མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སློབ་ཚན་གསར་བ།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་གར་དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་དོན། ཉིས་སྟོང་བཅུ་ནས་བཅུ་གཅིག་གི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཀྱི་སློབ་མ་ཚོར་ཆེད་དམིགས་ཀྱིས་སློབ་ཚན་གསར་བ་གསུམ་ཁ་སྣོན་བྱ་རྒྱུ་ཡིན་ཟེར།
གསར་དུ་ཁ་སྣོན་བྱ་འཆར་ཡོད་པའི་སློབ་ཚན་གསར་བ་གསུམ་ནི།རྒྱ་ཁྱབ་གསར་ལམ་རིག་པ ( Mass Media Studies )། དངོས་ཁམས་སྦྱོང་བརྡར་ ( Geospatial Practices )། མགྲོན་ཁང་དོ་དམ་དང་གསོལ་སྟོན་བཟོ་ལས་ ( Hotel Management and Catering Technology) བཅས་ཡིན་ཞིང་།
མགྲོན་ཁང་དོ་དམ་དང་གསོལ་སྟོན་བཟོ་ལས་ཀྱི་སློབ་ཚན་ཞིག་རྒྱལ་ཡོངས་མགྲོན་གཉེར་དང་གསོལ་སྟོན་བཟོ་ལས་ལྷན་ཚོགས་ཀྱིས། དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ཁྱབས་ཁོངས་ཀྱི་སློབ་གྲྭ་ཁག་ལ་ཕུལ་བའི་ཚིག་ཐོ་དེར་ཕྱོགས་གཉིས་ཀས་ལག་བསྟར་བྱ་རྒྱུར་མཚན་རྟགས་བཀོད་ཡོད། དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ཁྱབ་ཁོངས་ཀྱི་སློབ་གྲྭ་༢༦གིས་ལས་རིག་སློབ་ཚན་འདི་ལག་བསྟར་བྱ་རྒྱུའི་མགོ་བརྩམས་ཟིན། སློབ་གྲྭ་འདི་དག་ནི་ལྡི་ལི་གཞུང་འཛིན་སློབ་གྲྭ་ཁགབོད་གཞུང་གཏན་སློབ་ཁགཀེན་ཏིརེཡ་སློབ་ཚོགས། ཇ་བ་ཧ་སློབ་ཚོགས་བཅས་རེད།
སློབ་ཚན་འདི་དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ལྷན་ཁང་དང་རྒྱལ་ཡོངས་མགྲོན་ཁང་དོ་དམ་དང་གསོལ་སྟོན་བཟོ་ལས་ལྷན་ཚོགས་གཉིས་མཉམ་འབྲེལ་ངང་གཏན་འབེབ་བྱ་རྒྱུ་དང་། ཕྱོགས་གཉིས་མོས་མཐུན་བྱུང་བའི་མཉམ་ལས་ཡིག་ཆ་ནི་སློབ་ཕྲུག་སོ་སོའི་བརྒྱ་ཆ་དང་གནས་རིམ་གྱི་ཚད་འཛིན་ཐད་བེད་སྤྱོད་བྱ་འཆར།
སློབ་ཚན་འདིའི་བཟོ་བཀོད་དང་། ཁ་སྐོང་། དགེ་རྒན་འོས་སྦྱོང་། སློབ་མའི་རིག་རྩལ་འཕེལ་རྒྱས་ཐད་ཀྱི་ཐབས་ཚུལ། འབྲི་རྒྱུགས་དང་ལག་བསྟར་རྒྱུགས་སྤྲོད་བཅས་དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ལྷན་ཁང་ནས་གཏན་འབེབ་དང་ལག་བསྟར་བྱ་བར་དགོས་བསྟུན་གྱིས་རྒྱལ་ཡོངས་མགྲོན་ཁང་དོ་དམ་དང་གསོལ་སྟོན་བཟོ་ལས་ལྷན་ཚོགས་ལ་གོ་སྡུར་ཐག་གཅོད་བྱ་རྒྱུ་བྱས་ཡོད།
དེ་བཞིན་རྒྱ་ཁྱབ་གསར་ལམ་རིག་པའི་སློབ་ཚན་དེ་ད་ལྟ་སློབ་གྲྭ་ཁག་ཉི་ཤུའི་ནང་ལག་བསྟར་བྱ་འཆར་ཡོད་ཅིང་། དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ཁང་གིས་སློབ་ཚན་འདི་ལྦེསུ་ཊི་ལུན་ལྦོ་ཙི་ (རྒྱ་ཁྱབ་གསར་ལམ་རིག་པའི་འཛིན་སྐྱོང་།བརྙན་བཟོའི་ལས་རིགརླུང་འཕྲིན་ལས་རིམ།གློག་བརྙན་འཁྲབ་ཁྲིད།སོགས་བརྒྱུད་ལམ་རིགས་ཀྱི་སློབ་གཉེར་སྡེ་ཚན་ཞིག) ཞེས་པའི་རྒྱལ་སྤྱི་རང་བཞིན་གྱི་སློབ་གཉེར་སྡེ་ཚན་ཞིག་དང་འབྲེལ་ལམ་དམ་པོ་བཞག་འདུག
དབུས་མཐོ་འབྲིང་ཤེས་ཡོན་སློབ་འཛིན་ཁང་གིས་རྒྱ་གར་རོལ་ཏཱ་ (འཛུགས་སྐྲུན་དང་རྒྱལ་སྲུང་བདེ་འཇགས།དངོས་ཁམས་དང་ས་ཁམས་རིག་པ་བཅས་ཀྱི་ཐད་ལ་ཞབས་ཞུ་དང་སློབ་སྟོན་བྱེད་པའི་སྡེ་ཚན་ཞིག) ཞེས་པར་འབྲེལ་བ་བཟུང་སྟེ་དངོས་ཁམས་སྦྱོང་བརྡར་གྱི་སློབ་ཚན་གསར་བ་འདིའི་ཁོངས་གཏོགས་སློབ་གྲྭ་བཅུ་གསུམ་གྱི་ནང་ལག་བསྟར་བྱ་རྒྱུའི་གཏན་འབེབ་བྱས་ཡོད།
 
གསར་འགོད་པ། བནྟེ་སྐྱབས།

མཆན། 2

  1. ཙི་ཙི། says:
    ལོ་ 12 སྔོན།

    སློབ་ཚན་གསར་བ་སྣོན་ན་ཡག་པོ་རེད་ལ། གཞི་རིམ་སློབ་གྲྭ་ནས་འཛིན་གྲྭ་བཅུ་གཉིས་བར་ཏུ་ཚག་ཚུད་པོ་ཞིག་ཡོངས་རྒྱུ་ཡང་གལ་ཆེན་པོ་རེད།

    Reply
  2. ལྗང་གཞོན། says:
    ལོ་ 12 སྔོན།

    ང་ཚོའི་གཞི་རིམ་སློབ་ཚན་ཁག་ལ་ཁ་སྣོན་དང་བསྐྱར་བཅོས་རེ་བྱ་ཐུབ་ན་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist