མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྡེ་དྲུག་ཁྲི་འདོན་མཛད།

བོད་ཀྱི་དུས་བབ།
༢༠༡༠/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢ ཉིན་པཎ་ཆེན་རྒྱལ་མཚན་ནོར་བུས་ངོས་འཛིན་བྱས་པའི་སྡེ་དྲུག་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཤེས་རབ་དཔལ་ལྡན་ཞུ་བ་ཁོང་ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་སྒྲ་འུར་དགོན་པ་རུ་ཁྲི་འདོན་མཛད་ཡོད་འདུག

སྡེ་དྲུག་སྐུ་ཕྲེང་དྲུག་པ་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངག་བཀོལ་ལྟར། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མི་ནེའི་སྐུ་མདུན་དུ་ཕྱི་ཟླ་ ༧ ཚེས་ ༤ ཉིན་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱས་པ་ཞིག་ཡིན་ཞིང་། གནས་ཚུལ་འདིའི་སྐོར་རྒྱ་གཞུང་གིས་བསྒྲགས་པའི་ནང་། སྡེ་དྲུག་སྐུ་ཕྲེང་ལྔ་བ་ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༣ ཚེས་ ༡༡ ཉིན་ལྷ་སར་སྐུ་གཤེགས་རྗེས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི ༼ བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་དོ་དམ་བྱ་ཐབས ༽ གཞིར་བཟུང་ཚོགས་ཆུང་བཙུགས་ཏེ། ཐུགས་བརྟག་དང་རྩིས་འབྲས། མཚོ་གཟིགས་སོགས་ཀྱི་ལུང་བསྟན་ལྟར། ལྷོ་ཁ་དང་ལྷ་ས། གཞིས་རྩེས་སོགས་རྫོང་ཁག་ ༡༨ དང་། ཞིང་གྲོང་ ༩༢ ཀྱི་གྲོང་ཚོ་ ༧༢༠ ཙམ་ལ་གསང་བའི་བརྟག་དཔྱད་བརྒྱུད་བྱིས་པ་བློ་རིག་བཀྲ་བ་ ༢༥ ཙམ་བདམས་ཤིང་། དེ་དག་ལ་སྐུ་གོང་མིའི་སྐུ་ཆས་ངོས་འཛིན་དང་། མཚོ་གཟིགས་ཀྱི་རྟགས་དང་མཚན་མར་ཞིབ་བསྡུར་བྱས་མཐར་ལྷ་ལྡན་གཙུག་ལག་ཁང་དུ་གསེར་བུམ་དཀྲུགས་ཏེ་ཐག་གཅོད་བྱུང་། ཞེས་བཀོད་འདུག

པཎ་ཆེན་རྒྱལ་མཚན་ནོར་བུས་སྡེ་དྲུག་སྐུ་ཕྲེང་དྲུག་པ་ངོས་འཛིན་བྱས་པའི་སྐོར་ལ་ཕྱི་ཟླ་ ༧ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཆོས་རིག་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། བོད་པའི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་དེ་བླ་སློབ་དང་གདན་སའི་ལས་སྣེ་སོགས་ཀྱིས་སྤྲུལ་སྐུ་རང་ཉིད་ཀྱིས་སྔོན་གནས་རྗེས་དྲན་གྱི་དན་རྟགས་དང་། མངོན་ཤེས་ཅན་གྱི་བླ་མ་ལྷ་སྲུང། ཡང་ན་ཆོས་ཕྱོགས་ཀྱི་བརྟག་དཔྱད་བརྒྱུད་འཚོལ་དགོས་པ་ལས་སྲིད་གཞུང་སོགས་ཀྱི་ལས་འགན་ཞིག་མིན་སྐོར་དང་། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་དམིགས་ཡུལ་གཙོ་བོ་སྤྲུལ་སྐུ་དག་བརྒྱུད་དེ། བོད་དབང་སྒྱུར་བྱ་རྒྱུའི་ཕུགས་རེ་བཅངས་ཡོད་པ་དང་། གསེར་བུམ་དཀྲུགས་ཏེ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པ་ནི། སྐབས་སོ་སོའི་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ཏེ་ཐག་གཅོད་བྱ་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་བསྒྲགས་ཡོད།  

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 8

  1. བསེ་རུ། says:
    ལོ་ 16 སྔོན།

    “ཁ་སང་ཕྱི་ཚེས་ ༢ ཉིན་པཎ་ཆེན་རྒྱལ་མཚན་ནོར་བུས་ངོས་འཛིན་བྱས་པའི་སྡེ་དྲུག་སྐུ་ཕྲེང་དྲུག་པ་འཇམ་དབྱངས་ཤེས་རབ་དཔལ་ལྡན་ཞུ་བ་ཁོང་ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་སྒྲ་འུར་དགོན་པ་རུ་ཁྲི་འདོན་མཛད་ཡོད་འདུག ”
    ཚིག་དུམ་འདིའི་ཁྲོད་ཞིབ་པར་གཟིགས་དང་། འདི་ནི་དུས་བབ་གསར་འགྱུར་ཁྲོད་ནས་ཐད་ཀར་པར་བཤུས་བརྒྱབ་པ་ཡིན། འདིའི་ནང་”ལྷ་ས་ལྷོ་ཁ་ལྷུན་རྩེ་རྫོང་”ཞེས་བྲིས་འདུག་དང་མི་འདུག ད་དུང་གསར་ཤོག་གཞན་དང་གཞན་ངས་འདིར་དཔེ་མཚོན་དུ་དྲངས་འདོད་མི་འདུག ཚང་མས་འདི་རིགས་ངག་ནས་གསུངས་ཀྱི་ཡོད་ཀྱང་ཡིག་ཐོག་འདི་ལྟ་བུ་བེད་སྤྱོད་གནང་ན་གང་འདྲ་ཡོང་ས་རེད་དམ།

    Reply
  2. ཐོ་རེངས། says:
    ལོ་ 16 སྔོན།

    ད་ནས་བཟུང་བོད་ནང་ནས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་རྣམས་ནི་རྒྱ་མིའི་ཆོ་འཕྲུལ་དང་།
    རྒྱ་བལ་སོགས་ཕྱིའི་རྒྱལ་ཁབ་ཁག་ནས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ཚོ་ནི་རང་ཉིད་ཀྱི་ཆོ་འཕྲུལ་ཞིག་རེད།
    བོད་ནང་ནས་སྤྲུལ་སྐུའི་མིང་ཙམ་མེད་མཁན་ཁ་ཤས་ལོ་ན་ཡང་སུམ་བཅུ་དང་བཞི་བཅུར་སླེབ་ཡོད་པའི་བླ་རྒན་དང་གྲྭ་རྒན་མང་པོས་རྡ་ས་ནས་སྤྲུལ་སྐུའི་མིང་རགས་ཐབས་བྱས་དེ་བྱ་བ་འདྲ་མིན་སྣ་ཚོགས་བྱེད་བཞིན་པ་ཐོས་བྱུང་།

    Reply
  3. ཐོས་དགའ། says:
    ལོ་ 16 སྔོན།

    ད་དངོས་གནས་བླ་མ་རྫུས་མས་བླ་མ་རྫུས་མ་ངོས་འཛིན་བྱས་ཏེ་བླ་སྤྲུལ་རྫུས་མས་ས་སྟེང་ཁེངས་ས་རེད།

    Reply
  4. སེང་ཆུང་། says:
    ལོ་ 16 སྔོན།

    རྫུན་མས་རྫུན་མ་རྫུན་མའི་ཁྲི་ལ་བཞག །
    རྫུན་མའི་ཐབས་ཀྱིས་བཅིངས་པའི་རྫུན་མའི་གཞུང་། །
    རྫུན་ལ་དགའ་བའི་རྒྱ་མར་འདྲེ་ཚང་དེ། །
    རྫུན་མའི་ལས་ཀྱིས་རྫུན་མའི་དམྱལ་་བར་རྫོངས། །

    Reply
  5. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    སྲིད་གཞུང་རྫུན་མས་བླ་མ་རྫུན་མ་བཙལ༎
    བླ་མ་རྫུན་མས་ཡང་སྲིད་རྫུན་མ་བདམས༎
    འདི་དང་འདི་འདྲའི་གངས་ཅན་བོད་པ་རྣམས༎
    ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ཉེན་འདུག །

    བོད་པའི་མི་ཡིས་བོད་ས་མ་ཟིན་དུས༎
    རྒྱ་ནག་དམར་པོའི་བཀའ་རྒྱ་རེ་རེའི་འོག །
    རྩི་རྩི་ར་མ་ཆར་པས་དེད་པ་བཞིན༎
    དེ་ཡིས་འོག་ཏུ་མ་འཛུལ་བྱ་ཐབས་མེད༎

    Reply
  6. ཐོ་རེངས། says:
    ལོ་ 16 སྔོན།

    ད་ནས་བཟུང་བོད་ནང་ནས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་རྣམས་ནི་རྒྱ་མིའི་ཆོ་འཕྲུལ་དང་།
    རྒྱ་བལ་སོགས་ཕྱིའི་རྒྱལ་ཁབ་ཁག་ནས་སྤྲུལ་སྐུ་ངོས་འཛིན་བྱེད་མཁན་ཚོ་ནི་རང་ཉིད་ཀྱི་ཆོ་འཕྲུལ་ཞིག་རེད།
    བོད་ནང་ནས་སྤྲུལ་སྐུའི་མིང་ཙམ་མེད་མཁན་ལོ་ན་ཡང་སུམ་བཅུ་དང་བཞི་བཅུར་སླེབ་ཡོད་པའི་བླ་རྒན་དང་གྲྭ་རྒན་མང་པོས་རྡ་ས་ནས་སྤྲུལ་སྐུའི་མིང་རགས་ཐབས་བྱས་དེ་བྱ་བ་འདྲ་མིན་སྣ་ཚོགས་བྱེད་བཞིན་པ་ཐོས་བྱུང་།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མི་རྫུན་མས་པཎ་ཆེན་རྫུས་མ་བསྐོས། །
    པཎ་ཆེན་རྫུན་མས་སྡེ་དྲུག་རྫུན་མ་བདམས། །
    སྡེ་དྲུག་རྫུན་མས་གཞན་ཞིག་འདེམས་དུས་དཀའ། །
    ཐམས་ཅད་དོ་རྒྱལ་འཁོར་དུ་སྐྱེ་བར་ངེས། །

    ཨ་ཁ་ཁ་ང་ཚོའི་བོད་མིའི་ལས་དབང་འདི་ཅི་དྲག

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༼ སྡེ་དྲུག་སྤྲུལ་སྐུའི་ལོ་རྒྱུས་གནད་བསྡུས། ༽
    དགའ་ལྡན་ཁྲི་ཐོག་དོན་དྲུག་པ་སྡེ་དྲུག་ཧོ་ཐོག་ཐུ་སྐུ་ཕྲེང་དང་པོ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག འཁྲུངས་ཡུལ་རྒྱལ་རོང་ཡིན་ཞིང་། སྐུ་གཞོན་ནུའི་དུས་སུ་འབྲས་སྤུངས་བློ་གསལ་གླིང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་ཐོག་གཞུང་ཆེན་སློབ་གཉེར་ལེགས་པར་གྲུབ་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་དང་དེ་ནས་རྒྱུད་སྨད་དུ་ཞུགས་ཏེ། གསང་སྔགས་ཀྱི་སློབ་གཉེར་དང་གསན་བཞེས་རྒྱ་ཆེར་མཛད། རིམ་བཞིན་བླ་མ་དབུ་མཛད་དང་། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། རབ་བྱུང་བཅུ་བཞི་པའི་ཆུ་གླིང་ ༡༨༥༣ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ། ཁྲི་ལོ་བདུན་རིང་གི་མཛད་སྒོ་རྣམས་ལེགས་པར་གྲུབ་ནས་ཟུར་བཞུགས་གནང་མུས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས།
    རབ་བྱུང་བཅུ་བཞི་པའི་ཤིང་བྱི་ ༡༨༦༤ ལོར་ཡོངས་འཛིན་ཁྲི་ཟུར་མཁྱེན་རབ་དབང་ཕྱུག་ལ་གནས་སྐབས་རིང་སྲིད་སྐྱོང་གི་ལས་དོན་གནང་རྒྱུའི་སྐོར་སོགས་བོད་བཞུགས་ཨན་བན་གྱིས་ཐག་གཅོད་བྱས་ཐོག གོང་མ་ཐུང་ཁྲི་ལ་སྙན་ཞུ་ཕུལ་བ་བཞིན་རབ་བྱུང་བཅུ་བཞི་པའི་ཤིང་གླེང་ ༡༨༦༥ ལོར་སྲིད་སྐྱོང་ངོ་མའི་ཆོ་ལོ་དང་སྦྲགས་བསྐོ་གཞག་གནང་དོན་ལྟར། ལོ་བདུན་རིང་སྲིད་སྐྱོང་གནང་ཞིང། ལོ་ངོ་དྲུག་སོང་བའི་ལྕགས་ལུག་ ༡༨༧༡ ལོར་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་དང་། བཤད་སྒྲ་བཀའ་བློན་ཚེ་རིང་དབག་ཕྱུག་མཉམ་འབྲེལ་ཐོག་བསླངས་པའི་དགའ་ལྡན་ཟིང་འཁྲུགས་ཟེར་བ་བྱུང་། དེར་ས་གནས་སྲིད་གཞུང་གིས་དྲག་གནོན་བྱས་རྗེས། དེའི་ཕྱི་ལོར་སྲིད་སྐྱོང་སྡེ་དྲུག་རིན་པོ་ཆེ་ཉིད་ཀྱང་སྐུ་གཤེགས། དེའི་རྗེས་སྐུ་ཕྲེང་རིམ་པར་བྱུང་བ་སྡེ་དྲུག་ཧོ་ཐོག་ཐུ་ཞུ་བ་དེ་ཡིན། ཁྲི་ཆེན་འདིའི་ལོ་རྒྱུས་སྐོར། འབྲེལ་ཡོད་བླ་མ་ཁག་གི་རྣམ་ཐར་ནས་ཟུར་ཙམ་ལས་མི་གསལ་ཞིང་། དེ་མིན་ལོ་རྒྱུས་ཡིག་ཆ་གཞན་དག་མ་རྙེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese