མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་གི་ཡིག་ཆས་ཏང་ཁྲིམས་ལ་སྦྱོར་ཉེན་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༧ པའི་ཚེས་ ༢༡ ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་དམར་ཤོག་ཚོགས་པའི་ལས་དོན་ཚོགས་འདུ་ཞིག་པེ་ཅིན་མི་དམངས་ཚོགས་ཁང་ཟེར་བའི་ནང་དུ་འཚོགས་ཡོད་པ་དང་། ཚོགས་འདུ་དེར་རྒྱ་ནག་གི་སྲིད་འཛིན་ཧའོ་ཅིན་ཐའོ་གཙོས། ལི་ཁྲང་ཁྲོན། ཞི་ཅིན་ཕེན། ཧི་ཀོ་ཆང་སོགས་མཉམ་ཞུགས་བྱས་ཡོད་འདུག

    ཚོགས་འདུ་དེ་ནི་ཛ་དྲག་དང་དམ་དྲག་གི་ངོ་བོའི་ཐོག་ནས་འཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་དམར་ཤོག་ཚོགས་པ་དང་འབྲེལ་བའི་གནད་ཡོད་བརྗོད་གཞི་གཉིས་གླེང་སློང་བྱུང་འདུག  བརྗོད་གཞི་དེ་གཉིས་ཚོགས་འདུའི་ལས་འཆར་དངོས་ཀྱི་ནང་བཀོད་མེད་ནའང་ཚོགས་འདུའི་ཉིན་དང་པོ་ནས་བཟུང་བརྗོད་གཞི་དེ་གཉིས་ཀྱི་ཐད་གླེང་སློང་བྱུང་ཡོད་པ་དང་། ཚོགས་ཆུང་ཁག་བགོས་ཀྱིས་འཚོགས་སྐབས་ཀྱང་གནད་དོན་དེ་གཉིས་ཐད་གླེང་སློང་ཤུགས་ཆེར་བྱུང་འདུག

    པའོ་ཞོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གླེང་གཞི་དང་པོ་ནི་ཉེ་དུས་ནས་རྒྱ་གཞུང་དམར་ཤོག་མཐོ་རིམ་མགོ་ཁྲིད་རིམ་པས་མི་སྒེར་གྱི་ལོ་རྒྱུས་འབྲི་མགོ་རྩོམ་བཞིན་པ་དེ་དག་དམར་ཤོག་པའི་ཚོགས་འདུའི་ཟིན་ཐོར་འབྲེལ་བ་ཡོད་པ་དང་། རྒྱ་ནག་རྒྱལ་ཡོངས་དམར་ཤོག་པའི་ལོ་རྒྱུས་ཐད་ལས་དོན་སྒྲུབ་མཁན་དག་ལ་མཚོན་ན་དེ་ནི་ལྡོག་ཐབས་བྲལ་ལ་གདོང་ལེན་དཀའ་བའི་གནད་དོན་གསར་བ་ཞིག་ཆགས་ཡོད། ལི་ཕིན་གྱི་དྲུག་བཞིའི་ཉིན་ཐོ་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་དུ་གྱུར་རྗེས། དམར་ཤོག་པའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་སྐོར་ལ་ལས་དོན་སྒྲུབ་མཁན་ཚོས་ཡིག་ཆ་རྣམས་རྒྱལ་ཁབ་ཕྱི་ལོག་ཏུ་བརྒྱུད་སྤྲོད་བྱས་པ་བརྩད་གཅོད་ཀྱིས་ཤེས་རྟོགས་བྱུང་ཚེ་འཛིན་བཟུང་བྱ་རྒྱུ་མགོ་བརྩམས་ཡོད་པ་རེད།

    ཕྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་རྒྱ་ནག་དབུས་དམར་ཤོག་ནང་ཁུལ་གྱི་ཡིག་ཆའི་ནང་ཐོན་པ་ལྟར་ན། ལས་ཁྱུར་ངལ་གསོ་བྱས་ཟིན་པའི་དམར་ཤོག་མཐོ་རིམ་དཔོན་རིགས་ཚང་མས་རང་ཉིད་ཀྱི་མི་ཚེ་ཕྱིར་དྲན་ཟིན་ཐོ་ལྟ་བུའི་མི་སྒེར་ལོ་རྒྱུས་འབྲི་བཞིན་ཡོད།   ཉུང་མཐར་ཡང་དེ་སྔའི་དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་མཐོ་རིམ་མགོ་ཁྲིད་དྲུག་ལྷག་གིས་སྒེར་གྱི་ལོ་རྒྱུས་ཟིན་ཐོ་གཉིས་རེ་བྲིས་ཡོད་པ་དང་། ཟིན་ཐོ་གཅིག་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་ལ་སྤྲད་དེ་ཁྲིམས་མཐུན་དཔར་སྐྲུན་ཡོང་བའི་རེ་བ་བྱས་ཡོད་ལ།  དེ་དང་དུས་མཚུངས་སུ་ཟིན་ཐོ་གཅིག་ཤོས་དེ་རང་ཉིད་ཀྱི་རྗེས་སྐྱོང་བར་བཞག་སྟེ་དུས་ཚོད་འོས་འཚམ་ཤིག་ལ་ཡོངས་ཁྱབ་པར་འགྲེམས་ཡོང་བའི་ཁ་ཆེམས་འཇོག་བཞིན་ཡོད་པ་རེད། ཟིན་ཐོ་རྗེས་མ་དེའི་ནང་དུ་རྒྱ་ནག་དམར་ཤོག་པའི་གསང་བའི་ལོ་རྒྱུས་མང་པོ་བཀོད་ཡོད་འདུག  རྒྱ་ནག་དམར་ཤོག་དབུས་གཞུང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ལོ་རྒྱུས་ཟིན་བྲིས་འདི་དག་འབྲི་བའི་ཆེད་དུ་ཉུང་མཐའ་ཡང་རྒྱལ་ཁབ་ཀྱི་པུའུ་རིམ་པའི་མཐོ་རིམ་དཔོན་རིགས་ ༥༤ ཡིས་དམར་ཤོག་པའི་ལོ་རྒྱུས་ཡིག་ཚགས་བལྟ་ཀློག་གི་རེ་བ་བཏོན་མྱོང་ཡོད་འདུག  གནས་ཚུལ་དེར་རྒྱ་ནག་མཐོ་རིམ་དཔོན་རིགས་ཚོས་འཚེར་སྣང་དང་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་།  ཐེངས་འདིའི་ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་ཚོགས་འདུ་དེ་ནི་གནད་དོན་དེ་དང་འབྲེལ་བ་ཡོད་པར་བརྗོད་ཀྱིན་ཡོད།

    གླེང་གཞི་གཉིས་པ་དེའང་ཡོངས་ཁྱབ་རང་བཞིན་གྱི་ཚོགས་འདུའི་སྟེང་གླེང་མྱོང་མེད་ནའང་། ཐེངས་འདིའི་ཚོགས་ཞུགས་པ་ཚོས་མགོ་ནས་མཇུག་བར་དུ་དེའི་ཐད་གླེང་སློང་མང་པོ་བྱུང་ཡོད། གླེང་གཞི་དེ་ནི་མ་འོངས་པར་སྤྱི་ཚོགས་ལ་གཡོ་འགུལ་འབྱུང་སྲིད་པ་དང་། དེ་བཞིན་དམར་ཤོག་པའི་ཡིག་ཚགས་ཁང་ལ་རྒོལ་གཏོར་གྱི་གནས་ཚུལ་བྱུང་སྐབས་ཇི་ལྟར་ཕོན་ཆེ་བའི་དམར་ཤོག་པའི་ལོ་རྒྱུས་ཡིག་ཚགས་ཀྱི་གནད་དོན་ཐག་གཅོད་ཕྱོགས་སྐོར་ཡིན་འདུག གླེང་གཞི་འདི་ཐོག་མར་འདོན་མཁན་གྱི་དམིགས་ཡུལ་ནི་གནད་དོན་དེ་རིགས་མི་འབྱུང་བའི་ཆེད་ཡིག་ཚགས་ཁང་གི་བདག་ཉར་སྒྲིག་གཞི་དང་བདེ་འཇགས་འགྲོ་གྲོན་གོང་མཐོར་གཏོང་རྒྱུ་དེ་ཡིན་མོད། ཡིན་ནའང་། གནད་དོན་དེས་དཔོན་རིགས་རེ་འགར་བསམ་གཞིགས་དང་འཚེར་སྣང་ཆེན་པོ་བྱུང་ཡོད། གལ་སྲིད་སྤྱི་ཚོགས་ལ་གཡོ་འགུལ་བྱུང་སྟེ་སྲིད་ཇུས་ལ་འགྱུར་ལྡོག་ཐེབས་པ་ཡིན་ན། དམར་ཤོག་པའི་ལོ་རྒྱུས་ཡིག་ཚགས་དེ་དག་ནི་གཅིག་བྱས་ན་དམར་ཤོག་པ་རང་ཉིད་ཁྲིམས་ལ་སྦྱོར་བྱེད་ཀྱི་དཔང་ཡིག་ཏུ་འགྱུར་སྲིད་པའི་ལྟ་ཚུལ་བཟུང་ཡོད། གོ་ཐོས་ལྟར་ན། རྒྱ་ནག་དམར་ཤོག་པའི་མཐོ་རིམ་ཤེས་ལྡན་དག་གི་བསམ་ཚུལ་ནི། གནད་ཡོད་ཡིག་ཚགས་གསང་ཉར་ཁང་དག་ལ་རང་འགུལ་གྱིས་ཡིག་ཚགས་མེ་སྲེག་གཏོང་བྱེད་བཟོས་ཏེ་དགོས་ངེས་ཀྱི་དུས་སྐབས་བྱུང་ཚེ་དམར་ཤོག་པ་རང་ཉིད་ལ་གནོད་པའི་ཡིག་ཚགས་ཡོད་ཚད་རྩ་མེད་དུ་གཏོང་ཐུབ་པ་བཟོ་དགོས་པའི་འདོད་ཚུལ་བཏོན་ཡོད།  བསམ་ཚུལ་དེར་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གསུམ་གྱིས་རྒྱབ་སྐྱོར་བྱས་ཡོད་འདུག  ཡིན་ནའང་། གནད་དོན་དེ་ནི་ཧ་ཅང་ཚོར་བ་སྐྱེན་དྲགས་པས་རྐྱེན་གྱིས།  ཚོགས་ཞུགས་པ་ཚང་མའི་གླེང་གཞིར་གྱུར་ཡོད་འདུག 

    ཐེངས་འདིའི་ཚོགས་འདུར་ད་དུང་དམིགས་ཡུལ་གལ་ཆེན་གཅིག་འདུག་པ་ནི། གསང་བའི་ཡིག་ཚགས་དེ་དག་བདག་ཉར་བྱེད་མཁན་རྣམས་ལ་སློབ་གསོ་ཤུགས་ཆེན་པོ་སྤྲོད་རྒྱུ་དང་། ཁོ་ཚོའི་ཡོང་འབབ་འཕར་སྣོན་དང་ཁོ་ཚོ་དམར་ཤོག་པར་ཡིད་ཆེས་ལྡན་པ་བཟོ་དགོས་རྒྱུ་དེ་རེད། དེའི་རྒྱུ་མཚན་ནི་མི་འདི་དག་ནི་དེང་སྐབས་དམར་ཤོག་པའི་ལོ་རྒྱུས་ཡིག་ཚགས་ལ་ཐད་ཀར་ལག་པ་རག་མཁན་གྱི་མི་ཆགས་ཡོད་པས། གལ་སྲིད་བློ་འགལ་ཡིད་ལོག་འདྲ་བྱུང་བ་ཡིན་ན། དམར་ཤོག་པ་དག་གི་སྲོག་དང་འབྲེལ་བ་ཡོད་པའི་ཡིག་ཚགས་དེ་དག་བསྐྱར་དཔར་གྱིས་ཕྱིར་གཏོང་བྱེད་པ་དང་།  ཡང་ན་རང་ཉིད་ཀྱིས་ཉར་ཚགས་བྱས་ཏེ་རྗེས་ཕྱོགས་རིན་གོང་མཐོན་པོས་ཚོང་བསྒྱུར་བྱེད་སྲིད་པའི་ཉེན་ཁའི་བློ་འཚབ་སྐྱེས་བཞིན་ཡོད་འདུག 
   

ཡ་མཚར་བ་ཞིག་ནི། ཐེངས་འདིའི་ཚོགས་འདུའི་སྟེང་དམིགས་བསལ་ཆེད་བཙུགས་ཀྱིས་གནས་ཚུལ་ལེན་དུ་མངགས་པའི་ཞིན་ཧྭ་གསར་ཁང་གི་གསར་འགོད་པ་ཞིག་གིས་བརྗོད་པ་ལྟར་ན། གཞུང་ཕྱོགས་ནས་ཁོ་ཚོར་མཁོ་སྤྲོད་བྱས་པའི་གནས་ཚུལ་དག་གཅིག་མཚུངས་མིན་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་བློ་ཕམ་ཡིད་ཆད་ཀྱི་རྣམ་པས་ཁེངས་ཡོད་ལུགས་བརྗོད་འདུག

གསར་འགྱུར་འབྲི་མཁན། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༦ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    གཞན་རྣམས་རང་ཉམས་སྟོན་ཕྱིར་རང་རྣམ་བརྩམས། །
    ཏང་རྣམས་རང་རྣམ་རང་སྲོག་ཉེན་ཁར་མཐོང་། །
    ཏང་གི་ཡིག་ཆ་མེ་ལ་མ་བསྲེགས་གོང་། །
    མྰ་འོའི་རོ་དེ་མེར་བསྲེག་བཏང་ན་ལེགས། །

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    ཁྲིམས་ལུགས་ཡིག་ཐོག་ལས་ཏང་རང་གི་སྒང་ན་ཁྲིམས་ལུགས་མེད་པས་ཏང་ཁྲིམས་ལ་ཇི་ལྟར་སྦྱོར་རམ། གང་ལྟར་ཁོང་ཚོས་ཟློས་གར་དེ་མུ་མཐུད་དུ་འཁྲབ་རྒྱུ་ཡིན་པ་གཏན་འཁེལ་འདུག

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གལ་སྲིད་བདེན་པ་ཡིན་ཚེ་ད་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚེ་ཙད་ཀྱང་རིང་བོ་ཡོད་ས་མ་རེད་པ། རྒྱ་ནག་ལོ་རྒྱུས་ནང་དུ་སྲིད་གཞུང་མགོ་རྟིང་སློག་མཁན་རྒྱ་ནག་མི་དམངས་པས་ན། ད་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་ཚོ་མི་དམངས་ལ་སྐྲག་གིན་ཡོད་པའང་གསལ་བོ་རེད། དམར་ཕྱོགས་ཚོགས་པས་དབང་བསྒྱུར་འོག་ལོ་བརྒྱ་འདུག་ཐུབ་མཁན་ཞིག་ད་མེད་པ།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 16 སྔོན།

    འདི་ནི་རང་ཤི་རྒྱག་པའི་སྟ་གོན་བྱེད་པ་དང་འདྲ་བ་ཞིག་འདུག་པས་ད་ལྟའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་འདི་འདྲ་གླེང་ཚུལ་བདེན་པ་ཨེ་ཡིན་སྙམ་པ་ཞིག་ཀྱང་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese