམ་དང་སྙིང་རྗེ་ཟེར་བ་གཅིག་བུ་མ་ཡིན་པར་དོན་ལ་གནས་དགོས་པ་ཧ་ཅང་གི་གལ་ཆེན་པོ་མཐོང་གི་འདུག
    ༸གོས་ས་མཆོག་གིས་ཀྱང་ག་དུས་ཡིན་ནའང་གཞན་ཕན་དང་ལྷག་བསམ་ཟེར་བ་དེ་
    དངོས་སུ་ལག་ལེན་ལ་བསྟར་བ་ཡིན་ན།དེ་ནི་བོད་མི་རྣམ་དག་ཟེར་བ་དང་ཆོས་ཟེར་ནའང་དེ་ཡིན་ཞེས་ནན་གཏན་གྱིས་གསུང་ཡོད། དེ་འདྲ་ཡིན་དུས།
    འདི་འདྲ་བའི་གནས་སྟངས་ཚབས་ཆེན་དང་།མི་སྲོག་ལ་ཐུག་པའི་ཛ་དྲག་གི་གནས་
    སྟངས་འདིའི་སྐབས་སུ་གཞན་ཕན་གྱི་བསམ་བློ་འཁོར་མ་ཐུབ་པ་ཡིན་ན།
    གཞན་ཕན་གྱི་བསམ་བློ་དང་ལྷག་
    བསམ་ཟེར་བ་སྟོང་བཤད་ཙམ་རེད།དངོས་སུ་ལག་ལེན་ལ་བསྟར་དགོས་པ་དལ་
    འབྱོར་གྱི་ལུས་རྟེན་ཐོབ་པའི་དགོས་དོན་སྙིང་པོའང་ཡིན།དེ་འདྲ་སོང་ཙང་ད་རེའི་
    བལ་ཡུལ་སྤོག་རིའི་གཞི་ཆགས་ཀྱི་ངོས་ནས་ཞལ་འདེབས་སློང་སྟེ་ཕལ་ཆེར་བལ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་འདུག་ནའང་།དེ་འདྲ་ཞིག་གིས་བོད་རིགས་ན་ཆུང་བུ་མོ་དེའི་ཚེ་སྲོག་སྐྱོབ་ག་ལ་ཐུབ།
    ང་ཚོས་བྱམས་དང་སྙིང་རྗེ་ཁ་ལ་འཁྱེར་ཏེ་སོང་བ་ལས།ད་ལྟ་ཉམ་ཐག་མི་ཚང་འདི་ཡི་བུ་མོ་ཉི་མ་དབང་མོའི་ཚེ་སྲོག་དེ་སྐྱོབ་ཐབས་ལ་ཐབས་བྱས་ཡོད་དགུ་རྩལ་དྲུག་འདོན་རྒྱུའི་རེ་བ་དེ།ལས་དང་རྒྱུ་འབྲས་ལྷད་མེད་རྩི་མཁན་གྱི་བོད་རིགས་སྤྱི་ཡོངས་ཀྱི་མིག་དབང་གསེར་གྱི་པདྨོའི་དྲུང་དུ་སྤྱན་འབུལ་ཞུ་རྒྱུ་ལགས་ན་བོད་རིགས་ཡོད་དོ་ཅོག་གིས་བསམ་ཤེས་ཀྱི་རོགས་དངུལ་མང་ཉུང་ལ་མ་བལྟས་པར་གང་ཐུབ་ཐུབ་གནང་རོགས་ཞུ་རྒྱུ་ཡིན།གལ་སྲིད་བོད་རིགས་ལྷག་བསམ་ཅན་གང་དང་གང་གིས་རོགས་ཕན་ཞུ་འདོད་ཡོད་རིགས་རྣམས་ཀྱི་བལ་ཡུལ་གནས་སྡོད་བོད་གཞུང་སྤྱི་འཐུས་སྒྲོལ་མ་འཚོ་མོ་ལ་འབྲེལ་བ་གནང་པ་ཡིན་ན། ནད་པའི་སྨན་ཡོན་དུ་ཕན་ཐོག་ངེས་སོ།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་གྱི་མཆན་དེ་ལ་ལན་འབུལ་རྒྱུ་འདྲ་མི་འདུག ང་རང་ཡང་རྨོངས་ཚོགས་ཀྱི་གྲས་ན་ཡོད་པའི་དབང་གིས་ཡིན་པ་འདྲ།

    བསྟོང་སྐོར་ཐུབབསྟན་ལགས། འོས་ཤོག་གལ་ཆེན་མ་རེད་རྩ་བ་ནས་ལབ་མེད། ང་ཚོ་དམངས་གཙོ་ལ་འགྲོ་རྒྱུ་ཡིན་ན་འགྲོ་ཤ་ཤ་བྱས་ཏེ། དམངས་གཙོའི་སྤྱི་ཚོགས་ཀྱི་གལ་ཆེའི་གྲུབ་ཆ་དེ་ཚོ་ཚང་དགོས་ཀྱི་འདུག་ལབ་གི་ཡོད།

    སྲིད་དོན་ཚོགས་པ་ཞིག་ཡོད་ན་མ་མཐར་ཡང་ཚོགས་པ་དེའི་ཚོགས་མི་དག་གིས་རྒྱབ་སྐྱོར་བྱེད་གི་རེད། འོས་ཀྱང་འཕེན་གི་རེད།

    ང་ཚོ་ནང་བཞིན་ཅི་བྱེད་འདི་བྱེད་མེད་པར་ཆགས་པ་དང་འོས་ཤོག་གཅིག་པུ་དེ་སུ་ལ་འཕེན་དགོས་རྩ་བ་ཉིད་ནས་བློ་ཐག་མི་ཆོད་པའི་དཀའ་ངལ་འདི་འདྲ་ཡོང་གི་མ་རེད།

    Reply
  6. སྟོང་བསྐོར་ ཐུབ་བསྟན says:
    ལོ་ 15 སྔོན།

    ལུང་རིགས་རྒྱབ་ལགས།
    སྲིད་དོན་ཚོགས་པ་ཡོད་ནའང་དགོས་གལ་ཆེ་རུང་། ག་སྲིད་འོས་ལ་ལངས་མཁན་དེ་ལ་རྒྱབ་སྒྱོརབྱེད་མཁན་དང་མཐུན་འགྱུར་སྤྲོད་མཁན་སྲིད་དོན་ཚོགས་པ་ཡོད་ནའང་འོས་ལ་ལངས་མཁན་དེ་ལ་འོས་ཤོག་རྐང་གཅིག་པོ་དེ་ཕན་མཁན་མེད་ན། འོས་ལ་ལངས་མཁན་དེའི་རྒྱབ་ཁ་ཐོབ་བོ།
    འོས་ཤོག་གཅིག་པོ་དེ་གླད་ལ་བཅུག་ཅིང་མི་གཞན་གྱི་འོག་དུ་མ་འགྲོ་བ་དུས་ཚོད་ལ་བསླེབས་དུས་འཕེན་གི་ཡིན་ཟེར་བ་དེ་དམངས་གཙོ་རེད་ལ་འོས་ལ་ལངས་མཁན་ཁོང་ལ་རྒྱབ་སྐྱོར་ཡང་རེད། འོས་ཤོག་རྐང་གཅིག་པོ་དེ་ནི་ཤིན་ཏུ་ནས་དགོས་གལ་ཆེ།།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    དམངས་གཙོ་མ་རེད་རྨོངས་གཙོ་རེད་ན་ཅི་འདྲ།

    ང་ལའང་ལན་ཞིག་གནོངས་དང་།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བསེ་རུ་ལགས།

    ཐུགས་རྗེ་ཆེ། ངོ་མ་ཡིན། རྗེས་ཕྱོགས་ཀྱང་རྗེས་སུ་འཛིན་རོགས།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཁ་བ་ནག་པོ་ལགས།

    ༼ངས་ཁོ་འགྲོ་རུ་བཅུག་ནས་རྗེས་ལ་ལྟ་གིན་ཡོད། བཤད་དུ་བཅུག་ནས་ཁ་ལ་ལྟ་གིན་ཡོད། ༽གཏམ་དཔེ་འདི་ངའི་ཡུལ་ཕྱོགས་ནས་མི་ལ་བརྙས་བཅོས་བྱེད་དུས་བཤད་གི་རེད། སྐུ་ཉིད་ཀྱི་དགོངས་ཕྱོགས་ནི་དེ་འདྲ་ཡིན་རྒྱུ་མ་རེད་པ།

    འོས་འཕེན་འདོད་མེད་ན་ཅི་ཁག ཡིན་ཡང་། བརྙས་བཅོས་བྱེད་བསམ་པ་ཡིན་ན་ཡག་པོ་མ་རེད་དོ།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྟོང་བསྐོར་ ཐུབ་བསྟན་ལགས།

    འོས་ཤོག་གཅིག་དེ་འཕེན་རྒྱུ་ལས་སླ་བོ་མ་རེད། དེ་་ལ་འགན་འཁྱེར་དགོས་པ་རེད། སྐབས་འདིར་འགན་འཁྱེར་སྟངས་ནི་འོས་འཕེན་པ་དེ་མ་རེད། སོ་སོས་འོས་འཕངས་པ་དེ་ལ་གྲུབ་འབྲས་ཤིག་དགོས་པ་རེད། རྒྱལ་ཁ་དགོས་པ་རེད།

    ཁྱོད་ལ་རྒྱལ་ཁ་དགོས་ན་ཁྱོད་གཅིག་པུའི་འོས་ཤོག་གིས་ཐོབ་གི་རེད་དམ། མི་ཐོབ་ན་ག་རེ་བྱེད་དགོས་པ་རེད། འོས་ལ་ལངས་མཁན་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། རང་གི་མངོན་འདོད་དང་ཁ་མ་བྲལ་བའི་སྒོ་ནས་མཐུན་འགྱུར་སྤྲོད་དགོས་པ་རེད། དེ་དང་དེ་ལྟ་བུ་བྱས་ནས་མདོ་དོན་སོ་སོའི་རེ་བ་དེ་འགྲུབ་དགོས་པ་རེད།

    འོས་ཤོག་གཅིག་པུ་དེ་སྔས་འོག་ལ་བཅུག་ཅིང་། དུས་ཚོད་བསླེབས་དུས་ཁོ་ལ་འཕེན་གི་ཡིན་ཟེར་བ་དེ་ངས་དེ་རིང་བཤད་ཀྱིན་པའི་ང་རང་ཚོའི་དམངས་གཙོ་རེད་ལབ་གི་ཡོད་དོ།

    Reply
  11. སྟོང་བསྐོར་ ཐུབ་བསྟན says:
    ལོ་ 15 སྔོན།

    འོས་ཤོག་རྐང་གཅིག་པོ་དེའི་འཕང་ནས་རྒྱབ་སྐྱོར་བྱེད་མ་ཐུབ་ན་སྲིད་དོན་ཚོགས་པ་ཡོད་ཀྱང་ཅི་ལ་ཕན་

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བློ་བཟང་དཔལ་ལྡན་ལགས།

    ཉེ་སྔོན་ནས་ངས་བོད་ཀྱི་དམངས་ཁྲོད་ན་ཡོད་པའི་དམངས་གཙོའི་སེམས་ཚོར་ཅན་གྱི་གཏམ་དཔེ་རེ་བཙལ་བ་ཡིན། དེ་རིང་གི་གཏམ་དཔེ་ནི། ༼ཕྱར་བ་གྲུ་འདེགས་༽ཞེས་པ་འདི་ཡིན།

    རྩོམ་སྒྲིག་པའི་གཏམ་གྱི་བརྗོད་གཞི་ཡང་འདི་ཡིན།

    གཏམ་དཔེ་གཞན་རེ་ཟུང་ནི་ངའི་ངོ་དེབ་སྟེང་ལ་ཡོད། ད་ལྟ་མུ་མཐུད་ནས་འཚོལ་བཞིན་པའི་སྒང་ཡིན།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གཉའ་འབྲོང་ཐུ་བུས་སྐད་ཆ་གནད་འགག་ཅིག་བཤད་འདུག མང་ཚོགས་འདི་དོན་དག་རེ་ཟུང་གི་ཐད་གྲ་སྒྲིག་ཨང་གསར་ཡོད་པ་རེད། ཀི་ད་བཏབས་ན་རྡུལ་ད་ལངས་གི་རེད།

    དོན་དག་ཁ་ཅིག་གི་སྟེང་ནམ་ཡང་གཉིད་ལོག་ལྟ་བུ་རེད། རྣ་ནང་དུ་ངུང་ཆེན་བུས་ན་ཡང་ཡ་མེད་རེད།

    ན་ཚ་འདི་རང་ག་བ་ཞིག་རྩ་བ་ནས་མ་རེད། ཚབས་ཆེན་པོ་རེད། མི་རིགས་འདིའི་ཤི་གསོན་ནི་ན་ཚ་འདིར་འབྲེལ་བ་ཏན་ཏན་འདུག

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཨ་མཆོད་ལགས།

    འདི་སྲིད་དོན་ཚོགས་པ་མེད་པ་དེར་འབྲེལ་བ་ ༡༠༠ ཆ་ ༡༠༠ འདུག་སྙམ། སྲིད་དོན་ཚོགས་པ་འཛུགས་མ་ཐུབ་པ་དེར་རྒྱུ་མཚན་ཡོད་ན་རྒྱུ་མཚན་གཞན་ཞིག་རེད།

    རྒྱལ་ཡོངས་མང་གཙོ་ཚོགས་པ་སྲིད་དོན་ཚོགས་པ་མ་རེད། གལ་སྲིད་ཡིན་ན་ངོས་ལེན་གང་དུ་འདུག རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་ ༩ དང་ཐག་ཞོར་འབྲེང་དྲུད་རེད། ཐོག་མའི་དམིགས་ཡུལ་གྱི་ཆ་ནས་བཤད་ན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དགུ་དང་དེའི་ཕན་གྱི་ཙ་རེ་ཙོར་རེ་དེ་དག་ཐམས་ཅད་གཅིག་པ་རེད།

    རྒྱལ་ཡོངས་མང་གཙོ་ཚོགས་པར་འཆར་སྣང་ཡོད་པ་མ་རེད། ཕུགས་བསམ་རིང་པོ་མི་འདུག དེ་མ་གཏོགས། ད་ལོར་གྲགས་ཆེ་བའི་བཀའ་ཁྲིའི་འོས་འགྲན་པ་གཉིས་ཡོད་པ་རེད། དེ་གཉིས་ཀ་ཁྱེར་ཡོང་དོན་ཡོད་མ་རེད། ཁོང་གཉིས་ཀྱི་སུ་ཞིག་མང་གཙོ་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་མཐུན་ན་དེའི་ཆེད་དུ་ལས་འགུལ་སྤེལ་དགོས་པ་རེད།

    མི་གཉིས་འདུག དེ་གཉིས་ཀ་མང་གཙོ་ཚོགས་པའི་འོས་མི་ཡིན་ཟེར་བའི་བཤད་སྟངས་འདི་ཚོ་སེམས་སྐྱོ་བྱེད་དང་རྐང་ན་བྱེད་རེད། ད་ག་རེ་ཡིན་ལབ་དགོས་པ་རེད།

    Reply
  15. གཉའ་འབྲོང་ཐུ་བུ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པའི་སྐད་ཆ་འདི་ལ་དངོས་གནས་ལྗིད་ཁོག་འདུག སོས་དལ་ན་ཡོད་དུས་མི་མང་ལང་རྒྱུ་ཤིན་ཏུ་དཀའ་མོ་ཞིག་ཡིན་པ་དེ་ངས་བལྟས་ན་གནད་འགག་གང་ཡིན་མི་མང་གིས་དོ་སྣང་བྱེད་ཀྱི་མི་འདུག་ལགས། དེ་མ་གཏོགས་ཟིང་ཆ་ཅུང་བྱས་ན་མི་མང་འུར་ལང་བྱེད་ཀྱི་འདུག དེ་མི་མང་ལ་གོ་རྟོགས་མེད་སོང་བས་རི་བོང་ཅལ་འདྲོག་རེད། དེར་བལྟས་ན་མི་མང་ལ་སེམས་ཤུགས་མེད་སོང་བ་ཡང་མ་རེད། ཤེས་ཡོན་པ་རེ་རེས་མི་རེ་རེའི་ལག་མགོ་ནས་བཟུང་སྟེ་འཁྲིད་དགོས་ན་དཀའ་ལས་ག་ཚོད་ཡོད་རྒྱུ་རེད། དེ་ནི་ཡོང་བ་ཞིག་མ་རེད། ད་བསམ་ན་གཙོ་བོ་ཤེས་ཡོན་འཐུས་ཤོར་ལ་སོང་བ་དེར་རག་ལས་པ་ཧ་ཅང་གསལ་བོ་རེད། མི་མང་གི་སྣེ་ཁྲིད་ཡག་པོ་རེ་ཡོད་ན་ཤུ་རེ་གོ ད་དུས་ལ་བབ་འདུག་དཱ།

    Reply
  16. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ངའི་བསམ་ན་འདི་སྲིད་དོན་ཚོགས་པ་མེད་པ་ཁོ་ནའི་སྐྱོན་ཞིག་ཏུ་མི་མཐོང་། འདི་ནི་རང་རེའི་སྤྱི་ཚོགས་ལ་དམངས་གཙོའི་གཞི་རྩ་ལེགས་པར་ཚུགས་མེད་པའི་མངོན་རྟགས་ཙམ་དུ་སྣང་། ང་ཚོར་སྲིད་དོན་ཚོགས་པ་མེད་པ་མ་རེད། འདོད་པ་ཡོད་ན་རྒྱལ་ཡོངས་དམངས་ཚོགས་པར་ཞུགས་ཆོག དེར་མ་འཛུལ་བ་དེར་ཡང་གནད་དོན་ཞིག་ཡོད། ལར་ནས་སྲིད་དོན་ཚོགས་པ་ཡོད་པ་ཙམ་གྱིས་རང་ངོས་ནས་འགྲོ་སོང་གཏོང་མི་དགོས་པ་ཞིག་ཀྱང་མིན། ཨ་རིའི་ཨོ་བྷ་མ་དང་ཧི་ལི་རི་སོགས་ཀྱི་འོས་ཤོག་འགྲན་རྩོད་སྐབས་ཀྱི་འགྲོ་སོང་ལ་གཅིག་གཟིགས་དང་།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལུང་རིག་རྒྱལ་ལགས་ཏོག་ཙམ་སྒུག་དང་ཁང་གསར་རྡོ་རྗེ་སླེབས་རན་སྡོད་ཡོད་རེད།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མི་ཉག་སྐལ་བཟང་ལགས།

    འོས་ཤོག་གཅིག་པོ་གལ་ཆེན་རེད། གལ་ཆེན་དོན་ཆེན་དེ་འཕྲོ་བརླག་ལ་མི་འགྲོ་བའི་ཆེད་དུ་སོ་སོ་ཡང་ལངས་དགོས་པ་རེད། འོས་ཤོག་འཕེན་ཡུལ་དེ་གཅིག་པུ་མདུན་དུ་ལངས་དགོས་པ་རེད། རྒྱབ་སྐྱོར་བྱེད་མཁན་ཚོ་ཁོའི་རྒྱབ་ནས་ལངས་དགོས་པ་རེད། རང་གི་འོས་ཤོག་དེར་རྒྱལ་ཁ་ཐོབ་དགོས་ན་སོ་སོ་ཡང་ལངས་དགོས་པ་རེད།

    ཚང་མ་མཉམ་དུ་མ་ལངས་ན་མི་གཅིག་ལངས་ནས་དོན་གོ་ཆོད་གི་མ་རེད།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ངའི་བསམ་པར། ད་ནི་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་ཡོད་མཁན་ཚོས་ཁོང་ལ་མཐུན་འགྱུར་གང་དགོས་སྐྲུན་དགོས་པར་འདོད།

    དེ་བཞིན་དུ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་ཡོད་མཁན་དང་། རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་ཡོད་མཁན་ཚོས་ཀྱང་སོ་སོའི་འོས་གཞི་དེར་རྒྱབ་སྐྱོར་ཙམ་དུ་མ་ཟད། རོགས་རམ་དང་ནུས་པ་ག་རེ་དགོས་ན་དེ་སྐྲུན་དགོས་པའི་ཚོད་རེད།

    ང་ཚོའི་འོས་གཞི་དག་ལ་སྲིད་དོན་ཚོགས་པ་མེད་པའི་དབང་གིས་དཀའ་ངལ་ནི་ཏན་ཏན་ཡོད་པ་རེད་འདོད།

    ཉེ་ལམ་ངས་བློ་བཟང་སེང་གེ་ལ། ཁྱོད་ལ་བཀའ་ཁྲིར་ལངས་སྐབས་ཀྱི་ལས་འགུལ་སྤེལ་རྒྱུའི་མ་དངུལ་ཐད་ནས་གང་འདྲ་ཡོད་དམ་ཅེས་དྲིས་པར། ཁོང་ལ་དམིགས་བསལ་གྱི་སྔོན་རྩིས་མ་དངུལ་དེ་འདྲ་མི་འདུག

    ཡང་། ཁྱོད་ལ་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་ཆགས་སོ་སོ་ན་རང་གི་ཆེད་དུ་གཏམ་བཤད་གོ་སྒྲིག་བྱེད་མཁན་དང་། ཁྱེད་ཀྱི་ལངས་ཕྱོགས་དང་སྲིད་བྱུས་བརྒྱུད་བསྒྲགས་བྱེད་མཁན་གྱི་ཚོགས་པ་འདྲ་ཡོད་དམ་ཅེས་དྲིས་པར། དེ་ཡང་མེད་ཟེར་གི།

    ངས་ཁོང་ཁེར་རྐྱང་རེད་ཟེར་དོན་ཡང་དེ་ཡིན། སྲིད་དོན་ཚོགས་པ་མེད་པའི་ཁར། ས་གནས་ཁག་ན་འབྲེལ་མཐུད་པའམ་ལས་དོན་གོ་སྒྲིག་བྱེད་མཁན་རེ་ཡང་མེད་པ་ནི་ཐབས་སྐྱོ་བོ་རེད་འདོད།

    མང་ཚོགས་ཉལ་ནས་བསྡད། ཤེས་ཡོན་པ་ཚོས་ཁ་རྒྱག་པ་བཤད་ནས་འདུག་རྒྱུའི་ཚོད་མ་རེད་སྙམ།

    Reply
  20. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    སྲིད་དོན་ཚོགས་པ་དགོས་གལ་ཆེ་རུང་། ཐོབ་ཤོར་དང་རྒྱལ་ཕམ་ཟེར་བ་ནི་འོས་ཤོག་རྐང་གཅིག་ལ་རག་ལུས་པ་ཡིན་པས་འོས་ཤོག་རྐང་གཅིག་པོ་དེ་ནི་ཤིན་ཏུ་ནས་དགོས་གལ་ཆེ།

    Reply
  21. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    བཀུར་འོས་ལུང་རིགས་རྒྱལ་ལགས། ཁྱོད་ཀྱིས་རྒྱབ་སྐྱོར་ཡོད་ཟེར་མཁན་དག་གིས་ཀྱང་ཁ་གཡང་རེ་དང་འོས་ཤོག་རྐང་གཅིག་པོ་དེའི་ཕན་ནས་རྒྱབ་སྐྱོར་གྱི་མཛུབ་མོ་རྐང་གཅིག་ཡར་འགྱོག་གི་མ་རེད།
    གལ་སྲིད་རྗེས་མ་ནས་བཀའ་ཁྲི་ལ་ངེས་པར་དུ་ལངས་དགོས་ན། ང་ཚོར་སྲིད་དོན་གྱི་ཚོགས་པ་དགོས་ཀྱི་འདུག དེ་མིན་བོད་མི་རིགས་ཀྱི་སྲིད་སྟེགས་མཐོ་ཤོས་དེར་ཁེར་རྒྱུག་དང་ཁེར་འདེད་བྱེད་པའི་རྣམ་པ་འདི་ནི་ཡིད་ཧ་ཅང་སྐྱོ་བ་ཞིག་རེད།ཞེས་བཤད་འདི་ངས་སེམས་སུ་རྟག་པར་དྲན་བཞིན་ཡོད་འདི་ང་ཚོའི་སྐྱོན་གནས་ཆེན་པོ་ཞིག་རེད། རྩོམ་འདི་ལ་ང་ཧ་ཅང་དགའ་བོ་བྱུང་ཐུགས་རྗེ་ཆེ།

    Reply
  22. བསེ་རུ། says:
    ལོ་ 15 སྔོན།

    བཀུར་འོས་རྩོམ་སྒྲིག་པ་མཆོག་ལ།
    གཤམ་གྱི་ཚིག་གསར་གཉིས་པོར་འགྲེལ་པ་ཞིག་བསྐྱོན་རོགས། གི་སྒྲའི་སྐོར་ད་གླེང་འདོད་མེད།
    གཉན་ཕྲེང་།
    ཡིད་ཕྱུང་བ།

    Reply
  23. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་འདིས་གླིང་ཚ་ཞང་འདན་མ་བྱང་ཁྲ་ནང་བཞིན་དང་པོར་མི་འཐེང་རྟ་འཐེང་ཁྱི་གསུམ་དུ་བརྫུས། དེ་ནས་མི་རྒོད་རྟ་རྒོད་ཁྱི་རྒོད་གསུམ་དུ་གྱུར། མཐའ་མར་ཧོར་ཤན་པའི་ཀླད་པ་དེ་དམར་སྒོར་རེར་བཀོག་ན་འདོད་ནི་མིན་ནམ། ངས་ཁོ་འགྲོ་རུ་བཅུག་ན་རྗེས་ལ་ལྟ་གིན་ཡོད། བཤད་དུ་བཅུག་ནས་ཁ་ལ་ལྟ་གིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese