མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་ཤོད་སློབ་ཕྲུག་ཚོར་ཟས་དུག་ཕོག་སྟེ་ཛ་དྲག་མྱུར་སྐྱོབ་བྱེད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp
ངྷ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་བརྒྱ་ཙམ་ལ་ཟས་དུག་ཕོག་སྟེ་ད་ལྟ་ངྷ་ས་བདེ་ལེགས་སྨན་ཁང་དུ་ཛ་དྲག་གིས་མྱུར་སྐྱོབ་བྱེད་བཞིན་འདུག་ལ། སྨན་པས་ཟས་དུག་ཕོག་པའི་སློབ་ཕྲུག་རྣམས་དུས་ལྟར་སྨན་ཁང་དུ་འབྱོར་སྟབས་ད་ལྟ་ཉེན་ཁ་ཆེན་པོ་མེད་སྐོར་གསུངས་ཡོད། སྤྱི་ཡོངས་ནས་ཐེངས་འདིར་ཟས་དུག་ཕོག་པའི་སློབ་ཕྲུག་སུམ་བརྒྱ་ལྷག་ཡོད་འདུག
དེ་རིང་ངྷ་ས་བདེ་ལེགས་སྨན་ཁང་དུ་ངྷ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་བརྒྱ་ཙམ་ལ་ཟས་དུག་ཕོག་སྟེ་ཛ་དྲག་གི་སྨན་བསྟེན་དང་བརྟག་དཔྱད། མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་འདི་གའི་གསར་འགོད་པ་སྨན་ཁང་དུ་འབྱོར་སྐབས། སྨན་ཁང་གི་གོང་འོག་བར་གསུམ་གྱི་ཉལ་ཁང་ཡོངས་དང་བར་ཁྱམས་སོགས་སུ་སློབ་ཕྲུག་གིས་ཁེངས་ཏེ། སྨན་པ་དང་ནད་གཡོག སྨན་ཁང་གི་འགན་འཛིན། ངྷ་ཤོད་བོད་ཁྱིམ་གྱིས་བཏང་བའི་ལས་བྱེད་ཁག་ཅིག སློབ་ཕྲུག་རེ་འགའི་ཕ་མ་བཅས་ཀྱིས་རང་རང་གི་ས་ན་སློབ་ཕྲུག་ཚོར་མྱུར་སྐྱོབ་ཀྱི་བྱ་བར་བྲེལ་བཞིན་འདུག
བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་གསུངས་དོན། སློབ་ཕྲུག་ཚོས་བཤད་སྟངས་ལ་ཉན་ན་ཉིན་འགའི་སྔོན་ཁོང་ཚོར་བརྔོས་ཐུག  (Chomein)  ཅིག་བཏང་འདུག་ལ། བརྔོས་ཐུག་དེ་རྙིང་པ་ཡིན་ས་རེད། དེར་བརྟེན་སློབ་ཕྲུག་མང་བོ་ཞིག་གྲོད་ཁོག་ཤུགས་ཆེར་བཤལ་བ་དང་། སྐྱུག་པ་བསྐྱུགས་པ། མགོ་ན་བ་སོགས་བྱུང་སྟེ་ཁ་སང་དགོང་མོ་ནས་འདིར་སློབ་ཕྲུག་ཡོང་མགོ་ཚུགས་ཡོད། སྤྱིར་ཟས་དུག་ཕོག་ནས་ཉིན་གཉིས་ཙམ་ཕྱིན་འདུག་ཀྱང་གནས་ཚུལ་ངོ་མ་མར་སློབ་གྲྭར་སོང་ན་མ་གཏོགས་ཤེས་རྟོགས་ཐུབ་ཀྱི་མ་རེད་ཅེས་གསུངས།
ཡང་ཁོང་ལ་ཟས་དུག་གི་ནད་ཚ་འདི་ཛ་དྲག་པོ་ཡིན་མིན་སྐོར་དྲིས་པར་ཁོང་གིས་གསུངས་དོན། ནད་ཚ་འདི་ཛ་དྲག་པོ་རེད། གང་ཡིན་ཟེར་ན་གྲོད་ཁོག་ཤུགས་ཆེན་པོ་བཤལ་ཚེ་ལུས་ཀྱི་ཆུ་ཚང་མ་རྫོགས་འགྲོ་གི་རེད་ལ། ཆུ་རྫོགས་ཏེ་དུས་ལྟར་ནད་བཅོས་མ་ཐུབ་པ་དང་ཆུ་གཏོང་མ་ཐུབ་ན་འཆི་རྒྱུའི་ཉེན་ཁ་ཡང་ཡོད་ཅེས་དང་། ད་ལྟ་ངས་རོབ་རྩིས་བྱས་པ་ལྟར་ན་འདིར་ཛ་དྲག་གི་མྱུར་སྐྱོབ་བྱེད་བཞིན་པའི་སློབ་ཕྲུག་བརྒྱ་ཙམ་ཞིག་འདུག་མོད། འདིར་བསླེབས་རྗེས་ལྟ་རྟོག་རག་པ་དང་སྨན་བཅོས་རག་གི་ཡོད་སྟབས་ཛ་དྲག་གི་གནས་སྟངས་ལས་གྲོལ་ཟིན་པ་ལྟ་བུ་རེད་ཅེས་གསུངས།
ཡང་ངྷ་ཤོད་བོད་ཁྱིམ་གྱི་དགེ་རྒན་ཞིག་གིས་ད་ལྟ་ཁྲག་བརྟག་དཔྱད་ཟིན་པའི་སློབ་ཕྲུག་བརྒྱད་ཅུ་ལྷག་ཡོད་ལ། ད་ལྟའི་ཆར་ཛ་དྲག་ཆགས་ཏེ་སྨན་ཁང་དུ་བསྐྱལ་ཡོང་བའི་སློབ་ཕྲུག་གྲངས་ག་ཚོད་ཡོད་མེད་བརྩི་བའི་དུས་ཚོད་ཀྱང་མི་འདུག་ཟེར།
གསར་འགོད་པ་བདེ་ལེགས་སྨན་ཁང་དུ་བསྐྱོད་སྐབས་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱང་དེ་རུ་ཕེབས་ཏེ། སློབ་ཕྲུག་ཚོར་ལྟ་སྐྱོང་བྱེད་བཞིན་པའི་སྒང་རེད་ལ། སྐབས་དེར་ཁོང་གིས་གསུངས་དོན། ཁ་སང་དགོང་མོར་སློབ་ཕྲུག་བརྒྱ་དང་ལྔ་བཅུ་ལྷག་ལ་ཟས་དུག་ཕོག་འདུག་ཟེར་གྱི་འདུག་ཀྱང་། ད་ལྟ་དེ་ལས་མང་དུ་སོང་འདུག་ཅེས་གསུངས་ལ། ངྷ་ཤོད་བོད་ཁྱིམ་དུ་སློབ་ཕྲུག་ཅིག་གིས་ཟས་དུག་འདི་སློབ་ཕྲུག་སུམ་བརྒྱ་ལྷག་ལ་ཕོག་ཡོད་པ་དང་། གཙོ་བོ་ཁོང་ཚོས་ཟོས་པའི་བརྔོས་ཐུག་དེའི་ནང་དུ་སྣུན་རྦད་དེ་མང་དྲགས་པས་རེད་ཟེར།
འདི་གའི་གསར་འགོད་པ་ངྷ་ཤོད་བོད་ཁྱིམ་སློབ་གྲྭར་ཆེད་བསྐྱོད་ཀྱིས་དེའི་སྐོར་རྒྱུས་ལོན་བྱས་ཀྱང་། སྒོ་སྲུང་བས་འབྲེལ་ཡོད་ལས་བྱེད་ལ་བཀའ་འདྲི་བྱས་པ་བརྒྱུད་གསར་འགོད་པ་སློབ་གྲྭའི་ནང་གཏོང་རྒྱུའི་ཆོག་མཆན་ཐོབ་མེད་ཐོག སློབ་སྤྱི་ལ་ད་ལྟ་ཟས་དུག་ཕོག་པའི་སློབ་ཕྲུག་ཚོའི་སྐོར་ལ་བཀའ་འདྲི་ཞུ་ཆོག་པའི་རེ་སྐུལ་ཞུས་ཀྱང་། སྒོ་སྲུང་བས་མདང་དགོང་མཚན་མོར་ཛ་དྲག་ཐོག་སློབ་ཕྲུག་མང་བོ་མྱུར་སྐྱོབ་བྱེད་དགོས་བྱུང་བ་དང་། དེ་རིང་ད་དུང་མྱུར་སྐྱོབ་ཀྱི་བྱ་བར་བྲེལ་འཚུབ་ཆེ་སྟབས་སང་ཉིན་མ་གཏོགས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་ཀྱི་འདུག་ཅེས་བརྗོད་སོང་།
གསར་འགོད་པས་སྒོ་སྲུང་བར་གནས་ཚུལ་འདིའི་སྐོར་བཀའ་འདྲི་ཞུས་ཀྱང་། ཁོང་གིས་རེས་གཟའ་སྤེན་པའི་ཉིན་ཁོང་གུང་སེང་ཡིན་སྟབས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་ཀྱི་མེད་ཅེས་བརྗོད་པར་མ་ཟད། སློབ་ཕྲུག་ག་ཚོད་ལ་ཟས་དུག་ཕོག་ཡོད་མེད་ཀྱང་ཤེས་ཀྱི་མེད་སྐོར་བརྗོད། ཁོང་གིས་དེ་ནི་སྒོ་བསྲུངས་ནས་བསྡད་པ་ལས་ཉལ་ཁང་ལ་སོང་མེད་སྟབས་ཡིན་ཞེས་བརྗོད།
གསར་འགོད་པ་ངྷ་ཤོད་བོད་ཁྱིམ་སློབ་གྲྭར་འབྱོར་སྐབས་ངྷ་སའི་གཡས་གཡོན་གྱི་ཕ་མ་མང་བོ་རང་གི་བུ་ཕྲུག་ཚོར་ལྟ་རུ་བསླེབས་འདུག་མོད། རེ་ཟུང་གིས་རང་གི་སློབ་ཕྲུག་ངྷ་ས་བདེ་ལེགས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཁྲིད་པ་དང། ཡང་རེ་ཟུང་གིས་རང་གི་བུ་ཕྲུག་ལ་ཛ་དྲག་གི་ཉེན་ཁ་མེད་པ་རྟོགས་རྗེས་ལོག་འགྲོ་གི་འདུག་ལ། དེ་རིང་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་ཛ་དྲག་གི་སྨན་བཅོས་བྱེད་དགོས་པའི་སློབ་ཕྲུག་ཕལ་ཆེ་བ་དུས་ལྟར་སྨན་ཁང་དུ་འབྱོར་ཏེ་སྨན་བཅོས་བྱེད་ཀྱིན་པའི་སྒང་ཡིན་སྟབས། སློབ་ཕྲུག་ཚོ་ཛ་དྲག་གི་ཉེན་ཁ་འདི་ལས་བསྐྱབས་ཚར་ཡོད་འདུག
ཡིན་ནའང་། སློབ་སྤྱི་དང་འབྲེལ་ཡོད་དགེ་ལས་རྣམས་ཀྱིས་འདི་གའི་གསར་འགོད་པས་བཅར་འདྲི་དང་ལེན་གནང་མེད་སྟབས། ད་ལྟ་ཞིབ་ཕྲའི་གནས་ཚུལ་དང་སློབ་ཕྲུག་ག་ཚོད་ལ་ཟས་དུག་ཕོག་སྐོར་གསལ་བོ་ཤེས་རྟོགས་བྱུང་མེད་ལ། གནས་ཚུལ་འདིའི་རྐྱེན་པས་དེ་རིང་ངྷ་ཤོད་བོད་ཁྱིམ་སློབ་གྲྭས་འཛིན་གྲྭ་འཚོགས་མ་ཐུབ་པར་གུང་སེང་བཏང་འདུག
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༨ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༩ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 21

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    གཞེན་སྐུལ་ཞུ་རྒྱུར། གནས་ཚུལ་དེ་ཛ་དྲག་དང་དེའི་རྒྱུ་རྐྱེན་གང་ལས་བྱུང་མིན་བརྟག་དཔྱད་བྱེད་རྒྱུ་ཤིན་ཏུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས་ང་ཚོ་ཚང་མས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།
    དེར་བརྟེན་སྐུ་ཉིད་ཀྱིས་གནས་ཚུལ་ཁག་ལུང་ཚན་སོ་སོའི་ཁ་སྐད་ཙམ་མ་ཡིན་པར་ཡིག་སྐད་ཐོག་འགོད་ཐུབ་ན་བོད་ཡིག་ཤེས་མཁན་ཀུན་གྱིས་མཁྱེན་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེ།།
    དཔེར་ན་སྐུ་ཉིད་ཀྱིས། ༼དེར་བརྟེན་ཆུ་ཚོད་གཅིག ཏན་ཏན་ཆུ་ཚོད་གཅིག་གི་རྗེས་ནས་ངས་སློབ་སྤྱི་མཉམ་དུ་སྐད་ཆ་བཤད་ཐུབ། སྐབས་དེར་བསླེབ་ན་གནས་ཚུལ་གསལ་བོ་དག་པོ་ཞིག་འདྲི་གི་ཡིན། ཤེས་ཐུབ་ཀི་རེད་སྙམ། ༽ཆུ་ཚོད་གཅིག་ཏན་ཏན་ཆུ་ཚོད་གཅིག་གི་རྗེས་ནས་ཞེས་པ་སོགས་བོད་སྐད་མ་ཤེས་པའི་བཟོ་ལྟ་འདྲ་པོ་འདུག ཤེས་ཐུབ་ཀི་རེད་ཅེས་པ་ལས་ཤེས་ཐུབ་ཀྱི་རེད་ཅེས་བརྗོད་ན་གྲགས་ཆེ་བ་དང་། དེ་བཞིན་དེ་རིང་གསལ་པོ་ཆགས་ཀི་རེད་ལས་ཆགས་ཀྱི་རེད་ཅེས་བརྗོད་ན་གོ་བདེ་བ་དང་ཡོངས་སུ་གྲགས་ཆེའོ།
    མདོར་ན་གསར་འགྱུར་གང་ཡིན་ཚང་མ་ཡིག་སྐད་ཐོག་འགྲེལ་བརྗོད་གནང་ཐུབ་ན་ཡིག་རྨོངས་སེལ་བའི་ཆོལ་གསུམ་བོད་མི་ཀུན་གྱིས་མཁྱེན་རྟོགས་ཡོང་རྒྱུར་ཕན་འབྲས་ཆེ་སྙམ།།

    Reply
  2. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ཁ་སང་ངྷ་ཤོད་བོད་ཁྱིམ་ནས་འཛིན་རིམ་དགུ་བའི་སློབ་ཕྲུག་ཅིག་གྲོངས་འདུག་པ་གསལ་བོ་དག་པོ་རེད། ཡིན་ནའང་། ད་ལྟ་དགེ་ལས་རྣམས་ཀྱིས་ཚོགས་འདུ་འཚོགས་ཀྱིན་ཡོད་སྟབས་གསར་འགོད་པ་ཆུ་ཚོད་གཅིག་གི་རྗེས་ནས་མ་གཏོགས་ཐུག་ཁོམ་མེད་གསུངས་བྱུང་། དེར་བརྟེན་ཆུ་ཚོད་གཅིག ཏན་ཏན་ཆུ་ཚོད་གཅིག་གི་རྗེས་ནས་ངས་སློབ་སྤྱི་མཉམ་དུ་སྐད་ཆ་བཤད་ཐུབ། སྐབས་དེར་བསླེབ་ན་གནས་ཚུལ་གསལ་བོ་དག་པོ་ཞིག་འདྲི་གི་ཡིན། ཤེས་ཐུབ་ཀི་རེད་སྙམ།

    ཡིན་ནའང་། ཁ་སང་ལས་བྲེལ་ཆེ་བར་བརྟེན་ཕྲན་ལ་ཐུག་འཕྲད་བྱེད་ཁོམ་མེད་སོང་། དེ་ལ་དྲ་གྲོགས་ཚོས་འཁང་ར་མ་གནོངས་དང་དེ་རིང་གསལ་བོ་ཆགས་ཀི་རེད།

    Reply
  3. ཆུ་སྐྱེས་སྒྲོལ་མ། says:
    ལོ་ 16 སྔོན།

    ཟས་དུག་ཕོག་པའི་སློབ་མ་བདེ་ལེགས་སྨན་ཁང་གཅིག་པོ་མ་ཡིན་པར་རྒྱ་གར་སྨན་ཁང་ནང་དུའང་སློབ་ཕྲུག་མང་པོ་བསྐྱེལ་ཡོད་པ་དང༌།
    ངས་ཤེས་གསལ་ལྟར་ན། ཁ་སང་འཛིན་རིམ་དགུ་པ་ཡིན་པའི་སློབ་ཕྲུག་གཅིག་ཟས་དུག་གིས་རྐྱེན་པས་འདས་གྲོངས་སུ་ཕྱིན་འདུག་ དེ་ལྟར་སློབ་གྲྭ་ཚུགས་ཐབས་བྲལ་ནས་བདུན་ཕྲག་གཅིག་རིང་གུང་སེང་ལ་བཏང་ཡོད་འདུག་ མ་ཟད་ཟས་དུག་ཕོག་པའི་ནད་པ་ཇེམང་ནས་ཇེ་མང་ཡིན་པ་འདྲ།

    Reply
  4. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 16 སྔོན།

    རྡ་ཤོད་སློབ་གྲྭའི་སློབ་ཕྲུག་རྣམས་མྱུར་སྐྱོད་ཐུབ་པར་བདེ་ལེགས་སྨན་པ་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཞུ་རྒྱུ་ཡིན།

    གལ་སྲིད་ཟས་དུག་ཡིན་ན་གནས་ཚུལ་འདི་སློབ་གྲའི་མ་ཆེན་དང་འབྲེལ་ཡོད་ནས་དོ་སྣང་ཡག་པོ་བྱེད་གི་མེད་པའི་རྟགས་རེད་ལ་འཕྲོད་བསྟེན་ལེགས་པོ་མེད་པ་དང་གཙང་སྤྲ་མ་བྱས་པའི་རྒྱུ་རྐྱེན་རེད། གནས་ཚུལ་ཁ་གསལ་དོན་གསལ་དུ་བཟོ་ནས་མ་འོང་འདི་རིགས་མི་འབྱུང་བ་དང། སྔོན་འགོག་བྱ་རྒྱུར་འབྲེལ་ཡོད་ཚང་མས་ཐུགས་སྣང་རྒྱུན་མཐུད་བྱེད་དགོས།

    གསར་འགོད་པར་དང་ལེན་མ་བྱས་བ་དེ་ཡང་རང་སྐྱོན་འགེབས་པའི་ཐབས་ལམ་ཞིག་འཚོལ་བཞིན་པ་མ་རེད་དམ།

    Reply
  5. གླིང་ཚང་བྱ་གླག says:
    ལོ་ 16 སྔོན།

    གནས་ཚུལ་འདིའི་འོན་རྐྱེན་ཞིབ་བཤེར་ཡག་པོ་ཞིག་བྱེད་དགོས་ངེས་རེད།
    གོང་ནས་གསུང་བ་ལྟར་ན་གཙང་སྦྲ་དང་འཕྲོད་བསྟེན་ཞན་པའི་དབང་གིས་རྫས་དུག་ཕོག་པ་རེད་ཅེས་པ་བདེན་ན།
    ངེས་པར་དུ་མ་འོངས་པའི་སློབ་མའི་ཟས་སྤྱོད་འཕྲོད་བསྟེན་ལ་འགན་ཁུར་ལེགས་པོ་བྱེད་པའི་རེ་སྐུལ་ཞུ།

    Reply
  6. སེར་ཆེན་ says:
    ལོ་ 16 སྔོན།

    ཐབ་ཚང་གི་གཡོ་བྱད་དག་གཙང་སྤྲ་མ་བྱས་པའི་རྒྱུ་རྐྱེན་ཡིན་སྲིད་པས་དེ་ནི་སློབ་སྤྱི་དང་དགེ་རྒན་ལས་མི་ཡོངས་ཀྱིས་ཐུགས་འཁུར་དང་དོ་སྣང་མ་བྱས་བ་ཡིན་སྟབས་ཐག་བཅོད་ནན་མོ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།འཁྲིག་སྤྱོད་ཙམ་ལས་སློབ་ཕྲུག་དགེ་རྒན།ཁྱིམ་ཚང་མ་མ་སོགས་གནས་ཕུད་གཏོང་པའི་གནས་ཚུལ་བྱུང་བ་རེད།ད་ལྟ་དེ་ཡིན་ན་དེ་འདྲ་མ་ཡིན་པར་མཐའ་གཅིག་ཏུ་མིའི་ཚེ་སྲོག་ལ་ཉེན་ཁ་ཡོད་སྟབས་ཐག་བཅོད་དང་ཞིབ་མཇུག་འཐུས་ཚང་བྱེད་རྒྱུ་ཀུན་གྱི་རེ་བ་ཡིན།དེ་ནི་རྒྱ་ནག་ནང་ཁུལ་མ་ཡིན་པར་རང་དབང་དང་མང་གཙོ་ཡིན་པའི་ས་ཁུལ་ཞིག་ཡིན་ཕྱིར་གནས་ཚུལ་ཁ་གསལ་མ་བྱས་ཚེ་དོན་ཆེན་ནང་གི་ཛབ་ཆེན་སྡུག་ཤོས་ཞིག་རེད་ལ་ངོ་ཚ་ཁྲེལ་མེད་བྱ་སྤྱོད་ཡང་རེད།

    Reply
  7. kunsal says:
    ལོ་ 16 སྔོན།

    རྡ་ཤོད་སློབ་གྲྭའི་སློབ་ཕྲུག་རྣམས་མྱུར་སྐྱོད་ཐུབ་པར་བདེ་ལེགས་སྨན་པ་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཞུ་རྒྱུ་ཡིན། དྲྭ་གྲོགས་འགའ་ཞིག་གིས་གསར་འགོད་པར་བཅར་འདྲི་དང་ལེན་མ་བྱས་པ་ཁྲིམས་འགལ་ཡིན་ལུགས་སོགས་གསུང་འདུག དེ་ལ་དེ་ཙམ་འགན་ལྗིད་མདོག་ཁ་བོ་གནང་དགོས་ཨེ་ཡོད་སྙམ། མྱུར་སྐྱོབ་དང་འབྲེལ་བའི་ལས་དོན་ལ་བྲེལ་ཟིང་ཡོད་པ་བརྗོད་མ་དགོས། གལ་སྲིད་བཅར་འདྲི་དང་ལེན་བྱས་ཡོད་ན་ཡང་གནོད་འཚེ་ཕོག་པའི་སློབ་ཕྲུག་ཚོའི་བདེ་ཐབས་ལ་ཕན་ཐོགས་ཅི་ཞིག་ཡོད། རྩ་བའི་བརྔོས་ཐུག་ལ་ཟ་སྣུམ་མང་དྲགས་པ་མ་རེད་ཟེར་དཀའ་ཡང་དེ་ཉིན་དངོས་ཐུག་སློབ་ཕྲུག་གཞན་པ་ཚོས་ཀྱང་བཏུང་ཡོད་སྲིད། འདིའི་རྒྱུ་རྐྱེན་ཇི་ཡིན་ཞིབ་འཇུག་ནན་ཏན་གནང་ནས་སླར་འདི་རིགས་མི་འབྱུང་བ་དང་། སྔོན་འགོག་བྱ་རྒྱུར་འབྲེལ་ཡོད་ཚང་མས་ཐུགས་སྣང་རྒྱུན་མཐུད་ཡོང་བའི་རེ་བསྐུལ་ཞུ།

    Reply
  8. fff says:
    ལོ་ 16 སྔོན།

    སློབ་གྲའི་ནང་གི་འབྲེལ་ཡོད་ཞིག་གིས་ལབ་ན་ཁ་ལག་རྙིང་པ་དང་སྣུམ་མང་དྲགས་སོང་བ་གང་ཡང་མ་རེད་ཟེར། དོན་ངོ་མ་ནི་ཐབས་ཚང་ནང་གཙང་མ་མ་བྱས་པར་རྫས་དུག་ཁ་ལག་ནང་འདྲེས་བ་རེད་ཟེར། སློབ་གྲའི་ཕྱི་བསྒྲགས་བྱེད་མི་ཆོག་ཞེས་་དམ་དྲག་བྱེད་ཀྱིན་འདུག་ཟེར། གསར་འགོད་པས་མ་ཆེན་དང་ལས་བྱེད་། སློབ་སྤྱི་སོགས་ལ་སྐད་ཆ་དྲིས་ནས་གནད་དོན་ངོ་མ་ཤེས་བ་བྱེད་དགོས།

    Reply
  9. ཀླུས་ says:
    ལོ་ 16 སྔོན།

    རྒྱལ་ཁབ་གཞན་པ་ཡིན་ན་ཛ་དྲག་གི་གནས་ཚུལ་འདི་འདྲ་བྱུང་སྐབས་གཞུང་གིས་དེ་ལ་ཉེན་རྟོག་པ་དང་སྨན་པ་འབྲེལ་ཡོད་མི་སྣ་སོགས་མཉམ་འདུས་གྱིས་ཞིབ་འཇུག་ཚོགས་པ་ཆེད་འཛུགས་བྱས་ནས་ཞིབ་འཇུག་བྱེད་སྲོལ་ཡོད་པ་རེད། ཤེལ་དཀར་བློ་བཟང་གིས་བྲིས་བ་བདེན་པ་རེད་ང་ཚོའི་ངོས་ནས་ད་ཐེངས་དེ་ལྟར་བྱེད་དགོས་ཚང་མས་ཤུགས་རྒྱག་རོགས།

    Reply
  10. རང་རིག་རྡོ་རྗེ་ཉི་མ། says:
    ལོ་ 16 སྔོན།

    གུས་པས་ཐོགས་མར་སློབ་ཕྲུག་ཚོ་བདེ་ལེགས་སྨན་ཁང་དུ་གང་མྱུར་ཕྱིན་ཐུབ་པ་དེ་ཡག་པོ་བྱུང་འདུག་ཞུ་རྒྱུ་དང་། ཕྱིན་ཆད་རྡ་ཤོད་བོད་ཁྱིམ་ཙམ་མིན་པར་སློབ་གྲྭ་གང་ཡིན་རུང་གནས་ཚུལ་འདིའི་རིགས་མ་ཡོངས་བར་གནང་རོགས་གནང་ཞུ་རྒྱུ་ཡིན།

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གནས་ཚུལ་འདིའི་རིགས་ངོ་མ་ཛ་དྲག་དང་འདི་དང་འདི་མ་ཡིན་གྱི་མཐའ་དཔྱོད་དཀའ་བ་ཞིག་ཀྱང་རེད། དཔེར་ན་སྨན་པས་བརྔོས་ཐུག (Chomein) རྙིང་པ་ཡིན་པ་དང་དེ་ལ་སྣུམ་འབད་དེ་མང་དྲག་པས་རེད་ཅེས་པའང་དཔྱད་གཞི་ཙམ་རེད། དེ་ཙམ་གྱིས་འདི་འདྲའི་གནས་སྟངས་ཁག་པོ་རེད། དེར་བརྟེན་དེའི་ཐོག་གསར་འགོད་པ་ཙམ་མ་ཡིན་པར་ང་ཚོ་ཚང་མས་ཉམ་ཞིབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།།

    Reply
  12. ཀླུས་ says:
    ལོ་ 16 སྔོན།

    གལ་སྲིད་ཟས་དུག་ཡིན་ན་གནས་ཚུལ་འདི་ལས་སློབ་གྲའི་སློབ་ཕྲུག་གི་ཟ་མར་འབྲེལ་ཡོད་ནས་དོ་སྣང་ཡག་པོ་བྱེད་གི་མེད་པའི་རྟགས་རེད། ཟས་སྡུག་མིན་ན་གནས་ཚུལ་འདི་རིགས་མྱུར་སྐྱོབ་ཐུབ་པ་བྱུང་ཡང་བྱུང་ལུགས་རྒྱ་རྐྱེན་ཚང་མར་དོ་སྣང་དང་ཞིབ་འཇུག་བྱེད་དགོས། མ་སུ་རི་བོད་ཁྱིམ་ནས་འཁྲིག་སྤྱོད་དོན་རྐྱེན་ཁྲོད་དགེ་ལས་མི་ཉུང་བ་ཕྱིར་ཕུད་བཏང་བ་ལས་གནད་དོན་འདིའི་ཐད་དེ་བས་ཐག་གཅོད་ནན་མོ་བྱེད་རྒྱུ་གལ། སློབ་ཕྲུག་ཁོ་ཚོ་ཕ་མའི་མིག་བལྟས་དང་མ་འོངས་བོད་གྱི་གསོན་རྩ་རེད། མ་སུ་རི་ནས་དུང་གསར་འགོད་པ་ནང་ལ་མ་བཏང་བ་ནི་དེ་བས་བྱ་སྤྱོད་ངན་པ་རེད།

    Reply
  13. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    བོད་གཞུང་བདེ་ལེགས་སྨན་ཁང་གི་སྨན་པ་ཚོར་ཐུགས་རྗེ་ཆེ་ཞུ།
    སློབ་ཕྲུག་འདི་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པས་སྨན་བཅོས་ཡག་པོ་གནང་རོགས་

    Reply
  14. སེར་ཆེན་ says:
    ལོ་ 16 སྔོན།

    གནས་ཚུལ་འདིའི་རིགས་ནི་ཤིན་ཏུ་ཛ་དྲག་ཡིན་ཕྱིར།འདི་གིའི་དུས་བབ་གསར་འགོད་པ་སོགས་སློབ་གྲའི་ནང་འཛུལ་དུ་མ་བཅུག་པ་ནི་ཧ་ཅང་སྡུག་ཅག་དང་ངོ་ཚ་མེད་པའི་གནས་ཚུལ་ཛབ་ཆེན་ནང་གི་དོན་ཆེན་རེད།སློབ་སྤྱི་དང་ལས་བྱེད་མི་སྣ་ཡོངས་ཀྱིས་འགན་ལེན་མ་བྱས་པ་དང་སློབ་མ་ཚོར་དོ་སྣང་དང་ཤ་ཚ་སོགས་མེད་པའི་རྟགས་མཚན་ཕྱི་རུ་མངོན་པ་རེད།རེ་བ་ལ་བཅར་འགོད་པ་ཚོའི་བཅར་འདྲི་དང་ལེན་གྱིས་གནས་ཚུལ་ཁ་གསལ་དོན་གསལ་དུ་འགོད་རྒྱུ་ནི་ང་ཚོའི་རེ་བ་སྙེག་ཅིག་གོ།

    Reply
  15. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    སྤྱིར་ཟས་དུག་ཡིན་པ་སྨོས་མེད་རེད། ཡིན་ནའང་། འབྲེལ་ཡོད་སྡེ་ཁག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་མ་བྱས་པ་དེས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་འབྱུང་རྒྱུར་སྐྱོན་བརྒྱབ་ཡོད།

    དེ་བཞིན་སྲང་གི་སྐད་ཆ་ལྟར་ན་གནས་ཚུལ་འདི་ལས་ཀྱང་ཚབས་ཆེན་ཡིན་སྐད་འདུག སང་ཉིན་དུས་ལྟར་སློབ་སྤྱིའི་སར་རྒྱུ་མ་ཕུ་འདེད་བྱེད་དུ་བཅར་རྩིས་ཡོད། སྐབས་དེར་གནས་ཚུལ་ངོ་མ་དང་ཞིབ་ཚགས་པོ་ཤེས་རྟོགས་ཡོང་རྒྱུའི་རེ་བ་ཡོད།

    Reply
  16. རྫ་སེར་དཀོན། says:
    ལོ་ 16 སྔོན།

    སྤྱིར་ནམ་དུས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ནང་འཕྲོད་བསྟེན་ལེགས་པོ་མེད་པས་དབང་གི་སློབ་ཕྲུག་ཚོར་ན་ཚ་ཕོག་སླ་བ་དང་ཟས་རིགས་སྔོ་ཚལ་སོགས་དེ་ཙམ་གཙང་མ་མེད་ཁར་མ་བྱིན་དང་ཐབ་ལས་བྱེད་མཁན་རྣམས་ཀྱིས་གཙང་མ་ཡག་པོ་མ་བཟོས་པའི་རྐྱེན་གྱིས་སློབ་ཕྲུག་ཚོར་ཟ་མ་མི་འཕྲོད་པ་དང་བཤལ་སྐྱུགས་སོགས་རྒྱ་གར་ནང་ཡོང་བཞིན་པ་རེད། འོན་ཀྱང་ད་ཐེང་གི་རྡ་ཤོད་སློབ་གྲྭའི་སློབ་མ་ཚོའི་ནད་ཡམས་འདི་ཡང་ཕྱོགས་ནས་བཤད་ན་འབྲེལ་བྱེད་ཚོས་ལན་པ་རེད། ད་ལྟ་ནད་པའི་འབོར་ལ་ལ་བལྟས་ན་དངོས་གནས་ཚབ་ཆེན་རེད་ལ་དེ་ལས་ཀྱང་ཚབ་ཆེ་བ་ཞིག་ནི། གསར་འགོད་རང་དབང་ལ་ངོ་ལེན་མ་བྱས་པ་དེ་རེད། གསར་འགོད་པའི་བརྗོད་དོན་ལྟར་ན་རྡ་ཤོད་སློབ་གྲྭའི་སློབ་སྤྱི་སོགས་ལས་བྱེད་སུ་གང་གི་གསར་འགོད་པའི་དྲི་བ་དང་ལེན་བྱེད་ཀྱི་མེད་སྐོར་བཤད་འདུག ང་ཚོ་བཙན་བྱོལ་གཞུང་གིས་དུས་རྟག་ཏུ་རང་དབང་ལུང་པར་གནས་པའི་བོད་པའི་སྒྲིག་འཛུགས་དེ་ལེགས་ཉེས་ཅི་ཞིག་བྱུང་ན་ཕྱི་གསལ་ནང་གསལ་ཡིན་ཞེས་སྐད་མགོ་མཐོ་པའི་སྟེང་ནས་བཤད་བཞིན་ཡོད་པ་དེ་ཚོ་དངོས་གནས་ཞིག་མ་ཡིན་པའི་བདེན་དཔང་སྟོན་གྱི་ཡོད་པ་མེད་འགྲོ དེ་མིན་ན་གནད་དོན་འདི་ཚོ་སྦས་གསང་བྱེད་དགོས་དོན་མེད་མོད། ཡང་མིན་ན་རྡ་ཤོད་སློབ་གྲྭའི་ནང་དུ་དགྲ་དགའ་གཉེན་སྡུག་གི་བྱ་བ་སྒྲུབ་མཁན་ཡོད་པར་ངོ་སྲུང་དང་བསྟུན་མཁས་བྱེད་དགོས་རྒྱུ་མེད་འགྲོ གསར་འགོད་པ་ནི་སྤྱི་ཚོགས་གང་རུང་ཞིག་ཏུ་ལེགས་གཉིས་གང་བྱུང་བ་རྣམས་དྲང་ཞིང་བདེན་པའི་ཐོག་ནས་སྤྱི་ཚོགས་ལ་གསལ་པོ་བཟོ་མཁན་ཞིག་ཡིན་པ་ལས་སྤྱི་ཚོགས་དཀྲུགས་ཤིང་བྱེད་མཁན་མིན་པ་ནི་གསར་འགོད་རང་དབང་ཚད་ལྡན་ཡོད་པའི་ཡུལ་གྲུ་ཚོར་བལྟས་ན་ཤེས་ངེས་པ་རེད།

    Reply
  17. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    བོད་གཞུང་བདེ་ལེགས་སྨན་ཁང་གི་སྨན་པ་ཚོར་ཐུགས་རྗེ་ཆེ་ཞུ།
    ད་ལྟའི་ཛ་དྲག་གི་གནས་ཚུལ་འདི་ལ་བོད་གཞུང་འཕྲོད་རྟེན་ལས་ཁང་གི་ནད་འདིའི་རྩ་བ་གང་ནས་བྱུང་བ་ཡིན་པར་བརྟགས་དཔྱད་ནན་མོ་བྱེད་རོགས་ཞེས་འབོད་སྐད་ཞུས་བ་ལགས།

    Reply
  18. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    ཟས་དུག་ཞིག་ཨེ་ཡིན་ནམ་འདོད་གི
    གང་ལྟར་ཛ་དྲག་གིས་གནས་ཚུལ་རེད། ད་དུང་སློབ་སྤྱི་སོགས་གསར་འགོད་པ་ལ་མ་ཐུགས་པ་དེ་བས་རྫབ་ཆེན་རེད།
    རང་སྐྱོན་མངོན་དུ་གྱུར་ཡང་ད་དུང་གབ་ནས་ཅི་ཞིག་ཕན

    Reply
  19. གཡུ་རལ་བཀྲ་རྒྱམ། says:
    ལོ་ 16 སྔོན།

    སློབ་མར་ཟས་དུག་ཕོག་པ་དེ་ངོ་མ་ཚབ་ཆེན་རེད། གསར་འགོད་པར་དེང་ལེན་མ་བྱས་བ་ནི་དེ་ལས་རྫབ་ཆེན་རེད།
    སློབ་མ་གྲངས་འབོར་འདི་ཙམ་ལ་ཟས་དུག་ཕོག་པ་དེ་ཐད་ཀར་དུ་འབྲེལ་ཡོད་ལས་བྱེད་ལ་རག་ལུས་ཡོད་པ་རེད། སློབ་གྲྭའི་འཕྲོད་བསྟེན་གྱི་མ་འདང་བས་རེད།
    གཡས་ཁག་གཡོན་དཀྲི་བྱེད་གང་ཡང་ཡོད་པ་མ་རེད། གསར་འགོད་པར་དང་ལེན་མ་བྱས་བ་དེ་ཡང་རང་སྐྱོན་འགེབས་པའི་ཐབས་ལམ་ཞིག་འཚོལ་བཞིན་པ་མ་རེད་དམ། ངོ་མ་རྫབ་ཆེན་གྱི་བྱ་བ་རེད། བོད་པ་ཚང་དྲི་མ་ངན་པ་ཟུར་ཞིག་བསྟན་འདུག།

    Reply
  20. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ཛ་དྲག་གི་གནས་ཚུལ་རེད། སློབ་ཕྲུག་འདི་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པས་སྨན་བཅོས་ཡག་པོ་གནང་རོགས་ཞེས་བདེ་ལེགས་སྨན་ཁང་ལ་འབོད་སྐུལ་ཞུ་རྒྱུ་ཡིན།

    སློབ་གྲྭའི་འབྲེལ་ཡོད་ལས་བྱེད་ནས་སློབ་མའི་ན་ཚར་ཁ་གཡར་ཏེ་འགྲེལ་བརྗོད་ག་རེ་བཟོ་གྲབས་བྱེད་ཀྱི་ཡོད་ན་བསམ་གྱི་འདུག

    འདི་སྐོར་རྡ་སའི་ཟིན་བྲིས་པ་ཚོ་དང་། གཞན་ཡང་གསར་འགོད་པ་ཚོས་རྒྱུ་མ་ཕུ་འདེད་ཅིག་གནང་རོགས།

    སྐབས་འདི་དང་བསྟུན་ནས་ཁྱོན་ཡོངས་ཀྱི་བོད་ཁྱིམ་སློབ་མ་ཚོའི་བདེ་སྡུག་གི་སྐོར་གཙོ་བོར་གྱུར་པའི་གནས་ཚུལ་ལ་ཞིབ་འཇུག་བྱེད་རོགས།

    དེང་སང་བོད་ཁྱིམ་གྱི་སྐོར་ལ་གནས་ཚུལ་མང་པོ་ཡོང་གི་འདུག་པས། ལས་བྱེད་པ་རེ་ཟུང་གི་ཁྱིམ་གཞི་མིན་པའི་བོད་ཁྱིམ་ལ་མང་གཙོའི་འགྲོ་ལུགས་ཀྱི་སྒོ་ནས་ཞིབ་འཇུག་བྱེད་དགོས་པ་འདུག

    Reply
  21. གནམ་ལྕགས། says:
    ལོ་ 16 སྔོན།

    འདི་ལ་ཟས་དུག་ཟེར་ཨེ་ཉན་མི་ཤེས། མཐའ་གཅིག་ཏུ་ཟ་མ་འདི་ཟོས་ནས་ཕོག་སོང་ཟེར་རྒྱུ་མེད་ན་ཟས་དུག་ཡིན་མིན་ལ་བརྟག་དགོས། གནས་ཚུལ་འདི་རིགས་སྔར་གསོག་སྒར་སློབ་གྲྭར་རྒྱུན་དུ་འབྱུང་གི་ཡོད། མཚམས་ལ་རེར་གསོག་སྒར་གྱི་སློབ་མ་བརྒྱ་ཆའི་དགུ་བཅུའི་གྲོད་ཁོག་བཤལ་དུས་ཀྱང་ཡོད། བཤལ་ནད་ཟེར་ནས་ཀྱང་བྱུང་རྒྱུ་ཞིག་ཡོད། གང་ལྟར་འདི་ཛ་དྲག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese