མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་ཡུན་ཚད་གཉིས་རང་འཇགས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp
 
གྲོས་ཚོགས་སུ་བཀའ་ཁྲིའི་ཡུན་ཚད་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཡིག་ཆ་ཞིག་བསླེབས་པར་ཚོགས་མིའི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ལོན་པར་ཟགས་ཡོད།
དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་མཚན་ཐོག་ནས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༤༣ པ་བསྣམས་ཕེབས་ཡོད་ལ། ཡིག་ཆ་དེ་ནི་ད་ལྟའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་ཡུན་ཚད་བསྟུན་མར་ཐེངས་གཉིས་ལས་མི་ཆོག་པ་ཕྱིར་བསྡུ་བྱ་རྒྱུ་དེ་ཡིན།
ཡིག་ཆ་ཨང་ ༤༣ ནང་གསལ་དོན། དོན་ཚན་ཉེར་གཅིག་པ། བཀའ་བློན་ཁྲི་པའི་འོས་བསྡུ་ཞེས་པའི་ནང་གསེས་ ༣ ༼ ཇ ༽ ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ་ཞེས་པ་ཕྱིར་བསྡུ་ཞེས་གསལ་ཡོད།
ཡིན་ནའང་། གྲོས་ཚོགས་སྐབས་བཅུ་བཞི་བའི་ཚོགས་དུས་བཅུ་བའི་སྤྱི་འཐུས་ཀྱི་རྩ་འབོར་ལས་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ལོན་པར་བརྟེན། ཡིག་ཆ་ཨང་ ༤༣ དེ་ཟགས་ཡོད་ལ། ཡིག་ཆ་དེ་གྲོས་ཚོགས་སུ་སླེབས་རྗེས་བཀའ་ཁྲི་མཆོག་གིས། གྲོས་ཚོགས་སུ་ཡིག་ཆ་དེ་ཚུད་གི་མ་རེད་བསམ་པའི་རེ་བ་བྱུང་ལ་ཡིད་ཆེས་ཀྱང་ཡོད་ནའང་། ཡིག་ཆ་དེ་ཚུད་པར་བརྟེན་ཧ་ཅང་གི་ཐ་ཞན་ཏུ་མཐོང་གི་ཡོད། ཅེས་བློ་ཕམ་གྱིས་གསུངས།
སྐབས་དེར་ཁོང་གིས་གསུངས་དོན། བཅའ་ཁྲིམས་ནང་ལས་ཡུན་གཉིས་བསྟུད་མར་བྱས་པ་མ་ཡིན་པ་ཟེར་བ་དེར་བསམ་ཞིག་མ་བྱས་པ་དང་ཧོལ་རྒྱུག་གི་ངང་ནས་བཅུག་པ་དེ་འདྲ་མིན་པར་བསམ་བློ་མང་བོ་བཏང་བ་དང་། ཞིབ་འཇུག་མང་བོ་བྱས་ཏེ་དགོས་པ་རྒྱུ་མཚན་ཡོད་པའི་ཐོག་ནས་བཅུག་པ་ཞིག་རེད། དེའི་ཐོག་ཏུ་སྔོན་མ་བགྲོ་གླེང་གནང་མྱོང་ནའང་ཚུད་མེད། དེ་མ་ཚུད་པ་དེ་ནི་ཡང་དག་པ་ཞིག་རེད་བསམ་གི་འདུག་ཅེས་གསུངས།
ཡང་ཁོང་གིས། མང་གཙོའི་མངོན་འདོད་ཟེར་བ་དེ་གལ་ཆེན་པོ་རེད་ལ། དེ་ལ་འཛིན་སྐྱོང་དང་གྲོས་ཚོགས་སུ་ཡིན་རུང་ཚོར་སྣང་མེད་པ་ལྟར་བྱས་ན་འགྲིག་གི་མེད་པར། ཐུགས་སྣང་གནང་དགོས་ཀྱི་ཡོད་མོད། དུས་ཤེས་པ་དང་སྐབས་ཤེས་པ་ཞིག་དགོས་ལ། ད་ལྟའི་བཅའ་ཁྲིམས་འདིར་འགྱུར་བ་འགྲོ་མིན་ནི་ད་ལྟ་བཀའ་བློན་ཁྲི་པའི་ལས་གནས་ཞུ་བཞིན་པའི་གང་ཟག་དེ་ལ་ཕན་གནོད་གང་ཡང་མེད་པར། གང་ཟག་དེའི་རང་དབང་ག་དུས་ཡིན་ནའང་གང་ཟག་དེས་ཉར་རྒྱུ་མ་གཏོགས། བཅའ་ཁྲིམས་བསྒྱུར་བ་བཏང་ནས་འཕྲོག་ཐུབ་པ་དང་། བསྒྱུར་བ་མ་བཏང་ནས་འཕྲོག་ཐུབ་པ་གཉིས་ཀ་མེད་ཅེས་དང་། ད་ལྟའི་གནས་སྐབས་སུ་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་སྐབས་གསུམ་པའི་བཀའ་ཁྲིའི་འོས་བསྡུའི་ལས་རིམ་ཁྱབ་བསྒྲགས་བྱས་ཟིན་པ་དང་། མང་ཚོགས་ནང་ཚ་ཚ་འུར་འུར་གྱིས་ལས་འགུལ་འགྲོ་བཞིན་པའི་སྐབས་འདིར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་བསྣམས་ཕེབས་པ་འདི། ཁྲིམས་ཀྱི་དབང་བསྒྱུར་གྱི་ལྟ་གྲུབ་དང་མཐུན་གི་མི་འདུག་ཅེས་གསུངས་ཡོད།
སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར། ཁོ་མོས་བཀའ་ཁྲིའི་ཡུན་ཚད་བསྐྱར་བཅོས་ཀྱི་ཡིག་ཆ་དེ་ཁྱེར་ཡོང་དོན། ད་ལྟའི་བཀའ་ཁྲི་ཙམ་མིན་པར་མ་འོངས་པར་བཀའ་བློན་ཁྲི་པ་གཞན་རྣམས་ལའང་ལམ་ཁ་ཡོད་པ་ཞིག་ལ་བསམ་བློ་བཏང་བས་ཡིན་ཞེས་གསུངས།
གང་ལྟར་བཀའ་ཁྲིའི་ལས་ཡུན་འདིའི་སྐོར་ལ་ལོ་སྔོན་མར་ཧོང་སུར་མི་མང་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྙན་ཞུ་ཕུལ་ཏེ། བཙན་བྱོལ་དུ་ད་ལྟའི་ཆར་ཤེས་འཇོན་གང་ཐད་ནས་ད་ལྟའི་བཀའ་བློན་ཁྲི་པ་ལས་ལྷག་པའི་བཀའ་བློན་ཁྲི་པར་འོས་པའི་མི་གཞན་པ་མི་འདུག་སྟབས། བཀའ་བློན་ཁྲི་པར་བསྟུད་མར་སྐབས་གཉིས་ལས་བཞུགས་མི་ཆོག་པའི་བཅའ་ཁྲིམས་དེར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་བརྒྱུད་བསྐྱར་བཅོས་དང་ཕྱིར་བསྡུ་གནང་དགོས་སྐོར་ཞུས་ཡོད་ལ། དེ་བཞིན་ཉེ་ཆར་ཡང་མོན་གྷོ་འདོད་རྒུ་གླིང་ནས་མི་ ༩༦༠ ཙམ་གྱིས་མཚན་རྟགས་བཀོད་པའི་སྙན་ཞུའི་ཡི་གེ་ཞིག་གྲོས་ཚོགས་སུ་ཕུལ་ཏེ། བཀའ་ཁྲིའི་ཡུན་ཚད་ལ་བསྒྱུར་བ་གཏོང་དགོས་སྐོར་ཞུས་ཡོད་འདུག
དེ་ལྟར་གྲོས་ཚོགས་སུ་བཀའ་ཁྲིའི་ཡུན་ཚད་སྐོར་ལ་བཅའ་ཁྲིམས་བསྐྱར་བཅོས་གཏོང་ཐུབ་མེད་ནའང་། ཁ་སང་གྲོས་ཚོགས་སྐབས་བོད་མི་མང་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་གྲོས་འཆར་བཏོན་པ་ལྟར། ཨ་རི་དང་ཁེ་ན་ཌ་ཁུལ་དུ་མི་གྲངས་གཅིག་བཅས་བོད་མི་མང་སྤྱི་འཐུས་འོས་འདེམས་བྱུང་བ་ཡིན། ཞེས་པར། གྲོས་ཚོགས་སྤྱི་མོས་ཐོག བྱང་ཨ་རི་ཁུལ་དུ་མི་གྲངས་གཉིས་ཞེས་བསྐྱར་བཅོས་གནང་ཐུབ་པ་བྱུང་ཡོད།
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དང་མི་གཏོང་སྤྱི་མཐུས་རྣམས་ཀྱི་ཕྱག་ལ་ཡོད་པ་ཞིག་ལས་བཏང་མི་ཆོག་པ་ཞིག་ག་ལ་ཡིན་ཟབ་མདོང་རིན་པོ་ཆེས། དུས་ཤེས་པ་དང་སྐབས་ཤེས་པ་ཞིག་དགོས་ལ། གསུང་པ་ལ་གོ་རྒྱུ་ཞིག་ཡོད་པ་རེད། བཅའ་ཁྲིམས་ནང་ཨ་རི་དང་ཁེ་ན་ཌ་ཁུལ་དུ་སྤྱི་མཐུས་ས་དམིགས་གཅིག་ལས་མེད་ཀྱང་འདི་ལོ་ནས་ཁུལ་འདིའི་མི་འབོར་ལ་ཞིགས་ཏེ་སྤྱི་མཐུས་གཅིག་ཕར་ཡོད་པ་ནི་བཅའ་ཁྲིམས་ལ་བསྒྱུར་བཅོས་སོང་ཡོད་པ་ཡིན་ལའང་དེ་ནི་དགོས་ངེས་ཀྱི་བསྒྱུར་བ་ཞིག་ཡིན། འོན་ཀྱང་སྤྱིར་བོད་མའི་མི་འབོར་ཇེ་ཉུང་ཇེ་ཉུང་དང་སྤྱི་མཐུས་ཀྱི་གྲངས་འབོར་ཇེ་མང་ཇེ་མང་དུ་སོང་ན་བོད་ཀྱི་གཏམ་དཔེར་༼བོ་གདོང་བཀྲིས་ཁང་ང་། ལུག་ལས་ལུག་རྗི་མང་བ། ཞེས་པ་བཞིན་མི་རྒྱུར་བའི་ངེས་པ་མེད་པ་ཞིག་ཏུ་གྱུར་ན་ཅི་འདྲ་ཞིག་ཡོང་ས་རེད་དགོངས་པ་བཞེས་དགོས་པ་མ་ཟད། དེ་སྔོན་བསམ་ཚུལ་ཞུ་མྱོང་བ་ཇི་བཞིན་སྤྱི་མཐུས་ནི་ང་ཚོའི་རྒྱལ་ཁབ་བསྲ་བརྟན་ཡོངས་མིན་གྱི་ཞི་རྩ་ཡིན་པས་དེ་ལ་མི་མང་ནས་དོ་ནན་གྱི་དབྱེ་ཞིབ་མཛད་ནས་འདེམས་ཁ་མ་ལོག་པ་ཞིག་དགོས་རྒྱུ་ནི་རང་རང་སོ་སོའི་བུ་རབ་ཚ་རྒྱུད་བདེ་སྡུག་དང་འབྲེལ་བ་ཡོད་པས་ཚང་མས་མ་ནོར་བ་ཞིག་ངེས་དགོས་སོ་ཞེས་དྲན་བསྐུལ་དུ་ཕུལ་ལོ།

    Reply
  2. སྤང་ཏོག says:
    ལོ་ 16 སྔོན།

    ད་ཐེངས་ང་ཚོའི་སྤྱི་འཐུས་མང་མོས་རྒྱབ་སྐྱོར་མ་གནང་བ་དེ་།རླབས་ཆེན་གྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    ཆོལ་ཁ་སོ་སོ་དང་ཆོས་རྒྱུད་སོ་སོས་སྤྱི་འཐུས་འདི་དག་ལ་ཡང་བསྐྱར་འོས་འཕེན་དགོས་མིན་ལ་བསམ་ཞིབ་གནང་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད་ལ། དགོས་ངེས་ཅན་ཞིག་ཡིན་པ་གསལ་བོ་ཆགས་ཡོད། དེ་བས། ཚང་མ་ལོས་འདིའི་ཐད་གོ་བསྡུར་གནང་ན་མི་ལེགས་སམ།

    Reply
  4. སོག་ནག་ཚང་། says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ཀྱི་རྭ་བའི་ནང་སྤྱི་འཐུས་རེ་ཟུང་གིས་ཧོལ་རྒྱུགས་བྱས་ཏེ་མི་དམངས་ཀྱི་མངོན་འདོད་རེད་ཟེར་ནས་ཡིག་འཁྱར་རེ་ཟུང་ལ་ཡིད་རྟོན་ཁུལ་གྱིས་བཅའ་ཁྲིམས་ལ་འགྱུར་བ་བཏང་སྟེ་ཡང་བསྐྱར་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སྡོད་རྒྱུའི་རེ་བ་བརྒྱག་བཞིན་འདུག འདི་ནི་སླེབས་ལ་ཉེ་བའི་བཀའ་ཁྲིའི་འོས་འདེམས་ཐད་དཀའ་ངལ་འཕར་མ་ཞིག་རྐང་བཙུགས་ནས་སྤྱི་འཐུས་ཚོས་ཡང་བསྐྱར་བཟོས་པ་ཞིག་རེད། འདི་ནི་ཁྲིམས་ཀྱིས་དབང་བསྒྱུར་ལས་གང་ཟག་གིས་དབང་བསྒྱུར་ལ་སླར་ཡང་རོ་ལངས་བརྒྱག་འདོད་པས་རེད། གང་ཟག་རེ་ཟུང་ལ་ལྟོས་ནས་བོད་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱག་དགོས་ན་བཟོ་བཅོས་བརྒྱག་ཚོད་ཡོད་ཀྱི་མ་རེད། ལར་ནས་མི་དམངས་ཀྱི་མངོན་འདོད་ཟེར་བ་མི་དམངས་དམངས་ཀྱི་མངོན་འདོད་ཡིན་དགོས་པ་ལས་ཡིག་འཁྱར་རེ་ཟུང་གི་མི་དམངས་ཀྱི་མངོན་འདོད་མཚོན་མི་ཐུབ་པས་ཆབ་སྲིད་ཀྱི་རྩེད་མོ་མ་རྩེ་རོགས།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བཀའ་ཁྲིའི་ཡུན་ཚད་རང་འཇགས་བཞག་ན་ཡག་པོ་འདུག བཀའ་ཁྲི་མཆོག་གིས་གསུངས་པ་ལྟར་ཐེངས་གཉིས་ལས་ལྷག་མི་ཆོག་པའི་བཅའ་ཁྲིམས་མཛད་པར་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་ངེས་རེད། ལྷག་པར་དུ་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་བསྐལ་བཟང་དུས་བཟང་འདིར་གཞོན་སྐྱེས་རྣམས་ལ་གོ་སྐབས་ཕུལ་ཏེ་ལྟ་ཚོད་ཅིག་གནང་ཐུབ་ན་ཡག་པོ་འདུག
    མ་འོངས་རྒན་རབས་རྣམས་རིམ་གྱིས་བྱོན་ནས་གློ་བུར་དུ་གཞོན་སྐྱེས་ཚོས་འགན་འཁྱེར་དགོས་ན་དཀའ་ངལ་འཕྲད་སྲིད་པ་རེད།
    དེར་བརྟེན་ད་ཐེངས་རྒན་རབས་རྣམས་ཀྱིས་སློབ་སྟོན་འོག་གཞོན་སྐྱེས་རྣམས་ཀྱིས་ཐུགས་འགན་བཞེས་ཐུབ་ན་ཡག་པོ་འདུག

    Reply
  6. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    གསར་འགྱུར་འདི་ལ་གཟིགས་ནས་ད་གཟོད་སྔོན་མ་སྟེ་
    གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་ཞེས་པ་དེའི་རྒྱུ་རྐྱེན་ཤེས་བྱུང་།
    གསར་འགྱུར་སྤེལ་ན་འདི་ལྟར་མགོ་སྔ་ཡོད་པ་ཞིག་སྤེལ་ན་ད་གཟོད་ང་ཚོས་གྲོས་བསྡུར་བྱེད་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese