མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་བཀའ་སྒེར་ཞིབ། ཁང་གསར་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp
༡༽ བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་ཀྱི་མི་འབོར་དེ། ལོ་རྒྱུས་ཐོག་དུས་ནམ་ཡང་ས་ཡ་དྲུག་ལས་བརྒལ་མྱོང་མེད་པ་ཞིག་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་འདུགའདི་ནི་དཔྱད་པར་བྱ་བའི་གཞི་སྟེ། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ། ད་ལྟ་རྒྱ་གར་ཁོངས་སུ་ཡོད་པའི་ལ་དྭགས་དང་མ་ན་ལི། ཁུ་ནུ། གར་ཤ། སྤི་ཏི། མོན་རྟ་དབང་སོགས་བོད་ཁོངས་ཡིན་ལ་དེ་ཁུལ་གྱི་མི་རྣམས་ཀྱང་བོད་རིགས་ཡིན་ཞིང་། དེ་བཞིན་དེང་སྐབས་བལ་ཡུལ་གྱི་ཁོངས་གཏོགས་ཡིན་པའི་རྟ་མང་དང་ཤར་པ། གློ་སྨོན་ཐང་སོགས་ཀྱང་བོད་ས་ཡིན་པ་གང་ཞིག་དེར་གནས་པའི་སྐྱེ་བོ་རྣམས་ཀྱི་རིགས་ཀྱང་བོད་རིགས་ཡིན། དེ་མིན་དེང་གི་འབྲས་ལྗོངས་དང་འབྲུག་ཀྱང་གནའ་སྔ་མོ་བོད་ཁོངས་ཡིན་པ་བཤད་མི་དགོས།  ཤར་རྒྱ་ནག་གི་ཕྱོགས་ནས་བཤད་ན། དེང་རྒྱ་རིགས་སུ་གྱུར་ཟིན་པ་མང་པོ་ཞིག་སྔོན་བོད་རིགས་ཡིན་ཏེ། ༢༠༠༨ལོར་ས་འགུལ་ཚབས་ཆེན་འབྱུང་ཡུལ་སི་ཁྲོན་གྱི་འུན་ཁྲོན་ཡང་སྔར་ས་བོད་ས་དང་མི་བོད་མི་ཡིན། དེང་སྐབས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་གཞན་ཞིག་ཏུ་ངོས་འཛིན་བྱས་པའི་སྟེང་པ་དང་ཤར་པ།མོན་པ།  ཀློ་པ་སོགས་ཀྱང་སྔར་བོད་རིགས་ཡིན་པར་རྩོད་པ་མེད་པས།བཀའ་ཁྲིས་ལོ་རྒྱུས་ཐོག་བོད་མིའི་གྲངས་འབོར་ས་ཡ་དྲུག་ལས་བརྒལ་མྱོང་མེད་པར་གསུངས་པ་ནི། དོན་ལ་གནས་དཀའོ།། ལར་ནས་མཁས་པས་ལོ་རྒྱུས་ཀྱི་ཡིག་ཚགས་ཁག་གཞི་ལ་བཞག་སྟེ་དཔྱད་གླེང་བྱ་དགོས་པའི་ལོ་རྒྱུས་ཀྱི་དོན་རྩ་འདིའི་རིགས། གཞུང་འབྲེལ་གྱི་གསུང་བཤད་ནང་ནེམ་ནུར་ཙམ་ཡང་མེད་པར་ཚིག་ཐག་ཆོད་པོས་བཀོད་པ་ནི། གཞུང་གི་ལངས་ཕྱོགས་ནང་མཁས་དབང་སྒེར་གྱི་ལྟ་བ་བསྲེ་ཆེ་བའི་སྐྱོན་དུ་མཐོང་ངོ་།།
 
༢༽སྤྱི་འཐུས་ཚོགས་གཙོས།བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་འདི་བཅའ་ཁྲིམས་ཀྱི་དགོངས་དོན་མ་ཡིན་པས།འདིའི་རྒྱབ་གཉེར་ལ་ཁྲིམས་ཀྱི་ནུས་པ་མེད་ཅེས་བསྒྲགས་འདུག དེ་སྔོན་ ༢༠༠༨ ལོར་བཅའ་ཁྲིམས་ཀྱི་དངོས་བསྟན་དགོངས་དོན་ལྟར་གྱི་དམིགས་བསལ་ཚོགས་ཆེན་བསྐོངས་སྐབས་སུའང་། དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་ལ་ཐག་གཅོད་དང་ཁྲིམས་ཀྱི་ནུས་པ་མེད་རབས་གསུངས་ཡོད། ད་ལྟའི་བཤད་སྟངས་ལྟར་ན། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་གྱི་ཚོགས་ཆེན་ཡིན་ན་ད་གཟོད་ཁྲིམས་ནུས་ཡོད་འདྲ་ཞིག་བཤད་ཀྱང་། སྔོན་མ་༢༠༠༨ལོར་དེ་ལྟར་བཤད་མེད། ལར་ནས་ད་ལྟའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དེ་བཅའ་ཁྲིམས་ཀྱི་དགོངས་དོན་གཞི་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་། ཚོགས་ཡུལ་དང་ཚོགས་ཚེས།ཚོགས་བཅར་བ་ཚུན་ནས་བགྲོ་གླེང་གིས་ཐག་བཅད་དེ་འཚོགས་པ་ཞིག་ཡིན་པས། ཚོགས་ཆེན་འདི་བཅའ་ཁྲིམས་ཀྱི་དགོངས་དོན་མིན་པ་ཇི་ལྟར་ཆགས་པ་རེད།
 
བཅའ་ཁྲིམས་ནང་རྩ་བ་ནས་མ་གསལ་བ། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུ་དང་། བོད་རྒྱ་ཞི་མོལ་གྲ་སྒྲིག་ཚོགས་ཆུང་གི་ཚོགས་འདུ། ཤེས་རིག་ཚོགས་ཆེན། ཆོས་ལུགས་བླ་ཆེན་རྣམ་པའི་ལྷན་ཚོགས་སོགས་ཀྱི་གྲོས་ཆོད་དེ་དག་ངེས་པར་ལག་ལེན་དུ་བསྟར་དགོས་པའི་གྲོས་ཆོད་དུ་བརྩིས་ནས་འགྲོ་བཞིན་འདུག་པས། ཚོགས་གཙོས་ཁྲིམས་དང་ཐག་གཅོད་ཀྱི་ནུས་པ་མེད་པའི་རྒྱུ་མཚན་དུ་བཅའ་ཁྲིམས་དགོངས་དོན་མ་ཡིན་པ་གསུངས་པ་འདི་ཁུངས་འཁྱོལ་བའི་བཀའ་མོལ་ཞིག་གཏན་ནས་མ་རེད་སྙམ། འདི་ནི་མཐར་གཏུགས་ན། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཁ་ཕྱོགས་གང་དུ་འགྲོ་གདེང་ཚོད་མེད་སྟབས་ཉེན་ཁ་ལས་གཡོལ་ཆེད་ཙམ་རེད།། །།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 10

  1. སྐར་མདའ། says:
    ལོ་ 16 སྔོན།

    མཁས་དབང་དགེ་ཆོས་མཆོག་གིས་གསུངས་དོན།
    ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ༎
    མེད་པའི་རྩེ་མོ་མཐོང་བས་ཡོད་དམ་སྙ༎
    ཞེས་པའི་མན་ངག་རིན་ཆེན་རིལ་བུ་འཐུང་ཞོར་རི་མགོ་མཐོ་ས་ཞིག་ནས་ཁུ་སིམ་གྱི་ཁད་ཀྱིས་གྲོལ་ཞོར་སྡོད་ན་བཟང་།

    འཇིག་རྟེན་ནས་འདུག་པའི་རིང་ལ་གང་ཟག་ཐ་མལ་པ་ཞིག་ཡིན་དུས་སྐྱོན་ཡོད་གཉིས་ལྡན་ཡིན་པ་སྨོས་ཅི་དགོས། དེ་ལས་རང་སེམས་བཅོས་སྒྱུར་བྱས་ཏེ་ཐར་བ་ཆུང་ཆུང་ཞིག་ཐོབ་རོགས་བྱས་ན་ཅི་མ་རུང་བསམ་གྱིན་འདུག

    ཁག་པོ་རེད། སྐྱོན་མི་འདུག གང་ཡིན་ཟེར་ན་རྗེ་མི་ལ་རས་པས་གསུངས་དོན་[ཆོས་འདོད་བ་འདུལ་བ་ངས་མི་ཤེས]རང་སེམས་འདུལ་ན་འདུལ་བ་ཡིན་ཞེས་གསུངས་པ་དང་།

    ཐར་བ་དང་ཐོར་བ་ངས་མི་ཤེས་གནས་འདི་གནས་ཐར་ན་ཐར་བ་ཡིན་ཟེར་ཞེས་ལེགས་བཤད་ལ་གཟིགས་ཞོར་མེ་ཏོག་ཚོའི་མཉམ་དུ་མངར་ཆུ་ལྡན་པའི་ཚིག་འགའ་རེ་བཤད་ཞོར་དུས་ཚོད་བསྐྱལ་བ་ཡིན་ན་ཡག་ཤོས་རེད།

    Reply
  2. འཇིགས་མེད་བཀྲ ་ཤིས། says:
    ལོ་ 16 སྔོན།

    ད་དུང་ཕྲན་བུ་ཞིག་ལུས་འདུག ཚོགས་གཙོས་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་མིན་གསུངས་པ་ནི། བཅའ་ཁྲིམས་ནང་ཆོགས་འདུ་འདི་རིགས་ཀྱི་ཐག་གཅོད་རྣམས་གཞུང་གིས་ལག་ལེན་དུ་བསྟར་དགོས་སྐོར་གསལ་མེད་ཅེས་པའི་དོན་མིན་འགྲོ། དེ་མིན་ཚོགས་འདུ་འདི་འདྲ་འཚོགས་དགོས་པ་བཅའ་ཁྲིམས་ནང་གསལ་ཡོད་མེད་ཀྱི་དོན་ཡིན་ཚེ། དམིགས་བསལ་ཚོགས་ཆེན་ནི་བཅའ་ཁྲིམས་ནང་གསལ་ཡོད་ལ། རྒྱལ་ཡོངས་ཚོགས་ཆེན་ནི་གསལ་མེད་པ་བདེན། སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་བསྡུར་གཏན་འབེབས་གནང་བ་ཙམ་གྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ཆགས་རྒྱུ་དེ་གང་འདྲ་ཡིན་ནམ། དེ་ཆགས་རྒྱུ་མ་རེད།
    གཞན་ཡང། དོན་གཅོད་ཁག་གི་ཚོགས་འདུ་སོགས་ནི་གཞུང་ངམ་འཛིན་སྐྱོང་རང་གི་ཚོགས་འདུ་དངོས་སམ་དེ་ལ་གཏོགས་པ་ཤ་སྟག་ཡིན་པ་ལས་མི་མང་གི་ཚོགས་འདུ་མིན་པའི་ཁྱད་པར་ཞིག་འདུག དེ་རིགས་གཞུང་རང་གི་བཀོད་ཁྱབ་འོག་ལག་བསྟར་གནང་གི་ཡོད་པའང་ཡོད་ལ་མེད་པའང་ཡོད། བོད་རྒྱ་ཞི་མོལ་ཚོགས་ཆུང་ལྟ་བུ་ནི་བཀའ་ཤག་གི་ལམ་སྟོན་ཚོགས་ཆུང་ལྟ་བུ་ཞིག་ཡིན་པས་ཐག་གཅོད་རྣམས་ངེས་པར་ལག་ལེན་བསྟར་དགོས་པ་དེ་འདྲ་མིན་ནའང་བསམ་ཞིབ་བྱེད་ཀྱི་ཡིན་ཞེས་བཀའ་ཁྲིས་གསལ་པོ་གསུང་གི་ཡོད་པ་རེད། འགན་འཛིན་ཚོགས་ཆུང་ལྟ་བུའི་ཐག་གཅོད་ཡིན་ན་ལག་བསྟར་དགོས་ཀྱང། ལམ་སྟོན་ཚོགས་ཆུང་ལྟ་བུ་ལ་མི་དགོས་པ་སྤྱི་སྲོལ་རེད། བླ་ཆེན་ཁག་གི་ཚོགས་འདུ་ཡང་དེ་བཞིན་རེད།

    Reply
  3. འཇིགས་མེད་བཀྲ ་ཤིས། says:
    ལོ་ 16 སྔོན།

    ༡༽བཀའ་ཁྲིས་ཚོགས་ཆེན་ཐོག་གསུངས་པ་དེ་ཚིག་འདི་ཇི་བཞིན་མིན་ནའང་དོན་དག་ཕལ་ཆེར་འདི་རང་ཡིན་པ་འདྲ། འདི་ཡིན་ཚེ་དཔྱད་གཞི་ཆེ། ད་དུང་བོད་མི་ས་ཡ་དྲུག་ཅེས་པའི་གྲངས་ཀ་འདི་དུས་རབས་བཅུ་གསུམ་པའི་ནང་སོག་པོས་བོད་ལ་ས་མི་དུད་རྩིས་བྱས་པའི་སྐབས་ནས་བྱུང་བ་ཡིན་ཚུལ་བཀའ་ཁྲིས་ད་ལན་གྱི་ཚོགས་ཆེན་ཙམ་མིན་པར་སྐབས་གཞན་དང་གཞན་དུའང་ལན་མང་གསུང་གི་ཡོད། འདི་ཡང་དཔྱད་གཞི་རེད། གང་ཡིན་ཞེ་ན། བོད་མི་ས་ཡ་དྲུག་ཅེས་པའི་གྲངས་ཀ་འདི་འབྲོམ་སྟོན་པའི་བསྟན་རྩིས་ནང་གསུངས་ཡོད་ལུགས་ཞྭ་སྒབ་པ་སོགས་ཀྱིས་བཤད་ཡོད། དེ་བདེན་ཚེ་(ངས་བསྟན་རྩིས་དེ་མཇལ་མ་མྱོང།)སོག་པོས་ས་མི་དུད་རྩིས་མ་བྱས་གོང་གི་ལོ་ངོ་ཉིས་བརྒྱ་ལྷག་གི་སྔོན་དུས་རབས་བཅུ་གཅིག་པའི་ནང་འབྲོམ་སྟོན་པས་གསུངས་པ་ཞིག་ཡིན་པ་ལས། དུས་རབས་བཅུ་གསུམ་པའི་ནང་སོག་པོས་བཤད་པ་ཞིག་མིན་པར་ངེས།
    ༢༽ཚོགས་གཙོས་གསུངས་པ་དེ་ལ་རྒྱུ་མཚན་ཞིག་ཡོད་པ་འདྲ། ཚོགས་འདུ་འདི་རིགས་ལ་ཁྲིམས་ཀྱི་ནུས་པ་མེད་པའི་རྒྱུ་མཚན་ནི།
    1 འདི་རིགས་ལག་ལེན་དུ་བསྟར་དགོས་ཚུལ་ཁྲིམས་སྒྲིག་གང་གི་ནང་དུའང་གསལ་མེད།
    2 གོ་སྒྲིག་གཞུང་ནས་གནང་བ་མ་གཏོགས་ཡིན་རྒྱུ་ནི་མི་མང་གི་ཚོགས་འདུ་རང་ཡིན་ཞིང། མི་མང་གིས་རང་དབང་སྒོ་ནས་བསམ་ཚུལ་བཏོན་པ་ཙམ་ཞིག་དང་། དེ་ལ་གཞུང་གིས་གསན་པ་ཙམ་ཞིག་རེད། འདིས་མི་མང་གི་བསམ་ཚུལ་གཞུང་གིས་གསལ་པོར་མཁྱེན་པར་ཕན་ཐོགས་ཡོང་གི་ཡོད་པ་དེ་ག་རང་ཚོགས་འདུའི་དགོས་དོན་ཡིན་པ་ལས། བསམ་ཚུལ་རྣམས་ངེས་པར་ལག་ལེན་བསྟར་དགོས་རྒྱུ་དེ་མ་ཡིན། 3ཚོགས་མི་རྣམས་མི་མང་གི་སྐུ་ཚབ་སྤྱི་འཐུས་ལྟ་བུའི་ཁྲིམས་ཐོག་ནས་དབང་ཚད་ཡོད་པ་དེ་འདྲ་མིན་པར་བརྟེན། དེ་རིགས་ཀྱི་བསམ་ཚུལ་ཕྱོགས་བསྡོམས་ལ་ཁྲིམས་ཀྱི་ནུས་པ་ཐོན་གྱི་མེད། 4 མི་མང་གི་བསམ་ཚུལ་ཕྱོགས་བསྡོམས་ཀྱི་མིང་ལའང་རྒྱབ་གཉེར་སྙན་ཐོ་ཟེར་བ་ལས་གྲོས་ཆོད་ཟེར་གྱི་མེད། རྒྱུ་མཚན་ངོ་མ་དེ་འདྲ་ཞིག་ཡིན་མིན་གསལ་པོ་མི་ཤེས་ཀྱང་ད་ལྟ་སེམས་ལ་ཤར་བ་ནི་དེ་འདྲ་ཞིག་རེད།

    Reply
  4. ནད་པ says:
    ལོ་ 16 སྔོན།

    བོད་ཀྱི་མིའབོར་ས་ཡ་དྲུག་ལས་བརྒལ་མ་མྱོང་བའི་གནས་ཚུལ་འདིས་ག་རེ་བསྟན་པ་རེད་ཟེར་ན་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་བོད་དེ་བོད་ཆེན་པོའི་སྐོར་གྱི་ལོ་རྒྱུས་གསལ་བཤད་བྱེད་ཀྱིན་མེད་པར་བོད་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་བོད་ཁྲི་སྐོར་བཅུ་གསུམ་དེ་དབང་ཡོན་ཏུ་ཕུལ་ཡོད་པའི་རྒྱུ་མཚན་གྱིས་གསལ་བཤད་བྱེད་ཁུལ་རེད།

    བོད་བཙན་པོའི་སྐབས་སུ་འཛམ་གླིང་སྟེང་དྲག་ཤུགས་ཆེ་བའི་མཐོ་སྒང་བོད་ཀྱི་མཚན་སྙན་དེ་ད་ལྟའི་ཨ་རི་དང་འདྲ་བ་ཞིག་ཡིན་ལ་སྐབས་དེར་བོད་ཀྱི་མི་འབོར་ཇི་ཙམ་ཡོད་མེད་དང་། ས་ཆའི་རྒྱ་ཁྱོན་ཇི་ཙམ་ཡོད་མེད། སྟོབས་ཤུགས་ཇི་ཙམ་ཡོད་མེད་བཅས་ཀྱིས་བོད་ཀྱི་མི་འབོར་ས་ཡ་དྲུག་ལས་ལྡབ་མང་པོས་མང་བ་ཡོད་པ་དེ་རྒྱུ་མཚན་གྱིས་དཔྱད་ན་ཤེས་ཐུབ་པ་ཡིན།

    Reply
  5. གནམ་ལྕགས། says:
    ལོ་ 16 སྔོན།

    ལ་དྭགས་ཀྱི་ཡུལ་དགུ་ཞེས་པའི་ས་ཆ་དག་དང་དེ་བས་ཀྱང་པ་ཀི་སི་ཐན་དང་ཨབ་གྷན། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་རྒྱལ་ཁབ་ཁག་སྟེ། ཨེ་ཅིབ་ལ་ཐུག་གི་བར་བོད་པའི་རིགས་རྒྱུད་ཡིན་པ་མ་ཟད། བོད་སྐད་ཀྱང་བཤད་ཀྱི་ཡོད་པ་ཝར་ཎའི་རྒན་བྱམས་པ་བསམ་གཏན་ལགས་ཀྱིས་དངོས་སུ་ང་ལ་གསུང་མྱོང་། དེ་ལྟར་ན་ཁང་གསར་བས་ཟམ་གདོང་གི་གསུང་དེར་ཡིད་མ་ཆེས་པར་ཁག་མི་འདུག་དྲན་སོང་། ངའི་ཚོད་དཔག་ལྟར་ན་ཕལ་ཆེར་ད་ལྟའི་དུས་སྐབས་འདིར་ཡང་ས་ཡ་དྲུག་ལས་བརྒལ་ཡོད་པར་སྙམ། འདི་ལ་རྒྱུ་མཚན་མང་ཡང་གནས་བཤད་པའི་དུས་ཚོད་ང་ལ་མི་འདུག

    Reply
  6. མིག་གསུམ་པ། says:
    ལོ་ 16 སྔོན།

    ཞིབ་འཇུག་གི་རིམ་པའི་གཏིང་ཟབ་ཀི གླེང་མོལ་གྱི་ཚིག་མདའི་སྣེ་མོ་རྣོ་ཀི བཙན་བྱོལ་བོད་གཞུང་གི་ཡབ་ཡུམ་ལ་བསམ་ཚུལ་ལྷུག་པོར་བརྗོད་འདུག་པས་ལུང་རིག་གཉིས་ཀྱི་རྒྱབ་བརྟེན་རི་འདྲ་བ་ཡོད་ཀྱི་རེད། ཟུར་ཉན་ལ་ཡོང་ཁོ་ཐག་ཡིན།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཚོ་སྒོ་བ་ཕེབས་ཏེ། དོན་མཐུན་གྱི་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    Reply
  8. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཤེལ་དཀར་བློ་བཟང་ལགས། ཟམ་གདོང་རིན་པོ་ཆེས་བོད་མིའི་རྩོམ་རིག་དང་མི་འབོར་བསྡུར་ཏེ། བོད་མིའི་རྩོམ་རིག་གི་ལག་རྗེས་འཛམ་གླིང་ནང་མི་རིགས་གཞན་ཚང་མ་ལས་ཆེ་ཤོས་ཡིན་པའི་གསུང་བཤད་མང་པོ་འདུག དེ་ཚོ་གོ་དུས། ངས་དང་པོ་ཁྱེད་ལྟར་ད་ལྟའི་གནས་སྟངས་ཙམ་ལ་དགོངས་ནས་གསུངས་པ་ཡིན་ས་རེད་དྲན་བྱུང་། འོན་ཀྱང་དེ་འདྲ་རེད་མི་འདུག བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་སྐབས་ཀྱི་གསུང་བཤད་ཡིག་ཐོག་ཡོད་པའི་ནང་དུ་། བྱུང་རབས་ཀྱི་ནང་དུ་བོད་མིའི་མི་འབོར་ས་ཡ་དྲུག་ལས་བརྒལ་མྱོང་མེད་པའི་སྐོར་གསུངས་འདུག་པ་མ་ཟད། གསུང་བཤད་ཡིག་ཐོག་འཁོད་པ་དེ་ལ་རྒྱབ་རྟེན་རྒྱུ་མཚན་དུ། ངག་ཐོག་ནས་འགྲེལ་བཤད་གནང་གི་འདུག དེའི་ནང་ས་སྐྱའི་སྐབས་སོག་པོས་དུད་གྲངས་བརྩིས་པ་སོགས་གསུངས་འདུག མདོར་ན། ཁྱེད་རང་གིས་ཁོང་གི་གསུང་བཤད་ཡིག་ཐོག་ཡོད་པ་དེ་དང་། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་བརྙན་འཕྲིན་ལ་ལེགས་པར་གཟིགས་ཏེ་བཀའ་མོལ་གནང་རོགས། དེ་མིན་ཟམ་གདོང་རིན་པོ་ཆེས་དེའི་སྐོར་གསུངས་པ་ཉུང་ཉུང་མ་རེད། ངས་ཀྱང་གཞུང་གི་བཀའ་ལ་ཞིབ་དཔྱད་མ་བྱས་གོང་། འདི་ཚོ་ཚང་མར་ནན་ཏན་དུ་བལྟས་པ་ཡིན་ལོ།།

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཁང་གསར་ལགས།
    ༼བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་བོད་ཀྱི་མི་འབོར་དེ། ལོ་རྒྱུས་ཐོག་དུས་ནམ་ཡང་ས་ཡ་དྲུག་ལས་བརྒལ་མྱོང་མེད་པ་ཞིག་རེད་༽ཅེས་པར་དངོས་གནས་གོ་བ་མ་བརྙེད་པ་ཞིག་རེད་དམ་དམ་ཡང་ན་ཚུལ་བསྟན་པ་ཡིན།
    བཙན་པོའི་དུས་སྐབས་སུ་རྟ་དམག་ཁྲི་ཕྲག་འབུམ་ཕྲག་མང་པོས་ཁྱིམ་ཚེས་རྒྱལ་ཁབ་རྒྱ་ནག་དང་། བལ་ཡུལ། དེ་བཞིན་རྒྱ་གར་སོགས་ལ་དཔུང་འཇུག་བྱས་ཏེ་བོད་དེ་ཆོས་སྲིད་གང་གི་ཆ་ནས་ཀྱང་མངའ་ཐང་ཤིན་ཏུ་རྒྱས་པས་དེའི་སྐབས་བོད་མི་ས་ཡ་དྲུག་ལས་ལྷག་མེད་པ་སུ་ཞིག་འདོད།
    མཁས་དབང་མཆོག་གིས་ལོ་རྒྱུས་མི་ཤེས་པ་ཅི་ལ་ཡིན།
    བཀའ་ཁྲི་མཆོག་གིས་འདི་ལྟར་གསུང་དོན་ནི། བོད་ཀྱི་མི་འབོར་ས་ཡ་དྲུག་ཏུ་གྲགས་པ་ནས་བཟུང་སྟེ་ད་བར་ལ་ས་ཡ་དྲུག་ལས་བརྒལ་མྱོང་མེད་ཅེས་གསུངས་པ་ཟུར་བལྟས་ལེབ་མཐོང་རེད།

    Reply
  10. ཚོ་སྒོ་བ། says:
    ལོ་ 16 སྔོན།

    དབྱེ་ཞིབ་ཡག་པོ་གནང་འདུག་པས་ཁང་གསར་རྡོ་རྗེ་ལགས་སུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བསམ་བློ་དོགས་དྲགས་པ་ལས་བྱུང་བར་འདོད། དམིགས་བསལ་ཚོགས་ཆེན་སྐབས་ཚོགས་གཙོ་ལས་ཐོག་ཀརྨ་ཆོས་འཕེལ་གྱིས་དེ་ལྟར་གསུངས་སོང་ལ། ད་ཐེངས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་ཀྱང་དེ་ལྟར་གསུངས་དོན་སྤྱི་ལྷན་གྱི་དབང་ཆ་ཤོར་དོགས་ལས་བྱུངབའམ་ཡང་ན་ཁྱེད་ཀྱི་གསུངས་པ་ལྟར་ཚོགས་ཆེན་གྱི་ཁ་ཕྱོགས་གར་འགྲོ་ལ་གདེངས་སྤོབས་མེད་པ་ལས་བྱུང་བ་ཡིན་ལས་ཆེ། དེ་ལྟར་མིན་ཁྲིམས་བཟོ་ལྷན་ཚོགས་ནས་ཐག་གཅོད་དང་བཀོད་སྒྲིག་གནང་བའི་ཚོགས་ཆེན་དེ་བྱིས་པའི་ཁ་བརྩེ་བའམ། རྒྱུན་གྲོན་གཏོང་ས་མ་རག་པ། དུས་ཚོད་མ་འཁྱོལ་བ། དམངས་ཁྲོད་ཀྱི་བསམ་ཚུལ་བསྡུ་ལེན་ཆེད་དུ་ནི་ཨེ་ཡིན།
    ཟམ་གདོང་རིན་པོ་ཆེའི་མཁས་ཉམས་སྟོན་པའི་གསུང་བཤད་རིགས་ཤིག་ལ་ནོར་འཁྲུལ་ཤོར་གྱིན་ཡོད་པའང་དངོས་བདེན་ཡིན་མོད། སྤྱི་འཐུས་རྣམ་པ་ཤེས་ཡོན་སྐྱོ་དྲགས་པས་དེ་རིགས་དག་སེལ་བྱེད་པའི་གནས་ཚུལ་ནི་གོ་མ་མྱོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese