མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་བུམ་རྡེ་ར་རྡུན་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༠ ལོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་སྟེང་། རྡེ་ར་རྡུན་དོན་འགྲུབ་གླིང་རུ་ཁག་ལ་ཨང་དང་པོ་དང་། མོན་གྷོ་འདོད་དགུ་གླིང་རུ་ཁག་ལ་ཨང་གཉིས་པ་བཅས་ཐོབ་ཡོད།

ད་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༩ བར་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་སྒར་གྱི་གྲོང་སྡེ་གཉིས་པའི་ཉེ་འཁྲིས་ YMCA ཞེས་པའི་རྩེད་ཐང་དུ་རྩེད་ཡོད་ལ། ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་མོན་གྷོ་འདོད་དགུ་གླིང་རུ་ཁག་དང་རྡེ་ར་རྡུན་དོན་འགྲུབ་གླིང་རུ་ཁག་གཉིས་བར་མཐའ་མའི་སྟེང་རྩོད་འགྲན་བསྡུར་བྱས་ཏེ། དོན་འགྲུབ་གླིང་རུ་ཁག་ལ་ཨང་དང་པོ་ཐོབ་སྟེ་རྒྱལ་ཡུམ་ཆེན་མོའི་གསེར་གྱི་བུམ་པའི་གཟེངས་རྟགས་དང་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ བསྩལ་ཡོད་ལ། མོན་གྷོ་རུ་ཁག་ལ་ཨང་གཉིས་པ་ཐོབ་སྟེ་དངུལ་གྱི་བུམ་པའི་གཟེངས་རྟགས་དང་ཧིན་སྒོར་སུམ་ཁྲི་ ༣༠༠༠༠ བསྩལ་ཡོད། གཞན་བལ་ཡུལ་ཀ་ཐ་མན་གྲུ་རུ་ཁག་ལ་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀུན་སྤྱོད་ལེགས་པའི་གཟེངས་བསྟོད་དང་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ བཅས་བསྩལ་ཡོད་འདུག

 

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མཐའ་མའི་འགྲན་བསྡུར་སྐོར་ལ། མོན་གྷོ་རུ་ཁག་གི་རུ་དཔོན་ཚེ་རིང་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༢ པའི་ཐོག་རྡེ་ར་རྡུན་དོན་འགྲུབ་གླིང་རུ་ཁག་དང་མོན་གྷོ་རུ་ཁག་གཉིས་བར་མཐའ་མའི་སྟེང་རྩོད་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་གྱི་དུས་ཡུན་སྐར་མ་ ༩༠ ནང་ཕྱོགས་གཉིས་ཀྱིས་སྤོ་ལོ་གཅིག་ཀྱང་ལྡུག་ཐུབ་མེད་སྟབས། བསྐྱར་དུ་སྐར་མ་བཅུ་རེ་སྤྲད་དེ་འགྲན་བསྡུར་བྱས་ཀྱང་སྔར་བཞིན་སུ་རྒྱལ་སུ་ཕམ་གྱི་གསལ་ཁ་བྱུང་མེད། མཐར་རུ་ཁག་རེ་ནས་མི་ ༥ རེ་བདམས་ཏེ་རྐྱང་རྒྱག་གི་འགྲན་བསྡུར་ཁྲོད། དོན་འགྲུབ་གླིང་རུ་ཁག་གིས་སྤོ་ལོ་ ༣ དང་། མོན་གྷོ་རུ་ཁག་གིས་སྤོ་ལོ་ ༢ བཅས་བླུགས་ཏེ་མཐའ་མའི་རྒྱལ་ཁ་དེ་རྡེ་ར་རྡུན་དོན་འགྲུབ་གླིང་རུ་ཁག་ལ་ཐོབ་སོང་ཟེར། ཡང་ཁོང་ལ་ཐེངས་འདིར་མོན་གྷོ་རུ་ཁག་ལ་ཨང་དང་པོ་ཐོབ་མ་ཐུབ་པར་བློ་ཕམ་བྱུང་ཡོད་མེད་དྲིས་སྐབས། རྒྱལ་ཕམ་དང་ཐོབ་ཤོར་ནི་ཆོས་ཉིད་ཞིག་ཡིན་སྟབས་ཐེངས་འདིར་ཨང་དང་པོ་མ་ཐོབ་ཀྱང་འགྱོད་སེམས་གང་མང་མེད་ཅེས་བརྗོད་སོང་།  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

མཆན། 7

  1. ཇོ་བོ་རྣམས་གཉིས། says:
    ལོ་ 16 སྔོན།

    རྡེ་ར་རྡུན་རུ་ཁག་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  2. གླང་དར་མ། says:
    ལོ་ 16 སྔོན།

    རྐང་རྩེད་སྤོ་ལོ་ཡག་པོ་བྱུང་འདུག་ཏོབ་མཁན་ལ་བཀྲིས་བདེ་ལེགས་བཞུ།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    བལ་ཡུལ་གྱི་རྩེད་འགྲན་རུ་ཁག་དང་རྡེ་ར་རྡུན་རུ་ཁག་གཉིས་ཀྱི་ཡག་པོ་རྩེད་ཀྱིན་འདུག་པ་གོ་ཐོས་བྱུང་།
    ད་གང་ལྟར་བརྩོད་རྙོག་ཆེར་མ་བྱུང་བ་འཇུག་བསྒྲིལ་བ་རྟེན་འབྲེལ་ཞུ

    Reply
  4. བསེ་རུ། says:
    ལོ་ 16 སྔོན།

    རྩེད་འགྲན་པ་ཚོས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བཟང་སྤྱོད་དང་ཁ་མ་བྲལ་བའི་ཐོག་ནས་རྩེད་འགྲན་གནང་རྒྱུ་ནི་གནད་ཀྱི་དམ་པ་ལགས་པས་དེ་དོན་འབྱུང་འགྱུར་ཡང་ཐུགས་གཟབ་དང་། སྔར་ལས་ལྷག་པའི་སྤྲོ་སྣང་དང་གཟི་བརྗིད་བསྐྲུན་ཐུབ་རྒྱུར་འབད་པར་འཚལ།
    མཛའ་གྲོགས་ཨང་པོ། འགྲན་བསྡུར་ཨང་གཉིས། ཞེས་པའི་ཤོད་སྲོལ་དེ་ཡང་གནས་ལུགས་རྒྱུ་མཚན་ཡོད་པའི་སྡོམ་ཚིག་ཅིག་ཡིན་པ་འདྲ།།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ང་ཚོ་བལ་ཡུལ་ཀ་ཐ་མན་གྲུ་རུ་ཁག་ལ་ཐེངས་འདིའི་འགྲན་བསྡུར་ཁྲོད་ཀུན་སྤྱོད་ལེགས་པའི་གཟེངས་བསྟོད་དང་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ ཐོབ་པར་བཀྲིས་བདེ་ལེགས་ཞུ།

    Reply
  6. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    ད་ཐེངས་རྒྱག་རེས་ཆེན་མོའི་རྐང་སྤོ་རྩེད་འགྲན་ཡིན་ས་མ་རེད། དངོས་ཡོད་ཀྱི་རྒྱལ་ཡུམ་ཆེན་མོའི་རྐང་སྤོ་འགྲན་བསྡུར་བྱས་འདུག ཡར་རྒྱས་ཕྱིན་འདུག་ཡག་པོ་རེད།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    རང་རེའི་སྐྱ་སེར་ཐུན་མོང་གི་མིག་གི་ལོངས་སྤྱོད་དུ་གྱུར་བ་དང་ལྷག་དོན་རྒྱལ་ཡུམ་དམ་པར་དྲན་རྟེན་གྱི་བྱེད་སྒོ་འདི་སྤེལ་བ་ནི་ལོ་རྒྱུས་ཀྱི་རིན་ཐང་ཞིག་གི་ངོས་དང་ཡར་རྒྱས་ཀྱི་རིན་ཐང་ཞིག་གི་ངོས་བཅས་ནས་བལྟ་དགོས་ལ། འདིས་ནི་མི་རིགས་ཤིག་གི་གསོན་ཤུགས་ཀྱི་ཚད་གཞི་དམ་འཛིན་བྱས་ཡོད་ཅེས་ཞུ་འདོད་བྱུང་། ང་ཚོའི་མི་རིགས་འདི་རྩེད་མོར་དགའ་བ་དང་། དེའི་སྒྱུ་རྩལ་ལ་དུངས་པ་ནི་ཤིན་ཏུ་ནས་རེ་བ་ཞིག་ཡོད་པའི་རྟགས་སུ་མཐོང་ལ། ལྷག་པར་དུ་འཛམ་གླིང་གཅིག་མཐུན་གྱི་རྩེད་མོ་འདིའི་རིགས་རྒྱུད་འཛིན་དམ་ཟབ་གནང་ནས་མ་འོངས་པའི་མི་རིགས་ཀྱི་བླ་སྲོག་ལ་བརྒྱུད་སྤྲོད་བྱེད་དགོས།

    ད་ཐེངས་འཁྲུག་འཛིང་སོགས་མ་བྱུང་བར་བདེ་ལེགས་ངང་མཐའ་མའི་རྟིང་རྩོད་འགྲན་བསྡུར་མཇུག་བསྡུས་པ་ནི་བསྔགས་པར་འོས་ཤིང་། ལྷག་པར་དུ་ལྡེ་ར་ལྡུན་གྱི་རྐང་རྩེད་པ་དག་ལ་ཐེངས་འདིའི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese