མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་བརྩོན་ལེན་གྱི་འཐབ་བྱུས་དང་ལག་བསྟར། ༼དང་པོ༽ རྡོ་རྗེ་དབང་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་ཐད་ཀྱི་འཐབ་ཇུས་དང་ལག་བསྟར།།
རྡོ་རྗེ་དབང་རྒྱལ། ༼བོད་འབྱོར་རྩོམ་ཡིག༽ མུ་འགོད།

རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་འོག་བོད་མི་དམངས་ཀྱིས་ཐོབ་ཐང་དང་རང་དབང་ལ ས་འགུལ་སྤེལ་ནས་ལོ་༥༠་འདས་ཟིན་པ་རེད། འདས་པའི་ལོ་ངོ་ལྔ་བཅུའི་རིང་བཙན་ བྱོལ་བོད་མིས་རྒྱ་གར་དུ་སྲ་བརྟན་གྱི་བོད་མིའི་གཞིས་སྒར་འཛུགས་ཐུབ་ཡོད་པ་མ་ཟད། དམངས་གཙོའི་དམིགས་བརྟེན་གྱི་སྲིད་གཞུང་ཞིག་ཀྱང་བཙུགས་ནས་ཐོག་མའི་ཉམ་ཆུང་ བའི་བོད་རང་དབང་གི་ལས་འགུལ་གྱི་མེ་རོ་དེ་བཙན་བྱོལ་སྤྱི་ཚོགས་ནས་ཕྱིར་གཞིས་སྲུང་ བོད་ཀྱི་སྤྱི་ཚོགས་ཁྲོད་དར་སྤེལ་གྱིས་ཉམས་གསོ་གནང་ཐུབ་པ་བྱུང་ཡོད་པའི་སྟེང་། ད་དུང་འདས་པའི་ལོ་ངོ་ལྔ་བཅུའི་ནང་ཧུར་བརྩོན་ཆེན་པོས་བོད་རང་དབང་ལས་འགུལ་གྱི་མེ་རོ་དེ་ གཞིས་སྲུང་བོད་ཀྱི་སྤྱི་ཚོགས་ཀྱི་སྟེང་འོག་བར་གསུམ་དང་ཡུལ་ལུང་ཆེ་ཆུང་གར་སར་ཁྱབ་ སྤེལ་གནས་ནས་བོད་ཡུལ་ཆོལ་ཁ་གསུམ་དུ་བོད་རང་དབང་གི་མེ་དཔུང་དེ་དཀྱུས་གཅིག་ཏུ་འབར་ནས་དེས་རྒྱལ་སྤྱིའི་བོད་རང་དབང་གི་ལས་འགུལ་ལ་སྐུལ་འདེད་ཀྱི་ཚེ་སྲོག་གསར་བ་སྤྲོད་ཐུབ་ཡོད། འདི་ལྟ་བུའི་རྨད་བྱུང་གི་གྲུབ་འབྲས་ལེན་ཐུབ་པ་བྱུང་བ་དང་མཉམ་དུ་བོད་མིའི་རང་དབང་ལས་དོན་གྱི་ཁོར་ཡུག་ལ་འང་འདས་པའི་ལོ་ ༥༠ ་རིང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

  ___ དེ་སྔ་ཕྱོགས་གང་ཅིའི་ཐད་ཉམ་ཆུང་དང་རྗེས་ལུས་ཀྱི་གནས་སྟངས་ཁྲོད་ཡོད་ པའི་རྒྱ་ནག་དེ་ད་ལྟ་དཔལ་འབྱོར་དང་དམག་དོན། ཆབ་སྲིད་སོགས་གང་ ཅིའི་ཐད་དར་རྒྱས་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་གནས་བབས་ཀྱང་གལ་ཆེན་བཟུང་ཡོད།

  ___ གོ་ལ་གཅིག་གྱུར་དང་ལྷག་དོན་དུ་དཔལ་འབྱོར་གོ་ལ་གཅིག་གྱུར་དང་ཁྱད་ པར་དུ་ད་ལྟའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཆེན་པོའི་རྐྱེན་གྱིས་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་ལ་བལྟོས་དགོས་པ་ཅན་གྱི་གནས་ཚུལ་ཆགས་ཡོད་པ།
  ___ བོད་དོན་རྒྱལ་སྤྱིའི་ཅན་དུ་གྱུར་བའི་གནས་བབས་ཁྲོད་བོད་དོན་དེ་ཡང་རྙོག་ འཛིངས་ཅན་དུ་གྱུར་ནས་བོད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཡུལ་བབ་ སྲིད་བྱུས་གྱི་ངོ་བོར་གྱུར་ཡོད་པས།  བོད་རང་དབང་ལས་འགུལ་ སྤེལ་ སྐབས་ ཕྱོགས་གཅིག་ཁོ་ནར་བསམ་ བློ་བཏན་ན་མི་འགྲིག་པར་ངེས་པར་ དུ་ས་ཁུལ་ནས་རྒྱལ་སྤྱིའི་བར་གྱི་གནས་བབས་ཡོངས་ལ་བསམ་བློ་གཏོང་ དགོས། དཔེར་ན། བོད་དང་རྒྱ། བོད་དང་ཤར་ཏིར་ཀི་སི་ཐན། བོད་དང་སོག་པོ།བོད་དང་རྒྱ་ནག་གི་ཁོངས་སུ་གནས་པའི་གྲངས་ཉུང་མི་ རིགས་གཞན། དེ་བཞིན་བོད་དང་རྒྱ་ནག་རྒྱ་གར།    བོད་དང་རྒྱ་ནག་ཨ་རི། བོད་དང་རྒྱ་ནག་ཐེ་ཝན།བོད་དང་རྒྱ་ནག་དང་པ་ཀི་སི་ཐན།བོད་དང་རྒྱ་ནག་ དང་འབར་མ།འདི་ལྟར་བོད་དོན་ཐད་གོང་གསལ་བཞིན་གནས་སྟངས་འདྲ་ མིན་ཐད་བསམ་བློ་གཏོང་ཐུབ་དགོས༏
–  ____ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༤ ཉིན་གྱི་དོན་རྐྱེན་ནི་དབྱེ་མཚམས་གསལ་བའི་དུས་ཚིགས་ཤིག་ཡིན་པ་དང། དུས་ཚིགས་དེས་བོད་ཀྱི་ལོ་ རྒྱུས་འཕེལ་རིམ་ ཁྲོད་བོད་མིའི་སེམས་ཁམས་ཀྱི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རཻམ་ལ་ བོད་རང་སྟེང་ནས་འགན་འཁུར་སྟེ་རང་སྐྱ་ཐུབ་པའི་བསམ་བློ་གཏོང་མཁན་ གྱི་བོད་ཀྱི་མི་རབས་གསར་བ་ཞིག་འཇིག་རྟེན་དུ་སྐྱེས་ཡོད་པ་མཚོན་ཡོད་པ་ དང་། ཆབ་སྲིད་ཐད་གཞིས་བྱེས་བོད་མི་ཡོངས་ལ། བོད་རང་དབང་ལས་ འགུལ་གྱི་དམིགས་འབེན་བོད་ཆོལ་ཁ་གསུམ་གཅིག་ གྱུར་ གྱི་ལས་འགུལ་ སྤེལ་བའི་དུས་ཚེས་བརྩམས་འགོ་བཙུགས་པ།གཞན་ཡང་ཟླ་༣་པའི་ཚེས་ ༡༤དོན་རྐྱེན་གྱིས་རྒྱ་ནག་གཞུང་དང་སྲིད་དོན་པ་ཚོར་མངོན་གསལ་དོད་པོའི་ སྒོ་ནས་བོད་དོན་གྱིས་རྒྱ་ནག་གི་མ་འོངས་པའི་མདུན་ལམ་བཅས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཐེངས་དང་པོར་ཤེས་རྟོགས་བྱུང་དུ་བཅུག་པའི་ དབྱེ་མཚམས་ཤིག་ཀྱང་ཡིན་པས།རྒྱ་ནག་གཞུང་གིས་ནང་ཁུལ་དུ་དེ་སྔ་བྱུང་ མ་མྱོང་བའི་དམ་དྲག་གི་སྲིད་ཇུས་བོད་ཀྱི་ས་ཁུལ་ཡོངས་ལ་སྤེལ་རྒྱུན་ཡིན་པ་ དང་། ཕྱི་ཕྱོགས་སྟེ་རྒྱལ་སྤྱིའི་སྟེང་རྒྱ་ནག་གིས་ཞི་བའི་སྟོབས་ཤུགས་ (Soft Power) བེད་སྤྱད་དེ་བོད་རང་དབང་ལས་འགུལ་ཐད་བཀག་འགོག་དང་ བཙན་གནོན།མི་གླེང་བར་བཟོ་བ་དཔེར་ན་རྒྱལ་བ་རིན་པོ་ཆེའི་ཕྱི་རྒྱལ་ཡུལ་ གྲུ་ཁག་གི་ཆིབས་བསྒྲུར་ལ་བཀག་འགོག བལ་ཡུལ་དང་རྒྱ་གར་གཙོ་བོའི་རྒྱལ་ཁབ་ཁག་ཏུ་བོད་མིའི་འཚོ་བསྡོད་དང་རང་དབང་ལས་འགུལ་ སོགས་ཕྱོགས་གང་ཅིའི་ཐད་སྟབས་མི་བདེ་བར་བཟོ་བ་དང་བཀག་འགོག་ སོགས་ཀྱི་བྱེད་ཐབས་གང་ཡོད་བེད་སྤྱོད་བྱེད་རྒྱུ་རེད།
–   ___ རྒྱལ་བ་རིན་པོ་ཆེའི་དགུང་ན་མཐོ་རུ་སོན་པ།

གོང་གསལ་རྒྱུ་རྐྱེན་དེ་དག་གིས་ད་ལྟའི་དུས་སྐབས་འདིར་བོད་མི་དམངས་ལོ་རྒྱུས་ཐོག་གལ་ གནད་ཆེ་བའི་འགག་མདོ་ཞིག་ཏུ་སླེབས་ཡོད་པ་གསལ་སྟོན་བྱས་ཡོད་པས།ད་ལྟའི་ཆར་བོད་ མི་དམངས་ཀྱིས་སྙིང་སྟོབས་དང་ཤེས་རིག བློ་གྲོས་བཅས་གཅིག་ཏུ་སྒྲིམ་ནས་ངེས་ པར་དུ་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་ཡོད་ཚད་དམ་འཛིན་བྱེད་ཐུབ་པར་བྱས་ནས། བོད་རང་དབང་ལས་འགུལ་གྱི་གནས་བབས་སྔར་ལས་ལེགས་ཅིང་མདུན་ལྗོངས་ལྡན་པ་ཞིག་ ཏུ་བསྒྱུར་དགོས།ཁྱད་པར་དུ་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ ཀྱིས་བོད་རང་དབང་ལས་འགུལ་ཆེད་གཞིས་བྱེས་བོད་མི་ཡོངས་གཅིག་གྱུར་གྱི་འགོ་ཁྲིད་ འོག།བོད་དོན་བདེན་མཐའ་གསལ་བར་བྱེད་པའི་ལས་འགན་ཡོད་པས།ངེས་པར་དུ་བཙན་བྱོ ལ་བོད་གཞུང་དམངས་གཉིས་རྒྱུན་མཐུད་གཏན་གནས་ཀྱི་གནས་བབས་ཕུན་སུམ་ཚོགས་པ་ དང་གྱ་ནོམ་པ་ཅན་དུ་འགྱུར་བར་གནང་རྒྱུ་ནི་བོད་རང་དབང་ལས་འགུལ་གྱི་སྲོག་རྩར་གྱུར་ ཡོད་པ་རེད། དེ་བས་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱི་དཔལ་འབྱོར་དང་། འཕྲོད་བསྟེན། སློབ་གསོ།  ཆབ་སྲིད། རིག་གཞུང་། བཙན་བྱོལ་བོད་གཞུང་གི་ནུས་ཤུགས། རྒྱལ་སྤྱིའི་ལས་འགུལ་བཅས་མ་འོངས་པའི་བོད་རང་དབང་ལས་འགུལ་གྱི་འཕེལ་རིམ་ཁྲོད་ མེད་དུ་མི་རུང་བའི་གནས་བབས་གལ་ཆེའི་གྲས་ཀྱང་ཡིན།བཙན་བྱོལ་བོད་གཞུང་དམངས་ སྤྱི་ཚོགས་དང་བཅས་པ་གཏན་གནས་ཐུབ་མིན་གྱི་འགག་རྩར་ཡང་གྱུར་ཡོད་པས་ངེས་པར་ དུ་ཡར་རྒྱས་གོང་སྤེལ་དུ་གཏོང་དགོས།

གཞི་རྩའི་རྩ་འཛིན།

བོད་རང་དབང་ལས་འགུལ་གྱི་ལག་བསྟར་རྩ་འཛིན་ནི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་བརྟེན་ ནས་མི་གཙོ་བོར་(People centered)བྱེད་པ་དང་བོད་མིའི་ནུས་ཤུགས་འཛུགས་ སྐྲུན་བྱེད་པ་གཙོ་གནད་དང་།བོད་མི་ནི་བོད་རང་དབང་ལས་འགུལ་གྱི་འགན་འཁྲི་ མཁན་དང་། ཚན་རིག་དང་དམངས་གཙོ་ནི་བྱ་བའི་རྨང་གཞི།རྒྱལ་སྤྱིའི་ཁྲིམས་ལུགས་ནི་ ལས་འགུལ་གྱི་རྒྱབ་གཏན།རང་དབང་དང་འགྲོ་བ་མིའི་ཐོབ་ཐང་།རིག་གཞུང་དང་ཁོར་ཡུག་ སྲུང་སྐྱོབ་བཅས་ནི་འཐབ་རྩོད་ཀྱི་ལག་ཆར་བཟུང་ནས།མཐུན་སྒྲིལ་བྱེད་ཐུབ་པ་ཚང་མར་ མཐུན་སྒྲིལ་བྱེད་ནས་བོད་མི་དམངས་ཀྱི་རང་དབང་ལས་འགུལ་ལ་རྨང་གཞི་བརྟན་པོ་བསྐྲུན་ དགོས།

དམིགས་ཡུལ་དང་འཐབ་ཇུས།

གཞིས་བྱེས་བོད་མི་ཡོངས་ཀྱི་རང་དབང་དང་ཐོབ་ཐང་བརྩོན་ལེན་བྱེད་རྒྱུ་ནི་བཙན་བྱོལ་ བོད་གཞུང་གི་དམིགས་ཡུལ་གཙོ་བོ་ཡིན་པ་མ་ཟད་གཡོལ་ཐབས་མེད་པའི་ལས་འགན་ཡང་ རེད། དམིགས་ཡུལ་དེ་མངོན་དུ་གྱུར་ཆེད་མེད་དུ་མི་རུང་པ་ནི་འཐབ་ཇུས་(Strategy) བཟང་བོ་ཞིག་རེད།བགྲོ་གླེང་གི་ཆེད་དུ་འདིར་བཏོན་པའི་འཐབ་ཇུས་ནི་འདི་ལྟར་དེ། བཙན་བྱོལ་སྤྱི་ཚོགས་ཀྱི་ནུས་ཤུགས་ཆེ་རུ་གཏང་རྒྱ་དང་བཙན་བྱོལ་གཞུང་གི་སྒྲིག་གཞི་འཐུས་ཚང་དང་ཚད་ལྡན་ཅན་གྱི་དམངས་ གཙོའི་སྲིད་གཞུང་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་འགུལ་ཤུགས་སུ་ བཟུང་ནས།བོད་ནང་དང་ཕྱི་རྒྱླལ་ཁག་ན་ཡོད་པའི་བོད་མི་བར་གྱི་ གཅིག་སྒྲིལ་དང་མཉམ་འབྲེལ་དམ་ཟབ་དུ་བཏང་སྟེ།གོམ་གང་ མདུན་སྤོས་ཀྱིས་རྒྱླལ་སྤྱི་སྤྱི་ཚོགས་དང་ཕྱི་རྒྱལ་སྲིད་གཞུང་ཁག་ ནས་བཙན་བྱོལ་བོད་གཞུང་དེ་ཁྲིམས་མཐུན་གྱི་བོད་མིའི་སྲིད་ གཞང་ཡིན་པར་ངོས་ལེན་བྱེད་དུ་འཇུག་རྒྱུ་དེ་ཡིན།

ལག་བསྟར་རྩ་དོན།

འཐབ་ཇུས་འདི་ལག་བསྟར་དང་ཚད་འཛིན་རྩ་དོན་ནི།
ཀ    ཞིབ་ཕྲ་ཡིན་པ།    (Specific)

ཁ།    གྲངས་ཚད་ལྡན་པ།    (Measurable)

ག    སྒྲུབ་ཐུབ་པ།    (Achievable)

ང་།    དངོས་ཡོད་གནས་ཚུལ་དང་མཐུན་པ། (Realistic)

ཅ།    དུས་ཡུན་གྱི་ཚད་ཡོད་པ།    (Timely)

འཐབ་ཇུས་འདི་ལག་བསྟར་བྱེད་ཕྱོགས་ཐོག་ནས་དབྱེ་འབྱེད་བྱེད་ན་ཁག་གསུམ་ཡོད་དེ།

དང་པོ། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་ལེགས་བཅོས།

གཉིས་པ། བཙན་བྱོལ་གཞུང་དམངས་དང་གཞིས་སྲུང་མི་དམངས་བར་གྱི་མཉམ་འབྲེལ།

གསུམ་པ། རྒྱལ་སྤྱིའི་སྟེང་གི་ལས་འགུལ།

བྱེད་ལས།

བཙན་བྱོལ་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་ལེགས་བཅོས།

དང་པོ། བཙན་བྱོལ་བོད་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་བབས་དུས་བཀག་རྒྱ་བཅད་ནང་ཡར་རྒྱས་སུ་གཏོང་བ།

རྡ་རམ་ས་ལའི་བཙན་བྱོལ་བོད་གཞུང་དེ་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་སྐྱབས་བཅོལ་གྱི་ གནས་བབས་ངང་གནས་ཡོད་ན་ཡང་། གཞུང་དེའི་ལས་འགན་ནམ་དམིགས་ཡུལ་གཙོ་བོ་ནི། བོད་མི་དམངས་ཀྱི་རང་དབང་བསྐྱར་གསོ་ཡིན་པ་རེད།ཡིན་ནའང་གཞུང་ཞིག་ཡིན་པའི་ཆ་ ནས་བཙན་བྱོལ་བོད་གཞུང་དེ་ཡང་རྒྱུན་ལྡན་གྱི་གཞུང་གཞན་དག་དང་མཚུངས་པར་སྤྱི་ ཚོགས་དང་མི་དམངསདང་གཞུང་བཅས་ཀྱིས་དཔལ་འབྱོར་ཡར་རྒྱས་གོང་འཕེལ་དུ་གཏོང་ རྒྱུ་ནི་གཞུང་འཛིན་པ་ཚོས་ཉིན་མཚན་བར་མེད་དུ་དགོངས་པ་བཞེས་དགོས་པའི་དོན་གནད་ གཙོ་བོའི་གྲས་སུ་ཚུད་དགོས་པ་མ་ཟད།ད་དུང་དཔལ་འབྱོར་ཡར་རྒྱས་ཀྱི་ལས་གཞིའི་ཁྲོད་ ནས་ཀྱང་གཙོ་བོ་དེ་གཞུང་འཛིན་ཁྱབ་ཁོངས་ཀྱི་བཙན་བྱོལ་བོད་ཀྱི་མི་སེར་ཚང་མར་ལས་ ཀའི་གོ་སྐབས་བསྐྲུན་ཐུབ་དགོས་པ་དེ་རེད།

དཔལ་འབྱོར་གྱི་རྨང་གཞི་མེད་ན་བཙན་བྱོལ་བོད་གཞུང་ལ་ཆ་མཚོན་ན་ཡང་བོད་མི་དམངས་ ཀྱི་རང་དབང་བསྐྱ ར་གསོའི་ལས་འགུལ་སྤེལ་རྒྱུ འི་མ་རྩ་མེད་པར་གྱུ ར་པ་རེད།དཔེར་ན། ཁྱིམ་ཚང་ཞིག་ལ་ཆ་མཚོན་ན་གལ་སྲིད་ཁྱིམ་ཚང་དེར་དཔལ་འབྱོར་གྱི་ཆ་རྐྱེན་མེད་ཚེ་ནང་ མིའི་འཕྲོད་བསྟེན་དང་བྱིས་པའི་སློབ་གསོ་སོགས་ཕྱོགས་གང་ཅིའི་ཐད་ཉམ་ཆུང་དང་རྗེས་ ལུས་ཀྱི་ངོ་བོར་གནས་ནས།ཁྱིམ་ཚང་འཛུགས་སྐྲུན་གྱི་དམིགས་ཡུལ་འགྲུབ་མི་སྲིད་པ་ནང་ བཞིན་རེད།བཙན་བྱོལ་བོད་གཞུང་གིས་ཀྱང་དཔལ་འབྱོར་འཛུགས་སྐྲུན་ཐད་ནུས་པ་མ་བཏོན་ཚེ།    བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་སློབ་གསོ།རིག་གཞུང་འཛིན་སྐྱོང་6སྤེལ་གསུམ་སོགས་ཀྱི་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པ་མ་ཟད།དཔལ་འབྱོར་གྱི་དཀའ་ངལ་ འདི་ལེགས་སྒྲིག་གནང་མ་ཐུབ་ཚེ།ཐོག་མར་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཐོར་ཞིག་ཏུ་ འགྲོ་རྒྱུ་དང་། རིམ་པས་བཙན་བྱོལ་བོད་གཞུང་ཡང་མིང་ཙམ་དུ་གྱུར་ཏེ།མཐར་བཙན་ བྱོལ་བོད་གཞུང་གི་ནུས་ཤུགས་མཐའ་དག་ཉམས་རྒུད་དུ་གྱུར་ནས།གཞུང་དེས་བོད་མི་ དམངས་ཀྱི་རང་དབང་བསྐྱར་གསོའི་ལས་དོན་སྒྲུབ་རྒྱུ་ཕར་ཟད།ཐ་ན་བཙན་བྱོལ་བོད་ གཞུང་རང་ཉིད་ཀྱང་གནས་ཐུབ་མིན་གྱི་འགག་རྩའི་གནད་དོན་ལ་ཐུག་ཡོད་པ་རེད།དེ་བས་ བཙན་བྱོལ་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་ཁུག་ཀྱོག་དང་ལུང་སྟོང་ནང་ འདུག་ཏུ་མ་བཅུག་པར།སུ་ཊར་སོགས་ཚོང་ལུས་རྒྱུན་སྐྱོང་དང་ཕུགས་ལྡན་མིན་པའི་ལུས་ རིགས་མ་ཡིན་པར།ཉིན་རེ་ལས་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་པའི་རྒྱ་གར་གྱི་དཔལ་ འབྱོར་འཕེལ་རྒྱས་ཆེན་པོའི་རླབས་ཕྲེང་ནང་འཛུལ་ཞུགས་ཀྱིས་བཙན་བྱོལ་བོད་མི་སྤྱི་ ཚོགས་ཀྱི་ཁྱད་ཆོས་དང་ནུས་ཤུགས། གཞན་ཡང་། དེའི་གནས་པའི་ཁོར་ཡུག་སོགས་ ཆ་རྐྱེན་ལ་གཞིར་བཟུང་ནས་བཟོ་ལས་ཐོན་སྐྱེད་༼Industry༽ཞིག་བཚོལ་མྱུལ་དང་ འཛུགས་སྐྲུན་བྱེད་དགོས་པ་ནི་བཙན་བྱོལ་གཞུང་དམངས་གཉིས་ཀྱི་དཔལ་འབྱོར་འཕེལ་ རྒྱས་ཀྱི་ལྡེ་མིག་རེད། དེ་དང་ཆབས་ཅིག་བཙན་བྱོལ་གཞུང་གིས་བོད་མི་གང་ཟག་སྒེར་བའི་ ཚོང་ལས་ཐོན་སྐྱེད་ཀྱི་མངོན་འདོད་དང་ནུས་ཤུགས་ཆེ་རུ་གཏོང་ཆེད།ཚོང་ལས་ཐད་ཀྱི་ གསར་འཕྲིན་དང་ཚོང་དོན་ཞབས་ཞུ་ལྟེ་གནས་སྒྲིག་གཞིའི་དྲ་བ་འཛུགས་སྐྲུན་བྱས་ཏེ། བཙན་བྱོལ་བོད་མི་དང་མཉམ་འབྲེལ་གྱིས་རྒྱ་གར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོམ་ར་ལ་ མཁོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་གིས་བཙན་བྱོལ་བོད་མི་ཚོར་ལས་ ཀའི་གོ་སྐབས་བསྐྲུན་དགོས་པར་བྱེ་བྲག་གི་དཔེར་མཚོན་ལས་གཞི་ཁག་ཅིག་ནི།

ཀ    ཆེད་ལས་ལག་རྩལ་སྦྱོང་བརྡར་གྱི་སློབ་གྲྭ་ཞིག་བཙུགས་པ།

ལོ་རེ་བཞིན་བཙན་བྱོལ་བོད་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ནས་བོད་ཀྱི་ན་གཞོན་གྲངས་མང་པོ་ ཞིག་སློབ་མཐར་ཕྱིན་བཞིན་པའི་སྟེང་།གཞིས་ལུས་བོད་མིའི་ཁྲོད་ནས་ཀྱང་བོད་ཀྱི་གཞོན་ སྐྱེས་དང་ན་གཞོན་མང་པོ་ཞིག་ལོ་རེ་བཞིན་བཙན་བྱོལ་དུ་འབྱོར་བཞིན་པ་དེ་དག་ཐམས་7ཅད་ལ་བཙན་བྱོལ་བོད་གཞུང་གིས་ཕྱོགས་གཅིག་ནས་ལས་ཀ་མཁོ་སྤྲོད་གནང་མི་ཐུབ་པ་ དང་།ཕྱོགས་གཞན་ཞིག་ནས་ཁོ་ཚོ་རང་སྟེང་ན་ཡང་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབས་དང་ འཚམས་པའི་རང་འཚོའི་ནུས་པ་མི་ལྡན་པས།འཚོ་བའི་ཐད་བཙན་བྱོལ་བོད་གཞུང་གི་རྡོག་ འཁྲིས་ཉག་གཅིག་ཏུ་གྱུར་ཡོད་དུས།གལ་སྲིད་ལག་རྩལ་སྦྱོང་བརྡར་གྱི་སློབ་གྲྭ་ཞིག་བཙུགས་ པ་ཡིན་ན།    ན་གཞོན་དེ་དག་རང་སྟེང་ནས་དེང་རབས་སྤྱི་ཚོགས་ཀྱི་དཔལ་འབྱོར་ཁྲོམ་ རའི་དགོས་མཁོ་ཁྲོད་ལག་རྩལ་ཤེས་ལྡན་མི་སྣ ར་གྱུ ར་ནས།ཐོག་མའི་ཆར་གང་ཟག་སྒེར་ རང་ཉིད་ཀྱི་འཚོ་བའི་དཀའ་ངལ་སེལ་འགྲོ་བ་དང་།གཉིས་ནས་བཙན་བྱོལ་བོད་གཞུང་གི་ རྡོག་འཁྲ ིས་སུ་གྱུ ར་ཡོད་པའི་རྣམ་པར་འགྱུ ར་ལྡོག་བྱུང་སྟེ།སྔར་གྱི་རྡོག་འཁྲིས་དེ་དག་ རྗེས་སུ་བཙན་བྱོལ་བོད་གཞུང་དང་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་པའི་དཔུང་ སྡེ་ཞིག་ཆགས་ཐུབ་པ་རེད།

ཁ།    ལག་རྩལ་སྦྱོང་བརྡར་སློབ་གྲྭའི་བསླབ་གཞི་ཁག་ནི།

༡ ཇ་མ།༼མ་ཅན་ཆེན་མོ།༽

༢ འཚེམ་བཟོ།

༣ གློག་རིགས་ཞིག་གསོ་བཟོ་བཅོས་ལག་རྩལ།

༤ འཕྲུལ་འཁོར་ཞིག་གསོ་བཟོ་བཅོས་ལག་རྩལ།

༥ ཨར་ལས་ཞིག་གསོ་ལག་རྩལ་བཅས་གོང་གསལ་ལག་རྩལ་སྦྱོང་བརྡར་སློབ་གསོ་དུས་ཡུན་ལོ་གཉིས་རིང་གང་ཟག་སྒེར་བའི་མོས་ཁམས་ལྟར་ལག་རྩལ་ཁག་བྱང་ཆུབ་པ་ཞིག་ སྦྱོང་བརྡར་སྤྲོད་རྒྱུ་ཡིན་པ་མ་ཟད།སློབ་གཉེར་བ་སོ་སོའི་མ་འོངས་བར་གང་ཟག་རང་སྟེང་ནས་རང་རྐྱ་ཐུབ་པའི་ཚོང་ལས་གཉེར་ཐུབ་པར་འགྱུར་བའི་མཐུན་རྐྱེན་དུ།ལག་རྩལ་སློབ་ གསོ་དང་དུས་མཉམ་དུ་རྒྱལ་སྤྱིའི་ཚོང་དོན་དང་དཔལ་འབྱོར་རིག་པའི་ཐད་ཀྱི་ཤེས་ཡོན་སློབ་གསོ་ཀྱང་སྤྲད་ནས། མཐར་ཡིག་རྩལ་གྱི་ལམ་ནས་ལག་རྩལ་ཤེས་ལྡན་མི་སྣའི་ཚད་འཛིན་ལག་འཁྱེར་སྤྲོད་དགོས།

ག ལག་རྩལ་སྦྱོང་བརྡར་སློབ་གྲྭའི་མཐར་ཐུག་གི་དམིགས་ཡུལ་ནི།

༡ བོད་གཞུང་དམངས་གཉིས་བཙན་བྱོལ་གྱི་གནས་སྐབས་སུ་བོད་ཀྱི་གཞོན་སྐྱེས་མི་ རབས་ཚོ་རྒྱ་གར་དང་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་ལས་ཁྲོམ་རའི་ཁྲོད་བྱང་ཆ་ལྡན་པའི་ ཚད་ལྡན་གྱི་ལག་རྩལ་ཤེས་ལྡན་པ་དང་།དཔལ་འབྱོར་དང་ཚོང་རའི་ཁྲོད་ཀྱི་ཚད་ལྡན་ཞབས་ ཞུ་བར་འགྱུར་རྒྱུ།
༢ བཙན་བྱོལ་བོད་གཞུང་གིས་བོད་རང་དབང་ལས་འགུལ་ལེགས་འགྲུབ་ཀྱིས་མ་ འོངས་བར་བོད་རང་བདག་རང་སྐྱོང་སྐབས་བོད་ཀྱི་དཔལ་འབྱོར་དང་ཚོང་རའི་འཛུགས་ སྐྲུན་གྱི་རྐང་འགན་འཁུར་མཁན་དུ་འགྱུར་བར་བྱེད་རྒྱུ།
༣ ལག་རྩལ་ལས་རིག་ སྦྱོང་བརྡར་ སློབ་གྲྭས་ཀྱང་སློབ་གྲྭའི་མཐར་ཕྱིན་སློབ་མའི་ནང་ སྤྱི་ཚོགས་ཁྲོད་མཉམ་མྱོང་ལེགས་གྲས་ཁག་བསྐྱར་འགུག་གམ་ཡང་ན་མཉམ་འབྲེལ་གྱིས་ ལག་རྩལ་ལས་རིག་སྦྱོང་བརྡར་སློབ་གྲྭ་རང་སྟེང་ནས་གོང་གསལ་ལག་རྩལ་སྦྱོང་ཚན་ཁག་གི་ སྡེ་ཚན་ཆེད་གཉེར་གྱིས་དཔལ་འབྱོར་ཚོང་ལས་ལས་རིགས་གཉེར་ནས།མཐར་ལག་རྩལ་ལས་ རིག་སྦྱོང་བརྡར་སློབ་གྲྭ་རང་ཉིད་གཞན་གྱི་རོགས་དངུལ་ལ་མ་བརྟེན་པར།སློབ་གྲྭ་རང་གིས་ འབྲེལ་ཡོད་ཟ་ཁང་དང་འཕྲུལ་ཆས་ཞིག་གསོ་ཁང་སོགས་བཙུགས་ནས་རང་ཁ་རང་གསོ་བྱས་ ཏེ།སྤྱི་ཚོགས་ཀྱི་ལག་རྩལ་ཤེས་ལྡན་ཆེད་ལས་པའི་འབྱུང་ཁུངས་ཞིག་ཏུ་འགྱུར་བར་བྱེད་རྒྱུ།

ང་། ཁྲོམ་ར་ལ་དགོས་མཁོ་ཆེ་བའི་ཐོན་རྫས་བཟོ་སྐྲུན་བྱེད་པ།

བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་གཙོ་འགན་འཁུར་ནས་བཙན་བྱོལ་བོད་ མིའི་གཞི་ཆགས་ཁག་དང་གང་ཟག་སྒེར་བར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་གཞུང་དང་སྒེར་གྱི་ ཚོང་ལས་སྒྲིག་འཛུགས་ཁག་བཅས་ནས་དཔལ་འབྱོར་ཐད་རོགས་རམ་ཞུ་རྒྱུ།འདིར་གལ་ཆེན་ པོའི་སྒོ་ནས་གསལ་བཤད་ཞུ་རྒྱུ་ཞིག་ནི་དཔལ་འབྱོར་གྱི་རོགས་རམ་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དངུལ་སློང་རྒྱུ་དེ་མ་ཡིན།རོགས་རམ་འདིར་ངེས་པར་དུ་རྒྱ་གར་དང་རྒྱལ་ སྤྱིའི་ཁྲོམ་ར་ལ་དགོས་མཁོ་ཆེ་བའི་ཐོན་རྫས་རིགས་སྣ་མང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་ གཞུང་དང་སྒེར་གྱི་ཚོང་ལས་སྒྲིག་འཛུགས་ཁག་བཅས་ལ་འཆར་གཞི་དང་ལྡན་པའི་ཞིབ་ཚག ས་པའི་སྒོ་ནས་མཉམ་འབྲེལ་བྱེད་རྒྱུའི་གོ་སྐབས་འཚོལ་བ་དང་།ཕན་ཚུན་བར་མཉམ་འབྲེལ་ བྱེད་རྒྱུའི་མཐུན་རྐྱེན་བསྐྲུན་པ།འབྲེལ་མཐུད་བྱེད་པ་སོགས་དངོས་སུ་ལག་བསྟར་གནང་ཐུབ་ པའི་ཐོན་སྐྱེད་འཛུགས་སྐྲུན་ཀྱི་རོགས་རམ་ཡིན་དགོས།དཔེར་ན།ཨ་རི་དང་སྦར་ཛལ་སོགས་ ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྣུམ་གྱི་དཀའ་ངལ་སེལ་བ་དང་གཅིག    འཁོར་ཡུག་ སྲུང་སྐྱོབ་ཀྱི་དམིགས་ཡུལ་འགྲུབ་པར་བྱེད་རྒྱུའི་ཆེད་དུ་བུར་ཤིང་དང་མ་རྨོས་ལོ་ཏོག་༼མར་ རྒན༽སོགས་ཀྱིས་ས་སྣུམ་ཚབ་བྱེད་ཀྱི་རྩི་ཤིང་གི་སྣུམ་རིགས་ (Ethanol) བཟོ་སྐྲུན་བྱེད་ བཞིན་ཡོད་པ་ལྟར། རྒྱ་གར་ལའང་ས་སྣུམ་གྱི་དཀའ་ངལ་ཡོད་པ་མ་ཟད། ཁོར་ཡུག་ འབག་བཙོག་ཅན་དུ་འགྱུར་བཞིན་ཡོད་པས་རྒྱ་གར་ལྷོ་ཕྱོགས་ཡུལ་གྲུ་ཁག་ཏུ་བུར་ཤིང་དང་ ༼མ་རྨོས་ལོ་ཏོག༽མར་རྒན་སོགས་ས་སྣུམ་རིགས་བཟོ་སྐྲུན་གྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡོད་པ།    བཙན་ བྱོལ་བོད་གཞུང་དཔལ་འབྱོར་ལྷན་ཁང་དང་ཕྱི་རྒྱལ་ཡུལ་གྲུ་ ཁག་ནང་བཅའ་བཞུགས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་བཅས་ཀྱིས་ ཐབས་བརྒྱ་ཇུས་སྟོང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་སྒེར་གཉིས་ཀྱི་བུར་ཤིང་དང་༼མ་ རྨོས་ལོ་ཏོག༽མརྒན་སོགས་ཀྱིས་ས་སྣུམ་བཟོ་སྐྲུན་ལས་རིགས་ཁག་ལ་མཉམ་འབྲེལ་གྱི་གོ་ སྐབས་བཙལ་ཏེ།ཕྱི་རྒྱལ་ཡུལ་གྲུ་ཁག་གིས་འཛིན་སྐྱོང་དང་ལག་རྩལདང་མ་རྩ་བཅས་མཁོ་ འདོན་གནང་ཐབས་གྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་རྩི་ ཤིང་གི་སྣུམ་རིགས་བཟོ་གྲྭ་བཙུགས་ཏེ།བཙན་བྱོལ་བོད་མིས་ལུས་ཤུགས་ངལ་རྩོལ་མཁོ་སྤྲོད་ ཀྱིས་ཟུང་འབྲེལ་ཐོན་སྐྱེད་བྱེད་ཐུབ་པ་བྱུང་ན།གཅིག་ནས་རྒྱལ་སྤྱི་དང་རྒྱ་གར་གྱི་དཔལ་ འབྱོར་ཁྲོམ་རར་ཕན་པའི་ཐོན་རྫས་ལས་སྣོན་དང་།གཉིས་ནས་འཁོར་ཡུག་སྲུང་སྐྱོབ་ལ་ཕན་ པ་དང་ལྷག་དོན་དུ་བཙན་བྱོལ་བོད་མིར་གཏན་འཇགས་ཅན་གྱི་དཔལ་འབྱོར་ཐོན་ཁུངས་འཛུགས་སྐྲུན་བྱེད་པར་སྲིད།

ཅ། ཚོང་ལས་ཞབས་ཞུའི་སྡེ་ཚན་གསར་འཛུགས།

བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་དམིགས་གསལ་ཚོང་ལས་ ཞབས་ཞུའི་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ།རྒྱ་བལ་འབྲུག་གསུམ་ནང་རྟེན་གཞི་བྱས་ ཡོད་པའི་བཙན་བྱོལ་བོད་མི་སྒེར་བའི་ཚོང་ལས་ཡར་རྒྱས་དང་གོང་འཕེལ་ཡོང་ཆེད།
༡  ཚོང་ལས་དོ་དམ་སྐོར་གྱི་སྦྱོང་བརྡར་འཛིན་གྲྭ་བཙུགས་ཏེ། ཁྲོམ་ར་བདག་གཉེར་དང་ཚོང་རྫས་ཕྱིར་གཏོང་ནང་འདྲེན(Logistic)ཚོང་རྫས་འཁོར་ རྒྱུགས། རྩིས་ཁྲལ་རིག་པ་ལ་སོགས་ཚོང་ལས་ཐད་ཀྱི་རྒྱུན་མཁོའི་ཤེས་བྱ་ངོ་སྤྲོད་བྱེད་རྒྱུ།
༢  དམིགས་གསལ་ཚོང་ལས་ཞབས་ཞུའི་སྡེ་ཚན་དེས་བཙན་བྱོལ་བོད་མི་གང་ཟག་ སྒེར་བ་ཚོང་ལས་གཉེར་མཁན་ཚོར་ཚོང་ལས་ཐོག་འཕྲད་བཞིན་པའི་དངོས་ཡོད་དཀའ་ངལ་ ལམ་དགོས་མཁོ་ལྟར་ཞབས་ཞུ་ཞུ་རྒྱུ། དཔེར་ན།ཚོང་ལས་ཐད་ཀྱི་ཡིག་ཆ་སོགས་ཡིག་བསྒྱུར་ དང་རྩིས་ཁྲལ་ཐད་རོགས་རམ།དངུལ་རྩིས་བྱུང་སོང་ཐད་དབྱེ་ཞིབ།ཚོང་ལས་ཐད་ཁྱབ་ བསྒྲགས་དང་ལམ་སྟོན་བཅས་ཀྱི་རོགས་རམ་ཞུ་རྒྱུ།ཡིན་ན་ཡང་སྡེ་ཚན་འདིས་ཚོང་ལས་ཐད་ ཚོང་དོན་ཤེས་བྱ་དང་འབྲེལ་བའི་ཞབས་ཞུ་ཁོ་ན་ལས་མ་དངུལ་ཐད་རོགས་སྐྱོར་སྐར་མ་གང་ཡང་བྱེད་མི་རུང་།

མུ་མཐུད་ནས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 4

  1. མི་ཆུང་། says:
    ལོ་ 15 སྔོན།

    བཙན་བྱོལ་གྱི་ལོ་ངོ་ལྔ་བཅུའི་ནང་རིམ་པར་བྱུང་བའི་བཀའ་ཁྲིའི་ནང་ནས། བླ་མ་ཟམ་གདོང་ཚང་ནི། དཔལ་འབྱོར་དང་ཤེས་ཡོན། གཞུང་གི་སྒྲིག་འཛུགས་ལ། བསྒྱུར་བཅོས་ཏེ་ལེགས་བཅོས་བྱེད་པོ་གཙོ་བོ་དེ་ཆགས་ཡོད། གཞུང་འཛིན་སྐྱོང་གི་ཐད་ནས་ཀྱང་གཟེངས་སུ་ཐོན་པའི་འགྲུབ་འབྲས་བྱུང་ཡོད།

    ཁོང་ཡན་ཆད་ཀྱི་བཀའ་བློན་སུ་ཞིག་ལ་ཡང་རང་ཉིད་ཀྱིས་རྩལ་དུ་བཏོན་པའི་འབྲས་བུ་འདི་ཡིན་ཞེས་མཛུབ་མོ་འཛུགས་ས་གཅིག་ཀྱང་མེད།

    ལྷག་དོན་ཁོང་བཀའ་ཁྲིར་སླེབས་པའི་ཉིན་དེ་ནས། ༸གོང་ས་མཆོག་ལ་ཉིན་ཕྱེད་ཀ་ལྷག་ཙམ་སྐུ་ལྷོད་ལྷོད་དང་། འགྲོ་བ་མི་ཐུན་མོང་གི་བདེ་དོན་ཐོག་རླབས་ཆེན་གྱི་མཛད་འཕྲིན་སྐྱོང་རྒྱུ་བྱུང་ཡོད།

    Reply
  2. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    དཔལ་འབྱོར་དང་ཚོང་ལས། བཟོ་ལས་སོགས་ཀྱི་ཐད་ལ་འཐུས་ཤོར་དང་ལེགས་བཅོས་མང་པོ་ཞིག་གནང་དགོས་པ་དང་། སྟོང་ཆ་མང་པོ་ཞིག་ཡོད་པ་དངོས་འབྲེལ་རེད།
    ཡིན་ནའང་། ཟམ་གདོང་རིན་པོ་ཆེའི་བཀའ་བློན་སྐབས་ལ་འདི་ཙམ་ཡིན་པ་ཐག་ཆོད་སོང་། བཀའ་བློན་གསར་པ་ཚོར་ང་ཚོས་རེ་བ་བྱེད།

    Reply
  3. ཐོ་རེངས། says:
    ལོ་ 15 སྔོན།

    ཁྲ་ཡག་གཟིག་གི་རྔ་མ་སྦྲུལ་ལ་འཁྲུལ། །
    ཁྱི་ཀུ་ཁྲ་བོའི་རྗེས་འདེད་བྱེད་སྣང་ཤར། །
    གཅན་གཟན་མཆེ་སྡེར་རྣོན་པོ་མ་མཐོང་བར། །
    སྐོར་རྒྱུགས་རྗེས་སུ་འབྲངས་བ་སུ་ཡིས་འགོག །

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    སེམས་ཁུར་བླངས་པར་ཐུགས་རྗེ་ཆེ། བསམ་ཚུལ་དོན་དངོས་ཀྱི་ལག་ལེན་ལ་འབྱོར་མིན་གང་ཡིན་རུང་སྤྱི་ཚོགས་ཁྲོད་དུ་སྤེལ་རྒྱུ་གལ་ཆེ། འཐུས་ཚང་མིན་པའི་བསམ་ཚུལ་སྣ་ཚོགས་ལས་འཐུས་ཚང་གི་བསམ་ཚུལ་གཅིག་བསྡུ་མི་ཐུབ་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese