གཉའ་འབྲོང་ཐུ་བུའི་ཟིན་བྲིས་ལས་བཤུས།
བཀུར་བར་འོས་པའི་བཀའ་ཁྲི་དང་། བོད་མི་མང་གི་འཐུས་ཚབ་ཉན་པའི་འཐུས་མི་འདེམ་བསྐོའི་བྱ་འགུལ་བསླེབ་ལ་ཉེ་བའི་སྐབས་འདིར། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་བོད་མི་སུ་ཡིན་ཡང་ཁ་ཞིག་གྲག་ན་དོན་ཞིག་གོ་རྒྱུ་ཡོད། བདག་ལྟ་བུ་ལ་མཚོན་ན། ད་རེབ་ལས་ཀ་དེའི་སྔ་གཞུག་ཚང་མ་ཚགས་ཚུད་པོ། མི་མང་གི་འདོད་བློ་དང་འཚམ་པ། རྗེས་མར་འགྱོད་མི་དགོས་པ་ཞིག་ཡོང་ན་བསམ་པའི་རེ་བ་ཙམ་ལས་དེ་ལ་ནུས་པ་འདོན་ཐུབ་པའི་དབང་ཚད། ཆབ་སྲིད་ཀྱི་ཀླད་པ་མྱུར་མོ་དེ་འདྲ་གང་ཡང་མེད། ཡིན་ནའང་། རང་ཉིད་བོད་མིའི་ངོ་བོར་གྲུབ་ཚར་བ་དང་། སྐྱབས་བཅོལ་བའི་གྲས་ལ་འཚང་ཡོད་པ། ༧ གོང་ས་མཆོག་གི་དགུང་ནའི་བབ། ད་ལྟའི་བོད་མི་རིགས་ཀྱི་འཇིག་ཉེན་སོགས་ཕྱོགས་ཡར་མར་ལ་བསམ་བློ་བཏང་ན། སེམས་ན་ནད་མེད་ཀྱང་གཏིང་ཞིག་ནས་ན་ཟུག་ལང་གི་འདུག
འདས་པའི་ལོ་རྒྱུས་དང་། རྒྱ་ནག་གི་ཆབ་སྲིད། ད་ལྟའི་བོད་ཀྱི་གནས་བབ་དང་། ཆོས་དང་ཆབ་སྲིད་ཀྱི་གནད་དོན། མི་མང་གི་རྣ་ལམ་གྱི་གྲྭ་བའི་གཡོ་འགུག་རང་བཞིན་གྱི་སྐད་ཆ། སྲིད་དོན་ཁ་ལ་འཁྱེར་བའི་གྲྭ་བའི་གྲངས་འབོར་སོགས་སྔ་འདང་ཕྱི་འདང་མང་པོ་བརྒྱབ་ན། ད་རེབ་འདམ་ག་མ་ནོར་བ་བྱེད་རྒྱུ་ནི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་བོད་རྒྱ་ཆེས་མི་མང་གི་ཕྲག་ཏུ་བབ་འདུག
མ་གཞི་ནས་ང་ཚོས་ཅི་ཞིག་རྩོད་ཀྱིན་ཡོད། ཅི་ཞིག་མ་ལོན་པར་ཡོད། ཆོས་རྩོད་ཀྱིན་ཡོད་དམ། སྲིད་རྩོད་ཀྱིན་ཡོད། ཆོས་མ་ལོན་པར་ཡོང་ངམ། སྲིད་མ་བརྟན་པར་ཡོང་། དེ་ལ་མི་མང་གིས་བསམ་བློ་གཏོང་དགོས་བསམ། ཆོས་མ་ལོན་པར་ཚོས་རྩོད་ཀྱིན་ཡོད་ན་བཀའ་ཁྲི་དང་སྤྱི་འཐུས་ལ་བླ་མ་གྲྭ་བ་འོས་བླུགས་རོགས་གནོངས་དང་། བོད་ཀྱི་གྲྭ་བས་མི་ཚེ་གང་ལ་ཆོས་བརྩད་པས་ཆོས་རྩོད་རྒྱག་ཤེས་ཀྱི་རེད་ལ། ཆོས་ལེན་ཡང་ཤེས་ཀྱི་རེད་སྙམ། སྔོན་ཆད་ཀྱང་ཆོས་མང་པོ་བླངས་མྱོང་ཞིང་དར་ཡང་མྱོང་། སྲིད་རྩོད་ཀྱིན་ཡོད་ན་གྲྭ་བས་ནམ་ཡང་སྲིད་རྩོད་མི་ཤེས་ལ། སྲིད་རྩོད་ཁུལ་ཙམ་བྱེད་པ་དེར་ཡང་དམིགས་ཡུལ་གཞན་ཞིག་ཡོད་ངེས་ཡིན།
བསམ་བློ་ཞིག་ཐོངས་དང་། ཕྱིང་བ་འདྲ་ས་ན་སྡེར་མོ་ཅན་ལ་ལས་ཀ་མེད་པའི་གནས་ལུགས་འདི་ཙམ་བོད་མི་མང་གིས་ཤེས་དགོས་པ་ཞིག་མ་རེད་དམ། ༧ གོང་ས་མཆོག་གིས་ང་ཚོར་སྲིད་རྐམ་པོ་ཞིག་ཡིན་ན་འབད་བརྩོན་དེ་འདྲ་གནང་མི་འདོད་པའི་གོ་བརྡ་བརྒྱབ་མེད་དམ། མི་མང་ལ་གོ་རྟོགས་སྐྱོ་དྲགས་པ་ཡིན་ནམ། ང་ལ་ཚོར་རྟོག་རྣོ་དྲགས་པ་གང་ཡིན་མི་ཤེས་ཀྱང་གསུང་སྐད་འདི་བསྐྱར་ཟློས་ཤིག་བྱེད་དགོས་ཆགས་སོང་། བོད་མི་མང་མགོ་རྨོངས་སོང་བ་དང་། གྲྭ་རྒན་ཚོ་སྐབས་འཚོལ་ལ་མཁས་སོང་བས་བོད་མི་མང་གིས་གནའ་ནས་བཟུང་གྱོང་ཞིག་རེག་སོང་སྙམ་པའི་བློ་ཕམ་དང་ཡིད་འགྱོད་སྐྱེ་མྱོང་བ་ནི་གཅིག་བྱས་ན་ང་རང་གི་སྡུག་གྱོང་ཡིན་ཡང་སྲིད།
ཆོས་ཀྱི་བསླབ་བྱས་སྲིད་སྤོང་ཐབས་དང་། དགྲ་གཉེན་ཀུན་ལ་མའི་འདུ་ཤེས་འཛིན་སྟངས་ཀྱི་བག་ཆགས་དེས་མ་བསླད་པའི་གྲྭ་བ་ཞིག བཀའ་ཁྲི་དང་སྤྱི་འཐུས་ལ་བསླེབ་མི་ཐུབ། དེ་ནི་ཤེས་ཡོན་འདེམ་སྟངས་ལས་གྲྭ་བ་ཆོས་ཕྱོགས་ལ་མཁས་པ་ཞིག་ལས་མི་མང་གིས་འདེམ་རྒྱུ་མེད་པས་རྒྱུ་མཚན་ལ་ཐུག་ཡོད། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་མའི་འདུ་ཤེས་དང་། སྲིད་སྤང་བྱར་ལྟ་བའི་གྲྭ་བ་སུ་འདྲ་ཞིག་བཀའ་ཁྲི་དང་སྤྱི་འཐུས་ལ་བསླེབ་ནའང་སངས་རྒྱས་ཨ་མའི་རོ་ཐོག་ལ། དགེ་འདུན་ཨ་མའི་རོ་ཡིན་པ་སྨོས་ཅི་དགོས།
མི་རིགས་བྱེ་བྲག་པ་ལ་རིགས་ཞེན་གྱི་འདུ་ཤེས་མེད་པ་དང་། རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཉག་ཕྲ་བའི་གྲྭ་བ་དེ་དག་གིས་མི་རིགས་བྱེ་བྲག་པའི་རང་དབང་ལ་དེ་ཙམ་མཐོང་ཆེན་བྱེད་སྲིད་དམ། དེ་ཙམ་ནུས་པ་འདོན་ཐུབ་བམ། དེ་ལའང་ཁོང་ཚོར་རྒྱུ་རྐྱེན་མེད་པ་ག་ལ་ཡིན་ཏེ། དེ་ནི་ཁོང་ཚོའི་ཚེ་འདི་དང་ཕྱི་མ་གཉིས་ལས་ཕྱི་མ་གལ་ཆེ་ཚུལ་དང་། ཕུགས་རྒྱང་རིང་ཚུལ་གྱི་ལྐོག་གྱུར་གླེང་བའི་གཞུང་ལུགས་ལས། རྒྱ་ཆེ་བ་དང་ གྲངས་མང་བའི་སྲོག་ལྡན་ཀུན་པོས་ད་ལྟའི་མ་བཞིན་བྱམས་པས་བསྐྱངས་ཚུལ་གྱི་བག་ཆགས་དེས་ཡོངས་སུ་ཟིན་ཡོད་པས་ཡིན། ཆོས་པ་ཞིག་གི་ངོས་ནས་གླེང་ན་དེ་ནི་ངེས་པར་ཡོད་དགོས་པའང་ཡིན་མོད། འུ་ཆག་གི་འཚོ་གནས་ཙམ་པོ་བ་འདི་བསྐྱར་འཛུགས་བྱེད་པ་ལ་ཁ་གཏད་ངོ་མ་དེ་ཆགས་ཡོད།
བོད་མི་མང་གིས་བསམ་བློ་ཞིག་ཐོངས་དང་། ཕྱོགས་ངོས་གཞན་ཏེ། ལས་རིགས་ཀྱི་ཆ་ནས་ང་ཚོས་བསྒོ་བྱ་ཞིག་བརྒྱབ་ན་སྲིད་ཀྱི་ལས་རིགས་འདི་གྲྭ་བའི་གཉེར་བྱ་ཞིག་ཡིན་ནམ་ཁྱིམ་པའི་གཉེར་བྱ་ཞིག་ཡིན། བདག་གིས་ད་བར་དུ་ནང་ཆོས་ལ་སློབ་སྦྱོང་ཅུང་ཟད་བྱས་པའི་འབྲས་རྟགས་སུ་ཆོས་དང་སྲིད་གཉིས་ནི་ལམ་དང་ལུགས་སྲོལ་ཁ་ཁ་ཡིན་པའི་འདུ་ཤེས་རྙེད་སོང་ལ། གྲྭ་བས་སྲིད་ལ་ཐེ་གཏོགས་བྱེད་པ་ནི་གཞན་གྱི་ངོ་བསྲུང་དང་། རང་གི་མཚན་སྙན། ཐོབ་ཆོག་ཆོག་གི་ཁེ་སྤོག་སོགས་ཀྱི་ཆེད་ཡིན་པའང་རྟོགས་སོང་། ངས་ནམ་རྒྱུན་གྲྭ་བས་ཆོས་རྩོད་སྒྲུབ་བྱེད་སྟངས་དང་། སྲིད་རྩོད་སྒྲུབ་བྱེད་སྟངས་ལ་དོ་སྣང་བྱེད་མྱོང་། ཁོང་ཚོས་སྲིད་རྩོད་སྒྲུབ་བྱེད་དུས་སྒྱིད་ལུགས་དང་སྣང་ཆུང་འབའ་ཞིག་བྱེད་ལ། དེ་ནི་ལས་ཞོར་ཙམ་ལ་བརྩིས་ཤིང་འཐུས་ཤོར་ལ་སོང་ནའང་བློ་འགྱོད་གཏན་ནས་མི་བྱེད། དེ་ནི་གྲྭ་བ་ལ་སྲིད་རྩོད་སྒྲུབ་ཀྱི་སེམས་ཁམས་མེད་པས་ཡིན། ཆོས་རྩོད་སྒྲུབ་བྱེད་དུས་རྣམ་རིག་གསལ་ཞིང་ཧ་ཅང་གྲུང་ལ་འུ་ཅག་གི་འཚོ་གནས་གླེང་མྱོང་བའི་མི་བུ་གང་མང་ཞིག་ལ་མི་འབབ་པའི་སྐད་ཆ་མང་དག་བཤད་ཡོད་ལ་ཕོག་ཐུག་ཀྱང་བཏང་ཡོད། དེ་ཙམ་མ་ཟད་ཆོས་རའི་ནང་དུ་ཁས་ལེན་ཙམ་དཀྱོག་ནའང་ཁོ་མཁས་ང་མཁས་མང་པོས་གཟན་སྐེད་ལ་དཀྲིས་ཏེ་གཅིག་ཤོར་གཉིས་ཤོར་བྱེད་ཀི། འདི་ནི་བོད་ཀྱི་གྲྭ་བས་གནའ་ནས་ད་བར་ཆོས་སྲིད་གཉིས་ལ་གལ་ཆེ་ཆུང་དང་། དམན་མཆོག་བཀར་བའི་བག་ཆགས་འཇོག་སྟངས་ཤིག་གོ། །
བོད་ཀྱི་སྲིད་དོན་ལ་དཀའ་ལས་རྒྱག་མཁན་དང་སེམས་ཤུགས་ཅན། ལྷག་བསམ་ཆེ་བའི་བླ་གྲྭ་རེ་ཟུང་འདུག་མོད་དེ་ཙམ་གྱིས་བོད་ཀྱི་གྲྭ་བ་སྤྱིའི་ཚབ་མཚོན་བྱེད་མི་ཐུབ། ངས་བཀའ་ཁྲིར་འདི་དང་གན་འོས། སྤྱི་འཐུས་ལ་དེ་དང་ཁོ་འཚམ་ཞེས་མ་བཤད་ཀྱང་བོད་ཀྱི་སྲིད་དོན་སྡེ་ཁག་ལ་གྲྭ་རྒན་ཚོ་ལག་འཐེན་བྱས་ན་ཁབ་རྩེ་གཉིས་ཀྱིས་བཟོ་མི་ཡོང་བ་དང་། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་པའི་དཔེ་ལྟར་དེ་ཚོས་ཆོས་སྲིད་གཉིས་ཀའི་གནད་དོན་གླེང་མི་ཕོད་པར་ཆོས་སྲིད་ཟུང་འབྲེལ་གྱི་རྨུ་ཐག་རབ་རིབ་པོ་འཐེན་ཏེ་ང་ཚོ་ད་དུང་གྱི་ནར་ལྷག་རྒྱུ་ཡིན་པ་གདོན་མི་ཟའོ། །
གཉའ་འབྲོང་དང་འབུར་ཐོ་སོགས་ལ་ཞུ་རྒུར། ང་ཆོས་པ་ཡིན་ང་ལ་སེམས་བཟང་པོ་ཡོད་ཅེས་བསྡད་ན་རྒྱལ་ཁབ་སྲུང་མི་ཐུབ་པ་བདེན་པ་རེད། རྒྱལ་ཁབ་སྲུང་སྐྱོབ་ཀྱི་ལས་ཁུར་བླངས་ན་དམག་རྒྱག་དགོས་པ་དང་མི་གསོད་དགོས་པ་སྲིད་པས་རྐུབ་སྟེགས་ཐོག་གི་དཔོན་པོ་ཚང་མ་སྡོམ་པ་མི་སྲུང་མཁན་ཡིན་དགོས་ཟེར་ན་ཨུ་ཚུགས་ལས་གནས་ལུགས་ཤིག་ཏུ་མཐོང་གི་མི་འདུག ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོས་འཛམ་གླིང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་ཞི་བདེ་དང་མཐུན་སྒྲིལ་གྱིས་ཕྱུག་ཅིང་དམག་འཁྲུག་མེད་པའི་དུས་རབས་ཞིག་དགོས་པའི་དགོངས་གཞི་བསྒྱགས་ཀྱང་དེ་ལ་རྒྱབ་སྐྱོར་དང་གུས་བརྩི་འཐོབ་བཞིན་པའི་སྐབས་འདིར་གང་གི་རྗེས་འཇུག་ཏུ་ཁས་འཆེ་བ་འགས་དམག་རྒྱག་དགོས་ཚུལ་དང་དྲག་ཤུགས་དང་དམག་ཤུགས་མེད་ན་རྒྱལ་ཁབ་སྲུང་མི་ཐུབ་པའི་ལྟ་ཚུལ་འདོན་བཞིན་དྲང་བདེན་ཡིན་མདོག་མདོག་བྱེད་པ་དེ་ཡ་མཚར་དང་དགོད་བྲོ་བ་ཞིག་ཀྱང་རེད། ཡིག་ནོར་ཡོད་ན་སྐྱོན་དུ་བརྩི་རོགས་རིག་གཞུང་སྲུང་སྐྱོབ་ལ་དམིག་བསལ་གཏོང་ས་ཞིག་ཡོད་མི་སྲིད། མཆན་དང་པོ་མགྱོག་པོར་བཏགས་པས་ཡིག་ནོར་ཁ་ཤས་འདུག དགོངས་དག་ཞུ།
ཉི་མ་ལགས་ཀྱིས་ཡང་བསྐྱར་ཁ་གསལ་དུ་བཏང་ནས་གསུངས་པར་དགའ་བོ་བྱུང་། དུས་རབས་ཉེར་གཅིག་པ་ཇི་ལྟར་ཡིན་ཀྱང་། ཁྱེད་རང་ཆོས་པ་ཞིག་གི་ངོས་ནས་བཤད་ན་དེ་འདྲའི་བསམ་བློ་འཁོར་སྲིད་ཀྱི་རེད། འོན་ཀྱང་ངའི་བསམ་བློ་འདི་ཡག་པོ་ཞིག་ཡིན་ཞེས་བཞུགས་པ་ཙམ་གྱིས་རྒྱལ་ཁབ་ཅིག་སྐྱོང་ཐབས་མེད་པའི་གནད་དོན་འདི་ང་ཚོས་ཤེས་དགོས། དེ་མིན་ལན་ཆ་ཚང་ངའི་རྩོམ་ཡིག་དང་མཆན་གཞན་དག་ད་དུང་དྲ་གྲོགས་འབུར་ཐོའི་བསམ་ཚུལ་སོགས་ཀྱིས་འཐུས་འདུག་པས་བསྐྱར་ཟློས་མ་བྱས་ལ་ཡིག་ནོར་མི་ཉུང་བ་ཞིག་འདུག་མོད་སྐྱོན་དུ་བརྩིས་མེད་དོ།།
རི་བོང་ལགས་ཡང་བསྐྱར་ཕེབས་པར་དགའ་བོ་བྱུང་། ཡིན་ནའང་། ངས་སྔོན་ཆད་ཅིག་ལ་དྲ་གྲོགས་ཤིག་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། མི་ལ་ལན་འདེབས་བྱེད་པ་ལ་མིའི་སྐད་ཆའི་དོན་ཧ་གོ་ནས་ལན་འདེབས་བྱས་ན་ལན་ཐོབ་ཡོད་མིན་ཇི་ལྟར་ཡང་མིའི་སྐད་ཆའི་དོན་གོ་ཡོད་པ་ཤེས་ཐུབ་ཅེས་བཤད་མྱོང་། ངས་དམ་བཅའ་ནི་མདོར་བསྡུས་ན། གྲྭ་བས་སྤྱི་ཚོགས་ཀྱི་ཞབས་ཞུ་བསྒྲུབ་དགོས་པ་དང་སྲིད་སྟེགས་ལ་འདུག་མི་རུང་ཞེས་པ་འདི་ཡིན་སྐད་ཆ་འདིའི་དོན་གོ་བའི་རེ་བ་ཡོད་རྒན་མོ་ལོ་ལོན་ཚོས་ཅི་ཞིག་བྱེད་མིན་ངས་མི་ཤེས་དགོངས་དག
དྲ་གྲོགས་གཉའ་འབྲོང་ཐུ་བུ་ལགས། ཁྱེད་ཀྱིས་བདག་གི་བསམ་ཚུལ་ལ་གོ་ནོར་ཅུང་ཐེབ་མེད་དམ་བསམ་པའི་དོགས་གཞི་འདུག དེས་ན་ངས་རང་གི་བསམ་ཚུལ་རྣམ་ཅུང་ཞིབ་ཚགས་ཀྱིས་འབྲི་འདོད་བྱུང་། ང་ལ་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་ལ་ངེས་པར་དུ་དམག་རྒྱག་དགོས་པའི་བསམ་བློ་འཁོར་གྱི་མི་འདུག་ལ་བོད་རྒྱལ་ཁབ་དྲག་ཤུགས་ཅན་གྱི་དམག་དཔུང་ཞིག་འོང་ནས་སླར་ཡང་གསད་བཅོམ་འགྲོ་བའི་སེམས་ཁྲེལ་རྩ་ནས་མི་འདུག སེམས་ཁྲེལ་ཆེ་ཤོས་ནི་བོད་མི་རིགས་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་ཀྱི་འབྱུང་ཁུངས་རིག་གཞུང་ཡང་དག་པ་འདི་ཉམས་འགྲོ་བའི་ཚོར་སྣང་འདི་རེད། དྲག་ཤུགས་དང་དམག་ཤུགས་ཀྱིས་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པ་ལས་གཞན་གང་གིས་ཀྱང་རང་རྒྱལ་སྲུང་མི་ཐུབ་པར་འདོད་པའི་ལྟ་ཚུལ་དེ་དུས་རབས་ཉུ་ཤུ་བའི་ནང་གི་བསམ་བློ་རུལ་དྲི་ཅན་ཞིག་རེད། བསམ་བློ་དེས་རྐྱེན་པས་ཡ་ང་ཞིང་འཇིགས་གཡེར་བའི་དམག་ཆེན་གཉིས་པ་སོགས་ཀྱི་འགོ་བཙུག་ཏེ་མཛམ་གླིང་དུག་རྫས་དང་དུག་རླང་གིས་ཁྱབ་པར་བྱས་པ་རེད། བསམ་ཡོད་དང་རྣམ་དཔྱོད་ཅན་ཚོ་ཚང་མ་ཞི་བདེ་དང་། མཐུན་སྒྲིལ། གཅིག་གྱུར་སོགས་ལ་ཁ་ཕྱོགས་པའི་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཤེས་ཡོན་དང་། བསམ་བློའི་ཐོག་ནས་རང་རྒྱལ་སྲུང་སྐྱོབ་དང་རང་གི་མི་རིགས་ཆག་འཇིག་ལས་སྐྱོབ་ཐུབ་སྙམ་པའི་ཡིད་ཆེས་མཐའ་གཅིག་ཏུ་ཡོད་ལ་དེ་ནི་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བལྟས་ན་དངོས་དོན་དང་ཐག་ཉེ་བར་སྣང་། དེ་ལྟའི་དུས་སྐབས་ལ་ཆོས་ཀྱི་བསམ་བློ་མངའ་བའི་ཤེས་ཡོན་ཅན་གྱི་བླ་མ་དང་གྲྭ་བ་ཚོ་སྲིད་སྟེགས་སུ་བུད་དེ་སྣེ་འཁྲིད་བྱས་ན་ཆོས་ཀྱི་བསླབ་བྱ་དང་འགལ་བ་མེད་པ་མ་ཟད་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱོགས་ལ་ནུས་པ་ལྷག་པར་འདོན་ཐུབ། བཀའ་ཁྲི་ཟམ་དོང་རིན་པོ་ཆེས་ཀྱང་ད་ལྟའི་བར་དུ་དགེ་སློང་གི་བསླབ་ཁྲིམས་དང་འགལ་བའི་ལས་ཁུར་ཞིག་ཐོག་ཏུ་བབས་མ་བྱུང་། གལ་སྲིད་དེ་ལྟ་བུ་ཞིག་ཐོག་ཏུ་བབས་ན་དགེ་སློང་གི་བསླབ་ཁྲིམས་དང་བོད་ཀྱི་རྩ་དོན་གཉིས་ལས་གང་གལ་ཆེ་ན་དེ་བདམ་རྒྱུ་ཡིན་གསུང་མྱོང་། མ་གཞི་ནས་སྲོག་འཕྲོག་རྡུང་གསུམ་ཇི་ལྟར་བྱས་ཀྱང་ང་ཚོ་ཆོས་པ་ཡིན་ཟེར་ནས་སྡོད་མཁན་གྱི་ཆོས་པ་ཞིག་ང་ཚོས་སྤྱི་འཐུས་དང་བཀའ་བློན་གྱི་རྐུབ་སྟེགས་འོས་པར་བརྗོད་བཞིན་པ་ཚོའི་གྲས་ན་ག་ཚོད་ཅིག་ཡོད་དམ། མདོར་བསྡུས་ན་ཆོས་པ་རྣལ་མ་ཞིག་གིས་སྲིད་ཀྱི་རྐུབ་སྟེགས་ཕུལ་ན་ལེན་མི་སྲིད་ལ་ཀྱི་རྐུབ་སྟེགས་བཞེས་མཁན་གྱི་སེར་མོ་བ་ཤེས་ཡོན་དང་ལྷག་བསམ་ཅན་ཚོར་གོ་སྐབས་ཕུལ་ན་ད་ལྟའི་དུས་སྐབས་ལ་ཕན་ལས་གནོད་མེད།
དྲ་གྲོགས་གཉའ་འབྲོང་ཐུ་བུ་ལགས། ཁྱེད་ཀྱིས་བདག་གི་བསམ་ཚུལ་ལ་གོ་ནོར་ཅུང་ཐེབ་མེད་དམ་བསམ་པའི་དོགས་གཞི་འདུག དེས་ན་ངས་རང་གི་བསམ་ཚུལ་རྣམ་ཅུང་ཞིབ་ཚགས་ཀྱིས་འབྲི་འདོད་བྱུང་། ང་ལ་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་ལ་ངེས་པར་དུ་དམག་རྒྱག་དགོས་པའི་བསམ་བློ་འཁོར་གྱི་མི་འདུག་ལ་བོད་རྒྱལ་ཁབ་དྲག་ཤུགས་ཅན་གྱི་དམག་དཔུང་ཞིག་འོང་ནས་སླར་ཡང་གསད་བཅོམ་འགྲོ་བའི་སེམས་ཁྲེལ་རྩ་ནས་མི་འདུག སེམས་ཁྲེལ་ཆེ་ཤོས་ནི་བོད་མི་རིགས་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་ཀྱི་འབྱུང་ཁུངས་རིག་གཞུང་ཡང་དག་པ་འདི་ཉམས་འགྲོ་བའི་ཚོར་སྣང་འདི་རེད། དྲག་ཤུགས་དང་དམག་ཤུགས་ཀྱིས་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་པ་ལས་གཞན་གང་གིས་ཀྱང་རང་རྒྱལ་སྲུང་མི་ཐུབ་པར་འདོད་པའི་ལྟ་ཚུལ་དེ་དུས་རབས་ཉུ་ཤུ་བའི་ནང་གི་བསམ་བློ་རུལ་དྲི་ཅན་ཞིག་རེད། བསམ་བློ་དེས་རྐྱེན་པས་ཡ་ང་ཞིང་འཇིགས་གཡེར་བའི་དམག་ཆེན་གཉིས་པ་སོགས་ཀྱི་འགོ་བཙུག་ཏེ་མཛམ་གླིང་དུག་རྫས་དང་དུག་རླང་གིས་ཁྱབ་པར་བྱས་པ་རེད། བསམ་ཡོད་དང་རྣམ་དཔྱོད་ཅན་ཚོ་ཚང་མ་ཞི་བདེ་དང་། མཐུན་སྒྲིལ། གཅིག་གྱུར་སོགས་ལ་ཁ་ཕྱོགས་པའི་དུས་རབས་ཉེར་གཅིག་པའི་སྐབས་འདིར་ཤེས་ཡོན་དང་། བསམ་བློའི་ཐོག་ནས་རང་རྒྱལ་སྲུང་སྐྱོབ་དང་རང་གི་མི་རིགས་ཆག་འཇིག་ལས་སྐྱོབ་ཐུབ་སྙམ་པའི་ཡིད་ཆེས་མཐའ་གཅིག་ཏུ་ཡོད་ལ་དེ་ནི་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བལྟས་ན་དངོས་དོན་དང་ཐག་ཉེ་བར་སྣང་། དེ་ལྟའི་དུས་སྐབས་ལ་ཆོས་ཀྱི་བསམ་བློ་མངའ་བའི་ཤེས་ཡོན་ཅན་གྱི་བླ་མ་དང་གྲྭ་བ་ཚོ་སྲིད་སྟེགས་སུ་བུད་དེ་སྣེ་འཁྲིད་བྱས་ན་ཆོས་ཀྱི་བསླབ་བྱ་དང་འགལ་བ་མེད་པ་མ་ཟད་རིག་གཞུང་སྲུང་སྐྱོབ་ཀྱི་ཕྱོགས་ལ་ནུས་པ་ལྷག་པར་འདོན་ཐུབ། བཀའ་ཁྲི་ཟམ་དོང་རིན་པོ་ཆེས་ཀྱང་ད་ལྟའི་བར་དུ་དགེ་སློང་གི་བསླབ་ཁྲིམས་དང་འགལ་བའི་ལས་ཁུར་ཞིག་ཐོག་ཏུ་བབས་མ་བྱུང་། གལ་སྲིད་དེ་ལྟ་བུ་ཞིག་ཐོག་ཏུ་བབས་ན་དགེ་སློང་གི་བསླབ་ཁྲིམས་དང་བོད་ཀྱི་རྩ་དོན་གཉིས་ལས་གང་གལ་ཆེ་ན་དེ་བདམ་རྒྱུ་ཡིན་གསུང་མྱོང་། མ་གཞི་ནས་སྲོག་འཕྲོག་རྡུང་གསུམ་ཇི་ལྟར་བྱས་ཀྱང་ང་ཚོ་ཆོས་པ་ཡིན་ཟེར་ནས་སྡོད་མཁན་གྱི་ཆོས་པ་ཞིག་ང་ཚོས་སྤྱི་འཐུས་དང་བཀའ་བློན་གྱི་རྐུབ་སྟེགས་འོས་པར་བརྗོད་བཞིན་པ་ཚོའི་གྲས་ན་ག་ཚོད་ཅིག་ཡོད་དམ། མདོར་བསྡུས་ན་ཆོས་པ་རྣལ་མ་ཞིག་གིས་སྲིད་ཀྱི་རྐུབ་སྟེགས་ཕུལ་ན་ལེན་མི་སྲིད་ལ་ཀྱི་རྐུབ་སྟེགས་བཞེས་མཁན་གྱི་སེར་མོ་བ་ཤེས་ཡོན་དང་ལྷག་བསམ་ཅན་ཚོར་གོ་སྐབས་ཕུལ་ན་ད་ལྟའི་དུས་སྐབས་ལ་ཕན་ལས་གནོད་མེད།
ཨ་རོ་གྲྭ་བས་ཆབ་སྲིད་འཁྲབ་ན་མི་འགྲིག་གི་ཟེར་ཞོར། རང་ཉིད་ཀྱིས་ཆབ་སྲིད་འཁྲབ་ཀྱིན་པ་རང་ཉིད་ཀྱིས་ངོས་ཟིན་གི་མེད་པ་འདྲ། ཆབ་སྲིད་ལ་ཇུས་གཏོགས་མི་བྱེད་པར་ཆོས་རྣམ་དག་ཞིག་སྒྲུབ་རྩིས་ཡིན་ན། ཆབ་སྲིད་ཀྱི་ཆེད་དུ་ཇུས་འགོད་བྱེད་དགོས་པ་ཡོད་པ་མ་རེད།
ཁྱེད་རང་གི་བྱེད་སྟངས་དེ་ནི། རྒན་མོ་ལོ་ལོན་རེ་འགས་ཟས་འཐུང་ནས་འདུག་མ་ཐུབ་པར། ཚ་བོ་ཚ་མོ་ཚོར་ཁ་ཚེགས་བྱེད་ཀྱིན་པ་དང་ཤིན་ཏུ་འདྲ་འདུག། ད་དུང་ཁྱེད་ཀྱིས་གྲྭ་བས་སྲིད་ལ་ཇུས་གཏོགས་བྱེད་མི་རུང་བར་སྒྲུབ་ཞོར། རང་ཉིད་ཀྱིས་སྲིད་དོན་དུ་སྐད་འདི་འདྲ་རྒྱག་དགོས་པ་གང་ཡིན་ནམ།
ཁྱེད་རང་ཡང་སྒོ་་གསུམ་གྱི་ལུས་དེ་ལ་མ་ཞུགས་ཙམ་ལས་གཞན་པ་གཉིས་སྲིད་དོན་གྱི་ནང་དུ་འཐིམས་ཟིན་པ་ཁྱེད་ཀྱིས་ད་དུང་ཤེས་ཡོད་ས་མ་རེད། ཁྱེད་རང་གྲྭ་བས་སྲིད་དོན་ལ་ཐེ་གཏོགས་བྱེད་མི་རུང་བར་འདོད་མཁན་ཞིག་ཡིན་ན་འདི་དག་གི་ཕྱོགས་ལ་ཞལ་མ་གྲགས་ན་མི་ལེགས་སམ། ང་ནི་དེ་ལྟར་ཁས་ལེན་མཁན་ཞིག་ཡིན་ན་དྲ་ལམ་འདིར་གཏན་ནས་འཚངས་ས་མ་རེད།
འབུར་ཐོའི་ལྟ་ཚུལ་འདི་ནི་བདག་གི་ལྟ་ཚུལ་དང་ཕལ་ཆེར་མཐུན། འདི་ནི་འཚོ་གནས་སྙིང་པོར་སྨྲ་བ་དག་གིས་ངེས་པར་བསམ་བློ་གཏོང་དགོས་ས་ཞིག་རེད་དྲན་སོང་། དེང་སང་མི་འགའ་ཞིག་གིས་མ་འོངས་པར་བོད་ཙམ་མ་ཟད་འཛམ་གླིང་ཡོངས་རྫོགས་ཞི་བདེའི་བསྟི་གནས་ཤིག་ཆགས་ཀྱི་རེད་ལ་དྲག་པོའི་དམག་དཔུང་སོགས་དགོས་པ་མ་རེད་ཟེར་མོད་དེ་ནི་སྨོན་པ་ཙམ་དང་གཉིད་མ་ཟད་པའི་རྨི་ལམ་ཞིག་ཡིན་ལ། སྨོན་ལམ་དེ་ལྟར་བཏབ་པ་དང་ཡིད་ཆེས་དེ་ལྟར་བྱས་ནས་འགུལ་སྐྱོད་མི་བྱེད་པ་ནི་ཆོས་ཀྱི་ངོས་ནས་དགེ་བ་རླབས་ཆེན་ཞིག་ཡིན་སྲིད་ཀྱང་འཚོ་གནས་རང་གི་ངོས་ནས་གླེང་ན་ཉེན་ཁ་ཅན་ཞིག་རེད།
བདག་ལྟ་བུར་མཚོན་ན་ཆོས་དང་ཆབ་སྲིད་གང་ཡང་མེད་མོད། འོན་ཀྱང་། ངན་པ་ཁ་མང་ན་བཟང་པོ་བློ་གསལ་ཞེས་པའི་དཔེ་ལྟར་སླར་ཡང་བསམ་ཚུལ་མདོར་བསྡུས་ཤིག་བརྗོད་འདོད་བྱུང་། རྒྱལ་པཎ་རྣམ་གཉིས་འུ་ཅག་གི་དབུ་ཁྲིད་ལ་བསྐོས་པའི་དུས་རབས་དེར་རྩ་བའི་ང་ཚོ་རང་རང་སར་ལྷིང་འཇགས་ཀྱི་འཚོ་བ་རོལ་ནས་འདུག་པའི་དུས་རབས་ཤིག་རེད། སྐབས་དེར་དམག་དོན་དང་ཁྲིམས་ལུགས་ཉེས་ཅན་ལ་སྲོག་ཁྲིམས་བཅད་པ་སོགས་ཀྱི་ལོ་རྒྱུས་ཡོད་པ་མ་རེད། འོན་ཀྱང་། མ་འོང་བར་བྱ་བ་དེ་འདྲ་ལག་ལེན་ལ་བསྟར་དགོས་ཐུག་མི་སྲིད་པ་མ་རེད། གལ་ཏེ་བླ་མ་གྲྭ་བ་ཞིག་གིས་སྲིད་ཐག་བཟུང་བའི་སྐབས་སུ་དགྲ་བོའི་ཚུར་རྒོལ་བྱས་ན་དེ་ལ་དམག་དོན་གོ་སྒྲིག་དགོས་སམ་དེ་ལ་མཐེ་བོང་སྒྲེང་དགོས་པ་རེད། ཨ་རི་ལྟ་བུར་མཚོན་ན་ལོ་ཤས་སྔོན་སྲིད་འཛིན་བྷུ་ཤུས་དམག་དོན་གྱི་འགན་ཁུར་ལྕི་མོ་ཞིག་ཁུར་ཡོད་པ་ཤེས་གསལ་རེད། བོད་ནང་ལོག་ལ་མཚོན་ན་༡༩༥༩་སྐབས་བོད་ལ་བཙན་འཛུལ་བྱེད་དུས་གལ་ཏེ་༧གོང་ས་མཆོག་མི་སྐྱ་ཞིག་ཡིན་པའི་དབང་དུ་བཏང་ན་ཁོང་དངོས་སུ་སྐབས་དེ་དུས་གཡུལ་འཐབ་ལ་ཞུགས་ཡོད་སྲིད་པ་རེད་ལ་དམག་དོན་གྱི་འགན་ཁུར་ལྕི་མོ་ཞིག་ཁུར་ཡོདཔར་ཐེ་ཚོམ་མེད། འཛམ་གླིང་ན་རྒྱལ་ཁབ་བཙན་འཕྲོག་བྱེད་སྐབས་སྲིད་འཛིན་གྱིས་དངོས་སུ་དམག་དོན་སྐོར་ལ་ཐེ་གཏོགས་མ་བྱས་པ་ནི་ང་ཚོ་བོད་པ་ཚོའི་བླ་མ་གྲྭ་བ་སྲིད་འཛིན་དང་གཞུང་ཞབས་བྱེད་པའི་སྐབས་མ་གཏོགས་ཕལ་ཆེར་བྱུང་མེད་པ་འདྲ། འདི་ནི་ཡག་སྡུག་གང་ཡིན་དབྱེ་མཚམས་གཅོད་དཀའ་ཡང་མ་འོངས་པར་བོད་མི་རིགས་ཀྱི་སྲིད་འཛིན་དང་གཞུང་ཞབས་པ་ཞིག་ཡིན་ན་ཡག་ས་ནས་འབངས་མིའི་འཚོ་གནས་ལ་དངོས་སུ་ཕན་པའི་ཇུས་འགོད་མཁས་པ་ཞིག་དང་། སྡུག་ས་ནས་གཞན་གྱིས་བཙན་འཛུལ་བྱེད་སྐབས་དམག་དོན་སོགས་ཆབ་སྲིད་ཀྱི་ལས་གནས་ལ་ངེས་པར་འཇུག་ཐུབ་མཁན་ཞིག་དགོས་གལ་ཆེ།
ཉི་མ་ལགས་ཁྱེད་རང་གྲྭ་བ་ཞིག་ཡིན་ན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ངོས་འཛིན་འདི་ལྟར་གནང་ཡང་ཆོག ང་ཚོའི་ཆོས་གཞུང་ན་སྲོག་གཅོད་ལས་གཏིང་ནག་པའི་མི་དགེ་བ་མེད་པར་གསུངས་ཡོད། འོན་ཀྱང་། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པ་སོགས་དཔེ་མཚོན་ལ་དྲངས་ནས་གཞན་གྱི་ཆེད་དུ་སྲོག་བཅད་པ་ཡང་དགེ་བའི་ནང་ནས་ཀྱང་དགེ་བ་སྟོབས་ཆེན་ཞིག་ཏུ་ངོས་འཛིན་བྱས་ཡོད། དེ་བཞིན་དུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དེ་ལའང་རང་ཉིད་ཁོ་ན་རྒྱལ་འདོད་དང་། རང་གི་མི་རིགས་གཞན་ལས་རྒྱལ་བར་འདོད་པའི་རང་རྒྱལ་གཞན་ཕམ་གྱི་བསམ་བློ་སོགས་མང་པོ་ཡོད་ཆོག ལྷག་པར་ནང་བའི་ཆོས་དང་རིག་གཞུང་གནས་མི་གནས་ཀྱི་ས་མཚམས་མི་རིགས་གང་ལ་ཐུག་ཡོད་ན་དེ་རྒྱལ་དགོས་དང་། དེའི་ཁ་གཏད་ཕམ་དགོས་པའི་བསམ་བློ་ནི་ཉམས་ལེན་བྱས་ཀྱང་ཆོག་གི་འདོད། འུ་ཚོས་འུ་ཚོ་དང་འཚམ་པའི་སྐད་ཆ་རེ་བཤད་འོང་དུས་ཁ་ཤས་ཤིག་གིས་༧གོང་ས་ཡིད་བཞིན་ནོར་བུ་དང་། པཎ་ཆེན་སྣང་བ་མཐའ་ཡས་སོགས་ཁ་ལ་ཁུར་ནས་མྱིད་ཐག་ནང་གྲི་ལོག་བྱེད་ཀྱིན་འདུག་དེའི་རྒྱབ་ལྗོངས་ན་ཅི་ཞིག་ཡོད་མེད་མི་ཤེས་མོད། གང་ལྟར་དེ་དག་ལ་བདག་གིས་ཁ་གཏོང་རྒྱུ་མིན་ལ་ཁྱེད་ཚོ་དད་པ་ཡོད་མཁན་ཚོར་དེ་བླ་མའི་མཛད་པ་རེད། དེ་ཅང་བཤད་མི་ཤེས་ཟེར་རྒྱུ་ཡིན་ལ། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས་ཞེས་སོགས་འདོན་རྒྱུ་མིན་ནམ་ཟེར་འདོད་བྱུང་།
ཉི་མ་ལགས་ཀྱི་ཆོས་པའི་ཕོ་དོན་བཤད་པ་ཐུགས་རྗེ་ཆེ། དེ་ལ་སྟོན་པ་སངས་རྒྱས་ཀྱིས་སྔོན་ནས་ལན་ཕུལ་ཚར་ཡོད་བདག་གིས་ལན་འདེབས་པའི་ང་ལ་བ་བསྟེན་རྒྱུ་མིན། རིག་པ་གསུམ་བཏོན་པར་གཅིག་ཆོག་གིས་ལན་ཞིག་འབུལ་རྒྱུ་ཡིན། ཁྱེད་ཀྱི་དྲི་བ་དེ་གནད་འགག་ཅན་ཞིག་རེད། དེ་ནི་ངས་གྲྭ་བ་ལ་ཆབ་སྲིད་ཀྱི་སེམས་ཁམས་མི་འདུག་ཆེས་སྡོམ་ཚིག་བརྒྱབ་པ་དང་འབྲེལ་བ་ཏན་ཏན་འདུག དེའི་ཕྱིར་ལན་གསལ་བོ་ཞིག་འབུལ་འདོད་བྱུང་། མ་གཞི་ནས་ཆོས་ཟེར་བ་ནི་མི་སྒེར་སོ་སོའི་སྒེར་ཐོག་གི་ཉམས་ལེན་བྱེད་རྒྱུ་ཞིག་ཡིན་པ་ལས་རྒྱལ་ཁབ་ཅིག་གི་ལམ་ལུགས་ནང་དཀྲུག་རྒྱུ་ཞིག་མ་རེད། རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཡིན་ནའང་འདྲ། གཞུང་ཞབས་ཀྱི་ལས་བྱེད་གཞན་པ་ཚོ་ཡིནའང་འདྲ། སོ་སོའི་རྒྱལ་ཁབ་གནད་འགག་ལ་ཐུག་དུས་ཆོས་ལ་ལག་པ་འབྱིད་ས་བྱས་ན་གཏན་ནས་མི་འགྲིག་གི། རྒྱུ་མཚན་ནི་ཁྱེད་ཅག་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་མི་ཡིན་པས་གནད་དེ་ལ་ཐུག་ཡོད། རང་གི་རྒྱལ་ཁབ་ཀྱི་ཆེད་དུ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པའི་སྲིད་འཛིན་ཞིག་འོང་ཐབས་མེད་སྙམ་ལ། དེའི་བསམ་བློ་དེ་སྡུག་ཆགས་ཤིག་ཏུའང་མཐོང་གི་མེད། གལ་སྲིད་ཡོད་ན་དེས་རྒྱལ་ཁབ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་དེ་ལ་ང་ཚོས་བསམ་བློ་གཏོང་དགོས། རྒྱལ་ཁབ་ཅིག་ལ་དམག་དཔུང་ཞིག་མེད་པར་རྒྱལ་ཁབ་དེ་སྲུང་སྐྱོབ་བྱེད་མི་ཐུབ་ལ་དམག་དཔུང་དེར་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་ན་དམག་དཔུང་དེ་ཡོད་མེད་ཁྱད་པར་ཅི་ཡོད། སྔོན་ཆད་ཀྱང་རྒྱལ་ཁབ་དམག་དང་ཆབ་སྲིད་ཀྱིས་སྲུང་སྐྱོབ་བྱས་ཡོད་པ་ལས་ཆོས་ཀྱིས་སྲུང་སྐྱོབ་བྱས་ཟེར་ན་འུད་བཤད་ཙམ་ཡིན། ངས་གྲྭ་བ་ཚོ་སྲིད་སྟེགས་ལ་འཕུད་མི་རུང་བའི་སྐད་ཆའི་འགག་རྩ་འང་དེ་ལ་ཐུག་ཡོད། འོ་ན་ང་ཚོས་གྲྭ་བ་ཚོ་ལག་འཐེན་བྱས་པ་དེ་རྒྱལ་ཁབ་དང་མི་རིགས་སྲུང་སྐྱོབ་ཀྱི་ཆེད་མིན་ནམ། ཡིན་ན་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་ང་ཚོར་བཙན་འཛུལ་བྱས་དུས་དེ་ག་རང་གསོད་རྡུང་འཕྲོག་གསུམ་ཅི་ཞིག་བྱས་ཀྱང་ང་ཚོ་ད་དུང་མུ་མཐུད་ནས་མཐེ་བོང་བརྩེངས་ཏེ་འདུག་རྒྱུ་ཡིན་ནམ། གྲྭ་བས་དམག་དཔུང་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་སྲུང་སྐྱོབ་བྱེད་རྒྱུ་ཡིན། འདི་ནི་ངས་ཚོད་དཔག་ཙམ་མ་ཡིན་པར་ང་ཚོའི་མགོ་ལ་ཡོང་ཚར་བ་དང་ཡོང་བཞིན་པའི་གནད་དོན་ཞིག་རེད། གང་ལྟར་གྲྭ་བ་གཞུང་ཞབས་པ་དང་། གཞུང་ཞབས་ནང་འཛུལ་ཞུགས་བྱེད་འདོད་ཡོད་པ་ཀུན་གྱིས་མ་འོང་བར་བོད་རྒྱལ་ཁབ་སྲུང་སྐྱོབ་བྱེད་རྒྱུའི་འཆར་གཞི་ཅི་ཞིག་ཡོད། ངས་ད་དུང་དཔེ་ཆུང་ཆུང་ཞིག་གིས་གསལ་བཤད་བྱས་ན། བོད་ནི་མི་ཚང་ཞིག་ཡིན་པའི་དབང་དུ་བཏང་ན། སྲིད་འཛིན་གཟའ་དཔོན་དང་། གཞུང་ཞབས་རྣམས་མི་ཚང་དེའི་བུ་དང་བུ་མོ་རེད། ད་མི་ཚང་དེའི་སྟེང་ཇག་པ་རྒྱུག་སྲིད་པ་རེད་ལ་རྒྱུག་གི་ཡང་ཡོད་པ་རེད། གསོད་རྒྱུ་བསད། འཕྲོག་རྒྱུ་འཕྲོག གནས་ཚུལ་མང་པོ་དེ་ལྟར་ལྷག་འོང་དུས་ཆོས་པ་ཡིན་ཞེས་མི་ཚང་སྟོང་དུ་འཇུག་དགོས་སམ། འདི་ལ་བསམ་ཚུལ་གསུངས་རོགས།
འབུར་ཐོ་ལགས་ཀྱིས༼རིག་གཞུང་ཤེས་ཡོན་པ་དང་བསམ་བློའི་ཤེས་ཡོན་བར་ལ་ཁྱད་པར་ཆེན་པོ་ཡོད། ད་ཐེངས་ང་ཚོའི་སྐད་ཆ་འདི་བསམ་བློའི་ཤེས་ཡོན་དང་འབྲེལ་བ་ཡོད་དུས་ཚང་མས་གཟབ་གཟབ་བྱས་ནས་སྐད་ཆ་ལ་འགན་ཁུར་རོགས། ༽འདི་ལྟར་བཤད་ན་ཁྱེད་ཀྱིས་རིག་གཞུང་ཞེས་པའི་ཁྱབ་ཁོང་ཧ་ཅང་དོགས་པར་འདུག་སྙམ་མོད་བརྗོད་གཞི་དང་མི་འཚམ་པས་ལན་འབུལ་རྒྱུ་མིན་ལ། སྐད་ཆ་ལ་འགན་འཁུར་དགོས་ཟེར་བ་དེར་ངོས་ལེན་ཡོད།
ཉི་མ་ལགས་ཀྱིས་ཅུང་ཟད་སྒུགས་དང་ལན་ཞིག་འབུལ་རྩིས་ཡོད། ཁྱེད་ཀྱི་དྲི་བ་གནད་འགག་ཆུང་ཚ་བོ་རེད་དྲན་སོང་ལ། དྲ་ཁང་ནས་ལན་འབུལ་དགོས་ན་གྲྭ་རྐྱང་ཞིག་གི་སྒོར་མོས་འདང་གི་མི་འདུག་བསམ་ཚུལ་ཞིག་བསམ་བློ་བཏང་ནས་སྤེལ་རྩིས་ཡིན།
ཉི་མགྲོན་ལགས་ཀྱིས་གྲྭ་ལོག་ཆོས་ཅན་ལ་བཙུགས་པ་དེ་ནི་གྲྭ་བས་ཆོས་མ་འཇོན་པར་སྲིད་འཇོན་སོང་བའི་ཚབ་མཚོན་ཡིན་ནམ། འོན་ཀྱང་དེ་དག་གིས་ཀྱང་སྲིད་གཏན་ནས་འཇོན་མེད།
རི་བོང་ལགས་ཀྱིས་བསམ་ཚུལ་གསུངས་ཞོར་གཞིས་ལུས་སྤུན་ཟླ་སྒོ་ཤེར་དང་། མྱི་ཆེན་སོགས་ཀྱིས་གྲགས་སྐམ་གཉེར་བ་རེད་ཟེར། དེའི་དམིགས་ཡུལ་ཅི་ཡིན་ཆ་མ་འཚལ། ༧ གོང་ས་མཆོག་ལ་གོང་ས་མཆོག་དང་འཚམས་པའི་གསུང་ཞིག་ཡོད་པ་རེད། དེ་ནི་ཁོང་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པའི་གནད་དོན་འདི་ལ་ཐུག་ཡོད། འུ་ཚོས་འཚོ་གནས་གླེང་དུས་འུ་ཚོར་འཚམ་པའི་སྐད་ཆ་ཞིག་ཡོད། དེའི་དབྱེ་མཚམས་མ་ཤེས་པར་ག་དུས་ཡིན་ན་༧ གོང་ས་མཆོག་ལབ་འོང་དུས་ཁོང་གི་རྗེས་སུ་ང་ཚོས་ག་རེ་བྱེད་རྩིས་ཡིན་ནམ་སྙམ་ནས་ང་ནི་སྐྲག་འདར་རྒྱག་གི སྲིད་ཟེར་ན་གཡོ་སྒྱུ་རྐྱང་རྐྱང་ཞིག་རེད་ཅེས་ལབ་རྒྱུ་མ་བྱུང་མོད། དེང་སང་གྲྭ་བ་ཚོས་ཆབ་སྲིད་འཁྲབ་སྟངས་དེ་འདྲ་ཞིག་རེད་ཅེ་ནའང་ཐལ་ཆ་མི་འདུག རྗེ་མི་ལ་དང་། ཤར་སྐལ་ལྡན་རྒྱ་མཚོ། སྔགས་སའི་དགེ་བཤེས་ཚང་སོགས་བཞིན་བྱ་བྲལ་དུ་ཕེབས་མ་ཐུབ་ཀྱང་། ཆོས་དང་ཆབ་སྲིད་འདྲེས་མ་ཞིག་གི་ཆེད་དུ་འབད་འབད་དུང་དུང་བྱེད་ཀྱིན་པ་ཚོར་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ཏུ་མཐོང་མ་སོང་། གང་ཡིན་ཞེ་ན་དེ་ནི་ཆོས་དང་ཆབ་སྲིད་གཉིས་ཀ་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་པས་གཏན་ནས་རྗེས་སུ་ཡི་རང་ཞུ་རྒྱུ་མིན། ༧གོང་ས་མཆོག་གི་དགོངས་གཞི་བཞིན་རང་གཞན་གཉིས་ཕན་དང་བོད་རྒྱ་གཉིས་ཕན། མང་གཙོ་ཚད་ལྡན་ཞིག་ཆགས་དགོས་ན་བསམ་ཚུལ་མང་པོ་ཞིག་འདོན་དགོས་ལ། ལས་ཀ་མང་པོ་ཞིག་བྱེད་དགོས། དེ་དག་ཀྱང་གོང་ས་མཆོག་གི་དགོངས་གཞི་མ་ཡིན་པའི་ངེས་པ་གཏན་ནས་མེད།
ལེགས་སོ་ལེགས་སོ་ཞུ་བ་མ་གཏོགས་ཁྱེད་ཡང་ཨུ་ཚུགས་ཚ་བོ་ཞིག་ཡིན་པ་འདྲ་ཆོས་མ་འཇོན་ནས་སྲིད་འཇོན་མཁན་གྲྭ་ལོག་ཆབ་སྲིད་པ་དེ་ཚོ་ཆོས་ཅན། སྲིད་འཇོན་ན་བཀའ་ཁྲིའི་འོས་གཞི་ནང་ལ་འགྲོ་དགོས་ན་ཧ་ཅང་ཐལ་དྲག་རེད། ཁྱབ་མ་ཁྱབ་ཀྱི་སྐད་ཆ་ངེད་གཉིས་ཀྱི་བར་གྱི་སྐད་ཆ་རེད་མ་གཏོགས་སྤྱི་ཚོགས་ཀྱི་གོ་དགོས་བའི་སྐད་ཆ་ཞིག་མ་རེད།
གཉའ་འབྲོང་ཐུ་བུ་ལགས་ཁྱེད་ཀྱིས་གསུངས་པར་ངས་ཤེས་སོང། བགྲོ་གླེང་ནས་དགོངས་པ་ཞུ་རྒྱུ་ཡིན། སེམས་པ་འདིས་རྐང་བརྐྱང་ལག་བརྐྱང་བྱེད་ནས་སྡོད་བཅུག་ན་སྐྱིད་པོ་ཡོད་ས་རེད།
གཉའ་འབྲོང་ཐུ་བུ་ལགས། ཆབ་སྲིད་བསམ་བློ་ནི་རང་རྒྱལ་གཞན་ཕམ་གྱི་འདུ་ཤེས་ཤིག་ལས་བརྒལ་མི་ཐུབ་པའི་ལྟ་བ་ཞིག་རེད་དམ། འོ་ན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པའི་མི་ཞིག་གིས་སྲིད་སྐྱོང་ཐབས་མེད་དམ། ད་ལྟའི་བར་དུ་བོད་མི་རིགས་ཀྱི་ཆབ་སྲིད་མངའ་ཐང་དགུང་དུ་འདེགས་མ་ཐུབ་པའི་རྒྱུ་མཚན་༧རྒྱལ་པཎ་རིམ་བྱོན་སོགས་བོད་ཀྱི་དབུ་འཁྲིད་ཚོར་རང་རྒྱལ་གཞན་ཕམ་ཀྱི་བསམ་བློ་མེད་པས་རེད་དམ། འདི་དག་ནི་ཁྱེད་ཀྱི་རྩོམ་ཡིག་བལྟསརྗེས་ཀྱི་ངའི་དོག་འཆར་ཡིན། ལན་ཞིག་གསུང་དང་།
༼ལམ་དབུ་མ་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ནི་ཐེག་པ་ཆེན་པའི་རང་ལུགས་དང་འདྲེས་ནས་ཡོད་པའི་ལྟ་སྤྱོད་རེད། འདི་གཉིས་གཏན་ལ་འབེབས་མཁན་ནི་༧གོང་ས་མཆོག་རེད། དེའི་རྗེས་སུ་འཇུག་མཁན་ནི་ཟམ་གདོང་བླ་མ་སོགས་རེད།༽ཅོ་རི་ཉི་མ་ལགས་ངས་དངོས་གནས་སྐད་ཆ་ཚང་མ་མགོ་ཚོས་ཀྱི་མི་འདུག དཔེར་ན་གོང་གི་སྐད་ཆ་འདི་ལྟ་བུ་རེད། མ་གཞི་ནས་ངས་ལྷག་བསམ་རྣམ་དག་གིས་སོ་སོའི་བསམ་ཚུལ་ངོ་མ་དེ་ཕུལ་བ་ལས་ངེས་པར་དུ་གཞན་ལ་ལན་ཐོབ་དགོས་པའི་ལྟ་ཚུལ་དེ་མེད་ལ། ལྷག་དོན་གཞན་གྱིས་རང་ཉིད་ལ་ལན་མ་བཏབ་ཀྱང་རུང་དེ་རང་ཉིད་ལ་ལན་མ་ཐོབ་པ་ཞིག་ཏུའང་ངོས་འཛིན་བྱེད་མ་མྱོང་། དེ་ནི་འུ་ཅག་གིས་འདིར་ལྟ་ཚུལ་བརྗོད་པ་དེ་འུ་ཅག་གི་སྤྱི་ཚོགས་ཀྱི་ཆེད་ཡིན་པ་ལས་ཁ་ཤེད་སུ་ཆེའི་འགྲན་བསྡུར་མ་རེད། དེ་ལ་སུ་རྒྱལ་སུ་ཕམ་ལྟ་དོན་གང་ཡང་ཡོད་པ་མ་རེད། དེ་ལས་སོ་སོའི་ནང་ནས་ལྷོད་ལྷོད་བྱས་རྐང་བརྐྱངས་ལག་བརྐྱངས་ངང་བཞུགས་ན་སྐྱིད་པོ་ག་ཚོད་རེད། ང་རང་ལ་མཚོན་ན་དེ་འདྲ་ཞིག་བསམ་བྱུང་།
རིག་གཞུང་ཤེས་ཡོན་པ་དང་བསམ་བློའི་ཤེས་ཡོན་བར་ལ་ཁྱད་པར་ཆེན་པོ་ཡོད། ད་ཐེངས་ང་ཚོའི་སྐད་ཆ་འདི་བསམ་བློའི་ཤེསན་ཡོན་དང་འབྲེལ་བ་ཡོད་དུས་ཚང་མས་གཟབ་གཟབ་བྱས་ནས་སྐད་ཆ་ལ་འགན་ཁུར་རོགས།
ཉི་མགྲོན་ལགས་འུ་ཚུགས་ཚ་བོ་ཅན་ཞིག་ཡིན་པ་འདྲ། ཡང་བསྐྱར་གསལ་བཤད་ཅིག་བྱེད་དགོས་བྱུང་། ཆོས་པས་བལྟས་ན་ཆོས་དཀའ་ཡང་། སྲིད་དོན་པས་བལྟས་ན་སྲིད་དཀའ། ཆོས་མ་འཇོན་སྲིད་འཇོན་སོང་བ་གཅིག་ཆོས་ཅན་ཚུགས་དང་། ཡོད་པ་མ་རེད། ང་ཚོའི་བོད་ལྟ་བུ་ལ་མཚོན་ན་ཆོས་པ་མང་ངམ་ཆབ་སྲིད་པ་མང་མིག་གིས་རྒྱང་རིང་ལ་ལྟོས་དང་། ད་ལོར་བཀའ་ཁྲི་མ་རེག་པར་འཚོལ་དགོས་པའི་དཀའ་ངལ་དེ་ཡང་ཆབ་སྲིད་པ་བཙལ་ནས་རྙེད་མ་ཐུབ་པ་རེད། དཔེར་ན་གྲྭ་བའི་ནང་བཀའ་ཁྲི་ཟམ་གདོང་ལས་ཆབ་སྲིད་པ་མ་རྙེད་དེ་ཡང་དགའ་ལྡན་ཁྲི་བ་མ་རྙེད་པ་མ་རེད་ལ། ཆོས་པ་མ་རྙེད་དེ་བས་ཀྱང་མ་རེད། ཆོས་ཀྱི་ཕྱོགས་ནས་དབང་བསྐུར་རྒྱུད་བཤད་མན་ངག་གནང་མཁན་དེང་སང་ཁེངས་བསྡད་ཡོད། ཡིན་ཀྱང་བོད་ལ་ཆབ་སྲིད་པ་ཧ་ཅང་དཀོན། དེའི་ཕྱིར་བོང་བུ་གང་དུ་སོང་ཡང་བོང་བུ་ཡིན་ཞེས་པ་དེ་དཔེ་ཡང་དག་པ་ཡིན། འོན་ཀྱང་ཁྱེད་ཀྱི་ལྟ་ཚུལ་བརྗོད་པ་ནི་རང་གི་ཁེ་དབང་ལོངས་སྤྱད་པ་ཡིན་པས་ངས་དགའ་བསུ་ཞུ་དང་ཞུ། ད་དུང་གསལ་བཤད་ཞུ་རྒྱུ་ཞིག་ལ་སྤྱི་ཚོགས་ཀྱི་འཚོ་བ་གླེང་དུས་སྤྱི་ཚོགས་ཀྱིས་གོ་ཐུབ་པ་ཞིག་གླེང་དགོས་སྟབས་ཁྱབ་མཐའ་བཅད་ནས་བཤད་མི་བཤད་ཁྱེད་རང་གི་འདོད་པ་ཡིན་ཀྱང་། ཁྱབ་མ་ཁྱབ་གླེང་དུས་མི་མང་གིས་གོ་མི་ཐུབ་ན་དེ་ཡང་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་མཐུན་མིན་མི་ཤེས།
ནད་པ་ལགས་ཡང་བསྐྱར་ཕེབས་ནས་བསམ་ཚུལ་གསུངས་པ་དེ་ངའི་ལངས་ཕྱོགས་དང་ཡོངས་སུ་མཐུན་སོང་བས་དེ་ལ་དམིགས་བསལ་ལན་འདེབས་མེད་ལ་ཁྱེད་ཀྱིས་ཀྱང་དེ་ལྟར་དགོངས་སོང་བར་ང་རང་གི་ངོས་ནས་ཡི་རང་ཞུ།
ཆོས་པ་རྣམ་དག་ཡིན་མིན་ང་ཚོས་ཐག་གཅོད་ཆོག་ཆོག་ཅིག་མིན། འོན་ཀྱང་གྲྭ་བ་ཚོ་སྲིད་ཀྱི་རྐུབ་སྟེགས་འཕྲོག་པར་འགྲོ་མི་དགོས་ལ་འགྲོ་མཁན་ཡང་ཉུང་ཉུང་ཡིན། ད་ལྟའི་ང་ཚོ་ལ་དགོས་པ་ནི་མི་མང་གི་རེ་བ་རྒྱག་སའི་བླ་གྲྭ་འཇོན་ཐང་ཅན་ཚོས་རེ་བ་འདི་དང་ལེན་བྱས་ཏེ་རང་གིས་འཇོན་ནུས་ཀྱིས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དཀར་ཞུགས་དགོས། འདི་ནི་སྤྱི་ཚོགས་ཁྲོད་བླ་གྲྭ་ཚོར་ཆེ་མཐོང་ཡོང་བའི་ཐབས་ལམ་ཞིག་ཡིན་པ་ལས་བསྟན་འགྲོའི་ཞབས་འདྲེན་ཞིག་རྩ་ནས་མིན། གྲྭ་བ་མི་མ་ཡིན་པའི་འགྲེལ་བཤད་དེ་ཡང་གྲྭ་བས་སྤྱི་ཚོགས་ལ་འགན་མ་ཁུར་བའི་ཆ་ནས་ཡོང་གི་ཡོད། གཉའ་འབྲོང་ཐུ་བུ་ལགས་དེ་རེད་དམ།
དྲ་གྲོགས་ལགས།
ཁྱེད་ཚོ་ཁ་ཤས་ཤིག་གིས་༸གོང་ས་མཆོག་གི་དགོངས་གཞི་ལས་བརྒལ་བའི་ཆོས་སྲིད་ཟུང་འབྲེལ་ཞིག་གླེང་གིན་འདུག སྲིད་ཟེར་ན་གཡོ་སྒྱུ་རྐྱང་འཁྲབ་དགོས་པ་འདྲ་ཞིག་བཤད་ཀྱིན་འདུག
འདི་ནི་བོད་ནང་གི་སྒོ་ཤེར་དང་མྱི་ཆེན་སོགས་ཀྱིས་སློབ་གྲྭ་དང་སློབ་མའི་ཁོར་ཡུག་ནས་རང་ཉིད་ཀྱི་གྲགས་སྐམ་གཉེར་ཚུལ་ཞིག་རེད། ད་ཁྱེད་ཀྱིས་ཀྱང་དེ་དག་གི་རྐང་རྗེས་དེད་དེ་དྲ་ཐོག་ནས་མིང་གྲགས་ཤིག་འཚོལ་གྱིན་པ་འདྲ།
༸གོང་ས་མཆོག་གིས་རང་གཞན་གཉིས་ཕན་དང་བོད་རྒྱ་གཉིས་ཕན། ཕྱི་གསལ་ནང་གསལ། གཡོ་སྒྱུ་ཕྲ་གསུམ་དང་བྲལ་བའི་སྲིད་དོན་ཞིག་ལ་དགོངས་པ་བཞེས་བཞིན་པ་ཁྱེད་ཅག་གིས་མ་ཐོས་པ་ཡིན་ནམ་བསམ་བཞིན་དུ་མ་ཐོས་མདོག་མདོག་བྱེད་ཀྱིན་ཡོད།
ངེས་འབྱུང་རྣལ་མ་སྐྱེས་པའི་ཆོས་པ་རྣམ་དག་ཅིག་ཡིན་ན། དྲ་ཐོག་འདིར་རབ་རིབ་སབ་སིབ་ཅིག་བྲིས་ནས། ཉི་མ་འཁྱོལ་ཐབས་བྱེད་དགོས་པ་གང་ཡང་ཡོད་པ་མ་རེད།
རྗེ་མི་ལ་དང་། ཤར་སྐལ་ལྡན་རྒྱ་མཚོ། ཉེ་ཆར་ཁྱེད་ཀྱིས་གླེང་བཞིན་པའི་དགེ་བཤེས་ཚང་། ཁོང་རྣམ་པ་ནང་བཞིན་ཕེབས་དང་། བཞུད་ལམ་ཡངས་ཤིང་རྒྱ་ཆེ་བ་རེད།
ཆོས་རྣམ་དག་ཅིག་དང་སྲིད་ཡང་དག་ཅིག་མ་བྱུང་ཡང་། འདྲེས་མ་ཞིག་གི་ཆེད་དུ་འབད་འབད་དུང་དུང་བྱེད་ཀྱིན་པ་ཚོར་རྗེས་སུ་ཡི་རངས་ལས། ཁབ་གཙག་འབིག་གཙག་བྱེད་དགོས་པ་ཅང་མི་འདུག་སྙམ།
གྲྭ་བས་ཆབ་སྲིད་ཀྱི་འགན་མ་ཁུར་ན་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་མཁན་རེག་ཁག་པོ་ཡིན་རྒྱུ་རེད། གྲྭ་བས་ཆབ་སྲིད་ཀྱི་འགན་མ་ཁུར་ན་བོད་ཀྱི་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་པ་དེ་གཅེས་སྤྲས་བྱེད་མཁན་ཇེ་ཉུང་འགྲོ་གི་རེད། དེ་དུས་ཆོས་པ་རྣམ་དག་ཚོ་ལྟོགས་ཤི་ཐེབ་པའི་ཉེན་ཁ་སླེབས་འོང་། དེ་དུས་ཧཧཧཧཧཧཧཧ
ཚང་མས་སེམས་རྣལ་དུ་ཕོབས། ཚིག་བེད་སྤྱོད་གཏོང་བཏང་ལ་གཟབ་རོགས། བགྲོ་གླེང་མུ་མཐུད་ནས་འགྲོ་རྒྱུ་ཡིན། ལོ་སྔོན་ལྟར་མི་ཡོང་བའི་འབད་པ་བྱེད་དགོས།
གཉའ་འབྲོང་ཐུ་བུ་ལགས།
དུས་བབ་དྲ་ཐོག་ཏུ་ང་ཅོ་རིའི་བཤད་པའི་དོན་གྱི་བརྗོད་བྱ་ལ་ལན་འདེབས་མ་ཐུབ་དུས་ཚིག་གི་དག་ཆ་ནོར་ཡོད་མདོག་བཤད་བསྡད་མཁན་མི་བུ་ཐ་མ་པ་མང་པོ་ཡོད།
དེར་ངོས་ལེན་ཞུ་ཐུབ་ས་མ་རེད།་་་ཧ་ཧ་ཧ་
ཁྱེད་ཀྱིས་ངའི་དྲི་བ་གཅིག་ལ་ཡང་ལན་འདེབས་མ་བྱུང་། མི་དགོས་པའི་ཡིག་ནོར་རྟགས་ནོར་འདྲ་ཞིག་བཤད་ཁུལ་བྱས།
ལན་འདེབས་མ་ཐུབ་ཀྱང་རྫུན་མ་བཤད་རོགས། ངའི་བྲིས་པ་དེར་དོན་གོ་མ་སོང་ཟེར་ན་ང་ཡིད་ཆེས་ཐབས་བྲལ་སོང་།
བསམ་ཚུལ་ལ་བརྡ་ལན་གནང་བ་ཐུགས་རྗེ་ཆེ།ཆོས་མི་འགྱོན་པའི་གྲ་བ་ཚོའི་སྲིད་འཇོན་གི་མ་རེད། བོང་བུ་གང་ལ་སོང་ན་བོང་བུ་ཡིན་ཟེར་དུས་དཔེ་ནོར་ཚར་རེད།སྲིད་ཟེར་བ་ཆོས་ནང་བཞིན་དཀའ་མོ་ཞིག་མིན་པ་ཧ་གོ་ཡོད་དམ།ཆོས་མ་འཇོན་པའི་སྲིད་འཇོན་པ་ག་ཚོད་དགོ་དགོ་ཡོད་རེད།ཆོས་འཇོན་ན་སྲིད་འཇོན་པའི་ཁྱབ་མ་ཡོད་པ་མ་རེད།ཁྱབ་མ་ཁྱབ་བསམ་བློ་ཐོངས་དང་།ཁྱེད་རང་ཁྱེད་རང་ལན་རྒྱབ་ཡོང་གི་རེད།དེ་ཙམ་ཡིན།
སྤྱིར་བཏང་ཆོས་དང་སྲིད་ཅེས་བྱ་བ་དེ་གཞི་གཅིག་ཏུ་མཉམ་གནས་མི་ཡོང་བ་དེ་རྒྱུ་མཚན་དང་དང་མྱོང་བ་གཉིས་ཀྱིས་ཐག་གཅོད་ཐུབ་པ་ཡིན། དེ་ཡང་བཅོམ་ལྡན་འདས་ཀྱིས་རང་ལོ་ཉེར་དགུའི་བར་དུ་རྒྱལ་སྲིད་ཀྱི་བྱ་བ་མཛད་ཅིང་མཐར་ཁྱིམ་སྤངས་ནས་རབ་ཏུ་བྱུང་ཏེ་ཆོས་རྣལ་མ་ཞིག་གིས་སངས་རྒྱས་ཐོབ་ཡོད།
ང་ཚོའི་བོད་ཡུལ་འདིར་མཚོན་ན་ཆོས་དང་སྲིད་གཉིས་མཉམ་བསྲེས་བཏང་ནས་ཆོས་པས་དགོས་པའི་ཆོས་ཡང་དག་པ་ཞིག་མ་བྱས་པར་མི་དགོས་སྲིད་དོན་ལ་ལག་པ་འཆང་བ་དང་།
ཁྱིམ་པ་སྲིད་དོན་པ་ཚོས་དགོས་པའི་རང་སྲིད་མ་སྐྱོང་བར་མ་འཇོན་གྱིས་ཆོས་བྱེད་ཁུལ་བྱས་ཏེ་འདས་པའི་ལོ་རྒྱུས་ཁྲོད་ལས་ཐ་མ་ང་ཚོ་ཕམ་ཉེས་སུ་ཤོར་ཏེ་ད་ལྟ་ཆོས་བྱེད་མཁན་དང་། སྲིད་སྐྱོང་མཁན། བར་གྱི་མི་དམངས་བཅས་ཚང་མར་དཀའ་ཚེགས་འདི་འཕྲད་བཞིན་ཡོད།
དེ་ནི་ཆོས་དང་སྲིད་གཉིས་ཀྱི་བེད་སྤྱད་ཚུལ་དེ་གོ་ཟློག་ཏུ་ཏུ་སོང་ནས་བྱ་བ་ཚང་མ་ད་བར་ཕྱིན་ཅི་ལོག་སྟབས་འབྲས་བུའང་ཕྱིན་ཅི་ལོག་པ་ཤ་སྟག་འབྱུང་བཞིན་ཡོད་པ་དེ་རེད།
ནད་ལ་ལགས་ཀྱིས་སྐད་ཆ་ནད་པ་ཞིག་གསུངས་འདུག ཀུ་རེ་ཡིན། ངས་བོད་ཀྱི་བླ་ཆེན་དང་། མཁན་ཆེན། གྲྭ་བཙུན་སོགས་ལ་ཁ་བཏང་ཡང་མེད་ལ་གཏོང་འདོད་ཀྱང་མེད་པར་མ་ཟད་དེ་དག་ལ་དད་པ་བརྟན་པོ་ཡོད་མཁན་ཞིག་ཡིན་དེའི་སྟབས་ཀྱིས་དད་ཡུལ་དེ་དད་ཡུལ་དུ་བཞུགས་པའི་རེ་བ་བྱེད་ཀྱིན་ཡོད། དེ་ལས་ད་དུང་བོད་ཀྱི་ཆོས་དང་རིག་གཞུང་། སྲིད་དང་དཔལ་འབྱོར་ཆ་ཚང་ཡག་པོ་ཞིག་ཡོང་བའི་ཆེད་ཆུ་མ་ཡོང་གོང་དུ་རགས་དང་། རྐྱེན་མ་ཡོང་གོང་དུ་ཟློག་པ་ཟེར་བའི་དཔེ་ལྟར་ལམ་ལུགས་སྐོར་ལས་བསམ་ཚུལ་ཙམ་ཕུལ་བ་མ་གཏོགས་སུ་ལའང་ཁ་བཏང་མེད།༼གནའ་ནས་ད་བར་ཆོས་དང་། སྲིད། དཔལ་འབྱོར། རིག་གཞུང་། སྐད་ཡིག རྒྱལ་ཞེན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་གི་སྐྱོ་པོ་ཡིན། ༽ སྐད་ཆ་འདི་གཏན་ནས་བདེན་པ་མ་རེད་གནའ་རབས་བོད་ཀྱི་ལོ་རྒྱུས་ནང་གཟིགས་དང་གནའ་བོའི་བོད་མི་རིགས་གང་འདྲ་ཡིན་མིན་མཁྱེན་ཐུབ། བོད་དོན་ཆེད་རང་སྲོག་འདོར་མི་མང་ཆེ་བ་གྲྭ་བཙུན་ཡིན་མིན་མ་ངེས་མོད་དེ་དག་ནི་གྲྭ་བ་དཀྱུས་མ་དག་ཡིན་པས་བདག་གིས་རྗེས་སུ་ཡི་རང་ཞུ་བཞིན་ཡོད་ལ་གྲྭ་བར་གོ་ས་སྤྲད་རྗེས་གཞི་ནས་བསམ་བློ་ལ་འགྱུར་ལྡོག་འབྱུང་མགོ་ཚུགས་འགྲོ་གི་དེའི་ཕྱིར་བདག་གིས་དེའི་སྐོར་ནས་བཤད་ཡོད་པ་ལས་དེ་དག་ནི་སྐབས་འདིར་གླེང་གི་མེད་ལ་སླར་ཡང་དེ་དག་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
༼བོད་མི་རིགས་ལ་ཕན་དང་གནོད་བཤད་ཚོད་མ་ཤེས་ཀྱང་རང་སེམས་འདི་དེའི་ཕྱོགས་སུ་ཤོར་ནས་མི་ཐུབ་ཁུ།༽ཅོ་རི་ཉི་མ་ལགས་ཁྱེད་ཀྱི་སྐད་ཆ་འདི་ལ་བྲོ་བ་ཡག་པོ་འདུག གཞན་ཡིག་ནོར་དང་། སྦྱོར་སྡེབ་མི་བདེ་བ། ཁ་སྐད་བྲིས་པ་སོགས་ཀྱི་དབང་གིས་གོ་བ་ཚ་ཚང་ཞིག་རེག་རྒྱུ་རི་བོང་གི་རྭ་རེད་ལ་ཡིན་ནའང་ཆོས་སྲིད་ཁ་ཁ་ཟེར་བ་ཞིག་བཤད་ཀྱི་འདུག་བསམ་སོང་། དེ་ཡིན་ན་ཆོས་སྲིད་ཁ་ཁ་བྱེད་རྒྱུ་དང་ཆ་བསྒོས་ལས་བསྒོས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་རེད། གཞན་ཚོག་གཏམ་བཙན་པོ་ཞིག་གཏོང་གི་ཡོད་པ་འདྲ། དེ་ཡང་སོ་སོའི་འདོད་པ་དབང་བཙན་པར་བྱེད་རྒྱུ་ལས་མེད། མཇུག་ཏུ་ཁོང་ཁྲོ་མ་བྱེད་བསམ་ཚུལ་ཕུལ་བ་ཡིན་གསུངས་འདུག་དེ་ལ་ཡིན་དང་ཡིན། ང་རང་གཏན་ནས་ཁོང་ཁྲོ་ཟ་མི་སྲིད་ཅེས་བརྗོད་རྒྱུ་ཡིན། རྒྱུ་མཚན་ནི་ང་རྒྱ་དམར་གྱི་སྟེང་ཁོང་ཁྲོ་ཟ་མ་ཕོད་པར་བྲོས་བྱོལ་དུ་འོངས་པ་ཞིག་སྤུན་ཟླ་མི་རིགས་ཚོའི་སྟེང་ཁོང་ཁྲོ་ཟ་རྒྱུར་ངོ་ཚ་ཡོད་མཁན་ཞིག་ཡིན།
འཇམ་གྲགས་ལགས། ངའི་མདའ་རྩེ་གཏོད་ས་ངོ་མ་དེའི་ཕུགས་རྒྱང་ཤིན་ཏུ་རིང་། དེ་ནི་མ་འོངས་པའི་བོད་ཀྱི་ཆོས་སྲིད་གཉིས་ཀའི་གནད་དོན་ཞིག་ལ་དམིགས་ཡོད་ཟེར་ན་འང་འདྲ། ཆོས་སྲིད་གཉིས་ཟུང་འབྲེལ་མ་བྱས་པར་ཕྱོགས་གཉིས་ནས་ཡར་རྒྱས་གཏོང་ཕྱོགས་ཟེར་ནའང་འདྲ། དེ་འདྲ་ཞིག་ཡིན། ཁ་ཐུག་ལ་གོ་བ་ལེན་འདོད་ཡོད་ན་དེ་ལྟར་ལོངས་དང་དེ་ནི་མི་རང་རང་གི་འདོད་ཕྱོགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡིན།
༼གང་ལྟར་ཆོས་ཀྱིས་སྲིད་ལ་གནོད་ཀྱི་འདུག་ལབ་ན་ཆོས་པ་ཞིག་ལ་མཚོན་ན་དེ་ནི་ཁྲོ་ལང་དགོས་པ་ཞིག་མིན་པར་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་དགོས།༽ཨ་མཆོད་ལགས། ཁྱེད་ཀྱི་སྐད་ཆ་འདིས་སེར་གཟུགས་མང་པོ་ཞིག་ངོ་ཚར་གཏད་འདུག ཁྱེད་རང་སྔོན་ཆད་གྲྭ་སར་བཞུགས་དུས་དཔེ་ཆ་ཡག་པོ་རེད་ཟེར་བ་ཞིག་གོ་མྱོང་དངོས་གནས་དེ་རིང་རྟགས་མཚན་ཞིག་ལྷང་ང་ལ་བུད་སོང་། ཆུ་ཚོད་ཀྱི་བབ་དང་བསྟུན་ནས་ཁྱེད་ཀྱི་དྲ་ཚིགས་སུ་ཉུལ་རྩིས་ཡིན།
ཉི་ཟླའི་མགྲོན་བདག་ལགས་ཀྱིས་༼ཆོས་པ་རྣལ་ན་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད། དེ་མིན་ང་ཚོ་འདྲ་བའི་གྲྭ་བ་ཞིག་བོད་དོན་ལ་ནུས་བ་གང་ཡོད་ཀྱི་གཞུང་སྒེར་སོགས་ཕན་ཐོག་གང་ཡོང་སྤྱི་ཡོང་གི་བསྒྲུབ་བ་རེད་མ་གཏོགས་གོང་ས་མཆོག་ལ་བསྟས་ནས་བསྡད་ན་གླེན་རྟགས་ཁོ་ན་རེད། ༽ཁོས་བཤད་པ་ནི་གཞུང་ཞབས་ལ་འགྲོ་བཞིན་པའི་གྲྭ་བ་ཚོ་ཆོས་པ་རྣལ་མ་ཞིག་མ་རེད། དེ་ལ་ཆོས་པ་རྣལ་མ་ཞིག་འགྲོ་རྒྱུཡོད་པ་མ་རེད་ཅེས་གསུངས་འདུག་ལ་ང་ཚོ་ཆོས་པ་རྣལ་མ་མིན་ཞེས་ཀྱང་ལབ་འདུག དེ་ནི་མདོར་བསྡུས་ན་ཆོས་མི་འཇོན་པའི་གྲྭ་བ་ཚོ་གྲོང་བ་ཚོའི་རྐུབ་སྟེགས་འཕྲོག་གི་འགྲོ་དགོས་པ་རེད་ཟེར་བ་ཙམ་རེད། ཞེ་ཙང་ཆབ་སྲིད་ཀྱི་རྐུབ་སྟེགས་ལེན་མི་ཚོ་གྲྭ་བ་འཇོན་ཐང་ཅན་ཚོ་རེད་དམ། མ་འཇོན་ནི་ཚོ་རེད། དེ་མ་འཇོན་ནི་ཚོ་ཡིན་པ་ཁྱོད་ཀྱིས་ཀྱང་ཁས་བླངས་འདུག་ག དེ་འདྲ་ཡིན་དུས་ངས་གྲྭ་བ་ལ་ཆབ་སྲིད་ཀྱི་སེམས་ཁམས་མེད་ཅེས་བཤད་པའང་དེ་ཡིན་ལ་མ་འོངས་པར་ཆོས་ལ་འཇོན་མཁན་ཚོ་འང་ཤན་ཤུགས་དེས་སྲིད་ལ་འཁོར་ན་ཆོས་སྲིད་གཉིས་ཀ་བརླག་རྒྱུའི་ཉེན་ཁ་ཡོད། རྒྱུ་མཚན་ནི་ཆོས་པ་རྣལ་མ་ཞིག་གིས་སྲིད་མི་འཇོན་པ་སྟག་བྲག་སོགས་ཀྱི་ལོ་རྒྱུས་ལ་གཟིགས་དང་གསལ་བོ་ཡིན་ལ། དགོན་པའི་ནང་ནས་ཆོས་མི་འཇོན་ནི་ཚོར་རྐུབ་སྟེགས་སྤྲད་ན་དེས་སྲིད་པ་མི་འཇོན་པ་བོང་བུ་གང་དུ་སོང་ཡང་བོང་བུ་ཡིན་ཞེས་ངས་ཁ་ཚོན་གཅོད་ཀྱི་ཡིན། ངས་གྲྭ་བ་ཚོས་༧གོང་ས་མཆོག་ལ་བལྟས་ནས་སྡོད་དགོས་ཞེས་ལབ་མེད་ལ་དེ་ལྟར་འདུག་སྲོལ་ཞིག་ཀྱང་མེད། འོ་ན་གྲྭ་བ་ཚོས་གང་འདྲ་ཞིག་བྱེད་དགོས་རེད་ཅེ་ན་སོ་སོ་གྲྭ་བ་བཟོ་དུས་རང་ཉིད་སྤྱི་ཚོགས་དང་སེམས་ཅན་གྱི་ཞབས་ཞུ་བསྒྲུབ་མཁན་ཞིག་ཏུ་ཁས་བླངས་པ་དེ་བརྗེད་མི་རུང་ལ། སོ་སོ་ཁྱིམ་ནས་མེད་པར་རབ་ཏུ་བྱུང་སྟེ་སྲིད་ཀྱི་ཁྱིམ་གཞི་འདི་སྤོང་བར་ཁས་བླངས་པའང་བརྗེད་མི་རུང་། ཁྱོད་ལ་གསལ་བོར་བཤད་ན་གོ་ས་དང་ཐོབ་ཐང་མ་བླངས་པར་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་དགོས། དེ་ལྟར་བྱས་ན་ཆོས་དང་མཐུན་ལ་མི་མང་གིས་ཁས་ལེན། རང་གིས་དབང་ཚད་ཀྱིས་མི་མང་རྡོག་རོལ་གཏོང་མི་སྲིད། དེ་འདྲ་ཞིག་རེད་གྲོགས་པོ་ལགས།
ཞིབ་ཏུ་དཔྱད་ནས་བརྗོད་ཚེ་ང་ཚོས་བོད་ཀྱི་བླ་ཆེན་དང་། མཁན་ཆེན། གྲྭ་བཙུན་བཅས་ཀྱི་སྡེར་ཁ་གཏོང་རྒྱུའི་འོས་བབ་མི་འདུག གང་ཡིན་ཟེར་ན་ངས་བསམས་ན་ང་ཚོའི་མི་དམངས་གནའ་ནས་ད་བར་ཆོས་དང་། སྲིད། དཔལ་འབྱོར། རིག་གཞུང་། སྐད་ཡིག རྒྱལ་ཞེན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་གི་སྐྱོ་པོ་ཡིན།
གནའ་ནས་ད་བར་བོད་ཀྱི་ཆོས་དང་། ཆབ་སྲིད། སྐད་ཡིག རིག་གཞུང་། སྤྱི་ཚོགས་སོགས་སྤྱི་དང་ལྷག་དོན་དྭས་ད་ལྟའང་བོད་ཀྱི་ཆབ་སྲིད་དང་། རིག་གཞུང་སོགས་ཕྱོགས་གང་ཐད་ནས་བླ་མ་དང་གྲྭ་བཙུནཡོངས་ཀྱིས་དམིགས་བསལ་ནུས་པ་ཞིག་འཛམ་གླིང་སྟེང་བཏོན་ཐུབ་ཀྱི་འདུག
དཔེར་མཚོན་ན་མི་དམངས་ཀྱི་ཁྲོད་ནས་ད་བར་བོད་ཀྱི་རྩ་དོན་ཆེད་རང་སྲོག་དོར་ཐུབ་མཁན་ཆེས་ཉུང་ཤས་ཤིག་ལས་མེད། རྒྱ་མིའི་གདུག་རྩུབ་འོག་རང་སྲོག་དོར་མཁན་མང་ཆེ་བ་ནི་བོད་ཀྱི་གྲྭ་བཙུན་རྣམས་ཡིན།
ང་ཚོས་འགྱུར་བ་འམ་གསར་བརྗེ་ཞིག་བྱེད་ན་ངེས་པར་དུ་བོད་ཀྱི་རྨོངས་པ་དང་ཐབས་སྐྱོ་བའི་མི་དམངས་དག་སྔོན་ལ་བཅོས་བསྒྱུར་གཏོང་དགོས་དྲན།
ཁ་བྱང་གི་འབྲེལ། གོང་ས་མཆོག་དང་། བཀའ་བློན་ཁྲི་པ། ཆོས་དོན་བཀའ་བློན་བཅས་ཀྱི་དབུས་བོད་རིགས་སེར་མོ་བ་ཡོང་གྱི་་སྙིང་ལ་གཙག་ཤད་རྒྱག་ཐུབ་ཚེ་ཁོ་བོ་གཉའ་འབྲོང་གི་ནུས་པ་བསམ་དོན་བཞིན་འགྲུབ་པ་ཡིན་ནོ་ཞེས་པའི་དོན་ཡིན།
གཉའ་འབྲོང་ནས་འཕེན་ས་གྲ་པའི་སྤྱི་ཚོགས་ལ་འཕེན་ཁུལ་གྱིས་ཕོག་ས་ནི་གོང་ས་མཆོག་དང་ད་ལྟའི་བཀའ་ཁྲི། ཆོས་དོན་བཀའ་བློན་བཅས་ལ་མདའ་རྩེ་གཏད་འདུག་སྙམས།
ཅོ་རི་ཉི་མ་ལགས་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བསུ་ཡོད། ཕྱི་རྒྱལ་གྱི་ཆབ་སྲིད་མཁས་དབང་ཞིག་གིས་ཁྱེད་ཀྱི་ལྟ་ཚུལ་དེར་ང་འཐད་པ་མིན་ཀྱང་ཁྱེད་ཀྱི་ལྟ་ཚུལ་བརྗོད་པའི་ཐོབ་ཐང་ལ་ངས་ཚེ་སྲོག་གིས་བརྩི་བཀུར་བྱེད་ངེས་ཡིན་ཞེས་བཤད་པ་ལྟར་ལྟ་ཚུལ་འདོན་སྐབས་མི་གཞི་ལ་དམའ་འབེབས་སོགས་མི་བྱེད་པར་རང་གི་ལྟ་ཚུལ་བརྗོད་ན་མི་བུ་དེའི་ལྟ་ཚུལ་དེ་འགྲིག་མིན་ཇི་ལྟར་ཡང་མི་བུ་དེ་ལ་སྒེར་ཚུགས་ཀྱི་བསམ་བློ་ཡོད་པ་ཞིག་ཏུ་བདག་གིས་ངོས་འཛིན་བྱེད་ཀྱིན་ཡོད། ༼གྲྭ་བ་ཚོ་ལ་འཇོན་ཐང་ཡོད་ན་ཟུར་ནས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ན་མ་འགྲིག་པ་ག་རེ་ཡོད། མ་གཞི་གྲྭ་བ་སྲིད་སྟེགས་སུ་བཞག་པ་ནི་ནོར་འཁྲུལ་ཚབ་ཆེན་ཞིག་རེད།༽གུག་རྟགས་ནང་གི་སྐད་ཆ་ཚན་པ་འདི་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་བསམ་ཚུལ་ཞིག་ལ་བཏབ་པའི་མཆན་ཞིག་ལགས་པས་ངའི་ལྟ་ཚུལ་འདི་ཡིན་པ་ལས་ཁྱེད་ཀྱིས་བཤད་པ་བཞིན་ཡོད་ཚད་འཕུད་དགོས་པ་དེ་མིན། ཁ་གསལ་བོར་བཤད་ན་གྲྭ་བས་སྤྱི་ཚོགས་ལ་ཞབས་ཞུ་བྱེད་རྒྱུ་ནི་གྲྭ་བའི་དམ་བཅའ་ཡིན་ཀྱང་གྲྭ་བར་གོ་ས་མི་དགོས་པ་འདི་ཡང་གྲྭ་བའི་དམ་བཅའ་རེད། དེའི་དབར་ནས་སྐད་ཆར་གོ་བ་ལོན་པའི་རེ་བ་ཡོད། སྤྱིར་བདག་གི་སྐད་ཆ་འདིའི་ཁ་བྱང་ལ། ཕྱིང་བ་འདྲ་ས་ན་སྡེར་མོ་ཅན་ལ་ལས་ཀ་མེད། ཅེས་བྲིས་ཡོད། འོན་ཀྱང་། ཁ་སང་སྤྱི་འཐུས་ཀྱི་སྟེགས་བུར་རེ་ནས་ཉིན་མོ་སྡོད་མ་ཚུགས་མཚན་མོ་གཉིད་མ་ཡོང་བ་ཞིག་ཡིན་ནམ་གང་ལྟར་དྲ་འབུ་ཀརྨ་ཟེར་བ་ཞིག་གིས་
༼ཀརྨ།
༢༠༡༠/༠༨/༡༨ ཉིན་འདོན་སྤེལ་བྱས། གཉའ་འབྲོང་ཐུ་བུའི་མིང་རྫུན་འོག་གི་གྲྭ་རྫུན།
ཁྱོད་རྒྱ་དམར་གྱི་རྒྱུག་ཁྱི་ཞིག་མིན་ན།
བསམ་བློ་ཞིབ་ཏུ་བཏང་ནས་བོད་མིའི་རྩ་དོན་ལ་ཕན་ངེས་ཀྱི་སྐད་ཆ་ཚིག་རེ་གཉིས་བཤད་ཐུབ་ན་ལས་གཞན་དུ་ཁ་བཙུམ་བསྡད་ན་བཟང་བར་མཐོང། དེ་ནི་ཁྱོད་ཀྱིས་གོང་དུ་བཤད་པ་དེ་ཚོར་རྒྱུ་མཚན་མེད་པས་རེད། ལྐུག་པས་ལྐུག་རྟགས་ལ་ཚོད་ཡོད་ན་ཧ་ཅང་བཟང། ༡ གྲྭ་བའི་སྤྱི་ཚོགས་ནང་དཔལ་འབྱོར་སོགས་ཀྱི་ལག་འཁྱེར་སྐད་གྲགས་ཅན་M.A་དང། B.Aཟེར་བ་སོགས་འཁྱེར་རྒྱུ་མེད་ཀྱང་སྲིད། འོན་ཀྱང་ཁོང་ཚོས་དགོན་སྡེ་གྲྭ་ཚང་འཛིན་སྐྱོང་བྱེད་སྟངས་ལ་ལྟོས་དང་ཁྱེད་ཀྱིས་བཤད་པ་དེ་དག་ལ་རྒྱུ་མཚན་འདུག་གམ།
༢ ༧གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་གཟེངས་རྟགས་བརྒྱ་ཕྲག་མང་པོ་ཕུལ་བ་དེ་དག་མཐར་གཏུག་ན་ཁོང་ལ་གཞན་ཕན་ལྷག་བསམ་འགྲན་ཟླ་མེད་པ་ཞིག་དང། དྲང་བདེན་དངོས་གནས་པ་ཞིག་ཡོད་པར་བརྟེན་དེའི་རྒྱུ་མཚན་གྱིས་ཕུལ་བ་ཞིག་རེད། ཁོང་གི་དྲང་བདེན་དང་གཞན་ཕན་ལྷག་བསམ་དེ་ཡང་ནང་ཆོས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང། མཐར་གཏུག་ན་རང་རེའི་རླབས་ཆེན་གྱི་དབུ་ཁྲིད་༧གོང་ས་མཆོག་ཀྱང་ནང་ཆོས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང། ནང་ཆོས་འདི་ཡང་ང་ཚོར་མེད་ན་ད་ལྟ་ང་ཚོ་གནས་སྟངས་གང་ཞིག་ཏུ་སླེབས་ཡོད་དམ། སུས་ཤེས་ནུས་པ་འདི་ཡིན་ན་རྩ་མི་ཚང་བའི་སྐད་ཆ་འདི་ལྟར་བཤད་ན་ཁྱོད་ལ་ཕན་ཐོག་ཅིག་འདུག་གམ།
རང་ཉིད་རྩ་མི་ཚང་བ་ཡིན་པར་ངོས་མ་ཟིན་པར་ད་དུང་ཆོས་རྒྱུན་སྤྱི་འཐུས་ཚོ་དང། སྤྱི་འཐུས་ནང་གི་གྲྭ་གཞོན་ལྷག་བསམ་ཅན་ཚོར་རྩ་མི་ཚང་བ་བཤད་ཐུབ་པ་འདི་ཡ་མཚན་ཆེ། ༽ཞེས་བདག་གི་མི་གཞི་ལ་དམའ་འབེབས་འདི་ལྟར་བྱས་ཡོད་པས་བདག་གིས་སྐད་ཆ་འདི་གནད་ལ་ཁེལ་ཡོད་པ་ཤེས་ནས་ཁ་བྱང་བརྗེ་བོ་བརྒྱབ་པ་ཡིན།
དྲ་གྲོགས་འབུར་ཐོ་ལགས། གཏམ་གྱི་འགོ་བཟུང་ཙམ་ནས་མི་གཞི་ལ་དམའ་འབེབས་བྱེད་མཁན་དག་གིས་ནི་རང་ཉིད་ལ་འགྲེལ་བཤད་བརྒྱབ་ཚར་བ་ཡིན་པས་དེ་དག་ལ་ཁ་ཡ་བྱེད་དོན་མེད།
ཕུན་ཚོགས་ལགས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པ་རྩོམ་ཡིག་ཁག་ལས་ཀྱང་རྟོགས་ཡོད། དེ་རིང་འདི་གར་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བོ་བྱུང་།
རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ལམ་ལུགས་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། དེ་གླེང་དུས་ང་ཚོས་གནས་སྐབས་ཀྱི་ཁེ་ཕན་ཙམ་གཙིགས་སུ་འཛིན་མི་རུང་། ངས་གྲྭ་བར་ཆབ་སྲིད་ཀྱི་སེམས་ཁམས་མི་འདུག་ཟེར་བ་ཡང་གནད་དོན་དེ་ལ་ཐུག་ཡོད།སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཆོས་ཚང་བའི་གྲྭ་བ་འགའ་ཞིག་ཡོད་མོད་བདག་གིས་བསམ་ན་དེ་དག་གིས་སྤྱི་འཐུས་ཀྱི་ས་མིག་རེག་ཀྱང་སྟེ་གནས་སྐབས་ཙམ་བསྒྲུབ་པའི་སྤྱི་དོན་ལས་མ་འོངས་པར་ཆོས་དང་ཆབ་སྲིད་གང་གི་ཡང་གོ་རྟོགས་མེད་པའི་སྤྱི་འཐུས་གྲྭ་བ་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས། ད་དུང་གཞན་པའི་སྤྱི་འཐུས་འདྲ་མི་འདྲའང་མང་པོ་ཞིག་ལ་ལམ་ཁ་ཞིག་བཟོས་འདུག་པས་དེ་གཉིས་བསྡུར་ན་རྗེས་ཤུལ་ནག་པོ་ཞིག་ལས་ཅི་ཡང་མ་མཐོང་། གྲྭ་བ་ཆབ་སྲིད་ཀྱི་སྟེགས་བུར་བུད་པ་ནི་ཆོས་དང་ཆབ་སྲིད་གཉིས་ཀར་གནོད་པའི་ལས་ངན་པ་ཞིག་རེད་ཅེས་པ་འདི་བདག་གི་ལྟ་ཚུལ་ཡིན། རྒྱུ་མཚན་གཅིག་ནི། ༧ གོང་ས་མཆོག་རྟག་པ་མིན་པ་ང་ཚོས་མཁྱེན་གསལ་རེད། ད་ལྟ་ཁོང་སྐུ་འཚོ་བཞུགས་དུས་གྲྭ་བ་ཆབ་སྲིད་ཀྱི་སྟེགས་བུར་འཐེན་རྒྱུའི་གར་ཆུང་འདིས་མ་འོངས་པར་ཆོས་བརྒྱུད་ཁག་གིས་༧གོང་ས་མཆོག་གི་གོ་ས་མི་རྩོད་པའི་ཁ་ཚོན་སུ་ཞིག་གིས་གཅོད་ཐུབ། དེའི་ཕྱིར་ང་ཚོས་མིག་རྒྱང་རིང་བོ་ཞིག་ལ་ལྟ་དགོས་པར་མཐོང་ནས་བསམ་ཚུལ་འདི་བརྗོད་པ་ཡིན་ལ་ཉེས་པ་ད་དུང་མང་མོད་རེ་ཞིག་དེ་ཙམ་བྱེད།
ཨོ་ཡ་་་་་་ད་ཡང་དུས་ཚོད་ཏོག་ཙམ་འདུག་པས་ཡང་བསྐྱར་ཅིག་འབྲི་ཁུལ་བྱེད་ཀྱི་ཡིན། བོད་མི་རིགས་ལ་ཕན་དང་གནོད་བཤད་ཚོད་མ་ཤེས་ཀྱང་རང་སེམས་འདི་དེའི་ཕྱོགས་སུ་ཤོར་ནས་མི་ཐུབ་ཁུ།
ལམ་དབུ་མ་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ནི་ཐེག་པ་ཆེན་པའི་རང་ལུགས་དང་འདྲེས་ནས་ཡོད་པའི་ལྟ་སྤྱོད་རེད། འདི་གཉིས་གཏན་ལ་འབེབས་མཁན་ནི་༧གོང་ས་མཆོག་རེད། དེའི་རྗེས་སུ་འཇུག་མཁན་ནི་ཟམ་གདོང་བླ་མ་སོགས་རེད།
ད་་་་་བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང་དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་ཕ་ཆོས་གཉིས་ཁ་ཁར་ཕྱེ་ནས་བཙན་བྱོལ་གཞུང་གིས་འཇིག་རྟེན་ཕ་ཆོས་མ་གཏོགས་དམ་པའི་ལྷ་ཆོས་ལེན་གྱི་མིན་ཟེར་ན་དོན་དང་ལྡན་པ་རེད།
དམ་པའི་ལྷ་ཆོས་དང་འཇིག་རྟེན་ཕ་ཆོས་གཉིས་གཅིག་ཕྱོགས་རྒྱལ་ན་གཅིག་ཕྱོགས་ཕམ་འགྲོ་བ་འདི་ནི་ཁྱེད་ཀྱིས་གསུངས་པ་ལྟར་དངོས་ཡོད་ཡིན། སེམས་ཅན་ཐམས་ཅད་མའི་འདུ་ཤེས་ཀྱི་ཐོག་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་ལམ་ལུགས་པ་གཙོ་བོ་ནི་༧གོང་ས་མཆོག་རེད་མ་གཏོགས་གྲྭ་པ་གྲྭ་རྐྱང་ཉམ་ཆུང་དེ་ཚོ་མ་རེད།
དགག་དགོས་ན་རྩ་བ་༧གོང་ས་མཆོག་དང་པོ་དང་སྤྱོད་པ་འཚེ་བ་མེད་པ་གཉིས་ཕན་དབུ་མའི་ལམ་བཅས་དགག་དགོས་ཀྱི་ཡོད་རེད་ད། དེ་ནི་ཁྱོད་ཚོས་དགག་ག་ལ་ཕོད་སྤྱི་ཚོགས་ནང་དུ་རང་གི་གོ་གནས་ཤོར་དོགས་དང་ལྟོ་གོས་ཤོར་དོགས་ཀྱིས་ཁ་ཐུག་ཞུ་ཕོད་མཁན་སུ་ཡོད་དམ།
རྩ་བ་ལ་ཆུ་བླུག་གི་བླུག་གི་ཡལ་ག་ལ་དགག་པ་རྒྱག་པ་འདི་ནི་སྤྱི་ཚོགས་ནང་དུ་དཀྲུགས་ཤིང་དང་གཞུང་མང་མཐུན་སྒྲིལ་ཡོང་བ་ལ་གནོད་པ་ཙམ་ལས་ཕན་ཐོག་ཅི་ཡང་མེད་པས་ལྷ་མོ་སྐྱབས་སྐྲ་རིང་མ་དང་བོན་རྒྱལ་སྐྱོ་མིན་སེར་མིན་ཁྱོད་རང་ཚོས་ཁ་བཙམ་ནས་བསྡད་ན་དགའ་གྱི་མ་རེད་པས།
འོན་ན་དམ་པའི་ལྷ་ཆོས་ཀྱིས་སེམས་ཁམས་འགྱུར་ཡོད་པའི་སེར་མོ་བ་ཞིག་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་སྐྱོང་་མཁན་མི་མཁོ་ལབ་ན་༧གོང་ས་མཆོག་དང་ཟབ་གདོང་བླ་མ་གཉིས་ལ་འགོ་འཛུགས་ནས་ལབ་རོགས།
དེ་མིན་མི་བུ་སྙིང་མེད་ཁྱེད་ཚོས་གྲྭ་རྐྱང་ཉམ་ཆུང་ཚོའི་ཐོག་ཏུ་ཆབ་སྲིད་མཁས་མདོག་གི་དགག་པ་རྒྱག་མ་བསྡད་ན་ཡོང་བ་འདུག་པས། ཁྱོད་ཚོས་དོན་དང་ལྡན་པའི་ཆོས་སྲིད་ཁ་ཁར་ཕྱེ་ནས་དགག་པ་ཞིག་རྒྱག་དང་བུ་སུ་ཡིན་དེ་དུས་ཤེས་ཡོང།
ཨོ་ཡ་་་་ད་ཏོག་ཙམ་འདོད་གང་སོང་བས་བྲིས་མཚམས་བཞག་གི་ཡིན། རྗེས་སུ་མཇལ་ཡོང། ཁོང་ཁྲོ་མ་བྱེད་རོགས་བསམ་ཚུལ་ཕུལ་བ་ཡིན།
འོ་ཞིག་སྣང་བ་འགྲོ་སོང་ཡིན་ཡང་ཁོང་གིས་གྲྭ་བ་ཆབ་སྲིད་ནང་དུ་འགྲོ་མི་ཆོག་པ་ཚིག་ཟུར་གྱི་ཐོན་འདུག།དེ་བདག་གི་སྣང་བ་རྩ་བ་ཉིད་ནས་འགྲོ་མ་སོང་།ཆོས་བ་རྣལ་མ་ཞིག་ཡིན་ན་གནས་ཚུལ་ཁ་ཁ་རེད།དེ་མིན་ང་ཚོ་འདྲ་བའི་གྲྭ་བ་ཞིག་བོད་དོན་ལ་ནུས་བ་གང་ཡོད་ཀྱི་གཞུང་སྒེར་སོགས་ཕན་ཐོག་གང་ཡོང་སྤྱི་ཡོང་གི་བསྒྲུབ་བ་རེད་མ་གཏོགས་གོང་ས་མཆོག་ལ་བསྟས་ནས་བསྡད་ན་གླེན་རྟགས་ཁོ་ན་རེད།
ཕུན་ཚོགས་ལགས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པ་རྩོམ་ཡིག་ཁག་ལས་ཀྱང་རྟོགས་ཡོད། དེ་རིང་འདི་གར་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བོ་བྱུང་།
རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ལམ་ལུགས་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད། དེ་གླེང་དུས་ང་ཚོས་གནས་སྐབས་ཀྱི་ཁེ་ཕན་ཙམ་གཙིགས་སུ་འཛིན་མི་རུང་། ངས་གྲྭ་བར་ཆབ་སྲིད་ཀྱི་སེམས་ཁམས་མི་འདུག་ཟེར་བ་ཡང་གནད་དོན་དེ་ལ་ཐུག་ཡོད།སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཆོས་ཚང་བའི་གྲྭ་བ་འགའ་ཞིག་ཡོད་མོད་བདག་གིས་བསམ་ན་དེ་དག་གིས་སྤྱི་འཐུས་ཀྱི་ས་མིག་རེག་ཀྱང་སྟེ་གནས་སྐབས་ཙམ་བསྒྲུབ་པའི་སྤྱི་དོན་ལས་མ་འོངས་པར་ཆོས་དང་ཆབ་སྲིད་གང་གི་ཡང་གོ་རྟོགས་མེད་པའི་སྤྱི་འཐུས་གྲྭ་བ་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས། ད་དུང་གཞན་པའི་སྤྱི་འཐུས་འདྲ་མི་འདྲའང་མང་པོ་ཞིག་ལ་ལམ་ཁ་ཞིག་བཟོས་འདུག་པས་དེ་གཉིས་བསྡུར་ན་རྗེས་ཤུལ་ནག་པོ་ཞིག་ལས་ཅི་ཡང་མ་མཐོང་། གྲྭ་བ་ཆབ་སྲིད་ཀྱི་སྟེགས་བུར་བུད་པ་ནི་ཆོས་དང་ཆབ་སྲིད་གཉིས་ཀར་གནོད་པའི་ལས་ངན་པ་ཞིག་རེད་ཅེས་པ་འདི་བདག་གི་ལྟ་ཚུལ་ཡིན། རྒྱུ་མཚན་གཅིག་ནི། ༧ གོང་ས་མཆོག་རྟག་པ་མིན་པ་ང་ཚོས་མཁྱེན་གསལ་རེད། ད་ལྟ་ཁོང་སྐུ་འཚོ་བཞུགས་དུས་གྲྭ་བ་ཆབ་སྲིད་ཀྱི་སྟེགས་བུར་འཐེན་རྒྱུའི་གར་ཆུང་འདིས་མ་འོངས་པར་ཆོས་བརྒྱུད་ཁག་གིས་༧གོང་ས་མཆོག་གི་གོ་ས་མི་རྩོད་པའི་ཁ་ཚོན་སུ་ཞིག་གིས་གཅོད་ཐུབ། དེའི་ཕྱིར་ང་ཚོས་མིག་རྒྱང་རིང་བོ་ཞིག་ལ་ལྟ་དགོས་པར་མཐོང་ནས་བསམ་ཚུལ་འདི་བརྗོད་པ་ཡིན་ལ་ཉེས་པ་ད་དུང་མང་མོད་རེ་ཞིག་དེ་ཙམ་བྱེད།
ཨ་འཇིག་ལགས་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ། མ་གཞི་ནས་ཆོས་པ་ལ་ཆོས་པའི་ལས་འགན་ཞིག་དང་། གྲྭ་བ་ལ་གྲྭ་བའི་ལས་འགན་ཞིག འཇིག་རྟེན་པ་ལ་འཇིག་རྟེན་པའི་ལས་འགན་ཞིག་ཡོད། དེ་རང་རང་ལ་ཆོས་ཉིད་ཀྱིས་ཐག་གཅོད་བྱས་པའི་གྲུབ་དོན་རེད། དེ་གོ་ལྡོག་ན་གནམ་ས་འགོ་མཇུག་ལྡོག་པ་ལྟ་བུའི་ཆག་སྒོ་ཡོང་རྒྱུ་ཡིན་པ་ནི་བཟློག་ཏུ་མེད་པ་ཞིག་རེད། སྔོན་ཆད་ཀྱང་གནས་ཚུལ་དེ་འདྲའི་དབང་གིས་ང་ཚོ་རྒུད་ཀྱང་ཕོངས་ཡོད། ད་ལྟའི་ཆར་ཆབ་སྲིད་ཀྱི་སྟེགས་བུར་འགྱིངས་པའི་གྲྭ་བ་འགའ་དང་། མ་འོངས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་མིར་འགྲོ་བཞིན་པའི་གྲྭ་བ་འགའ་ཞིག་ནི་ཆོས་པའི་ས་ནས་ཆོས་མ་འཇོན་པ་རྐྱང་རྐྱང་ཡིན་པས། བོང་བུ་ནི་གང་དུ་སོང་ཡང་བོང་བུ་ཡིན་པ་ལས་རྟ་རེད་ཟེར་ན་སྒྲོ་འདོགས་ཡིན། འདི་དག་ལ་མི་མང་རང་གིས་རྣམ་དཔྱོད་ཀྱི་ནུས་པ་རྩལ་དུ་འདོན་དགོས་པ་ལས་མི་མང་སྔར་བཞིན་ཁུ་སིམ་མེར་གཉིད་བསྡད་ན་མི་གཅིག་གཉིས་ཤིག་གི་སེམས་ཤུགས་ཙམ་གྱིས་ཡོང་ཐབས་མེད།
ཐུ་ལུ་ལགས། ཁྱེད་དང་ངེད་གཉིས་དོན་གནད་འདིར་ཇི་འདྲའི་བསམ་ཚུལ་མཐུན་པ་ལ། ངས་ཀྱང་འདི་འདྲ་ཞིག་རང་ཉིད་ཀྱི་ཟིན་བྲིས་ནང་དུ་བྲིས་ཡོད་པས་གཟིགས་འདོད་ན་དེར་གཟིགས་པར་ཞུ། ཚན་པ་བརྒྱད་ཙམ་ཡོད། ཁ་བྱང་ནི་https://tibettimes.net/wordpress/blogs.php?id=343&post_id=10032ཡིན། གལ་སྲིད་རྩོམ་ཧྲིལ་པོ་གཅིག་ཏུ་ཀློག་འདོད་ན་ཁོ་བོའི་སྒེར་གྱི་ཟིན་བྲིས་ལ་ཕེབས་པར་ཞུ། ཁ་བྱང་ནི http://njampel.blogspot.com/2010/05/blog-post_1781.html ཡིན། གང་ལྟར་ཆོས་ཀྱིས་སྲིད་ལ་གནོད་ཀྱི་འདུག་ལབ་ན་ཆོས་པ་ཞིག་ལ་མཚོན་ན་དེ་ནི་ཁྲོ་ལང་དགོས་པ་ཞིག་མིན་པར་སྤོབས་པ་སྐྱེ་འོས་པ་ཞིག་ཡིན་དགོས།
མ་ཟད་ཁྱེད་ཀྱི་རྩོམ་ཡིག་འགོ་བརྗོད་ཏུ་སྙིང་ལ་ཙག་ཤད་རྒྱག་དུས་ནུས་པ་ཐོན་ཡོད་བྲིས་འདུག་པས་དགྲ་བོ་རྒྱ་དམར་གྱི་སྙིང་ལ་ཙག་ཤད་རྒྱག་གི་རེད་ལབ་ཀྱི་ཡོད་དམ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་པ་གྲྭ་ཆས་གྱོན་མཁན་ཚོའི་སྙིང་ལ་ཙག་ཤད་རྒྱག་གི་རེད་ལབ་ཀྱི་ཡོད་དམ།
ཁྱེད་རང་གི་འགོ་བརྗོད་བཞག་སྟངས་དང་ཀུན་སློང་ཁུར་སྟངས་ལ་གཅིག་ལྟོས་དང་ངོ་ཚ་ཡ་མི་འདུག་པས།
རེད་རེད་་་གྲྭ་ཆས་གྱོན་མཁན་གྱི་ཆོས་པ་ཚོ་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཕུད་ནས་རྒྱ་འཁྱམ་ཚོ་སྤྱི་འཐུས་ལ་སྐོས་ན་ཁོ་ཚོས་བོད་དོན་ཆེད་དུ་རྩོམ་ཡག་པོ་འབྲི་གི་རེད་ད། ཧཧཧཧཧཧཧཧ
སྐྱུར་མི་རུང་དེ་རྒྱབ་ཏུ་སྐྱུར།
བློན་ཚ་ཞང་མདན་མ་རྒྱབ་ཏུ་སྐྱུར།
ལན་མི་རུང་བ་དེ་བང་དུ་ལན།
དགྲ་ཤན་པ་དམར་པོ་བང་དུ་ལན།
དང་པོ་་་་་་གྲྭ་ཆས་གྱོན་མཁན་གྱི་ཆོས་པ་རེད་ཟེར་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
གཉིས་པ་་་་བླ་མ་དང་སྤྲུལ་སྐུ་རེད་ཟེར་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
གསུམ་པ་་་་སྐུ་དྲག་རེད་ཟེར་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
བཞི་པ་་་་་་བོད་རང་བཙན་གྱི་ལྟ་བ་ཡོད་མཁན་རེད་ཟེར་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
ལྔ་པ་་་་ཐད་ཝན་ཕོགས་ཟ་མྱོང་མཁན་རེད་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
དྲུག་པ་་་་དོར་རྒྱལ་བརྟེན་མཁན་རེད་ཟེར་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
བདུན་པ་་་་གཞོན་ནུ་དང་ཆུ་སྒང་རེད་ཟེར་ནས་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་ཙམ་འཕུད་ཤེད་བརྒྱབ།
བརྒྱད་པ་་་་་སློབ་ཕྲུག་འདི་ཚོ་རྒྱོ་རྒྱབ་མཁན་རེད་ཟེར་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་ཕར་འཕུད་ཤེད་བརྒྱབ།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནས་འདི་ཚོ་ཚང་མ་སྤྱི་དོན་སྒྲུབ་སའི་ཁོར་ཡུག་ནས་འཕུད་པ་ཡིན་ན་ལྷག་མ་སུ་ཡོད་རེད་དམ།
བཙན་བྱོལ་སྤྱི་ཚོགས་འདིར་རྒྱ་ཆེ་རུ་དང་མི་མང་རུ་གཏོང་ཡ་བསམ་བློ་མ་གཏོང་བ་ཅིག་ཅིག་འགྲིག་གི་མི་འདུག་འགྲོ་རོགས་བྱོས་ཉོག་ཉོག་འགྲིག་གི་མི་འདུག་འགྲོ་རོགས་བྱོས་ལབ་བསྡད་ན་མཐའ་མ་སུ་ལུས་ཀྱི་རེད་དམ།
བསམ་བློ་ཡག་པོ་ཐོངས་་་་་་བཙན་བྱོལ་སྤྱི་ཚོགས་གཏོར་ཡ་མ་གཏོགས་མཉམ་ལས་ཡོང་བ་ལ་ཕན་ཐོག་མེད་པའི་རྩོམ་ཡིག་མ་བྲིས་ན་ཡག་གི་མ་རེད་པས།
དྲ་གྲོགས་གཉའ་འབྲོང་ཐུ་བུ་ལགས་ཀྱིས་ཉེ་ཆར་༼འཆན་འདི་ལ་གཟིགས་རོགས༽ཅེས་པའི་རྩོམ་ཡིག་ཅིག་བྲིས་འདུག དྲང་མོ་བཤད་ན་འཆན་དེའི་ནང་དུ་གནས་ལུགས་ཀྱི་སྐད་ཆ་ཞིག་གླེང་འདུག་བསམས་སོང། འོན་ཀྱང་། ཀརྨ་ཟེར་བའི་དྲ་འབུ་ཞིག་གིས་ཁོང་ལ༼མིང་རྫུན་འོག་གི་གྲྭ་རྫུན་ཁྱོད་རྒྱ་དམར་གྱི་རྒྱུག་ཁྱི་ཞིག་མིན་ན།༽ཞེས་སོགས་སྡིགས་སྨོད་བྱས་པ་དེ་ནི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གི་འཇིགས་སྐུལ་ཞིག་རེད། འདིའི་སྐོར་ལ་ངས་བསམ་ཚུལ་མདོར་བསྡུས་ཤིག་བཤད་འདོད་བྱུང་། ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གླེང་མི་གླེང་ནི་གང་ཟག་སོ་སོའི་རང་དབང་རེད། དེ་ལ་འཇིགས་སྐུལ་དང་ངན་མཚང་འབྲུ་དགོས་དོན་གང་ཡང་མ་མཆིས། ངས་ལོ་ཤས་སྔོན་ནས་ཆོས་བརྒྱུད་སྤྱི་འཐུས་ཚོས་དགེ་འདུན་པའི་སྤྱི་ཚོགས་ལ་ཕན་ནུས་གང་ཡང་མེད་པ་གསལ་བོ་ཤེས་ཡོད་ལ། ཁོང་ཚོ་དགེ་འདུན་པ་ཡོངས་ཀྱི་ཚབ་ཡིན་དུས་སྲིད་སྟེགས་ཐོག་ནས་གྲྭ་བ་ཚོའི་ཀུན་སྤྱོད་དང་འགྲོ་སྟངས་ལ་དགོངས་པ་མི་བཞེས་པར་རང་སྣང་གང་དྲན་གྱིས་སྤྱོད་པ་རྩུབ་མོ་ཤ་སྟག་ཕྱིར་ངོམ་གྱིན་ཡོད་པ་ནི་མཐོང་ཆོས་རེད། ད་ལོ་ཆོལ་ཁ་གསུམ་གྱི་མི་སྣ་མང་པོས་སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་མིའི་ནང་དུ་གྲྭ་བ་ཁ་ཤེས་འདུག ངས་བལྟས་ན་དེ་ཚོ་ལ་སྤྱི་འཐུས་ཀྱི་འོས་ཆོས་གཏན་ནས་ཚང་མི་འདུག གང་ཡིན་ཟེར་ན། གཅིག སྐད་རིགས་དང་། གཉིས། བསམ་བློ། གསུམ། སྲིད་ཀྱི་གོ་རྟོགས། གཞི་ཁོག་རྒྱ་གང་ཅིའི་ཐད་ནས་དཔྱད་ཀྱང་ཅི་ཡང་མེད་མཁན་རྐྱང་རྐྱང་རེད་ཟེར་ན་མི་ཆོག་པ་ཕལ་ཆེར་མི་འདུག ནམ་རྒྱུན་རྩོམ་ཡིག་ཐར་ཐོར་རེ་འབྲི་མཁན་དང་། སྤྱི་ཚོགས་ནང་སྟོང་ལབ་བྱེད་མཁན། ཨུ་ཚུགས་ཚ་བོ་ཅན་ཞིག་ལས་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་མཐོང་མ་སོང་། དེའི་ཕྱིར། འདི་དག་ནི་སྲིད་སྟེགས་སྟེང་ནམ་ཡང་ཕུད་མི་རུང་མ་གཏོགས་ལོ་སྔོན་མ་ལྟར་སླར་ཡང་དགེ་འདུན་པའི་ཆེ་མཐོང་རྫོད་རྒྱུ་ཡིན་པར་ཚོད་དཔག་བྱེད་ཐུབ།
དྲ་གྲོགས་གཉའ་འབྲོང་བ་ལགས།ཁྱོད་འདི་ཚིག་བཅད་ཤོ་ལོ་ཀ་ཐར་ཐོར་རེ་འབྲི་མཁན་ཞིག་ལས་འདི་ལྟར་གནས་ལུགས་ཀྱི་དྲང་ཕྱོགས་ནས་བསྡད་དེ་སྐད་ཆ་རྣོན་པོ་བཤད་ཐུབ་མཁན་ཞིག་ཡིན་ནོ་དེ་རིང་པར་དུ་མ་ཤེས།འདི་ནི་ངའི་མིག་སྐྱིབ་འོག་གི་མཐོང་སྣང་ཆུང་དྲག་པའི་ལོས་ཡིན།དེ་རིང་གི་ཁྱོད་ཀྱི་སྐད་ཆ་འདི་ལ་ངས་བརྒྱ་ཆ་བརྒྱ་ཡིས་ངོས་ལེན་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ།ད་དུང་མུ་མཐུད་དུ་འདི་ལྟའི་རྩོམ་ཡིག་གང་མང་ཕེབས་པའི་རེ་བ་ཆེན་པོ་ཡོད་ཟེར་རྒྱུ་ཡིན།
དེ་ག་རང་རེད། སྤྱིར་བཏང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དག་སྲིད་ཀྱི་སྣེ་མོར་འཚང་བཞིན་པ་ནི་ཡག་རྟགས་ཤིག་ཏུ་མཐོང་གི་མི་འདུག