མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་རྟེན་བཞེངས་ཆེན་མོའི་བགྲེས་སོང་སྤེན་པ་རྡོ་རྗེ་ལགས་ཀྱི་སྣེ་ཁྲིད་འོག ནོར་གླིང་གཙོས་པའི་ཉེ་འཁོར་གྱི་དགོན་སྡེ་ཁག་གསུམ་ནས་མཚན་རྟགས་ ༧༨༨ ཙམ་བསྡུ་རུབ་བྱས་ཏེ། དུས་ཡུན་འཁྱོལ་ལ་ཉེ་བའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བགྲེས་ཡོལ་ལྟ་བུར་ངལ་གསོ་མི་གནང་པར་བསྐྱར་དུ་ཆོལ་ཁ་ཆོས་ལུགས་གང་རུང་གི་སྤྱི་འཐུས་འོས་གཞིའི་ཁོངས་སུ་ཞུགས་ཐབས་ཡོང་བའི་གསོལ་འདེབས་ཞུ་ཡིག་ཅིག་བཀའ་ཤག་ལ་ཕུལ་ཡོད་འདུག  

 གསོལ་འདེབས་ཞུ་ཡིག་དེའི་ནང་བཀོད་དོན། གུས་འབངས་གཞུང་སའི་བཀའ་དྲིན་གྱིས་འཚོ་བའི་རྒྱལ་ཞེན་ལྷག་བསམ་ཅན་ཁག་གཅིག་ནས་རེ་འབོད་སྙན་ཞུ་ཐུང་ངུ་ཞིག་མ་འབུལ་མཐུ་མེད་དུ་གྱུར་པ་ནི། སྐུ་མཆོག་བཀའ་བློན་ཁྲི་པའི་མཛད་འཁུར་དུས་ཡུན་རྫོགས་ལ་ཉེ་ཡང་། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ནའི་བབ་དང་བོད་རྒྱ་འབྲེལ་མོལ་གནས་སྟངས་སོགས་ཆབ་སྲིད་ཀྱི་གནས་ཚུལ་གང་ཅིར་བསམ་བློ་གཏོང་སྐབས། བཀའ་ཤག་སྐབས་གསུམ་པའི་ཐུགས་འགན་མུ་མཐུད་བཞེས་རྒྱུ་ཤིན་ཏུ་གལ་ཆེར་མཐོང་། འོན་ཀྱང་བཅའ་ཁྲིམས་རིན་པོ་ཆེའི་ནང་སྐབས་གཉིས་ལས་གནང་མི་ཆོག་པ་དེའི་ཐད་བཅའ་ཁྲིམས་བསྒྱུར་བཅོས་ཡོང་ཐབས་མང་ཚོགས་ནས་སྤྱི་འཐུས་ལྷན་ཚོགས་ལ་རེ་སྐུལ་བསམ་འཆར་ཞུས་པ་དེར་ཡང་སྐུ་མཆོག་ཐུགས་མོས་མེད་པ་བཅས་ཀྱི་བཀའ་ཁྲི་མུ་མཐུད་གནང་སྐྱོང་ཡོང་བ་ཞེས་ཞུ་ཐབས་བྲལ། ཕྱོགས་གཞན་ནས་བཀའ་བློན་ཁྲི་པའི་དབུ་ཁྲིད་འོག་བཀའ་ཤག་གི་ཕྱག་ལས་རྣམས་སྤྱི་འཐུས་གྲོས་ཚོགས་ཀྱི་གྲོས་ཆོད་གཏན་འབེབས་ལས་བརྒལ་ཏེ་གནང་ཐབས་མེད་པ་བཅས་ལ་བསམ་ཏེ། བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཏེ་དག་ཀྱང་བཀའ་ཁྲི་ལས་གལ་ཆེ་ཞིག་མ་ཡིན་ནའང་། གལ་ཆུང་ཞིག་གཏན་ནས་མིན་སྟབས། སྐུ་མཆོག་ཆོལ་ཁ་ཆོས་ལུགས་གང་རུང་གི་སྤྱི་འཐུས་འོས་གཞིའི་ཁོངས་སུ་ཞུགས་ཐབས་ཡོང་བ་ཞེས་སྙིང་ཐག་པ་ནས་གསོལ་འདེབས་ཞུ་བཞིན་ཡོད། ཅེས་བཀོད་འདུག

ཞུ་ཡིག་དེར་མུ་མཐུད་བསྟན་དོན། བར་ལམ་ཨ་རིའི་རླུང་འཕྲིན་ནང་སྐུ་མཆོག་ནས་མཛད་འཁུར་འཁྱོལ་རྗེས་བགྲེས་ཡོལ་གྱི་ལྷོད་བདེར་བཞུགས་རྒྱུ་འགྲོ་བ་མིའི་ཐོབ་ཐང་ཡིན་ལུགས་གསུངས་པ་དེ་དག་ཐུགས་ཁག་མེད་པ་ལྟ་བུ་ཡང་། དེ་ལྟར་སྐྱེ་བོ་ཕལ་བའི་བསམ་སྤྱོད་ལྷུར་བཞེས་ན་གཏན་ནས་མི་འགྲིག་ཅིང་། གང་ལགས་ཤེ་ན། སྐུ་མཆོག་བསམ་བཞིན་བསྟན་འགྲོའི་དོན་དུ་སྐུ་སྐྱེ་བཞེས་པའི་སྐྱེ་བུ་དམ་པ་ཞིག་ཡིན་ཞིང་། བོད་ཀྱི་བསྟན་སྲིད་ཉག་ཕྲ་ཛ་དྲག་ལ་གྱར་བའི་དུས་འདིར་དོན་ཉུང་བྱ་ཉུང་དུ་བཞུགས་ན་སྐྱེས་བུ་དམ་པའི་ཐུགས་བསྐྱེད་དམ་བཅའ་དང་འགལ་བ་བདག་ཅག་སྐྱེ་བོ་ཕལ་བའི་མཐོང་ཚུལ་ཙམ་མིན་པ། དེ་ཡང་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གསུང་ལས། ལས་དང་པོ་གྱུར་བའི་གང་ཟག་བཞིན། ། དོན་བྱ་བ་ཉུང་ངུ་ལྷུར་བཞེས་པ། ། སྤྱིར་དམ་པས་བསྔགས་འོས་མཆོག་ཡིན་ཀྱང་། ། ཁྱེད་སེམས་དཔའ་ཆེ་ལ་མཛེས་མ་ཡིན། ། སྔོན་བསྟན་པ་འཛིན་པར་དམ་བཅས་བཞིན། ། དེང་ལྷག་པར་སྙིང་སྟོབས་གོ་བཞེས་ལ། ། གཞན་བསྡུ་བ་རྣམ་བཞིའི་འཕྲིན་ལས་ཀྱིས། ། ཕན་བདེ་ལེགས་སྒོ་བརྒྱ་འབྱེད་འཚལ་ལོ། ། ཞེས་གསུངས་པའི་རྒྱལ་བའི་བཀའ་ནན་ཞིང་བརྗིད་པ་འདི་ལ་དགོངས་ནས་བསྟན་འགྲོ་སྤྱི་དང་ལྷག་པར་པུར་རྒྱལ་བོད་ཀྱི་བསྟན་སྲིད་འགྲོ་དོན་སླད་ཐུགས་སྟོབས་བསྐྱེད་དེ་༸གོང་ས་སྐྱབས་མགོན་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུའི་དཀྱིལ་འཁོར་འདིའི་ནང་མུ་མཐུད་ཐུགས་འགན་བཞེས་གནང་ཡོང་བ་ཞེས། ནོར་གླིང་རྟེན་དགེ་རྒན་པོ་སྤེན་པ་རྡོ་རྗེས་སྤྱི་སྨན་ལྷག་བསམ་ཐོག་ནོར་གླིང་དང་། ནོར་གླིང་ཉེ་འདབས་ཀྱི་དགོན་སྡེ་ཁག་གསུམ་བཅས་ནས་དུས་ཐུང་ནང་གདུང་སེམས་མཉམ་འདེགས་གནང་མི་སེར་སྐྱ་ཞལ་གྲངས་ ༧༨༨ ཀྱིས་མཚན་རྟགས་བཅས། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༠ ཉིན་བཙུན་དགོན་སྒྲོལ་མ་གླིང་གི་སྐུ་ཚབ་དང་ནོར་གླིང་སྐུ་ཚབ། གུས་རྟེན་དགེ་རྒན་པོ་བཅས་མི་གསུམ་རང་གཞུང་བཀའ་ཤག་ཏུ་ངོ་བཅར་གྱིས་དཔལ་ལྡན་སྐུ་ངོ་བཀའ་དྲུང་བརྒྱུད་མི་རྗེ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཕུལ་སྙན་ཞལ་བཤུས་ཟུར་འབུལ་ཞུས་པར་གཟིགས་ཞིབ་དང་འབྲེལ་དགོངས་མཐུན་ཡོད་རིགས་ནས་དེ་དོན་ཐུགས་འཇགས་ཡོང་བའི་གཞེན་བསྐུལ་གསལ་བསྒྲགས་སུ་ཕུལ། ། ཞེས་བཀོད་འདུག

གནས་ཚུལ་སྤེལ་མཁན། དོན་འགྲུབ་བཀྲ་ཤིས། 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༧ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 7

  1. ཕྱོགས་གླང། says:
    ལོ་ 16 སྔོན།

    ༈ ཟམ་གདོང་རིན་པོ་ཆེ་སྤྱི་འཐུས་སུ་བཞེངས་རྒྱུར་དགོངས་འཆར་ཕུལ་མཁན་རྣམས་ལ་ 100% རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁྱེད་རྣམ་ཚོས་སྤྱི་དོན་གྱི་ཆེད་དུ་དགོངས་པ་ཡག་པོ་ཞེ་དྲགས་བཞེད་འདུག། ཐུགས་རྗེ་ཆེ་། ད་ལྟའི་ང་ཚོའི་གནས་སྟངས་ཀྱི་ཆ་ནས་སྤྱི་འཐུས་ཟེར་དུས་ཟམ་གདོང་རིན་པོ་ཆེ་ལྟ་བུ་ཤེས་འཇོན་ཡོད་པའི་སྤྱི་མི་ཚད་ལྡན་ཞིག་དགོས་པ་ལས་ལུང་ཚན་ཕྱོགས་རིས་སོགས་རྙོག་ཁྲ་བཟོ་མཁན་བོང་བུ་སྟག་ལྤགས་གྱོན་མཁན་མང་པོ་སླེབས་ན་ཉེན་ཁ་མ་རེད་པས།།

    Reply
  2. འཇམ་གྲགས says:
    ལོ་ 16 སྔོན།

    དེང་སངས་མི་ཁ་ཤས་ནས་རྒྱ་མི་ལས་ཀྱང་སེར་མོ་བ་ཚོ་ལ་སྡོང་སེམས་ཆེ་བ་འདི་གང་ཡིན་ནམ། བོད་པས་དགྲ་འདུལ་གཉེན་སྐྱོང་དགོས་ཙང་གོང་ས་མཆོག་གི་དབུས་པའི་སེར་མོ་བ་ཡོང་དགོངས་ཞུས་དགོས་ཀྱི་ཡོད་པ་འདྲ། ཡང་ན་གོང་ས་མཆོག་ནས་དགྲ་གསོད་གཉེན་སྐྱོང་རུང་ལ། སེར་མོ་བ་གཞན་ནས་མི་རུང་ཟེར་རྒྱུ་ཡིན་པ་འདྲ། ད་ལྟའི་ཆར་སྐྱ་སེར་རྩོད་པའི་སྐབས་མ་རེད། ཡུལ་དུས་དེའི་སྐབས་སུ་སྐྱ་སེར་ཁྱད་མེད་ནུས་པ་སུ་ཆེ་དེའི་སྲིད་སྐྱོང་ན་ལེགས།

    Reply
  3. གཅེན་པོ། says:
    ལོ་ 16 སྔོན།

    འོད་ཡུག་པའི་འཁྱམས་པོ་ལགས།
    འ་ཆད་འུ་ཐུགས་དུས་མི་དྲན་དགུ་དྲན་མ་བསམ་དགུ་བསམ་ཡོང་གི་རེད་དེ་དུས་ཆོལ་གྱི་རེད་ཆོལ་ནས་མདུན་ལམ་ཤོར་གྱི་རེད།
    སྲིད་རང་སྐྱ་བོས་བསྐྱངས་ནས་དགྲ་འདུལ་གཉེན་སྐྱོང་བྱེད་དགོས།
    དེ་འདྲ་གནང་ན་ད་ལྟའི་ཡ་ང་བའི་གནས་སྟངས་འདི་ལས་གྲོལ་གྱི་རེད།

    Reply
  4. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཡང་བསྐྱར་མདོ་སྟོད་སྤྱི་མཐུས་སུ་ཕེབས་རོག་གནང་།

    Reply
  5. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་གཅེན་པོ་ཟེར་བས་བཤད་པར་བདེན་ཁ་མིན་འདུག་ཅེས་ཤོད་དཀའ་ན་ཡང་དོན་ངོ་མ་རང་ཅག་རྣམས་ཀྱི་གནས་ཡུལ་ག་བ་ཡིན་མིན་དང་། གནས་འདིར་གནས་དགོས་པའི་རྒྱུ་མཚན། ཇི་ལྟར་བྱས་ཏེ་ང་ཚོ་གཞན་ཡུལ་དུ་གྱར་དགོས་དོན། ད་དུང་རང་ཅག་རྣམས་རྒྱལ་ཁབ་གཞན་ལ་འགྲན་བཟོད་པའི་གནས་མེད་པ། ང་ཚོར་ཁ་ཚ་དགོས་གཏུགས་ཀྱིས་ལག་ལེན་ག་རེའི་ཐོག་ཕྱིན་ན་མ་འོངས་པར་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་ཆེ་བ་མ་ཤེས་པས་དེ་ལྟར་བྲིས་པ་ཡིན་རྒྱུ་རེད། གྲོགས་མཆོག་མདོར་བསྡུས་ན་ཁྱེད་ཀྱིས་བཤད་པའི་སེར་མོ་བའི་བཀའ་ཁྲི་ཐོག་མ་ཡིན་ལ་ཕྱིས་འབྱུང་དེ་ལྟར་མི་འབྱུང་བའི་སྲིད་ཇུས་ཞིབ་གཏན་འབེབས་བྱེད་དགོས་ཟེར། མི་ཤེས་སྔ་ཕྱི་མེད་པའི་སྐད་ཆ་དེ་རིགས་དྲ་རྒྱ་འདིར་མ་བཀོད་ན་གནོད་ལས་ཕན་ཆེ། ད་ལྟའི་ཆར་རང་ཅག་རྣམས་འ་ཆད་འུ་ཐུག་གི་དུས་འདིར་སྐྱ་སེར་དང་ཆོལ་ཁའི་དབྱེ་མཚམས་མེད་པར་བསྟན་སྲིད་མི་ིརགས་ལ་ཕན་སེམས་ཀྱི་དགོངས་པ་བཞེས་དགོས་པ་གལ་ཆེར་མངོན།

    Reply
  6. གཅེན་པོ། says:
    ལོ་ 16 སྔོན།

    ཟམ་གདོང་རིན་པོ་ཆེ་མཆོག་བོད་ཀྱི་བཀའ་བློན་ཁྲི་པའི་ལས་འགན་རྫོགས་ནས་ད་དུང་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་མཐུས་སུ་བཞུགས་རོགས་ལབ་པ་འདི་ནི་མ་འོངས་པའི་བོད་པའི་རིགས་གཞུང་ལ་འགན་མེད་པའི་ཆོལ་ལབ་རང་རེད།
    ད་ལྟའི་སྐབས་ཀྱི་སེར་མོ་བའི་བཀའ་ཁྲི་ཐ་མ་དེ་ཁོང་ཆགས་ཡོད་པ་རེད་ལ་མ་འོངས་པར་བོད་པའི་ཆབ་སྲིད་ནང་སེར་མོ་བའི་རིགས་གཏན་ནས་བཞུགས་མི་ཆོག་པའི་སྲིད་ཁྲིམས་ཞིག་ངེས་པར་དུ་བཟོ་དགོས།
    དེ་འདྲ་གནང་ན་བོད་པའི་ཆོས་དང་ཆབ་སྲིད་རང་བཞིན་གྱི་ཁ་བྲལ་གྱི་རེད་ལ་ཆོས་ལུགས་མི་སྣས་རྒྱལ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གསུངས་པའི་བཀའ་དྲི་མ་མེད་པ་མདོ་སྔགས་གཉིས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་མཚན་ཀུན་ཏུ་བཤད་བསྒྲུབ་ལས་གསུམ་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་པའི་སླད་དུ་ཞབས་ཞུ་བསྒྲུབ་དགོས་ལ་བོད་ཀྱིི་རྒྱལ་ཁབ་འདི་ཉིད་སྐྱོང་མཁན་ནི་སྐྱ་བོ་ཡིན་དགོས་ལ་དེ་དགྲ་འདུལ་གཉེན་སྐྱོང་ཀྱི་སྒོ་ནས་བོད་རྒྱལ་ཁབ་འདི་ཉིད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཐུབ་པའི་ཐབས་ཤེས་བྱེད་དགོས།
    ནང་པ་སངས་རྒྱས་པའི་རྗེས་འཛིན་སེར་མོ་བ་ཞིག་ཡིན་ཚེ་དེས་དུས་ནམ་ཡང་ཉེ་དགའ་ཕྱོགས་ཞེན་དང་དགྲ་འདུལ་གཉེན་སྐྱོང་བྱེད་མི་ཆོག་པ་གསལ་པོ་རེད།
    རྒྱལ་ཁབ་ཞིག་དང་ཚོགས་པ་ཞིག་མདོར་ན་འཇིག་རྟེན་པ་ཞིག་གིས་ངོས་ནས་བཤད་ན་དགྲ་འདུལ་གཉེན་སྐྱོང་དང་རང་རྒྱལ་གྱི་བསམ་བློ་ཞིག་ངེས་པར་དུ་དགོས།
    མཐའ་དོན་བླ་ན་མེད་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲིའི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་རིན་པོ་ཆེ་དབེན་པའི་གནས་སུ་རང་སེམས་ཀྱི་གནས་ལུགས་བཙལ་ནས་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་འདེབས་ངེས་ཡིན།
    དུས་ད་ན་ས་བཟུང་བོད་ཀྱི་ཆབ་སྲིད་ནང་སེར་མོ་བའི་རིགས་མི་ཡོང་བའི་གསོལ་བ་འདེབས་ངེས་ཡིན་ལ་རིན་པོ་ཆེ་མཆོག་ནས་ཀྱང་དེ་དོན་སྐྱབས་འཇུག་ཡོང་བའི་སྨོན་འདུན་བཅས།

    Reply
  7. རྐང་གསུམ། says:
    ལོ་ 16 སྔོན།

    ངས་བལྟས་ན་ནོར་གླིང་ཉེ་འདབས་ཀྱི་དགོན་སྡེ་ཁག་གསུམ་གྱིས་གསོལ་བ་བཏབ་པ་བཞིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གཞུང་ས་དགའ་ལྡན་ཕོ་བྲང་གི་ལས་བྱེད་ལ་བསྐྱར་དུ་གསོལ་བ་བཏབ་པ་ལས། མཁས་དབང་ཁོང་ལ་བཀའ་ཁྲིའི་ལས་ཡུན་རྫོགས་མཚམས་སུ་གཞུང་ས་དགའ་ལྡན་ཕོ་བྲང་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད། ཡང་ན་མ་འོངས་བོད་ཀྱི་སོན་རྩ་ཚོར་དམིགས་ནས་བཀའ་རྩོམ་གང་མང་ཞིག་མི་འགྱང་བར་འབྲི་རྩོམ་གནང་རོགས་ཞེས་ཁྱེད་ཚོས་གསོལ་བ་རེ་ཐོབས་ར་དེའི་ཡག་གི་རེད་འདྲ་སོང་།

    གུས་པ་རྐང་གསུམ་གྱིས་དུས་ནས་དུས་སུ་མཁས་དབང་ཁོང་ལ་འདི་ལྟར་གསོལ་བ་འདེབས་བཞིན་ཡོད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese