མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཟླ་བ་ནག་པོ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕར་བསྐྱལ་ལ་ཉེ་བའི་ཕྱི་ཟླ་ ༧ པ་ཧྲིལ་བོར་རྒྱ་ནག་གི་ལྷོ་ཕྱོགས་ས་ཁུལ་ཁག་ཏུ་དྲག་ཆར་བསྟུད་མར་བབས་ཏེ། གྲོང་ཁྱེར་ཆེ་གྲས་ཊེ་ཅང་དང་ཨན་ཧུའེ། ཧྥུ་ཅན། ཅང་ཞི། ཧུའུ་པེ། ཧུའུ་ནན། ཁྲུང་ཆིན། སི་ཁྲོན། ཀོས་ཀྲུག་སོགས་ཀྱི་ཞིང་ཆེན་བཅུ་གྲངས་ཤིག་ཏུ། ཆུ་ལོག་རྒྱུགས་པ་དང་རི་ཉིལ་བ། ལམ་དང་ཟམ་ཆད་པ།  ཞིང་ཁར་ཆུ་ལོག་བརྒྱུགས་པ ཁང་པ་བརྡིབས་པ་སོགས་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག དེ་བཞིན་རྒྱ་ནག་གི་ནུབ་རྒྱུད་དུ་ཆར་ཞོལ་ཆེ་དྲགས་པའི་རྐྱེན་གྱིས་ཤར་ཕྱོགས་སུ་རྒྱུག་བཞིན་པའི་གཙང་བོ་རྣམས་རྒྱས་ཏེ། རྒྱ་ནག་གིས་བཀག་བསྐྱིལ་བྱས་ཡོད་པའི་ཆུ་མཛོད་དག་གི་རགས་ཁ་ཤོར་རྒྱུའི་ཉེན་ཁ་ཆགས་ཡོད་འདུག་ཅིང་། སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཅ་པའོ་གཉིས་ཆུ་ལོག་ཚབས་ཆེ་བའི་ས་ཁུལ་དག་ལ་དངོས་སུ་ཕྱིན་ཏེ། གནོད་འགོག་གི་བྱ་བར་བཀོལ་འདོམ་བྱེད་ཀྱིན་ཡོད་འདུག   

 

རྒྱ་ནག་རྒྱལ་ཁབ་ཆུ་ལོག་དང་ཐན་འགོག་གཞུང་སྒྲུབ་ཁང་གིས་སྡོམ་རྩིས་བྱས་པ་ལྟར་ན། ཕྱི་ཟླ་བདུན་པ་ཧྲིལ་བོར་རྒྱ་ནག་རྒྱལ་ཡོངས་ཀྱི་ཞང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོགས་ས་ཁུལ་ ༢༨ ཙམ་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཏེ། ཁྱོན་སྡོམ་མི་ ༨༢༣ འདས་གྲོངས་དང་མི་ ༤༣༧ བོར་བརླག ཁང་པ་འབུམ་དྲུག་ ༦༠༠༠༠ ལྷག་བརྡིབས་ཡོད་འདུག གཞན་མི་དུང་ཕྱུར་ ༡ ལྷག་དང་ལོ་ཏོག་སྤྱི་རྒྱ་ ༧༨༧༤ ཙམ་ལ་གནོད་པ་ཐེབས་ཡོད་ཅིང་། ཟླ་འདིའི་རིང་གི་དྲག་ཆར་གྱི་གྱོང་གུད་སྡོམ་རྩིས་བྱས་ན། རྒྱ་སྒོར་དུང་ཕྱིར་སྟོང་ ༡༥༤༡ ལྷག་ཟིན་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་གྱི་ལོ་བཅུའི་ནང་ཚུད་དུ་དྲག་ཆར་གྱི་གྱོང་གུད་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད། རང་བྱུང་འབྱུང་བའི་གནོད་འཚེ་སྤྱི་ཡོངས་ཀྱི་གྱོང་གུད་ཚབས་ཆེ་ཤོས་དེ་ཡང་ཆགས་ཡོད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 15

  1. གནམ་ལྕགས། says:
    ལོ་ 16 སྔོན།

    ལས་བྱས་པ་ཆུད་མི་ཟ། མ་བྱས་པ་དང་མི་འཕྲད་ཅེས་པ་ནི་འདི་ལ་ཟེར་གྱི་ཡོད། ལུས་ཐོག་འདི་ནས་མགོ་ལ་གང་ཡོང་སྔ་མའི་བྱས་པ་རང་ལས་མི་འདའ་བ་དམ་པ་གོང་མ་རྣམས་ཀྱིས་ཡང་ཡང་གསུང་ཡོད་ཨང་།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    མཐོ་སྒང་གི་ཡུལ་ལྗོང་ལ་གནོད་སྐྱོན་བཏང་ན་དེ་ལས་ཡོང་རྒྱུ་ཡོད་མ་རེད།མི་སེར་ཚོས་དེ་ཡི་རྒྱུ་རྐྱེན་མཐོང་ན་ཡག་པོ་རེད།

    Reply
  3. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 16 སྔོན།

    དེ་ནི་རྒྱ་ནག་ཁོ་རང་ཚོས་བོད་མི་ཚོར་ཚད་ལས་འདས་པའི་སྡུག་སྦྱོང་བཏང་བའི་འབྲས་བུ་རེད

    Reply
  4. རྨོག་ཨ་ངག says:
    ལོ་ 16 སྔོན།

    བོད་མིར་ཚོས་རྒྱ་མིར་མནར་གཅོད་གཏང་ན་རྒྱ་མི་མང་གིས་སྙིང་རྗེ་ཟེར་བའི་ཚབ་ཏུ་ཁོང་ཁྲོ་བྱེད་མོད། བོད་ཕྲུག་སྐྱག་ཟན་ཁྱེད་ཚོ་དགྲ་ལ་སྙིང་རྗེ་དང་རང་གཞུང་ཁ་རྐྱང་རྐྱང་གཏང་ནས་སྡོད་ཨང་། མི་རབས་གསར་བ་འདི་རེད་དམ།

    Reply
  5. འབུར་ཐོ། says:
    ལོ་ 16 སྔོན།

    ཧ་བོ་སྙིང་རྗེ་རྒྱ་མི་མང་ནི་ང་ཚོ་དང་གཅིག་པ་རེད། རྒྱ་ནག་དབང་འཛིན་པའི་ལག་འོག་ཏུ་དཀའ་སྡུག་མྱོང་གི་ཡོད་པ་རེད། སྲིད་གཞུང་དེ་སྡུག་པོ་ཡིན་པ་རྒྱུ་མཚན་བྱས་ནས་ཁོང་ཚོར་མྱ་ངན་མི་ཞུ་རྒྱུ་དེ་ཡག་པོ་མ་རེད།

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    སེམས་ཅན་མི་བསྲུན་གང་ཞིག་གིས།
    བདག་ལ་ཇི་སྲིད་གནོད་བྱས་ཀྱང་།
    བསམ་ངན་སྦྱོར་བ་མ་ཡིན་པར།
    སླར་ཡང་དེ་ལ་ཕན་ཐོག་ཤོག
    རྒྱ་ནག་གཞུང་འདི་ཇི་འདྲའི་གདུག་རྩུབ་ཆེ་ཡང་། འབྱུང་བའི་འཇིགས་པ་ལ་དྲག་གནོད་བྱེད་ཐབས་མེད་ལ་བསླུ་བྲིད་བྱེད་ཐབས་ཀྱང་མེད། བྱེད་ཐུབ་པ་གཅིག་རང་ཡོད་པ་ནི་བོད་ཀྱི་ཡབ་མེས་ཚོས་ལུས་སྲོལ་ལྟར་རི་བརྒྱ་ཀླུང་བརྒྱ་བསྡོམ་རྒྱུ་དེ་རེད། བྱ་ངན་གཞུང་གིས་བྱས། རྐྱེན་ངན་དམངས་ལ་འཕྲད། འདི་ལས་རྒྱུ་འབྲས་མིན་པའི་ལས་རྒྱུ་འབྲས་ཤིག་རེད།

    Reply
  7. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་གཅིག་བུ་པོ་མིན་པར་རྒྱ་མི་རིགས་ཡོངས་རྫོགས་ལ་འབྱུང་བཞིའི་གོད་ཆགས་འདི་ལས་བོད་མི་རིགས་ཀྱི་་ཡབ་མེས་ཚོས་མི་ལོ་སྟོང་ཕྲག་མང་པོ་རིང་ནས་སྲུང་སྐྱོབ་བྱས་པའི་མདོ་དབུས་མཐོ་སྒང་འདི་རྒྱ་ནག་དམར་པོ་སྲིད་གཞུང་གིས་ལོ་ངོ་ལྔ་བཅུའི་ནང་སླར་གསོ་བྲལ་བའི་གཏོར་སྐྱོན་ཆེན་པོ་བྱས་པའི་ཉེར་ལན་དུས་སུ་སྨིན་བཞིན་པའི་གནས་སྟངས་དངོས་ར་འཕྲོད་གསལ་ཐང་བྱས་པ་འདིས། རྒྱ་མི་རིགས་ལ་བོད་ཀྱི་ཁོར་ཡུག་སྐོར་གོ་རྟོགས་་གསར་པ་ཞིག་རྙེད་རྒྱུར་ཕན་ཐོགས་སྔར་ལས་ལྷག་པ་ཞིག་འབྱུང་ངེས།

    Reply
  8. ཐོ་རེངས། says:
    ལོ་ 16 སྔོན།

    མ་སུ་རིའི་བུ་མོ། ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་གཏེར་ཁ་བསྔོགས་འདོན་བྱས་ཏེ་བོད་མི་མང་ལ་གྱོང་གུད་སྣ་ཚོགས་བཟོས་པའི་ལས་འབྲས་སྨིན་དགོས་ན་རྒྱ་གཞུང་ལ་མི་སྨིན་པར། མི་མངས་ཉམས་ཆུང་ཚོ་ལ་སྨིན་ནས་ཆུ་ལོག་གི་འོག་ཏུ་དཀའ་ངལ་སྣ་ཚོགས་འཕྲད་དོན་འདི་ཅི་རེད།
    ངས་བལྟས་ན་ལས་འབྲས་ཞེས་སྨྲ་ན་མི་འགྲིགས་པ་འདྲ།

    Reply
  9. དྲང་སྲོང་། says:
    ལོ་ 16 སྔོན།

    ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས། །
    སྒྱུ་ལུས་ཉེན་ཅིང་འཇིགས་པའི་དུས་བྱུང་ཚེ། །
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབ། །
    ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས། །
    འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད། །

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རྒྱ་ནག་ད་རྒྱ་ནག་རེད་དེ། ཕ་ཀི་སི་ཐན་ས་ཆུ་གཉིས་ཀྱི་འོག་ལ་དྲངས་འགྲོ་གིན་འདུག

    Reply
  11. གངས་འོད། says:
    ལོ་ 16 སྔོན།

    གོ་ཐོས་ལ་རྒྱ་ནག་ཡུལ་མི་ཚོས་རྒྱ་ནག་ལ་ཆུ་ལོག་གིས་མཚོན་པའི་གོད་ཆག་བྱུང་ཚད་ཏཱ་ལའི་བླ་མས་མཐུ་བཏང་བར་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ཟེར། དེ་ནི་ངོ་མས་དགོ་བྲོ་བོ་ཞིག་མ་རེད་དམ། དོན་དག་འདི་དག་གི་བྱུང་རྐྱེན་ཡོད་ཚད་ཡང་ཏཱ་ལའི་བླ་མ་རེད་ཟེར་ཀི་ཡོད་ཚོད་ཡིན། ཨ། ངོ་མ་ཡུལ་མི་ཞིང་གྲོང་དཀྱིས་མ་རྣམས་རྒྱ་ནག་གཞུང་གི་རྩེད་སྤྱད་ཙམ་རེད་ཡ། སྙིང་རྗེ་བ་ཞིག་འདུག

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཞག་ནག་ཟླ་ནག་ལོ་ནག་དུས་ནག་རྒྱུན་ཆད་ཤོག །

    Reply
  13. མ་སུ་རི་བུ་མོ། says:
    ལོ་ 16 སྔོན།

    མི་ཉམས་ཆུང་ཚོ་ཆུ་ལོག་གི་གནོད་ཚེའི་འོག་ཏུ་དཀའ་ངལ་སྣ་ཚོགས་འཕྲད་པར་སྙིང་རྗེ་བྱེད་དགོས་ངེས་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ་བོད་ཀྱི་ས་ཁུལ་གང་སར་གཏེར་ཁ་བསྔོགས་འདོན་བྱས་ཏེ་བོད་མི་མང་ལ་གྱོང་གུད་སྣ་ཚོགས་བཟོས་པའི་ལས་འབྲས་སྨིན་འགོ་ཚུགས་པ་དེ་ཤེས་པ་བྱེད་དགོས
    ངེས་རེད།

    Reply
  14. བཙན་ says:
    ལོ་ 16 སྔོན།

    ལོས་ཡིན་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ལ་མཐུ་བཙན་ནི་རེད་ཡ། གཟབ་གཟབ་མ་བྱས་ན་གྲོང་ཁྱེར་གྲོང་ཁྱེར་བཅེས་ཆུས་ཁུར་སྲིད།

    Reply
  15. ཐ་མ་ says:
    ལོ་ 16 སྔོན།

    རྒྱ་ནག་གི་ཟླ་ནག་མ་རེད། རྒྱ་ནག་གི་ལོ་ནག་རེད། གང་ཡིན་ཟེར་ན་ད་ལོའི་ལོ་འགོ་ནས་བཟུང་མི་མང་གི་གླ་ཆ་རྩོད་རྙོག་དང་རང་ཤི་རྒྱབ་པ། གངས་རླུང་གི་གནོད་པ་དང་ཐན་པ་གོད་ཆགས་ཀྱི་རྒྱུན་འཐུད་ནས་དེང་སང་གི་ཆར་སྐྱོན་ཆེན་པོ་ནས་ལོ་འཇུག་ལའང་འབྱུང་བཞིའི་གོད་ཆགས་སད་སེར་དང་། མི་མང་གི་ངོ་རྒོད་རྔམས་སྟོན་སོགས་ཀྱི་གཉིས་སྟོང་བཅུ་ལོ་དེ་གནོད་སྐྱོན་རྐྱང་རྐྱང་གིས་སྐྱེལ་མ་བྱ་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese