མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཤུན་མེད་པའི་ཚོར་བ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

 རྨི་ལམ་དེ་ནི      ང་རང་གི་མིན་ན
དེ་དུས ཕྱི་རོལ་ན་རླུང་མི་འདུག
ཁ་དབུགས་ཀྱང་མི་འདུག
ལས་དབང་ཡང་     གང་ནས་འགོ་འབུས
གང་ལྟར ངས་རང་ངོ་ལ་ཕྱི་ནང་ཞིག
ག་དུས་ཀྱང་བསླུས་ཟིན་པ་ལྟར

རླབས་རྒྱུན་གྱི་འགྲམ་ཞིག་ནས
ཁྱེད་དང་ང་     ཁོ་བོ་དང་གཞན་དག་གིས
སྤས་སྲིད་པའི་སྙན་ངག་ཞིག་གླེང་
ཡིན་ཡང་ དུག་རྫས་ཀྱི་ཕྱི་ཤུན་སྐྱུར་མོ
ངའི་སྐྱི་འབག་ལས་དཔྱངས་དེ
ཐག་རིང་བའི་གླིང་ཕྲན་ཞིག་ན
བོར་སོང་བའི་གཟུགས་རིས་སྙིང་རྗེ་མོ་ཞིག
འདང་ནུབ་ཀྱི་ཀུ་རེ་བཞིན
འོས་བླངས་མེད་པའི་གྲུབ་མ་ཁ་ཤས་ཀྱི་ཁྲོད་དུ

དོན་ངོ་མར ངས་གང་ཡང་ཤེས་མ་བྱུང་
སྐད་ཆ་དེ་ཡིས་ཁྱེད་ཀྱི་སྙིང་ཁམས་བསྲེག་སྲིད་ཀྱང་
ང་ལ་ནི ན་ཟུག་འཕར་མ་དང་འགྲོགས་པའི་མཛས་གླུ་སྙན་མོ་ལས
ངའི་ལྷན་དུ་འཁྱེར་ཐུབ་པའི་བྱ་དངོས་ཀྱི་བདག་དབང་
གཏན་ནས་མི་རྩོད རྒྱུ་མཚན་ནི་རྨོངས་འཐོམ་ནི
སྲིད་མཐའི་བར་དུ་རྨོངས་པ་དང་ལྐུགས་ཚུལ་ཡིན
གླིང་ཕྲན་དེ་ནས    ང་གཉིད་ན་འདོད
ཁ་རོག་གེར་ཞོག    ང་སྔ་ས་ནས་བོར་ཟིན

 

                                                                          ཨེས་སུ་རལ་གྱི་གྲོང་ཁྱེར་གྲགས་ཆེན་ཀྲེ་ལ་བེས་ནས་༡༡།༩།༡༠བྲིས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 12

  1. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ཉིད་ནས་བདག་ལ་དེ་འདྲའི་སྤུན་ཟླའི་འདུ་ཤེས་ཟབ་དུ་ཕྱིན་པ་དེར་བཀའ་དྲིན་ཆེ་ལགས། ངས་ཀྱང་གང་ཐུབ་ཅི་ཐུབ་ཀྱི་སྤུན་ཟླ་ཁྱེད་ཅག་གི་མིག་ངོར་རང་གི་སེམས་ཀྱི་འདུ་ཤེས་རྙེད་སྟངས་དང་ཚོར་བའི་མྱོང་བྱང་སླེབས་སྟངས་སོགས་ག་ལེར་གང་མི་ཉུང་བ་ཞིག་འབྲི་རྒྱུར་རེ་བ་ཆེན་པོ་ཡོད། དེ་ཡི་ལམ་ཁར་དགེ་སྐྱོན་གཉིས་ཀ་གླེང་དུ་ཕེབས་ཤོག་ཨ་་་

    Reply
  2. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ད་ནི་ཁྱེད་རང་དང་བདག་སྒེར་ངོས་ནས་ཀྱང་སེམས་ཐགས་ཇེ་ཉེར་འགྲོ་གི་འདུག་ལ་ཉིན་རེའི་འཚོ་བའི་ནང་དུ་ཤ་ཁྲག་རུས་གསུམ་གྱི་བཤམས་པའི་སེམས་ཀྱི་ཁ་ཟས་ཤིག་ཉེར་བར་ལོངས་སྤྱོད་མི་ཐུབ་ན་ལུས་པོ་འདི་ཉིད་འཚོ་བའི་དཀའ་ཚེག་ཞིག་ཀྱང་སླེབས་འདུག

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། ཉིད་ཀྱིས་དེ་ལྟར་གསུངས་དུས་ལོས་བདེན་འདོད་ཀི
    མི་ནི་འདི་ལྟར་རྒས་ཤིང་ཀོག་པ་ནས་འཆི་བར་འགྲོ་ལ་རན་ཡང་། རང་རིགས་ལ་ཞེན་པའི་ལར་ཞེན་འདི་ད་དུང་མི་འཇགས་པར་རང་རང་གི་འཕར་རྩ་དང་འགྲོགས་ནས་ཡོད་པ་འདི་ནི་མི་རིགས་རེ་རེ་ཡི་ལྷན་སྐྱེས་ཀྱི་གཤིས་ཤིག་ཡིན་སྣང་མཚམས་རེར་སྐྱེ་ན་ཡང་། ཉེ་ཁོར་གྱི་སྤུན་ཟླ་དག་གི་བྱེད་སྟངས་མཐོང་དེ་འོང་དུས་དེ་འདྲ་་ཞིག་མིན་པ་ཡང་ཤེས་སུ་འཇུག་གི

    Reply
  4. tsekyis says:
    ལོ་ 16 སྔོན།

    ཕ་ཡུལ་དུ་མེད་པ་བདེན་ན་ཡང་།།
    ཕན་ཚུན་གྱི་སྐྱིད་སྡུག་གནམ་ས་བཞིན།།
    བོད་དོན་ལ་སེམས་འདུན་གཅིག་ཡིན་ཀྱང་།།
    མི་བུ་ཡི་ཐོབ་ཐང་གནམ་ས་བཞིན།།

    བལ་ཡུལ་དང་ཕྱི་གླིང་གཅིག་མིན་ཀྱང་།།
    སྐད་ཡིག་ལ་ཞེན་པ་གཅིག་ཏུ་སྣང་།།
    སྐད་ཡིག་ལ་ཞེན་པ་གཅིག་ཡིན་ཀྱང་།།
    འཁོར་ཡུག་གི་སྤྲོ་སྣང་གནམ་ས་བཞིན།།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    སྒྲོལ་དཀར་བུ་ལགས། ཅོ་རི་ཉི་མ་འདི་དངོས་ནས་བོད་ཞེན་ཡོད་མཁན་ཞིག་ཡིན་ལ། སྐད་ཆ་བཤད་སྟངས་དེ་ལ་ཅུང་ཙམ་རྩུམ་རེག་དང་ལྡན་པ་དེ་ཙམ་ཡིན། འོན་ཀྱང་། ཚང་མ་ཁོ་རང་གི་ལྟོ་དོན་བཤད་ཀྱི་མེད་པ་རེད། དེ་ཡིན་དུས་བསམ་ཤེས་རེ་གནོངས།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས།
    ཁྱེད་སེམས་ཀྱི་ཞིང་ཁམས་སུ
    བདེ་སྡུག་གི་ཚོར་བ་ལྕི
    དེ་ཡང་བོད་མི་རིགས་ཀྱི་ཆེད
    བཤད་བཤད་དེ་ཚིག་དམར་དམར
    གླེང་གླེང་དེ་སྤྱི་དོན་ཡིན
    དེ་ཡི་ཕྱིར མི་རེ་ཟུང་
    ཁྱེད་ཉིད་ཀྱིས་སྐད་ཆས་རྨས
    ཡིན་ཡང་ སྤུན་ཟླ་ངས
    ཁྱེད་ཉིད་ཀྱི་སེམས་དེ་ཤེས
    ཨ་མའི་བུ་རྒོད་ཁྱོས ཤུ་རེ་བྱོས
    སྐད་ཆ་བཤད་ཕྱོགས་མི་གཅིག་ཀྱང་
    སྙིང་བོ་བོད་ཀྱི་དོན་ཡིན་པ་གཅིག་པ་ཡིན
    ངས་འདི་འདྲ་བྲིས་ན་ཁྱེད་རང་གི་གོ་བར་ཕན་ཐོག་ཡོད་ངེས་ལ
    ཉིད་ཀྱང་ ཐུགས་སུན་མེད་པར་འདིར་ཕེབས་ཐེངས་རེར
    ཅི་འདོད་འདོད་ཅིག་བཤད་ཆོག་ཆོག་ཡིན
    ག་དུས་ཕེབས་ཀྱང་ ངས་ཕྱོགས་ན་སྒོ་ཕྱེ་ནས་ཡོད

    Reply
  7. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་བལ་ཡུལ་དུ་ཡོད།།
    ང་ཡང་ཕྱི་ཡུལ་དུ་ཡོད།།
    རང་ཡུལ་ལ་འུ་གཉིས་མེད།།
    ཕན་ཚུན་གྱི་སྐྱིད་སྡུག་གཅིག།

    Reply
  8. loedoe says:
    ལོ་ 16 སྔོན།

    ཅོ་རི་ཉི་མ་ལགས་ཁྱོད་ཀྱི་རང་གཤིས་ངན་པ་དེ་ངོ་མ་བཟང་གི

    Reply
  9. chokri nyima says:
    ལོ་ 16 སྔོན།

    རྨི་ལམ་འདིར་མངོན་གྱུར་ཡོང་རེའི
    ཞོགས་སྔ་མོར་མིག་ཕྱེ་པ་དང
    དུས་བབ་དྲ་ཐོག་ཏུ་ཕྱིན
    དགོང་ནམ་ཕྱེད་དུས་ཀྱི་དཀྱིལ་འཁོར་དུ་ཟིན་བྲིས་བཀླགས་ཁུལ་བྱས

    ངའི་རྨི་ལམ་ནང་དུ་ཡོད་པའི་བོད་མིའི་ལྟོ་གོས
    དཀྲུགས་ཤིང་དང་ངོ་དགའ་བྱས་ནས
    ཉམ་ཐག་བོད་མིའི
    མི་ཚེ་འཕངས་བཅུག

    སྐྱུག་བྲོ་བའི་ཕོ་མཐའ་ཚོས
    ངོ་དགའ་དང་ཕྱོགས་རུས་མ་གཏོགས་གསར་འབྱོར་འཚོ་བ་ལ་བསམ་གཞི་མེད།
    འདི་ནི་ལས་དབང་ཡ་ལས་དབང
    རྫོགས་རྒྱུ་མེད་པའི་ཆུ་རྒྱུན
    གསོད་ཚོད་མེད་པའི་དུར་འགྲོ་དང་བཤད་ཚོད་མེད་པའི་རྨོངས་རྒན

    ཁ་ལ་ཁུར་རྒྱུ་༧གོང་ས་མཆོག
    ཁོག་ཏུ་བསམ་རྒྱུ་སྒེར་དོན་དང་གནོད་སེམས་ཞེ་སྡང
    ལྟོས་དང་་་་་་་་་་ཕོ་མཐའ་ཚོ་ལ
    ཡིད་སྐྱོ་བའི་བོད་མིའི་ལས་དབང
    ཐང་ཆད་པའི་དུས་བབ་དྲ་ཐོག
    སུ་ཞིག་བོད་མི་ཉམ་ཐག་ཚོའི་ལྟ་གོས་ལ་བསམ་གཞི་འདུག་གམ།

    Reply
  10. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་དོན་དངོས་ཐོག་ཁྱེད་རང་གིས་བདག་སུ་ཡིན་པ་ཤེས་ཀྱི་མ་རེད་ལ་དུས་བབས་ཚང་གི་མི་སུས་ཀྱང་ང་ངོ་ཤེས་ཀྱི་མ་རེད་ལ་ཤེས་དགོས་ཡག་ཀྱང་ཡོད་པ་མ་རེད།
    ཡིན་ན་ཡང་ལས་དང་སྨོན་ལམ་ཡང་ན་རྟེན་འབྲེལ་ཞིག་གི
    དེ་རིང་དུས་བབས་ཚང་གི་ཟིན་བྲིས་པ་ཞིག་ལ་ང་རང་ངོ་སྤྲོད་བྱས་ཡོད་ལ་ཁོང་གཅིག་པུས་ང་སུ་ཡིན་ངོ་ཤེས་པ་ཡོད།
    ངོ་སྤྲོད་རོབ་ཙམ་ཞུ་ན་ཕ་ཡུལ་ལྷ་ས་དང་ད་སྐབས་བལ་ཡུལ་དུ་ཡོད།
    ཤ་ཁྲགས་ལགས་ང་རང་ལ་དུས་ཚོད་ཁོམ་པ་འདྲ་བྱུང་སྐབས་སྐུ་ཉིད་ཀྱི་ཟིན་བྲིས་ནང་འཆམ་འཆམ་བྱེད་རྒྱུ་དེ་ཨང་དང་པོར་བཞག་གི་ཡོད་ལ་མ་འོངས་པར་ཡང་དེ་ལྟར་གོམ་གཤིས་ཤིག་ཏན་ཏན་རྒྱུན་གནས་ཐུབ་པའི་རེ་བ་ཡོད།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས། སྐུ་ཉིད་དོན་དངོས་སུ་ངས་སུ་ཞིག་ཡིན་མིན་མི་ཤེས་ལ། ཤེས་དགོས་དོན་ཡང་མེད། ངས་ཤེས་པ་དེ་ནི་སྐུ་ཉིད་རིགས་ཞེན་གྱི་སྤུན་ཟླ་གཙང་མ་ཞིག་ཡིན་པ་དང་། བཤད་པའི་སྐད་ཆ་དེ་དག་ཡང་ཧ་ལས་པའི་རིན་ཐང་ལྡན་པ་ཤ་སྟག དུས་ཚོད་གང་ཡོད་དུ་ངེད་ཀྱི་ཟིན་བྲིས་སུ་ཕེབས་ནས་བསམ་ཚུལ་གསུངས་པ་དང་། ཀློག་པ་པོ་ཞིག་གནང་གི་ཡོད་པ་དེར་དགའ་ནས་ཡོད། ངས་ཀྱང་ཉིད་ཀྱི་བཀའ་གསུང་དེ་དག་ཡིད་ལ་གང་ཐུབ་བཟུང་ནས་ཤུ་རེ་བྱེད་ངེས་ཡིན། དུས་ཚོད་ཀྱི་བར་གསེང་ནས། དུས་རབས་ཉེར་གཅིག་པའི་བྲན་གཡོག་གི་ལམ་ཁ་འདི་ནས། ཕ་ཡུལ་བོར་བའི་སྐྱོ་སྣང་གི་ཕ་མཐའ་ཞིག་ནས། རང་དབང་མེད་པའི་མི་རིགས་ཤིག་གི་བདེ་སྡུག་བསམ་ཞོར།

    Reply
  12. tsekyis says:
    ལོ་ 16 སྔོན།

    སྙན་རྩོམ་ལ་རྫོགས་མཐའ་མེད་པར།
    ཡར་ཆབ།
    རྨ་ཆུ།
    འབྲི་ཆུ།
    རྒྱལ་མོ་རྔུལ་ཆུ་བཞིན་བཞུར་བ་ནི་དགའ་འོས་པའི་བྱ་བ་ཞིག་རེད།
    ཡིན་ན་ཡང་སྐབས་སྐབས་འཚོར་སྣང་གང་ཡང་མེད་པའི་གསོབ་འདྲ་པོ་ཞིག་བཞེངས་གྲུབ་བྱེད་ཀྱི་འདུག
    མཛེས་ཤིང་ཡིད་དབང་འཕྲོགས་པའི་གསོབ་དེ་ཚོར་སྲོག་ཞིག་ཞུགས་ན་ད་བཟོད་ངའི་ཡིད་དབང་།
    ཁོང་གི་ཐུགས་སེམས།
    མདོར་ན་སྐྱེས་བུ་ཀུན་གྱི་དྲན་སེམས་ཁྱེད་ཀྱི་ལྕགས་ཀྱུ་འདིར་འགུགས་ཐུབ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese