མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཉེན་ཁ་གསར་བ། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp
ད་ལྟ་བོད་མི་ཚོས་གཞི་ནས་རང་ཉིད་ལ་ཉེན་ཁ་གསར་བ་ཞིག་འཕྲད་ཀྱིན་པའི་ངེས་ཤེས་རྙེད་ཀྱིན་འདུག ལོ་བཅུའི་རིང་གི་བཀའ་ཁྲིའི་སྲིད་སྟེགས་ནས་ལས་འཁྱུར་ངལ་གསོ་འཐོབ་ལ་ཉེ་བའི་བཀའ་ཁྲི་མཆོག་གིས་ཀྱང་། ཉེ་ཆར་ལྷོ་ཕྱོགས་ནས་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༤༠ ནས་ ༤༥ བར་ཉུང་དུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད། འདི་ནི་ད་ལྟའི་བོད་མི་ཚོར་འཕྲད་ཀྱིན་པའི་ཉེན་ཁ་གསར་བའི་རིགས་ཡིན།

མི་རིགས་ཤིག་གི་འཐབ་རྩོད་ཁྲོད་དུ་མ་མཐར་ཡང་མི་རབས་གཅིག་འགྱེལ་སོང་ན། དེའི་ཤུལ་ན་ཡར་ལངས་མཁན་གྱི་མི་རབས་ཕྱི་མ་ཞིག་ཏན་ཏན་དགོས་ངེས་རེད། བོད་མི་རིགས་ཀྱི་གནད་དོན་ད་དུང་ལོ་བརྒྱ་ལ་ཐག་གཅོད་བྱེད་མི་ཐུབ་པའི་དབང་དུ་བཏང་ན། ད་ནས་བརྩིས་པའི་མི་རབས་བཞིའི་རིང་ལ་བོད་མི་རིགས་ལ་མི་འབོར་གྱི་དཀའ་ངལ་འབྱུང་མི་ཉན། དེ་ནི་ཆབ་སྲིད་སྲིད་ཇུས་ཀྱི་ཆེས་ཚད་དམའ་བའི་མཐའ་མཚམས་དང་ཚད་ཐིག་ལྟ་བུ་རེད།

ཉེ་ཆར་ལྷོ་ཕྱོགས་སུ་འཚོགས་པའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྟེང། བཀའ་ཁྲི་མཆོག་གིས་བོད་མི་རིགས་ཀྱི་མི་འབོར་སྐོར་ལ་ཞིབ་ཚགས་པོའི་སྒོ་ནས་གསུངས་དོན། བཙན་བྱོལ་དུ་ ༡༩༨༧ ནས་ ༨༩ བར་ཕྲུ་གུ་སྐྱེ་འཕེལ་ཚད་གཞི་ (TFR) ༤་༩ ཡིན་ཡང་ ༡༩༩༨ ལོར་མི་འབོར་གྲངས་བཤེར་སྐབས་ ༡་༢༢ བར་མར་ཆག་པ་དང་། ༢༠༠༩ ལོའི་མི་འབོར་གྲངས་བཤེར་གཉིས་པའི་སྐབས་སྐྱེ་འཕེལ་ཚད་གཞི་ ༡་༡༨ བར་ཆག་འདུག གནས་ཚུལ་འདི་ལ་མགྱོགས་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་ན་འབྱུང་འགྱུར་ལོ་ལྔ་བཅུའི་ནང་། བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༤༠ ནས་ ༤༥ བར་ཙམ་ཉུང་དུ་འགྲོ་རྒྱུ་རེད་ཅེས་གསུངས། 

དེ་བཞིན་བོད་གཞིས་སུ་ ༡༩༤༩ ནས་བཟུང་བཙན་འཛུལ་འགོག་རྒོལ་དང་། གྱེན་ལངས་ཟིང་འཁྲུགས། རྩད་ཞིབ་དྲག་གནོན། རིག་གནས་གསར་བརྗེ་སོགས་ཀྱི་སྐབས་བོད་མི་ཕོན་ཆེ་རྐྱེན་ལམ་དུ་སོང་ཞིང་། ཉུང་ཤས་བཙན་བྱོལ་དུ་འབྱོར་བ། དེའི་རྗེས་སྐྱེ་སྒོ་བཀག་པའི་སྲིད་བྱུས་བཅས་ཀྱི་འོག ༢༠༠༠ ལོའི་རྒྱ་ནག་གི་མི་འབོར་གྲངས་བཤེར་སྐབས་བོད་མི་ ༥༤༡༦༠༣༤ ལས་མེད་ཅེས་གསུངས་ཡོད།

དེའི་སྟེང་དུ་དེང་སྐབས་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་རྐྱེན་པས། མིའི་གྲངས་འབོར་མུ་མཐུད་དེ་མར་རྒུད་ཀྱིན་པ་ལས་གོང་དུ་གཏན་ནས་འཕར་ཐུབ་ཀྱི་མེད། འདི་ལྟར་ཕྱོགས་གང་ནས་བསམ་ཡང་ང་ཚོ་ཉེན་ཁ་གསར་བ་ཞིག་ལ་འཕྲད་ཀྱིན་ཡོད་ལ། ཉེན་ཁ་འདི་ལས་བཟློག་ཆེད་གོམ་གང་སྔོན་དུ་སྤོ་མཁན་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན། ད་ལོའི་གཞོན་ནུའི་ཚོགས་ཆེན་སྐབས་བཅུ་བཞི་བའི་སྟེང་། གཞོན་ནུས་གཞུག་ཕྱོགས་བུ་ཕྲུག་མང་བོ་སྐྱེ་སྤེལ་བྱེད་མཁན་གྱི་ཨ་མར་གཟེངས་བསྟོད་བྱ་དགའ་སྟེར་རྒྱུ་བྱས་ཡོད། འདི་ལྟ་བུའི་བྱ་འགུལ་ལ་རྒྱུ་མཚན་ལྡན་མེད་པ་མིན་མོད། དེ་ཙམ་གྱིས་བོད་མི་བཙན་བྱོལ་བ་རྣམས་ཉེན་ཁ་འདི་ལས་ཐར་རྒྱུར་རྨང་གཞི་གང་ཡང་བཏང་མེད། དཔེར་ན། ད་ལྟའི་ན་གཞོན་རྣམས་ཀྱི་བསམ་བློའི་ནང་མི་གྲངས་ཀྱི་འཇིག་ཉེན་ངོས་མ་ཟིན་པ་དང་བུ་ཕྲུག་སྐྱེ་སྤེལ་གྱི་འགན་འཁྲི་དང་ལེན་མི་བྱེད་པ། ཡང་མང་བོ་ཞིག་རང་གི་འཚོ་གནས་ཀྱི་གནད་དོན་ཐག་གཅོད་བྱུང་མེད་པ་བཅས་ཡིན།

དེས་ན་འདི་ནས་བརྩིས་པའི་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་ནང་དུ་བོད་གཞུང་དམངས་ཀྱིས་ད་ལྟའི་མི་གྲངས་སོར་གནས་ཡོང་བར་གཞི་རྩའི་བྱེད་ཐབས་ཅི་ཞིག་ལག་བསྟར་བྱའམ། སྐབས་རྗེས་མའི་བཀའ་ཁྲིར་ལངས་མཁན་རྣམས་ལ་མི་འབོར་སོར་གནས་དང་གོང་མཐོར་འགྲོ་བར་སྲིད་བྱུས་གསར་བ་འདྲ་ཡོད་དམ།

གང་ལྟར་ཡང་། གསར་དུ་འཕྲད་ཀྱིན་པའི་ཉེན་ཁ་འདི་མེད་པར་བཟོ་བའི་གཞི་རྩའི་ཐབས་ལམ་འཚོལ་དགོས་པ་ལས་ཉེན་ཁ་ངོས་བཟུང་བ་ཙམ་གྱིས་མི་ཡོང་ངོ་།།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༤ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༤ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 27

  1. དོན་འགྲུབ། says:
    ལོ་ 15 སྔོན།

    ང་ཚོ་བོད་ཀྱི་རིགས་རྒྱུད་དར་སྤེལ་བྱ་ཕྱོགས་གཞུང་སྒེར་ཡོང་ནས་ཐུགས་སྣང་གནང་དགོས་པ་ཞིག་རེད། གཞུང་ངོས་ནས་ཕྲུ་གི་མང་པོ་ཡོད་པའི་ཨ་མ་དང་ཁྱིམ་ཚང་ལ་རོག་རེམ་བྱ་རྒྱུ་དང་། གཞོན་སྐྱེས་ཚོའི་ཡང་ཁྱིམ་ཚང་དང་རང་ཉིད་ཁོ་ནའི་དཀའ་ངལ་རྐྱང་རྐྱང་བསམ་བློ་མི་གཏོང་བར་བུ་ཕྲུག་རང་ལ་གང་སྐྱེ་རྒྱུའི་བསོད་ནམ་ཡོད་པ་དང་ལེན་བྱས་ནས་བོད་དོན་ཡིན་པ་ངོས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ངས་སྙིང་ཐག་པ་ནས་ཡིན།

    Reply
  2. ཞག་སྒྲོན། says:
    ལོ་ 15 སྔོན།

    བུ་ཕྲུག་སྐྱེས་བའི་ཨ་མ་ཤིན་ཏུ་ཉུང་།།བུ་ལ་བྱམས་པའི་ཨ་མ་དེ་ལས་ཉུང་།།བུ་ལ་བོད་ཡིག་གླེང་བའི་ཨ་མ་ཉུང་།།བོད་ཡིག་ཤེས་བའི་སློབ་མ་དེ་ལས་ཉུང་།།

    Reply
  3. སྐར་མདའ། says:
    ལོ་ 15 སྔོན།

    ཕྱི་ནང་ཀུན་ལ་གཟིགས་ནས་སྐད་ཆ་ཤོད༎
    རྒྱ་གར་བལ་ཡུལ་བརྒྱ་ཆའི་བདུན་བཅུ་ཙམ༎
    ཧི་མ་ལ་ཡི་གྲྭ་བ་ཡིན་ན་འང་༎
    རང་རིགས་བོད་མིའི་བརྒྱ་ཆ་བསྡུར་ནས་ཤོད༎

    བཙན་བྱོལ་ནང་དུ་བོད་མིའི་བརྒྱ་ཆ་དེ༎
    ག་ཙམ་ཉུང་བ་ཁྱེད་ཀྱིས་ཤེས་ཡོད་དམ༎
    དེ་དང་བསྡུར་ན་གྲྭ་བ་མི་མང་ངམ༎
    ཞེས་པའི་གཏམ་ལ་བསམ་གཞིགས་གནན་མོ་ཐོངས༎

    དོན་མེད་ཚིག་གི་མདའ་མོ་འཕེན་པ་ལ༎
    བྲེལ་བ་བྱས་ན་རང་སྡུག་རང་གིས་ཉོ༎
    ཕལ་ཆེར་ཁྱེད་ཀྱིས་བཤད་སྲོལ་ལྟོས་ཡོང་ན༎
    གྲྭ་བ་ཡིན་པ་ཚིག་ཐག་བཅད་ཆོག་གོ།

    གྲྭ་བ་རྣལ་མར་སྐད་ཆ་འདི་ཙམ་གྱིས༎
    ཁོང་ཁྲོ་ལངས་པའི་དགོས་པ་ཡོད་མ་ཡིན༎
    ཡ་མ་གཟུགས་ཀྱི་འཁྱམས་ཉུལ་བྱེད་མཁན་གྱི༎
    གྲྭ་བ་རེ་ཟུང་ཕོགས་ན་ཇི་ལྟར་བྱ༎

    རྣམ་དག་ཆོས་པས་ཟིང་ཟང་སྤྱི་ཚོགས་ཀྱི༎
    གཡེམ་སྦྱོར་དག་ལ་དེ་བས་ཁ་ཡ་དབེན༎
    དབེན་པའི་རི་ཁྲོད་འགྲིམ་ནས་སྒྲུབ་སྦྱོང་འབད༎
    དོན་མེད་ནུས་མེད་ཁྱེད་འདྲའི་འཁྱམས་པོར་ཡིན༎

    བཟང་ཕྱོགས་མཐུན་པའི་གནས་ལུགས་ཆུང་ཆུང་ཞིག།
    དེ་ལ་ཁབ་ཀྱིས་སྐྱོན་ཞིག་བཙལ་ནས་འོངས༎
    མ་དག་སེམས་ཅན་མིག་ལ་ཐམས་ཅད་སྐྱོན༎
    དག་པའི་ཉིན་མོར་འགྱོད་པས་མགོ་དྲུད༎

    ཕ་བཟང་བུ་ཡིས་ཡ་རབས་ཕྱོགས་ལ་བལྟ༎
    རིགས་ངན་བུ་ཡིས་མཚང་འབྲིིའི་ལས་ལ་བྲེལ༎
    འཚོ་བའི་རིང་ལ་དོན་ཆེན་སྒྲུབ་པར་དཀའ༎
    དེ་འདྲ་དེ་ཡིས་སྐད་ཆར་སུ་ཞིག་མགུ༎

    Reply
  4. ཚོ་སྒོ་བ། says:
    ལོ་ 15 སྔོན།

    མི་ཉག་སྐལ་བཟང་འདིས་མིའི་མི་གཤིས་ལ་དམའ་འབེབས་དང་སྡིག་ཅན་ཅི་ཡང་མི་ཤེས་མཁན་སོགས་རེད་ཟེར་ཞོར་དུ་རང་ཉིད་དེ་ལས་རྩུབ་ཅིང་དེ་ལས་རྨོངས་པའི་གསར་རྟགས་གམ་གླེན་རྟགས་ངོ་མ་དེ་སྟོན་གྱི་འདུག དེར་མ་ཟད་རང་ཉིད་ལ་ཅིག་ཅིག་མིག་མིག་བྱེད་རྒྱུ་ཡོད་མདོག་དང་ཁྲིམས་རར་རྩིས་སྤྲོད་བྱེད་རྒྱུ་ཡོད་མདོག་སྟོན་མཁན་གྱི་འཇིགས་སྐུལ་བ་ཞིག་གི་བཟོ་ཡང་བསྟན་འདུག གུས་པའི་ཞུ་དོན་སྙིང་པོ་ནི་དོན་གནད་གང་ཡིན་ཡང་བསམ་བློ་རྣམ་དུ་ཕབ་ནས་བརྗོད་ཚིག་བེད་སྤྱོད་གཏོང་རྒྱུ་དེ་ཧ་ཅང་གལ་ཆེ་རེད་སྙམ། དེ་ལྟར་མིན་པར་རང་ཉིད་ཀྱི་འཚོ་གོས་ཙམ་མཁོ་སྒྲུབ་ཀྱི་འཇོན་ཐང་ཡང་མེད་པར་ཡོད་མདོག་དང་མཁས་མདོག་རྐྱང་བསྟན་ན་མི་རྣམས་ཀྱི་དམོད་པ་དང་འཕྱ་བའི་གཞི་ལས་མ་འདས་སོ།

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལ་ཁྲིམས་སར་ཁྲིམས་གཅོད་གཏོང་རོགས།
    སྔོན་ཆད་ངའི་མིག་ལམ་དུ་ཨ་རིག་དགེ་མཐོང་ཟེར་བ་ཞིག་རྒྱུས་མངའ་གང་ཡང་མེད་མོད། དེ་རིང་ཁ་སང་དྲ་ཐོག་ན་ཨ་རིག་དགེ་མཐོང་ཟེར་བའི་གྲྭ་མིན་སྐྱ་མིན་བེམ་རོ་མིན་པ་ཞིག་གིས་གད་སྙིགས་ལྟ་བུའི་ཟིན་བྲིས་རེ་གཉིས་སྤེལ་ཁུལ་བྱས་པ་དང་། སྟག་མཆོང་སར་ཝ་མཆོང་མཁན་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་། ཁོང་གི་དུས་བབ་ཟིན་བྲིས་ཤིག་སྒོ་ཕྱེ་འདུག་པ་དང་ཟིན་བྲིས་ཀྱི་མདུན་ངོས་ན་ཁོང་གི་པར་ཞིག་མཐོང་རྒྱུ་ཡོད་པ་དེའི་སྟེང་དུ་མི་དེའི་གཤིས་ཀ་རྩུབ་མོ་དེ་སྟག་གི་རི་མོ་བཞིན་མཐོང་ཐུབ་ཀྱིན་འདུག ལུས་ལ་གྲྭ་ཆས་ཆ་མ་ཚང་བ་ཞིག་གྱོན་ནས་ལག་པར་རྒྱ་མིས་བཟོས་པའི་ཤེལ་ཏམ་ཞིག་གི་ནང་ཆུ་དང་ཡང་ན་ཆང་གང་རུང་ཞིག་འཐུང་རྒྱུ་ཡོད་པའི་ཁར། མདུན་ན་ཚལ་སླང་ཆེན་པོ་ཞིག་གི་ནང་ལ་བྱ་ཤའམ་ར་ཤ་རྒྱ་མ་གཉིས་གསུམ་ཙམ་བཙོ་ཡོད་པས་ཤ་ལ་དགའ་བའི་སྡིག་ཆེན་ཞིག་ཀྱང་ཡིན་པ་ཐག་གི་ཆོད།
    ཁོང་ནི་ཆབ་སྲིད་ལ་དགའ་ཞིང་ཆབ་མི་ཤེས་པའི་གླེན་པ་ལུག་ལྟ་བུ་ཞིག་ཀྱང་རེད་འདུག
    དེ་ཐེངས་ཁོང་གིས་ཁ་བརྡ་དྲ་རྒྱའི་སྟེང་དུ་ ་་་་བཀའ་ཁྲིའི་བགྲོ་གླེང་དང་གྲྭ་རྒན་འགའི་གླེན་རྟགས་་་་་ཞེས་པའི་བརྗོད་གཞི་ཞིག་སྤེལ་བ་དང་དགེ་འའདུན་པ་རྒན་རབས་ཤིག་ལ་དམའ་འབེམས་དང་ཁ་རྡུང་ཚད་ལས་བརྒལ་པ་བཏང་འདུག ་པ་མ་ཟད་ཆོག་མཆན་མེད་པའི་ཁོང་གི་འདྲ་པར་ཞིག་དྲ་རྒྱའི་སྟེང་དུ་བཀོད་ཡོད་པའི་བསུབ་ཏུ་མེད་པའི་ནག་ཉེས་གསར་པ་ཞིག་གིས་མང་གཙོའི་འགྲོ་སྟངས་དང་འགྲོབ་མིའི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་ཡོད་པ་དག་རེ་རེ་བཞིན་ཁྲིམས་སར་ཁྲིམས་གཅོད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། དྲ་རྒྱའིོ་དོ་བདག་ལངའ་ནག་ཉེས་དེ་དེ་བཞིན་ཡོད་པས་ཁྲིམས་སར་མི་ཆེ་ཆུང་དང་གོ་གནས་ཆེ་ཆུང་འགྲོ་ས་མེད་པར་ཤེས་པར་གྱིས། ད་ནས་བཟུང་ཁོ་བོས་རང་སྒེར་གྱིས་འགྲོ་གྲོན་ལ་བརྟེན་ནས་དྲ་རྒྱའི་སྟེང་དུ་བཀོད་ཡོད་པའི་དགེ་འདུན་པ་དེ་རྡ་རམ་སར་ཡོད་མེད་བཙལ་འཚོལ་བྱུང་རྗེས་ཨ་རིག་དགེ་མཐོང་ཟེར་བའི་མི་ངན་འདི་ཁྲིམས་སར་གཅོད་རྒྱུ་དང་ལས་སླ་པོ་མི་འཇོག་ཁོ་ཐག་ཡིན། ང་ལ་དགེ་འདུན་པ་དེ་རྒྱུས་མངའ་མེད་ཀྱང་ང་ནི་མང་གཙོ་ལ་དགའ་ཞིང་འགྲོ་བ་མིའི་རང་དབང་ལ་རིན་ཐང་བརྩི་མཁན་ཞིག་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཕྲུ་གུ་སྐྱེ་འཕེལ་ཡོངས་ཕྱིར་དགེ་འདུན་འདུས་པ་རྒྱ་མཚོར་སྨོན་ལམ་རིམ་འགྲོ་རེམས་དགོས་འདུག

    Reply
  7. ྖགངས་ཆབ། says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་གིས་ཉེན་ཁ་ཆེན་པོ་ལྔའི་ཐོག་ལ་བཀའ་སློབ་ལམ་སྟོན་གནང་བ་ལ་རྒྱུ་མཚན་ཡང་དག་ཅིག་རེད་འདུག་པ་དང་།ང་ཚོས་ཉེན་ཁ་ཆེན་པོ་དེ་དག་ལས་གྲོལ་ཐབས་གང་འདྲ་གནང་དགོས་མིན་ཐོག་ལ་བསམ་གཞིག་ནན་པོ་གནང་ནས་ཕྱག་ལས་དོན་ཐོག་ཏུ་ཁེལ་བ་བྱེད་དགོས་པར་ནི་གལ་གལ་གནད་ཤིན་ཏུ་ཆེ་བ་མཐོང་།

    Reply
  8. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཧ་ཧ་ མི་རིགས་འཕེལ་རྒྱས་ཀྱི་ཕྱོགས་ནས་སྐད་ཆ་ཞིག་བཤད་དུས་གྲྭ་ལོག་དང་ཇོ་ལོག་མང་པོ་ཞིག་གི་སྤོབས་ཉམས་ཀྱི་རང་གིས་འགྲོ་བཞིན་པའི་ལམ་དེར་ཡང་དག་པ་དང་དེ་སྔ་ཕྱིན་ཟིན་པའི་ལམ་དེ་དག་ཧ་ཅང་ཚབ་ཆེ་བའི་ནོར་འཁྲུལ་ཤོར་བ་དང་།
    ད་དུང་ལམ་དེར་བསྐྱོད་བཞིན་པའི་གསུམ་ལྡན་ཤཀྱའི་རྗེས་འཇུག་རྣམས་ལ་འགྲམ་བཅག་ཞུ་བཞིན་པ་ནི་ཧ་ཅང་སྐྱོ་དགོས་པ་ཞིག་རེད།
    འགན་འཁྲི་བསྐོར་ནས་བཤད་ན་ཕྲུ་གུ་སྐྱེས་འཕེལ་བྱ་རྒྱུའི་འགན་གཙོ་བོ་ནི་མི་སྐྱ་དག་ཡིན།
    འོན་ཀྱང་བོད་ནང་དུ་རྒྱ་དམར་གྱིས་གཡོ་ཐབས་སྣ་ཚོགས་དཔྱད་དེ་བོད་མི་རིགས་རྩ་གཏོར་གཏོང་ཆེད་ཕ་མ་རེ་ཕྲུ་གུ་གཉིས་སྐྱེ་མི་མཆོག་པའི་ཁྲིམས་བཅས་ཡོད་ཀྱང་ཁྲིམས་དེར་གཙི་མེད་ཐོག་ཕ་མ་འགའ་རེ་ཕྲུ་གུ་བཞི་ལྔ་སྐྱེ་འཕེལ་བྱ་བཞིན་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད་པ་ཡིན།
    བཙན་བྱོལ་ནང་གི་ཕ་མ་རྣམས་ལ་གཅིག་ལྟོས་དང་ཕྲུ་གུ་ག་ཚོད་སྐྱེས་འཕེལ་མཛད་བཞིན་ཡོད་རྒྱ་དམར་གྱི་ཁྲིམས་ལྟར་ལག་ལེན་དངོས་བྱེད་མཁན་ནི་བཙན་བྱོལ་ནང་གི་ཕ་མ་དག་ཡིན་བཞེས་བཤད་སྙིང་དྲོ་སོང་རེད་མ་རེད་བསམ་བློ་གཏོང་རོགས།
    མི་རིགས་ཀྱི་འགན་མཁུར་མེད་པ་སྒེར་སེམས་ཀྱིས་རང་ཉིད་སོལ་དལ་བག་འཕེབས་ཁོ་ན་སེམས་བཞིན་པ་ནི་དུད་འགྲོ་ལས་དམན་པ་ཞིག་ཡིན།

    Reply
  9. གླིང་སྐལ་རྒྱམ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་གྲངས་འབོར་ཉུང་རུ་འགྲོ་བ་བདེན་པ་ཡིན་རྒྱུ་རེད། དེ་ཡང་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས་ཉུང་དུ་ཕྱིན་པ་རེད་བསམ། གོང་ནས་གྲྭ་རྒོད་ཟེར་བ་ཞིག་གིས་ཨ་ནེའི་སྐོར་ལ་མཆན་ཞིག་བཀོད་འདུག་མོད། མཆན་དེས་ཨ་ནེ་དང་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་དམའ་འབེབས་ཧ་ལས་པ་བྱས་འདུག ཨ་ནེའི་སྒང་ལ་དེ་འདྲའི་སྡང་དགོས་དོན་ཡོད་དམ།

    Reply
  10. གྲྭ་རྒོད says:
    ལོ་ 15 སྔོན།

    ང་ལ་གོ་སྐབས་ཞིག་རེག་ན་ངས་ཨ་ནེ་དང་གྲྭ་བ་ཤེས་ཚུལ་སྐྱོ་བ་དག་ཉམས་ཏུ་སློབ་གྲ་ཞིག་གསར་འཛུགས་བྱེད་རྒྱུ་ཡིན།དུས་སྐབས་སུ་སློབ་གྲྭ་ནང་དུ་ཐོ་འགོད་བྱེད་མཁན་ཡོད་ན་ཐོ་རྒྱག་རོགས་གནང་།

    Reply
  11. གྲྭ་རྒོད says:
    ལོ་ 15 སྔོན།

    ལུག་ལ་དཔེ་བཞག་ན་མ་མོའི་བརྒྱ་ལ་ཁྲོམ་གཅིག་གི་ཆོག་ཟེར་བ་དེ་ལ་ཞིག་ན་ཨ་ནེ་དང་གྲ་བ་གཉིས་གཏན་ནས་མཚུངས་མ་སོང་།བུ་གུ་སྐྱེ་བའི་དབང་པོ་ཚང་བའི་བུ་མེད་ཞིག་ཡིན་ན་མི་ཚེས་ནང་བུ་གུ་ཞིག་སྐྱེ་ཐུབ་པ་ཐེག་གཅོད་ཐུབ།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ལྷ་ཚོགས་ཀྱིས་སྐོར་བའི་མི་རིགས་འདིས་བསོད་ནམས་ཅེས་པའི་གཟིགས་མེད་ཀྱི་དངོས་པོ་ཞིག་ལ་འབད་འབད་ནས་མཐར་འདི་ལྟ་བའི་གནས་བབ་ཅིག་ལལྷུང་བ་དེ་ངོ་མ་དགའ་དགོས་པ་ཞིག་རེད། འདི་གནས་ལུགས་ཤིག་གསལ་སྟོན་བྱས་པ་ཡིན་སྟབས་ང་རང་དགའ་ནས་ཡོད།

    Reply
  13. གྲྭ་རྒོད says:
    ལོ་ 15 སྔོན།

    འོ་རེད་དྲ་གྲོགས་ཚོ་དེ་དག་ལ་རྒྱབ་སྐྱོར་ཡོད་འོན་ཀྱང་གྲྭ་བའི་དེ་ཙམ་སྐྱོན་བྱེད་ཀྱི་མེད་ཨ་ནེ་ཟེར་བ་དེ་ངོ་མ་མི་དགོས་པ་ཞིག་རེད།དེ་ཚོ་མི་རིགས་གྲངས་ཉུང་ལ་གནོད་ཚུབ་ཆེན་པོ་ཞིག་རེད་བསམ་སོང་།ད་དུང་ཨ་ནེའི་མཁས་པ་ཟེར་བ་དང་ཨ་ནེའི་སྤྱི་ཚོགས་ལ་ཞབས་ཞུ་བྱས་པ་ཟེར་བ་ཞིག་གཏན་ནས་མེད་པ་འདྲ།ཆོས་ཕྱོགས་ནས་བཤད་ན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ལག་རྗེས་གང་ཡང་བཞག་མེད་ལ་དེ་ལས་ཟློག་ཏེ་གནོད་རྐྱེན་དུ་སོང་བ་མང་པོ་ཞིག་གོ་རྒྱུ་འདུག ཨ་ནེ་ལ་ཆོལ་ག་ཕྱག་ལེན་གྱི་ཕྱོགས་ནས་ཡང་དམིགས་སྲིད་འབུར་དུ་ཐོན་པ་ཞིག་མེད།ཨ་ནེ་ནི་མི་རིགས་གྲངས་ཉུང་གྱི་འཕེལ་རིམས་ལ་བསམ་བློ་མ་བཏང་བའི་བུ་མེད་ཞིག་ལ་ངོས་འཛིན་བྱས་ཆོག

    Reply
  14. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    གནད་དོན་འདི་ངས་བཤད་ནས་ལོ་གཅིག་འགོར་རྗེས་བཀའ་ཁྲིས་སེམས་ཁུར་བྱེད་ཀྱིན་འདུག ད་ང་བཀའ་ཁྲི་ལ་བསྡད་ནས་བོད་ལ་ཁ་ལོ་བསྒྱུར་འདོད།

    Reply
  15. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གྲྭ་བ་དང་ཨ་ནེ་དག་ལ་རེ་བ་བྱེད་པ་དག་སྦད་དེ་ནོར་འདུག་པ་མ་ཟད་རེ་བ་ཡང་སྟོང་པ་ཡིན་པ་གསལ་པོ་རེད།སེམས་འཚབ་བྱེད་པ་ཡག་པོ་རེད་།་འོན་ཀྱང་གནད་འགག་ཤེས་དགོས་པ་གལ་ཆེན་རེད
    བརྒྱ་ཆ་བཞི་བཅུ་ཧི་མ་ལ་ཡིས་རི་རྒྱུད་ནས་ཕེབས་པའི་གྲྭ་བ་དང་ཨ་ནེ་ཆགས་ཡོདཔ་དང་ལྷག་པར་དུ་ཞོན་སྐྱེས་ནང་བརྒྱ་་༧༠་དེ་དག་ནས་ཕེབས་མཁན་རེད།
    དེའི་ཕྱིར་ཁྱེད་ཅག་གི་རི་བོང་གནམ་རྡུབ་གྱི་སྡུག་བསྔལ་བྱེད་དགོས་དོན་མེད།
    མགྱོགས་མྱུར་དུ་རི་བོང་རིང་བོང་ཤོར་སྡོམས་པ་སྡོམས་པ་ཤོར་ཟེར་བ་དེ་མགོ་ཐོག་དུ་ཡོང་བ་དུས་ཚོད་ཆེར་མེད་དོ

    Reply
  16. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ཨོ་ད་བྱེད་ཡ་གཅིག་ལས་མེད། གྲྭ་བ་དང་ཨ་ནེ་དེ་ཚོ་དགོན་པ་ནས་དགོངས་པ་ཞུ་ན་ག་འདྲ་འདུག་་་་་་་ད་གོ་སྐབས་རེད་ད། ཧཧཧཧཧཧཧཧཧཧཧ

    Reply
  17. སྐར་མདའ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པའི་གཏམ་དེ་བདེན་པ་རེད།
    ཡིན་ནའང་མི་འབོར་ཉུང་དུ་འགྲོ་བའི་ཉེན་ཁ་ངོ་སྤྲོད་ཙམ་གྱི་ག་ལ་འགྲིགས།
    དེ་ལག་ལེན་ལ་བསྟར་བ་ལ་བུ་ཕྲུག་མང་པོ་བཟོས་དང་མ་བཟོས་ཀྱི་གནད་འགག་གཙོ་བོ་རེད་བསམ་གྱི་མི་འདུག

    གཙོ་བོ་བོད་རིགས་ལ་གྲྭ་བ་དང་ཨ་ནེ་མང་དྲགས་པའི་རྐྱེན་མིན་ནམ་བསམ་གྱིན་འདུག་དེ་བདེན་དང་མ་བདེན་དེ་ངས་ཚིག་ཐག་བཅད་ནས་བཤད་ཐུབ་ཀྱི་མི་འདུག ད་དུང་བཙན་བྱོལ་སྤྱི་ཚོགས་ནང་ལ་ཆགས་བཞག་ནས་བཤད་པ་ཡིན་ན།
    བོད་རིགས་བུ་མོ་ཕལ་ཆེ་བས་བོད་པའི་བུ་ཡི་མཉམ་དུ་ཆངས་ས་མི་རྒྱགས་པ་དང༌།བོད་པའི་བུ་ཡིན་ནའང་བོད་རིགས་ཀྱི་བུ་མེད་ཀྱི་མཉམ་དུ་ཆངས་ས་རྒྱགས་རྩིས་བྱེད་རྒྱུ་མེད།དེའི་གནད་འགག་གཙོ་བོ་དེ་དཔལ་འབྱོར་ལ་ཐུག་ཡོད་པ་རེད།

    དཔལ་འབྱོར་གྱི་གནས་སྟངས་ཞན་པའི་དབང་གིས་བུ་དང་བུ་མོ་གང་ཡིན་ནའང་ཐབས་ལམ་དེའི་ལམ་དུ་མི་ཞུགས་རང་ཞུགས་ཆགས་ཡོད།
    དེ་འདྲ་ཡིན་བོད་པའི་མི་འབོར་ཉུང་དུ་འགྲོ་ངེས་ཅན་རེད། ཡིན་ཡང་རྒྱ་ནག་ནང་ལ་ཆགས་བཞགས་ནས་བཤད་པ་ཡིན་ན།
    གནས་སྟངས་དེ་འདྲ་ཕལ་ཆེར་ཡིན་ས་མ་རེད། གང་ཡིན་ཟེར་ན།
    འཆར་ལྡན་བུ་སྐྱེས་འགོག་པའི་རྐྱེན་དང་གཅིག གྲྭ་བ་མང་དང་གཉིས།

    གནད་འགག་དེ་དག་གིས་བོད་མི་རིགས་ཀྱི་མི་འབོར་ཉུང་དུ་འགྲོ་ཡོད་རེད་བསམ་གྱི་ཡོད། གཙོ་བོ་མི་གཅིག་གཉིས་ཀྱི་བསམ་བློ་བཏང་བ་ཙམ་གྱི་མི་ཆོག་པར་བོད་མི་ཞིག་ཡིན་ཕྱིན་ཚང་མས་དེའི་ཐོག་ལ་བསལ་བློ་གཟབ་གནད་ཅན་ཞིག་གཏོང་དགོས་པ་ཧ་ཅང་གི་གལ་ཆེན་དུ་མཐོང་གི་འདུག

    བཙན་བྱོལ་ནང་མི་སྐྱ་ལས་གྲྭ་བ་དང་ཨ་ནེ་མང་བ་ཡོད་པ་གསལ་བོ་རེད།
    ད་དུང་མི་སྐྱ་ཁ་ཤས་ལྷག་ཡོད་དེ་འང་དཔལ་འབྱོར་གྱི་ཕྱིར་ཏུ་མགོ་སེར་གྱི་རྐུབ་ལ་དེད་འགྲོ་གི་ཡོད། མང་པོ་ཞིག་ཡོ་རབ་དང་ཨ་རི་ལ་འགྲོ་བའི་འཆང་གཞི་ལས་མི་རིགས་འཕེལ་རྒྱས་ཀྱི་འདུན་པ་རྩ་བ་ནས་ཡོད་པ་མ་རེད་ཟེར་ན་མ་འགྲིགས་མེད་སྙམ།

    Reply
  18. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བུད་མེད་ཚོ་སྐྱེ་ཟུག་རྒྱག་པར་ཞེད་སྣང་ཆེ་བ་དང་ཕྲུ་གུ་སྐྱེས་པའི་རྗེས་སུ་རྒྱག་པ་ཆག་ཡོང་བསམ་ནས་ཕྲུ་གུ་སྐྱེད་ཀྱིན་མེད་པ་འདྲ།

    Reply
  19. ཨ་མཆོད་འཇམ་ཚུལ། says:
    ལོ་ 15 སྔོན།

    སྤྱིར་ན་མི་འབོར་སྤེལ་བ་ནི་འཇིག་རྟེན་སྤྱི་ལ་མ་བསམ་པའི་མི་འོས་པའི་བྱ་སྤྱོད་ཅིག་རེད། རང་རེར་མཚོན་ན་སྤེལ་དགོས་ཀྱི་འདུག ད་འདི་ཚོ་ངོ་མ་དཀའ་རྙོག་ཅིག་རེད།
    གཞུང་གི་སྲིད་ཇུས་ཀྱི་ཐོག་ནས་ཅིག་བྱེད་རྒྱུ་མེད་པ་མིན་ཡང་རྔོ་ཐོགས་པ་དེ་འདྲ་ནི་དཀའ་ཙམ་དུ་སྣང་། ཕྲུ་གུ་མང་ཤོས་བྱ་དགའ་སྟེར་བ་ཙམ་གྱིས་ཅང་མི་ཕན།

    Reply
  20. སྒྲོལ་དཀར་བུ says:
    ལོ་ 15 སྔོན།

    ངོ་མ་བཤད་ན་བཀའ་ཁྲིས་གསུང་པ་བདེན་པ་རེད་ཡིན་ན་འང་ཚོགས་པ་དང་བསྒྲིགས་འཛུག་གང་ཡིན་ཀྱང་རང་རང་གི་རེ་བ་བཅོལ་ས་དང་མ་འོངས་པའི་སོན་རྩ་ནི་ཕྱི་རབས་རྣམས་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།
    ཕྱི་རབས་པའི་གྲངས་འབོར་ཅི་ཙམ་མང་ན་དེ་ཙམ་གྱི་རེ་བ་དང་མདུན་ལམ་ཡངས་ཤིང་ཆེ
    ཡིན་ནའང་ཚོགས་པ་དངབསྒྲིགས་འཛུག་གང་ཡིན་ཀྱང་རང་ཉིད་ཀྱི་མདུན་ཙམ་ལས་རྒྱང་རིང་ཙམ་མཐོང་བ་ནི་ཧ་ཅང་དཀོན།དཔེར་ན་དགོན་པ་ཆེ་ཆུང་གང་ཡིན་ཀྱང་རང་གི་གྲྭ་རྒྱུན་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ཡོད་དེང་སང་གྲྭ་བ་གསར་ཞུགས་ཧ་ཅང་དཀོན་སྟབས་དགོན་པའི་ལས་གནས་རྣམས་དེའི་ཕྱོགས་ལ་སེམས་ཁྲལ་ཧ་ཅང་ཆེ་བ་ནི་བཤད་མ་དགོས་པ་ཞིག་རེད།ཡིན་ན་འང་བོད་མིའི་་གྲངས་འབོར་དང་ད་ལྟའི་གནས་བབས་ལ་བལྟས་ན་གྲྭ་བ་དང་ཨ་ནེ་ཉུང་རུ་སོང་བ་ནི་མི་ཆོག་པ་མི་འདུག་བསམ།གང་ལྟར་དེ་དག་གིས་རང་གི་རིགས་རྒྱུད་མ་མཐའ་འང་གཅིག་ཙམ་སྤེལ་ངེས་ཡིན།
    ཡིན་ནའང་དགོན་པའི་ལས་ཀྱི་གནས་མོ་བ་ཚོས་ཚིག་འདི་ཐོས་ན་སྙིང་རླུང་སྟོད་ལ་འཚང་ངེས་ཡིན།ཁོངས་ཚོའང་ཁག་ཅི་ཡོད་བོད་རྒྱུད་ནང་བསྟན་ཆོས་ལུགས་རྩ་ཆེན་པོ་
    འདི་འཛིན་སྐྱོངས་སྤེལ་གསུམ་བྱེད་པ་ཕལ་ཆེར་དགོན་སྡེ་ཁག་ལ་རག་ལས་ཡོད།
    དེའི་ཕྱིར་དགོན་པའི་གྲྭ་བ་ཉུང་རུ་སོང་ན་རྗེས་མ་ཅི་འདྲར་འགྱུར་ཡོངས་བསམ་པའི་
    སེམས་ཁྲེལ་ཡོད་ངེས་ཡིན།
    ཆོས་པ་ཞིག་གིས་ངོས་ནས་བཤད་ན་དེ་ལས་གལ་ཆེ་བ་ཅི་ཡང་མེད་ན་འང་
    བོད་སྤྱི་དོན་བསམ་ན་དེ་ལྟ་བུ་ཞིག་འེ་ཡིན་བསམ་པ་ངམ་ངམ་ཤུགས་ཀྱི་སྐྱེས་ཡོང་།
    ད་བཏང་ན་རྫ་མ་ཆག་བཟུང་ན་ལག་པ་ཚིག་ཟེར་བ་བཞིན་གང་ལྟར་བྱས་ན་འང་
    ཕྱོགས་གང་རུང་ཞིག་ལ་གནོད་ངེས་རེད

    Reply
  21. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཀུན་གསལ་གྱིས་བཤད་པ་བདེན་པ་རེད། ཕོ་མོ་སུ་ཡིན་ཡང་ལོ་སོ་ལྔར་བུད་རྗེས་ད་དུང་བྱིས་པ་མེད་ན། ཆེད་པ་གཅོད་དགོས། ང་ལྟ་བུའི་མི་རྐྱང་ཚོར་བཟའ་ཟླ་འཚོལ་རོགས་བྱས་ཏེ་གཞུང་གིས་གཉེན་སྟོན་ཡང་བྱས་ན་འགྲིག་ཡ།
    ཨ་ལ་རྩེད་མོ་ཡིན། མི་འབོར་འཕེལ་ཐབས་ལ་གཞུང་གིས་བྱ་འགུལ་འདྲ་སྤེལ་རྒྱུ་ཡོད་ན་བཟང་གི

    Reply
  22. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གྲྭ་བ་དང་ཨ་ནེ་མང་བའི་མི་རིགས་ཀྱི་འཕེལ་རྒྱས་ལ་གནོད་མི་སྲིད།
    གལ་ཏེ་གྲྭ་བ་དང་ཨ་ནེ་ཅི་ཙམ་ལོག་ཅིང་མི་སྐྱ་བཞིན་ཕྲུ་གུ་སྐྱེད་རྒྱུ་མི་དགའ་བ་ཐག་གིས་ཆོད།

    Reply
  23. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དེང་དུས་གྲྭ་ལོག་དང་ཇོ་ལོག་ལོ་རེ་ནས་ལོ་རེ་མ་འདས་པར་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག ཁྱེད་ཚོས་སངས་རྒྱས་ཀྱི་རྗེས་འཇུག་རྣལ་མ་ཞིག་བྱེད་མ་ཐུབ་ཀྱང་བོད་མི་རིགས་དང་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་བོད་ཕྲུག་གང་མང་སྐྱེ་འཕེལ་གནང་ཐུབ་ན་དགེ་མཚན་ཆེ།

    Reply
  24. གདོང་རིའི་ཆོས་འཛིན། says:
    ལོ་ 15 སྔོན།

    ཉེན་ཁ་འདི་སྐྱོབས་ཐབས་སུ་རང་ཉིད་ཀྱིས་བུ་ཕྲུག་བཅུ་ཙམ་སྤེལ་འདོད་ཀྱང་།དེ་ལ་ཉེན་ཁ་ཞིག་ཡོད་པ་ནི་བུ་ཕྲུག་ཚོ་ཡང་།འཁོར་ཡུག་གིས་རྐྱེན་པས་ར་མ་ལུག་དུ་འགྱུར་ཉེན་ཆེ།

    Reply
  25. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གནད་དོན་འདི་དང་འབྲེལ་བའི་རྩོམ་ཡིག་ཅིག་དེ་སྔོན་ཕྲན་གྱི་ཟིན་བྲིས་སུ་བཀོད་ཡོད། དྲ་ཐག་འདི་ཡིན།
    https://tibettimes.net/wordpress/blogs.php?id=6&post_id=10867
    དགོངས་ཚུལ་ལྷུག་སྩོལ་ཡོང་བར་སྨོན།

    Reply
  26. kunsal says:
    ལོ་ 15 སྔོན།

    མི་འབོར་ནི་གལ་ཆེ། དེ་འཕེལ་ཐབས་སུ།
    ༡༽ཕྲུ་གུ་གཉིས་ཡན་ལ་ག་ཚོད་སྐྱེས་ཀྱང་དེའི་འགྲོ་སོང་གཞུང་ནས་གཏོང་ཐབས་དང་། ཕ་མ་ལའང་ཕྲུ་གུ་མང་ཉུང་ལ་གཞིགས་པས་བྱ་དགའ་གནང་དགོས།

    ༢༽སྐྱ་མིན་སེར་མིན་རྣམས་ཆང་ས་བརྒྱབ་ནས་མི་རིགས་འཕེལ་རྒྱས་གཏོང་བ་དང་འཇིག་རྟེན་གྱི་བདེ་སྐྱིད་ཀུན་དང་མཐུན་པ་ལོངས་སུ་སྤྱོད་དགོས།

    Reply
  27. BLACK DIAMOND says:
    ལོ་ 15 སྔོན།

    མི་མེད་ན་རང་བཙན་ཅི་ལྟར་རྩོད།་་་་་་་་་་་་་་་་་མི་འབོར་ཇི་ལྟར་མང་ན་དེ་ལྟར་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese