མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགན་འཁུར་དང་ལག་ལེན་མེད་པའི་མང་གཙོ་བ། གདོང་རིའི་ཆོས་འཛིན།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp
དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཁྲོད་སླར་ཡང་བྲེལ་འཚུབ་གྱི་རླུང་ནག་ཅིག་གཡུག་བཞིན་པ་ནི་ཉིས་སྟོང་བཅུ་གཅིག་ལོའི་བོད་རྒྱལ་ཡོངས་སྐབས་གསུམ་པའི་བཀའ་བློན་ཁྲི་བ་དང་། སྐབས་བཅོ་ལྔ་པའི་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་སྐོར་ཡིན་ལ། བརྒྱུད་རིམ་དེ་དག་གི་ཁྲོད་ཚོགས་པ་དང་མི་སྒེར་རེ་ཟུང་གིས་རང་རང་གི་ཕྱོགས་གཏོགས་སུ་གྱུར་བའི་སྤྱི་འཐུས་དང་བཀའ་ཁྲིའི་འོས་མི་ཁག་དམིགས་འཛུགས་བྱས་ཏེ། རྡ་སའི་སྲང་ལམ་གྱི་རྩིག་ངོས་གཡས་གཡོན་ཁག་ཏུ་སྦྱར་ཏེ་འོས་བསྡུ་དེ་ཉིད་གལ་ཆེ་ཚུལ་གྱི་རྒྱུ་མཚན་རེ་བགྲངས་བཞིན་གནམ་ས་འགུལ་བ་ལྟ་བུའི་སེམས་ཚོར་བཅོས་མ་གཉིས་གཞི་གཅིག་ཏུ་བསྡུས་ཏེ། མང་ཚོགས་ཀྱི་མདུན་སར་འཁྲབ་སྟོན་འདྲ་མིན་བྱེད་ཀྱིན་ཡོད།
ཚོགས་པ་དང་མི་སྒེར་རེ་ཟུང་གིས་བོང་བུས་གཟིག་ལྤགས་གྱོན་ཏེ་གཟིག་ལ་བརྫུས་པའི་བྱེད་སྟངས་དེས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཤན་ཤུགས་གང་འཚམ་ཞིག་ཐེབས་བཞིན་ཡོད། དེ་དག་གི་དཔེ་མཚོན་གསལ་ཤོས་ཤིག་ནི་ཉེ་སྔོན་ཆོལ་ཁ་ཁག་གིས་ཚོད་ལྟའི་འོས་བསྡུ་སྐབས་མི་མང་གིས་ཚོགས་པ་ཁག་གིས་གཏན་ཁེལ་བྱས་པ་དེ་དག་ངེས་པར་ཏུ་བླུག་དགོས་པའི་ཚོར་འདུའི་འོག མི་གང་མང་ཞིག་གིས་འོས་བླུགས་བྱས་རྗེས་འབྲེལ་ཡོད་ཁག་དང་གླེང་མོལ་བྱེད་སྐབས་རྟོགས་ལ། ལྷག་དོན་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འོས་མི་དེ་ཡང་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེ་གཉིས་ལ་མཐའ་གཅིག་ཏུ་འོས་བླུགས་དགོས་པ་ཞིག་མང་ཚོགས་ནང་དུ་ཁྱབ་བཞིན་ཡོད། ད་དུང་བོད་མི་དཀྱུས་མ་ཚོས་དངོས་གཞིའི་འོས་བླུགས་སྐབས་སུ་དང་སུ་ལ་བླུགས་དགོས་པའི་འདྲི་བ་དང་གཞན་ལ་མིང་འབྲི་རུ་བཅུག་པ་སོགས་རང་ཉིད་ཀྱི་ཐོབ་ཐང་མི་གཞན་ལ་སྤྲད་དེ། འགན་ཅི་ཡང་མི་འཁུར་བ་དང་ལག་ལེན་ལ་ཡང་ཅི་ཡང་མི་འདེབས་པར་མང་གཙོའི་རང་དབང་བཀོལ་སྤྱོད་བྱེད་པར་རློམ་བཞིན་ཡོད་།
དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཕྱིས་སུ་བདམས་ཟིན་པའི་སྤྱི་འཐུས་དང་། ཡང་ན་བཀའ་ཁྲི་སུ་ཡིས་བོད་སྤྱི་བའི་རྩ་དོན་བསྒྲུབ་ཀྱི་ཡོད་མེད་ཀྱི་སྟངས་འཛིན་ལ་འགན་འཁུར་མེད་པ་མ་ཟད། ཅི་མི་སྙམ་པར་མང་གཙོའི་ཁྱད་ནོར་ལ་བཀོལ་སྤྱོད་བྱེད་བཞིན་པའི་མི་བུ་དག་ལ་ཁྱད་གསོད་ཀྱི་རྙོག་གླེང་བྱེད་བཞིད་པ་དེ་རེད། དེ་དག་གི་དཔེ་མཚོན་ཞིག་སྔོན་ཆད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྤྱི་དོན་ཁ་འཁྱེར་དང་། རང་དོན་ཁོག་བཅུག་གྱི་ལས་རིམ་དངོས་སུ་བསྟར་བར་བོད་མི་མང་གིས་བརྙན་འཕྲིན་ལས་གསལ་རྟོགས་བྱུང་ཡོད་ཀྱང་། མང་གཙོའི་ཁྱད་ཆོས་གལ་ཆེ་ཤོས་ཏེ་རང་ཉིད་ཀྱིས་བདམས་པའི་འཐུས་མིས་ལས་དོན་ཚུལ་བཞིན་མ་བྱས་ཚེ་སླར་ཡང་གནས་དབྱུང་གཏོང་བའི་ཐོབ་ཐང་རང་ཉིད་ལ་ཡོད་ཀྱང་། འགན་ལེན་གྱིས་ད་བར་ངོ་རྒོལ་གྱི་ལས་འགུལ་མཐའ་ཆོད་པ་ཞིག་བྱེད་མཁན་ཅི་ཡང་བྱུང་མེད།
ད་དུང་ང་ཚོའི་སྤྱི་ཚོགས་ཁྲོད་ལག་ལེན་གྱི་རང་བཞིན་ནི་ནམ་མཁའི་མཐའ་ལྟར་རིང་ཡང་། བཙན་བྱོལ་སྤྱི་ཚོགས་ཀྱི་མགོ་སྐུ་ངོ་ནས་མཇུག་མ་བྱན་ཚུན་ཆད་ནས་བོད་མི་རིགས་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབས་དགོས་ཚུལ་གྱི་ཁ་གཡང་རྒྱུན་ཏུ་སྒྲོག་བཞིན་ཡོད་ལ། དངོས་ཡོད་ལག་ལེན་གྱི་ཆ་ནས་བཙན་བྱོལ་བོད་གཞུང་གི་ཤེས་རིག་ལྷན་ཁང་ཕུད། ལྷན་ཁང་ཁག་གི་བར་ལ་གཏོང་བཞིན་པའི་ཡིག་འབྲེལ་དེ་དག་དབྱིན་ཡིག་ཁོ་ན་བཀོལ་སྤྱོད་བྱེད་བཞིན་ཡོད་པར་བརྗོད། ད་དུང་གོ་ཐོས་ལྟར་ན་ལྷན་ཁང་ཁག་གི་མི་ལོ་ལྔ་བཅུའི་བརྒྱུད་རིམ་གྱི་ལོ་རྒྱུས་ཕྱོགས་བསྒྲིགས་བྱེད་པའི་ལས་རིམ་ཞིག་བསྟར་བཞིན་ཡོད་ལ། ལྷན་ཁང་འགའ་ཤས་ལ་བོད་ཡིག་གི་ཤེས་ཚད་མེད་པས་ལོ་རྒྱུས་ཕྱོགས་བསྒྲིགས་བྱེད་མཁན་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད།
གཞན་ཡང་བོད་མི་རིགས་ཀྱི་ཤེས་རིག་དང་གང་ཅིའི་ཆ་ནས་བརྒྱུད་འཛིན་ཏུ་གྱུར་བའི་སློབ་གྲྭ་ཁག་གི་ཤེས་རིག་གི་གནས་སྟངས་སྐྱོ་བོ་ཞིག་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་ཞིང་། འདིའི་ཐད་༧གོང་ས་མཆོག་གིས་ཀྱང་བཀའ་སློབ་ཟབ་མོ་ཞིག་གནངས་དགོས་བྱུང་ཡོད། འོན་ཀྱང་སློབ་གྲྭའི་དབུ་འཛིན་ཞིག་གིས་བོད་ཡིག་ལ་བེད་སྤྱོད་མེད་པས་ད་དུང་དབྱིན་ཡིག་སྦྱོང་དགོས་ཞེས་བགྲོ་གླེང་ཞིག་གི་ཉིན་བརྗོད་ཡོད། དེ་ལྟར་ན་ད་དུང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་སྟབས་སྐབས་རྗེས་མའམ་འབྱུང་འགྱུར་གྱི་སྤྱི་འཐུས་དང་བཀའ་ཁྲི་གཉིས་དམིགས་བསལ་འགན་དབང་དང་ལག་ལེན་གཉིས་གཞི་གཅིག་ཏུ་བསྒྲིལ་ཏེ་ལས་རིམ་གསར་གཏོད་བྱེད་ཕྱོགས་ལ་ནུས་པ་འདོན་ཐུབ་ངེས་གཅིག་དགོས།
མདོར་ན་མ་འོངས་པའི་བོད་མི་རིགས་ཀྱི་བཀའ་ཁྲི་དང་སྤྱི་འཐུས་གཉིས་ཚད་ལྡན་ཞིག་ཡོང་ཐུབ་མིན་གྱི་གཞི་རྩ་ནི་བོད་མི་མང་གིས་ལག་ལེན་དང་འགན་འཁུར་གྱིས་རང་ཉིད་ལ་དབང་བའི་མང་གཙོའི་ཁེ་ཕན་ཇི་ལྟར་བཀོལ་སྤྱོད་གཏོང་ཐུབ་མིན་ལ་རག་ལས་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 16

  1. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ༼ཆོལ་ཁ་ཁག་གིས་ཚོད་ལྟའི་འོས་བསྡུ་སྐབས་མི་མང་གིས་ཚོགས་པ་ཁག་གིས་གཏན་ཁེལ་བྱས་པ་དེ་དག་ངེས་པར་ཏུ་བླུག་དགོས་༽པའི་བཙན་བཀའ་བཏང་ཡོད་པ་དངོས་གནས་ཡིན་ན། ང་ཚོའི་ཡང་དག་པའི་མང་གཙོ། འཚེ་བ་མེད་པའི་མང་གཙོ། དྲང་བདེན་གྱི་མང་གཙོ་ཞེས་ཁྱད་ཆོས་ལྡན་པའི་མང་གཙོ་ཡིན་ཞེས་པའི་མང་གཙོ་དེ་གུང་ཁྲན་ཏང་གི་མང་གཙོ་དང་ཁྱད་པར་ཅི་འདུག་གམ

    Reply
  2. མེག་རྒན says:
    ལོ་ 16 སྔོན།

    ཤེས་ཡོན་པ་དང་བསམ་བློ་བ་ཉུང་བའི་སྤྱི་ཚོགས་ཀྱི་དམངས་གཙོ་ལ་ཉེན་ཁ་ཆེ་བ་དངོས་ཡོད་གནས་ཚུལ་ཡིན་ལ། ཆབ་སྲིད་ཀྱི་ཁ་གཡང་སྒྲོག་མཁན་ཚོའི་རྒྱབ་ལྗོངས་ཤེས་རྒྱུ་ཧ་ཅང་གལ་ཆེན་ཡིན་པས། ངོ་མ་ཁྱབ་བསྒྲགས་གཅིག་པོ་ལ་ལྟ་མི་ཉན་ཡ་མི་མང་། མི་རེ་ལ་འདོད་པ་རེ་ཡོད་ལ་དེ་རེ་ལ་རྒྱུ་མཚན་རེ་ཡོད་མོད། ཚང་མ་ཡང་དག་དང་བདེན་པ་ཞིག་ག་ལ་ཡིན། དེས་ན་སྤྱི་ལ་སུ་ཕན་གསལ་བོ་ཤེས་དཀའ་བས་རང་ལ་ཕན་ངེས་ཀྱི་མི་ཞིག་ལ་འོས་བླུག་རྒྱུ་ཐོབ་ཐང་ཡིན་ནི་རེད། དེ་ལྟར་འོས་འཕོངས་དང་ཐ་མ་མང་པོ་ལ་ཕན་པའི་མི་ཞིག་ཐོབ་ཡོང་ནི་རེ།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ཉིད་ཀྱིས་ཐུགས་ཉམས་བཞག་ཡོད་ན། ང་ཚོས་འགན་ཁུར་ནས་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད། ངས་དཔེ་མཚོན་ཞིག་ཀྱང་དྲངས་ན་ཆོག ང་ཚོ་ལ་རྒྱལ་ཁབ་ཀྱི་ཆགས་འཇུག་དང་། རིག་གཞུང་གི་ཆགས་འཇུག ཆབ་སྲིད་ཀྱི་ཆགས་འཇུག ནང་སྲིད་ཀྱི་ཆགས་འཇུག མདོར་ན་རྐྱེན་ངན་ཅི་བྱང་ཡང་། ༸གོང་ས་མཆོག་ལ་གསོལ་འདེབས་དང་། སྐུ་རིམ་སྒྲུབ་ནས་གཞལ་ལ་རེ་བའི་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད། དེ་བཞིན་དུ་མ་འོངས་པའི་བཀའ་སྤྱི་གཉིས་ཀྱང་གསོལ་འདེབས་དང་སྐུ་རིམ་གྱི་ཡག་པོ་ཡོང་བའི་ཡིད་ཆེས་ཀྱིས། སྔོན་འགྲོའི་དེབ་སྐྱེལ་མི་བྱེད་པའི་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད། ད་དུང་དེ་ལ་སྙིང་བོ་མེད་པའི་ངེས་ཤེས་རྙེད་ཡོད་མདོག་གིས་སྣང་མེད་ཀྱི་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད། མི་རིགས་རིག་གཞུང་དང་འབྲེལ་བའི་ལས་དོན་གང་ལ་ཡང་གསོལ་བ་སྨོན་ལམ་ཙམ་གྱིས་འགན་ཁུར་བའི་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད། རང་མགོ་གང་ཐོན་གྱི་འགན་ཁུར་བའི་དམངས་གཙོ་ལོངས་སུ་སྤྱོད་བཞིན་ཡོད།

    Reply
  4. BLACK DIAMOND says:
    ལོ་ 16 སྔོན།

    གདོང་རིའི་ཆོས་འཛིན་ལགས།
    ཁྱོད་ཀྱིས་བཤད་པ་མཐའ་དག་དངོས་ཡོད་གནས་ཚུལ་ཡིན།ལོ་ཟླ་ག་ཚོད་ཟད་ཀྱང་རུང་།
    ངས་བཙན་བྱོལ་སློབ་གྲྭ་ཁག་ག་ི་གནས་སྟངས་དེ་ལ་འགྱུར་བ་ཡང་དག་ཅིག་འོང་པའི་རེ་བ་ནམ་ཡང་རྒྱག་གི་མེད།་གང་ཡིན་ཞེ་ན་༧གོས་ས་མཆོག་གི་སྡུག་སྐྱད་ག་ཚོད་བཏོན་རུང་།་ཤེས་ཡོན་སྒང་ལ་ལས་དོན་སྒྲུབ་མཁན་ཚོས་ཁ་ཞེ་གཉེས་་མེད་ཀྱི་ལག་ལེན་གནད་དུ་ཁེལ་བ་ཞིག་ཁྱོན་ནས་བསྟར་གྱིན་མེད།

    Reply
  5. དྲང་སྲོང་། says:
    ལོ་ 16 སྔོན།

    འདིའི་སྐོར་བདག་གིས་སྔར་ནས་ཀྱང་གང་མངས་ཞིག་བཤད་མྱོང་ལ། དངོས་གནས་བཤད་ན། བོད་མི་དམངས་ལ་འོས་ཤིང་འཚམས་པའི་ཆབ་སྲིད་ལམ་ལུགས་དེ་ནི། སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ལུགས་ཡག་པོ་ཞིག་གི་ཐོག་ནས། བཙན་གཤོལ་བོད་གཞུང་སྲ་བརྟན་དུ་གཏོང་རྒྱུ་དེ་རེད་འདུག དེ་མིན་དམངས་གཙོའི་ལམ་ཁར་འགྲོ་དགོས་ན། མ་མཐའ་ཡང་སྤྱི་དམང་བརྒྱ་ཆའི་ལྔ་བཅུ་ཡན་ལ་ཤེས་ཡོན་ལྡན་དགོས། གལ་སྲིད་དེ་མ་ལྡན་ན། རྒྱལ་ཁབ་དེ་བླུན་པོས་དབང་བསྒྱུར་འོག་ནས་བརྒལ་མི་ཐུབ། མ་ཟད་སྲ་བརྟན་དང་དབང་ཤུགས་མེད་པའི་སྲིད་གཞུང་དེ། འཐོར་བྱེད་ཀྱི་ཆ་སྐྱེན་ཐུན་མོང་མ་ཡིན་པ་དེ་དམངས་གཙོ་ལམ་ལུགས་ཡིན་པ་ཤེས་དགོས། དཔེར་ན་རྒྱ་གར་གཞུང་གི་ཆབ་སྲིད་འགྲོ་ལུགས་ཀྱང་ཁ་ནས་དམངས་གཙོ་ལབ་ཀྱང་། གནད་དོན་གལ་ཆེན་ཐོག་ལ་བབས་སྐབས་མཁས་དབང་རྣམས་ཀྱིས་ཐག་བཅད་ཀྱིན་ཡོད།

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    བསམ་ཚུལ་སྦྱངས་བཤད་བྱ་སྐབས་མི་གཞི་ལ་དམའ་འབེབས་གཏོང་མཁན་དག་ནི་ཤིན་ཏུ་མ་རུང་ངོ་།། གདོང་རི་བས་བཤད་པའི་ཆ་ལ་ངར་བཤད་ཏོག་ཙམ་འདྲེས་ཡོད་པར་མཐོང་། གང་ལྟར་འདི་ལྟ་བུའི་བསམ་ཚུལ་ནི་ང་ཚོར་ངེས་པར་མཁོ་ཡོདྲ

    Reply
  7. གཟུ་གནས་བློ་ལྡན། says:
    ལོ་ 16 སྔོན།

    གྲོགས་པོ་ལགས།
    གཞུང་ཞིག་གིས་ཁྱོད་མི་བུ་སྒེར་ཞིག་ལ་གང་བྱེད་ཐུབ་མིན་གཙོ་དོན་མིན། ཁྱོད་ཀྱིས་རང་ཉིད་ཀྱི་གཞུང་ལ་གང་བྱེད་ཐུབ་མིན་དེ་གཙོ་བོའི་ནང་གི་སྙིང་པོ་ཡིན། དེས་ན་ཁྱོད་ཀྱིས་ཡོད་ཚད་ལ་འཁང་ར་དང་མཐོང་ཚད་ལ་སྣང་ཆུང་རྩིས་མེད་བྱེད་པའི་སྤྱོད་ཚུལ་འདི་རིགས་ངན་འབྱམས་སུ་མི་གཏོང་བར་འཚལ།

    Reply
  8. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    སྙིང་གཏམ་དམར་རྗེན་དུ་བཤད་འདུག
    གདོང་རུའི་བུ་རང་རེད
    རང་ཉིད་ལ་དབང་བའི་མང་གཙོའི་ཁེ་ཕན་ཇི་ལྟར་བཀོལ་སྤྱོད་གཏོང་མིན་ཐད་གོངས་ཚུལ་ཞིག་གསུངས་ན་གང་འདྲ་འདུག
    ཆོས་འཛིན

    Reply
  9. རྟུལ་ཕོད། says:
    ལོ་ 16 སྔོན།

    དེང་སང་དུས་བབ་དྲ་ཐོག་གི་ཁ་ཚ་བོ་ལག་མྱུར་བོས་རིག་པ་འདོན་མཁན་ཚོ་ཧ་ཅང་ཉུང་དུ་སོང་བ་དང་མཐའ་ན་མེད་པའི་གནས་སྟངས་ལ་ལྷུང་བ་འདི་རྒྱུ་མཚན་ཅི་ཞིག་ཡིན་ནམ?ཉེ་སྔོན་དངོས་མིང་མེད་ན་འགོག་སྡོམ་བྱེད་རྒྱུའི་ཉེན་བརྡ་བཏང་བ་འདིས་ཤུགས་རྐྱེན་ཡིན་ནམ?ཡང་ན་བསམ་འཆར་ཐད་ཀར་དུ་འདོན་མི་ཐུབ་པའི་དེ་རིང་གི་གནས་བབ་འདི་ལན་པ་ཡིན་ནམ?གང་ལྟར་ཡང་།ཁ་ཚ་བོ་དང་ལག་མྱུར་བོ་ཤེས་པ་གསལ་བོ་ཅན་དག་ནི་དྲ་ཚིགས་འདིའི་ཐུན་མིན་གྱི་རྒྱན་དུ་གྱུར་བས།ཁོ་ཚོའི་རང་དབང་གི་སྨྲ་བརྗོད་དང་།ལྷན་མེད་ཀྱི་ཚོར་ཤེས་དག་ལ་ལྕགས་སྒྲོག་ཅིག་རྒྱག་དགོས་པའི་རྒྱུ་མཚན་ཡོད་དམ?དྲ་ཚིགས་སོ་སོར་ཐུན་མིན་གྱི་ཁྱད་རྟགས་ཤིག་ཡོད་དགོས་པ་སྐུ་ཉིད་ཀྱི་དགོས་ཚུལ་མིན་ནམ?ཕྱོགས་ཁ་ཤས་ནས་དྲ་ཚིགས་འདི་དང་ཚགས་ཤོག་དེ་མདུན་སྐྱོད་བྱེད་ཀྱིན་ཡོད་ནའང་།གཞུང་དང་སྒྲིག་འཛུགས་ཀྱི་ཕྱོགས་སུ་དཀྱོགས་སོང་ན།མི་བུ་སྒེར་གྱི་ཐོབ་ཐང་དང་ལྷན་སྐྱེས་གསོ་སྐྱོང་བྱེད་པར་འཐུས་ཤོར་ལ་འགྲོ་སྲིད་པ་མིན་ནམ?དེའི་ཕྱིར།ཐོབ་ཤོར་གྱི་ཆོས་ཉིད་ཅིག་ལ་གདམ་ཀ་བྱ་དགོས་པ་མིན་ནམ?

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    གདོང་རིའི་ཆོས་འཛིན་ལགས།
    ཉིད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་པ་བརྒྱུད། ཉིད་རང་ཁྱི་སྤྲང་དང་རི་བོང་ཅལ་བྲོགས་ལྟར་གཞན་གྱི་ཟེར་ཚད་ལ་ཉན་པ་ལས་རང་ཉིད་ཀྱིས་དངོས་སུ་བརྟག་དཔྱད་གནང་མཁན་ཞིག་མིན་པ་དངོས་སུ་ཤེས་རྟོགས་བྱུང། དེ་ཡང་ཉིད་ཀྱི་རྩོམ་ཡིག་ནང་

    ” དངོས་ཡོད་ལག་ལེན་གྱི་ཆ་ནས་བཙན་བྱོལ་བོད་གཞུང་གི་ཤེས་རིག་ལྷན་ཁང་ཕུད། ལྷན་ཁང་ཁག་གི་བར་ལ་གཏོང་བཞིན་པའི་ཡིག་འབྲེལ་དེ་དག་དབྱིན་ཡིག་ཁོ་ན་བཀོལ་སྤྱོད་བྱེད་བཞིན་ཡོད་པར་བརྗོད།” དེ་ལྟར་འཁོད་འདུག ཤེས་རིག་ལས་ཁུངས་ལས་གཞན་པའི་བློན་ཆེན་ལས་ཁུངས་ཁག་དྲུག་དང་། རང་དབང་ཅན་སྡེ་ཚན་གསུམ། བཀའ་དྲུང་དང་ཚོགས་དྲུང་ལས་ཁུངས་སོགས་ཀྱིས་བོད་ཡིག་ལམ་ནས་ཡིག་འབྲེལ་གནང་གི་མེད་པ་རེད་དམ། ཨ་ཙེ་བརྟག་དཔྱད་གནང་ནས་བཀའ་མོལ་གསུང་ན་མི་ལེགས་སམ།

    Reply
  11. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    སྐུ་ཉིད་ཀྱི་དངོས་པ་དོན་གྱི་ཟིན་བྲིས་ཞིག་སྤེལ་པར་ཐུགས་རྗེ་ཆེ།
    བཙན་བྱོལ་བ་ཚོའི་ཁྲོད་དུ་སྒྱུད་ལུག་པ་དང་ཧོལ་རྒྱུགས་བྱེད་མཁན་མང་པ་ལས་དངོས་པ་དོན་གྱི་རང་དབང་ཞིག་གམ་མི་རིགས་ཀྱི་ཆེད་དུ་བཙན་བྱོལ་ཁྲོད་འཐབ་རྩོད་ཀྱི་མི་བུ་ཞིག་གི་བསམ་བློ་དང་སྙིང་སྟོབས་ཡོད་མཁན་ཁག་ཅིག་ལས་མེད་པ་གཞི་ལུས་བོད་མི་ཚོས་ཤེས་ཡོད། དོན་ངོ་མར་བཤད་ན་བཙན་བྱོལ་བོད་སྤྱི་ཚོགས་ལ་ང་རང་སྟེང་ནས་རེ་བ་བཅིངས་མེད། ང་འདྲ་བའི་མི་གང་མང་མང་ཞིག་བོད་ནང་དུ་ཡོད་རྒྱུ་རེད་བསམ་པས། བཙན་བྱོལ་བ་ཚོས་རང་མགོ་རང་གི་གཡོག་ནས་ཉི་བ་འདའ་བར་བྱེད་ཀྱིན་པའི་ད་ལྟའི་འཚོ་བ་རོལ་སྟངས་དེ་དོར་ན་ལེགས་པར་འདོད།
    སྒྱུ་རྩལ་བ་སྨན་བླ་སྐྱབས་ཀྱིས་རྐུ་མ་ཞིག་ཉལ་ལས་བསྡད་དང་ལག་ལ་ཅིག་ཡོང་ནས་ཟེར་བ་བཞིན། བཙན་བྱོལ་བའམ་འཐབ་རྩོད་ཀྱི་མི་རིགས་ཅིག་གིས་ཁ་སྡང་ནས་བསྡད་ན་ཐོབ་རྒྱུ་ཅི་ཡང་མེད་པ་གསལ་བོ་རེད།
    ད་ལྟའི་བར་དུ་བོད་དོན་ཐད་བྱ་བ་ཅི་ཡང་སྒྲུབ་ནུས་ཀྱིན་མེད་པ་དེའང་དགྱ་ནག་ཁོ་ནའི་རྒྱུ་རྐྱེན་ཅིག་ག་ལ་ཡིན། ང་ཚོ་བོད་མི་ཚོར་ཡང་འཐབ་རྩོད་ཀྱི་སྙིང་སྟོབས་དང་ཤེས་རབ བློ་གྲོས་ཀྱི་འདང་གིན་མེད་པས་སོ།

    Reply
  12. ཚོ་སྒོ་བ། says:
    ལོ་ 16 སྔོན།

    ཆོས་འཛིན་ལགས། རྗེས་མ་རྩོམ་འབྲི་དུས་སྤྲོ་ལངས་ནས་འབྲི་མི་ཉན་ཡ། དེ་ལས་ཚིག་འཇམ་པ་བརྗོད་དོན་གནད་ལ་འཁེལ་བ། གང་བརྗོད་ཁུངས་དག་ཡིན་དགོས།

    Reply
  13. གདོང་རིའི་ཆོས་འཛིན། says:
    ལོ་ 16 སྔོན།

    འགྲིགས།

    Reply
  14. གདོང་རིའི་ཆོས་འཛིན། says:
    ལོ་ 16 སྔོན།

    རྩོམ་པ་པོ་རྐང་གསུམ་པ་ལགས།གང་ཉིད་ཀྱིས་ཕྲན་ལ་འདི་ལྟར་རྒྱབ་སྐྱོར་དང་མཚམས་འདྲིའི་ཤིས་ཚིག་བརྗོད་པ་འདི་སྙིང་ཁུངས་ནས་ཐུགས་རྗེ་ཆེ།ང་ཚོ་འདི་ལྟར་དུས་བབ་གྱི་གསེར་ཟམ་བརྒྱུད་ཏེ་ཕན་ཚུན་གྱི་བསམ་ཚུལ་རྒྱུས་ལོན་ལ་བྲེལ།

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    སྐད་ཆ་བཤད་སྟངས་དེ་འདྲའི་སྣང་བར་འགྲོ་བོ་ཞིག་མ་རེད། གང་ལགས་ཞེ་ན་སྤྱི་ཚོགས་ཁྲོད་ཤེས་ལྡན་པ་ཅི་ཡོད་ཤེས་དཀའ་བས་འདི་ལྟར་གསལ་བསྒྲགས་བྱ་ཅི་ཐུབ་བྱ་དགོས་པ་དེ་ཧ་ཅང་གི་གལ་ཞིག་ཏུ་མཐོང་བ་མ་ཟད་་་་རང་རང་ས་ནས་ངས་འཇོན་་་་ངས་ནུས་ཞེས་འགྲན་རྩོད་ཀྱི་རྣམ་པས་འོས་ལངས་བྱས་ཚེ་ང་ཚོའི་སྤྱི་ཚོགས་ཅི་ཙམ་ཆུང་ཡང་ཡར་རྒྱས་ལ་འགྲོ་རྒྱུ་ཡོད་པས་འདི་ལ་ཁ་བཏང་ན་དེ་ཙམ་དགའ་བོ་མེད་པས་ཡིན།

    Reply
  16. རྐང་གསུམ། says:
    ལོ་ 16 སྔོན།

    དེ་རིང་གང་ནས་ཐོན་མིན་མི་ཤེས་པའི་རྩོམ་པ་པོ་ཞིག་གིས་དོན་ལྡན་གྱི་རྩོམ་ཡིག་ཅིག་ཁུར་ནས་དུས་བབ་ཚང་གི་དྲ་ཐོག་ལ་ཡོང་ཐུབ་པ་ནི་ཧ་ཅང་དགའ་འོས་བའི་འགྲོ་སྟངས་ཤིག་རེད། རྩོམ་པ་པོ་གདོང་རུའི་ཆོས་འཛིན་ལགས་གུས་པ་རྐང་གསུམ་དུས་བབ་ཚང་གི་དྲ་འབུ་བྱས་ནས་ལོ་མང་འགྲོ་བཞིན་ཡོད། དེའི་ཕྱིར་རྩོམ་པ་པོ་གདོང་རུའི་ཆོས་འཛིན་ཞེས་པ་ཞིག་དེ་རིང་མི་མཐོང་མྱོང་མེད། ཡིན་ནའང་དྲ་འབུ་ཞིག་གིས་མཐོང་དང་མ་མཐོང་ལ་དེ་ཙམ་གྱིས་དགེ་མཚན་མེད། དེ་རིང་དུས་བབ་ཚང་ལ་སྐུ་ཉིད་ཀྱིས་གོམ་པ་དང་པོ་སྤོ་འགོ་རྩོམ་པ་ནས་ཁྱོད་ཀྱིས་རང་གི་རྒྱུན་ལྡན་གྱི་ངོས་ཟིན་དང་ཤེས་རྟོགས་དོན་དངོས་མཐོང་བ་རྣམས་དུས་བབ་ཚང་ལ་ཁུར་ནས་ཡོང་ཐུབ་པ་ནི་ཁྱེད་ལ་རྟེན་འབྲེལ་ཞུ་འོས་པ་ཞིག་རེད་བསམ་ནས་ཉིན་གོང་གི་ཁ་ལག་ཟ་བཞིན་ཁྱོད་ཀྱི་རྩོམ་ཡིག་འདི་བཀླགས་ཚར་བ་ཡིན། དུས་བབ་ཚང་གི་མགྲོན་པོ་ཐོག་མ་ལ་བཀྲ་ཤིས་བདེ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese