མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱུ་རྩལ་བརྩམས་ཆོས་འབྱུང་མི་ཐུབ་པའི་རྒྱུ་མཚན། གཉན་པོ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྒྱུ་རྩལ་བརྩམས་ཆོས་འབྱུང་མི་ཐུབ་པའི་རྒྱུ་མཚན།

          

                        སེམས་ལ་འགན་འཁྲི་མེད་པས་ན། སྒྱུ་རྩལ་ཞེས་པ་སྦྲུམ་དུ་མེད།   ཝང་ཁེ་ལཱའི།

                                  གཉན་པོ།

 མི་རིགས་ཤིག་ལ་མཚོན་ཏེ་བཤད་ན། ཆོས་ལུགས་དང་ཆབ་སྲིད་དགོས་པ་ནང་བཞིན་རྩོམ་རིག་དང་སློབ་གསོ།  དཔལ་འབྱོར་དང་ཚོང་ལས།  བརྡ་འཕྲིན་དང་ཚན་རྩལ།  སྙན་ངག་དང་སྒྱུ་རྩལ།  ལུས་རྩལ་དང་རྩེད་མོའི་རིགས་སོགས་ཀྱང་དགོས་ངེས་ཡིན་ལ།   འདི་དག་གིས་གཅིག་ཚབ་གཅིག་གིས་བྱེད་ཐབས་གཏན་ནས་མེད། དེ་བས་དེང་གི་སྐབས་སུ་ང་ཚོར་ནང་བའི་ཆོས་ལུགས་འདི་ཅི་འདྲ་དར་ཡོད་རུང་།   ཆབ་སྲིད་ཀྱི་འགག་རྩར་ཅི་འདྲར་འཕྲད་ཡོད་རུང་། སྙན་ངག་གཙོས་པའི་རྩོམ་རིག་སྒྱུ་རྩལ་གྱིས་མིའི་རིགས་ལ་ཞབས་འདེགས་སྒྲུབ་སྟངས་ནི་དེ་ལས་གཞན་ཞིག་ཡིན་འདུག་པས།   བར་འདི་ནས་དབྱེ་འབྱེད་གསལ་བོ་མ་བགྱིས་པར་མུན་ནག་མདའ་འཕེན་བྱེད་རྐྱང་གཏན་ནས་མིན། 

སྔོན་དུས་བོད་པ་རྣམས་ཀྱིས་སྙན་ངག་གཙོས་པའི་རྩོམ་རིག་གང་ཇི་སྙད་ཅིག་ནི་ཆོས་ལུགས་དྲིལ་བསྒྲགས་བྱེད་པ་དང་མཆོད་གསོལ་བསྟོད་ཚོགས་ཀྱི་ངོ་བོ་འབའ་ཞིག་ཏུ་བསྒྱུར་སོང་བས།    རྩོམ་རིག་ཁྲོད་ཀྱི་སྒྱུ་རྩལ་ཞེས་པའི་ཟབ་མོའི་ཆོས་དེ་ནི་མཐོང་དུ་མེད་ཚོད་རེད།    དེང་གི་སྐབས་སུ་ཡང་ང་ཚོར་ཆགས་འཇིག་སྣ་དགུ་བྱུང་ཟིན་པ་དང་།   རང་གི་ནམ་མཁར་སྔོན་མོར་མིག་གིས་ལྟ་དབང་བྲལ་བའི་སྐབས་འདི་ཤེད་དུ།    བོད་མི་ཕྱི་སྡོད་པ་ཚོས་ཀྱང་རྩོམ་རིག་ཅེས་པ་འདི་སྦྱངས་ཤིང་།   བརྩམས་ཆོས་ཞེས་པ་དེ་སྤེལ་གྱིན་ཡོད་པའི་ཁུལ་དུ་རེད་མོད།   ང་ཚོས་ཡི་གེ་ལ་བསྟེན་ནས་སྐད་ཆའི་བརྡ་ཙམ་སྤྲོད་ཀྱིན་ཡོད་པ་ལས།   རྩོམ་རིག་གི་རིན་ཐང་ཞེས་པ་དང་། རྩོམ་རིག་གི་སྒྱུ་རྩལ་ཞེས་པ་ཅི་ཡིན་ངོ་འཕྲོད་ཀྱིན་མེད་པ་འདྲ།   རྒྱུ་མཚན་ནི་རྩོམ་འབྲི་བ་བོ་དག་གིས་ཀྱང་།     སྒྱུ་རྩལ་གྱི་ཚད་གཞི་ལྡན་པའི་བརྩམས་ཆོས་ཤིག་དང་རྩོམ་ཡིག་ངོ་མ་ཞིག་འབྲི་བར་འབད་ཀྱིན་མེད་པས་སོ།      ད་དུང་དཔྱད་བརྗོད་པ་འདྲ་བོ་ཚོའི་སྐོར་ནས་བཤད་ན་ཡང་གནས་ཚུལ་ཤོད་མཁན་ཡོད་པ་ལས་གནས་ལུགས་བཤད་མཁན་མི་འདུག་ཅིང་། ཐ་ན་སྐད་ཆ་དྲང་མོར་སྨྲ་ཐུབ་ཕོད་མཁན་ཞིག་ཀྱང་དཀོན་ཚོད་ཡིན་ས་རེད།   ཡུལ་འདིར་བསམ་བློ་བ་འབྱུང་དུ་དཀའ་ཞིང་། སྒྱུ་རྩལ་བརྩམས་ཆོས་སྤེལ་མཁན་ཞིག་ཀྱང་བཙལ་ན་མི་རྙེད་པའི་རྒྱུ་རྐྱེན་ཉག་གཅིག་ནི།    ང་ཚོ་ཡོད་ཚད་ཀྱི་རྗེས་སུ་རྒྱུགས་གྲབས་ཡོད་པ་དང་།    ང་ཚོས་ཅི་ཞིག་ཡིན་རུང་ལག་ཆར་སྤྱོད་འདོད་པ་དེ་ཡིས་ཉེས་སོ།    

སྤྱིར་རྩོམ་རིག་ནི་ཆོས་ལུགས་དྲིལ་བསྒྲགས་བགྱི་བར་སྤྱད་ཀྱང་ཆོག་ལ། ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་བྱེད་དུ་བྱས་ཀྱང་རུང་མོད།   དེ་ལྟར་བྱས་ཚེ་རྩོམ་རིག་རང་གི་དམིགས་ཡུལ་དང་འགན་འཁྲི་ལ་རྒྱབ་འགལ་བྱས་ཡོད། དེ་བས་ད་བར་ང་ཚོས་བྲིས་བྲིས་བརྩམས་བརྩམས་མང་བོ་ཞིག་གིས་རྩོམ་རིག་དང་རྩོམ་རིག་གི་དམིགས་ཡུལ་ལ་འགན་མ་འཁུར་བར་མ་ཟད།      བརྩམས་ཆོས་ཀྱི་སྒྱུ་རྩལ་ལ་དེ་བས་ཀྱང་འགན་མ་བླངས་པས།   ང་ཚོར་ད་དུང་ཡང་བརྩམས་ཆོས་ངོ་མ་ཞིག་དང་སྒྱུ་རྩལ་དྭངས་མ་ཞིག་འབྱུང་དུ་མེད་པ་འདི་རེད། ལར་ནས་རྩོམ་རིག་ནི་མིའི་རིགས་ཀྱི་རྨོངས་བ་སེལ་བྱེད་ཅིག་ཡིན་འོས་མོད། ང་ཚོའི་རྩོམ་འབྲི་བ་ཚོས་དེ་ནི་སྤྱི་ཚོགས་རྨོངས་བྱེད་དུ་མི་བཀོལ་བའི་ངེས་པ་འང་ཁྱོན་ ནས་མི་འདུག (དཔེར་ན་སྤྱི་འཐུས་དང་བཀའ་འཁྲི་འོས་འདེམས་བྱེད་རན་པའི་སྐབས་སུ་རྩོམ་ཡིག་མང་དུ་འགྲོ་བཞིན་པ་དེར་ང་ཤིན་ཏུ་སྐྲག་གི་ཡོད།  )

གཞན་ང་ཚོས་རྩོམ་ཡིག་ལ་ཚད་གཞི་འཇོག་གིན་མེད་པ་དེས།   ང་ཚོའི་བརྩམས་ཆོས་ཚད་ལྡན་འབྱུང་བར་བར་ཆད་བྱས་ཡོད།   ང་ཚོའི་རྩོམ་འབྲི་བ་མང་བོ་ཞིག་གིས་སྐད་ཆ་ཡི་གེར་བཀོད་ཚེ་རྩོམ་ཡིག་རེད་སྙམ་པ་དང་།   བརྩམས་ཆོས་ཚད་ལྡན་ཞིག་ལ་ཡང་འདི་ལས་རིན་ཐང་ལྷག་ཅིག་འཇོག་གིན་མེད་ཚོད་རེད།    དེ་བས་མང་བོ་ཞིག་གིས་རྩོམ་རིག་གི་བླ་སྲོག་ལ་ངོ་ལོག་བྱེད་ཞོར་རྩོམ་ཡིག་འབྲི་གྱིན་ཡོད་ལ།   སྙན་ངག་གི་སྒྱུ་རྩལ་ལ་སྣང་ཆུང་བྱས་ཏེ་སྙན་ངག་འབྲི་བར་འཇུག་གིན་ཡོད།   ལམ་ག་དེ་འདྲའི་སྟེང་ནས་ང་ཚོས་རྩོམ་ཡིག་ཚད་ལྡན་ཞིག་དང་སྒྱུ་རྩལ་ངོ་མ་ཞིག་སྐྲུན་ཐུབ་བམ།    སྒྱུ་རྩལ་གྱི་བརྩམས་ཆོས་ཚད་ལྡན་ཞིག་འབྱུང་བར་བདེན་པ་དང་།   ཡིད་ཆེས། གནས་ལུགས་དང་། བརྩེ་བ་སོགས་ཀྱིས་གྲུབ་དགོས་པར་འདོད་ལ།     ད་དུང་གཡོ་སླད་མེད་པའི་སྒོ་ནས་རང་གི་སྤྱི་ཚོགས་ཀྱི་སྣང་ཚུལ་གསལ་བོར་མཚོན་དགོས།   བར་འདི་ན་རྫུན་བཤད་ས་དང་།    མགོ་བདེ་འཁྲབ་ས།    ཕྱོགས་སུ་ལྷུང་ས་དང་།    བསླུ་བྲིད་གཏོང་ས་སོགས་གང་ཡང་མེད་པས་སྒྱུ་རྩལ་གྱི་བཅུད་ལྡན་པའི་བརྩམས་ཆོས་ནི་སྐྱོན་གྱིས་མ་གོས་པ་ཞིག་ཡིན།   འདི་འདྲ་ནི་རང་ཉིད་ཀྱི་ཆེད་དུ་རྩོམ་ཡིག་འབྲི་མཁན་ཚོའི་ཁ་དང་སེམས་ནས་ཡོང་ཐུབ་མེད་ལ།    འདི་ལྟ་བུ་ནི་རྐུབ་སྟེགས་ཀྱི་ཆེད་དུ་གཉིད་ཡོང་གིན་མེད་པ་ཚོའི་ངག་ནས་འབུད་ཐུབ་མེད།     

ང་ཚོར་སྒྱུ་རྩལ་བརྩམས་ཆོས་འབྱུང་མི་ཐུབ་པའི་རྒྱུ་མཚན་གཞན་ཞིག་ནི།   ང་ཚོས་སྒྱུ་རྩལ་ལ་རོལ་མྱོང་བྱེད་ཐུབ་ཀྱིན་མེད་པས་ཡིན། ལྷག་པར་དུ་དེང་རབས་སྙན་ངག་ལྟ་བུ་དཔེར་བཀོད་དེ་གླེང་ན།   སྙན་ངག་གང་དེའི་རྒྱབ་ལྗོངས་དང་། མཚོན་སྟངས།   དཔེའི་འགོད་ཐབས་སོགས་ལ་རྒྱུས་མངའ་མེད་པ་འམ། སྦྱང་གོམས་སྔོན་དུ་མ་སོང་བར། སྙན་ངག་དེ་དག་ཅི་གང་མ་ཡིན་ཚུལ་དང་དེ་ལ་འགྲེལ་རྒྱག་ཏུ་མེད་ཚུལ་སྨྲ་ནས་ཡོང་གིན་འདུག   དེ་ལ་འདི་འདྲ་བཤད་པར་འདོད་དེ།   སྙན་ངག་གི་སྒྱུ་རྩལ་ཞེས་པར་བསམ་པ་རྣལ་མས་རོལ་མྱོང་བྱེད་དགོས་པ་ལས།   ཡིད་སེམས་སུ་ཆུ་བཞུར་བཞུར་བྱས་ནས་མི་འོང་ཞིང་། སྙན་ངག་རོལ་མྱོང་གི་ཁམས་དེ་དག་ཀྱང་ཚོར་བའི་རྨི་ལམ་ཞིག་ཡིན་པ་ལས་གཞུང་ལུགས་ལྟར་བཤད་ས་མི་འགྲོ།   འོན་ཀྱང་།   འུ་ཚོའི་ཉེ་འཁོར་འདི་རུ་ཁོག་ལ་རྩ་བརྫངས་ཏེ་སྒམ་མདོག་སྟོན་མཁན་དང་།    དོན་དག་མ་ཤེས་གོང་དུ་ཐག་གཅོད་བྱེད་མཁན་ཤིན་ཏུ་མང་བས།    མ་མཐོང་སྔོན་ནས་རྟོགས་ཡོད་ཅེས་བསྙད་པར་འདོད་མཁན་ཡོད་ན་ཐང་མོད།   ད་ནི་མི་དེ་དག་གིས་ཀྱང་རང་ངོ་རང་གིས་ཤེས་བར་བྱོས་ཤིག་ཅེས་ཀྱང་ཞོར་དུ་གསལ་འདེབས་པ་ལེགས་སོ། །

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གཉན་པོའི་རྩོམ་ཡིག་གནད་ལ་འཁེལ་བ་འདུག སྐད་ཆ་རེ་ཟུང་ལ་ཁས་ལེན་མི་འདོད་ཀྱང་སྤྱིའི་ཆ་ནས་བདེན་བདེན་དུ་འདུག་ན། བཤད་རྒྱུ་ཅང་མེད།
    སྐར་མདས་ཀྱང་བསམ་ཚུལ་ཡག་པོ་གླེང་མོད། ཁོང་ཚོ་ཞེས་ཕྱོགས་སུ་བཅད་པ་སུ་དང་། འོ་ན་ཁྱོད་ཁོང་ཚོ་ཞེས་པའི་གྲས་སུ་མི་ཐེ་ན། སྒྱུ་རྩལ་བརྩམས་ཆོས་སམ་སྒྱུ་རྩལ་སྙན་ངག་ཟེར་བ་ཞིག་ཡོད། ཁ་ཕར་འཁོར་གྱིས་མི་རིག་སླ་བ་རེད་དེ། ཁ་ཚུར་གྱིས་རང་རིག་མཁན་ཧ་ཅང་དཀོན་ནི་རེད། དེ་ཙམ་ཡིན།

    Reply
  2. གནམ་ལྕགས། says:
    ལོ་ 16 སྔོན།

    སྒྱུ་རྩལ་བརྩམས་ཆོས་མི་འ༷བྱུང་བར་རྒྱུ་མཚན་གཅིག་རང་ལས་མེད། དེ་ནི་རང་རེའི་སྤྱི་ཚོགས་སྟེང་གི་མི་ཚང་མར་ཁ་ལས་ལག་པ་མེད་པས་སོ།།

    Reply
  3. སྐར་མདའ། says:
    ལོ་ 16 སྔོན།

    རྒྱལ་སྲས་ཞི་བ་ལྷས།
    སྔོན་ཆེད་མ་བྱུང་པ་ཡང་འདིར་བརྗོད་མེད།།
    ཅེས་པའི་གསུང་ལ་གཞིགས་ཏེ་སྐད་ཆ་བཤད་ན་ཧ་ཅང་ལེགས་སམ།
    [རྩ་བརྫངས་ཏེ་སྒམ་མདོག་སྟོན་མཁན་ཟེར་བའི་མིང་ཚིག་དེ་ཚོ་མཁས་པ་ཞིག་གི་ལྕེ་སྟེང་ལ་ལེན་རྒྱུའི་ཚིག་ཅིག་མ་ཡིན་པ་ཤེས་དགོས།
    ཡིན་ནའང་དོན་དངོས་པོ་ཐོག་ནས་སྐད་ཆ་རེ་བཤད་ན་ཁྱེད་ཀྱིས་གསུངས་པ་སྟེ་བདེན་རང་རེད། ཡིན་ན་འང་དུས་དང་བསྟུན་ན་མཁས་པ་ཡིན་ཟེར་བ་ལྟར།

    ད་དུང་ཁྱེད་ཀྱིས་གསུང་ཚིག་གཅིག་དེ་ཧ་ཅང་གི་རྣ་བར་འགྲོ་བོ་ཞིག་བཤད་བྱུང་།
    [ཡིད་སེམས་སུ་ཆུ་བཞུར་བཞུར་བྱས་ནས་མི་འོང་ཞིང་། ]
    ངོ་མ་བདེན་པའི་ཚིག་རལ་གྲི་རང་རེད་འདུག
    སྙན་ངག་འབྲི་པའི་སྐབས་སུ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ་བློ་སེམས་རྩེ་གཅིག་ཏུ་སྒྲིམ་ནས་བརྗོད་བྱའི་ནང་སྙིང་ཕུན་སུམ་ཚོགས་པ་ཞིག་དང་།དཔེ་དང་དཔེ་འཇོགས་ཀྱི་རིམ་པ་མ་འཆོལ་པར་ངག་གི་སྒྱུ་རྩལ་གྱི་བཤད་སྟངས་ཤིག་གི་ཐོག་ནས་འབྲི་ཐུབ་པ་ཡིན་ན། དེ་ནི་ད་གཟོད་སྒྱུ་རྩལ་སྙན་ངག་གི་སྙིང་པོ་རེད་བསམ་གྱི་ཡོད།

    མང་པོ་ཞིག་གིས་སྙན་ངག་ཅེས་པ་བཞུར་བ་ལས་བཙིར་པ་གཏན་ནས་མིན་ཞེས་པའི་ཚིག་མཐོ་བོ་དེ་འདྲ་གཡུགས་མཁན་ཡང་འདུག
    སྤྱིར་བཏང་སྙན་ངག་བཞུར་དགོས་ཀྱིན་ཡོད་ན། ངེས་པར་དུ་བྱང་པར་སོང་སྙན་ངག་པ་རྩེར་སོན་པ་ཞིག་ཕལ་ཆེར་ཡིན་པར་སྙམ།

    དེ་འདྲ་ཞིག་མིན་ན་ཇི་ལྟར་བདེ་བོ་ཡོད་དམ།
    ཁྱེད་ཀྱི་གསུངས་པ་དངོས་ནས་བདེན་པ་བདེན་རྐྱང་རང་རེད་འདུག
    ཡིན་ནའང་སྨྱུ་གུ་འཛིན་མཁན་མང་པོ་ཞིག་གིས་བསམ་བློ་དེ་འདྲ་བཏང་གི་འདུག མིང་ཚིག་ཁ་ཤས་ཤིག་འབྲི་ཤེས་པ་དང་ལམ་སང་གཞན་གྱི་སྐྱོན་བཙལ་ཅི་ཐུབ་བྱེད་རྒྱུ་ཡོད་པ་དང་། ད་དུང་ཕྱོགས་དང་ཕྲག་དོག་གི་ཚིག་མཚོན་འདེབས་པར་འཇུག་པ་ལས་གཞན་པའི་སྤྱི་ཚོགས་ལ་གནོད་འོངས་པའི་ཐོག་ལ་བསམ་བློ་གང་ཡང་གཏོང་གི་མེད།

    སྒྱུ་རྩལ་སྙན་ངག་ཟེར་པ་ཁོང་ཚོར་མཚོན་ན་རི་བོང་གི་རྭ་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese