མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཀྱིས་དྲུད་དེ་དྲ་ཐོག་ལ་ཡོང་བ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཉིད་ཀྱིས་དྲུད་དེ་མལ་སར་འགྲོ་ཟེར་ཡང་།།
སེམས་ཀྱིས་འཐེན་ནས་དྲ་ངོས་འཛུལ་རོགས་ཟེར།།
མཐའ་མར་་སེམས་ཀྱི་ཤུགས་ལ་དབང་བཙན་སྟབས།།
དྲ་ངོས་འདི་ལ་ལྷོད་ཀྱིས་ཞུགས་ཁུལ་བྱས།།

ཟིན་བྲིས་མ་ཀློག་ཉིན་མ་གཉིས་གསུམ་སོང་།།
ཟིན་བྲིས་མ་སྤེལ་ཉིན་གཉིས་གསུམ་བཞིའི་བར།།
ཟིན་བྲིས་སྐོར་ལ་བསམ་གཞིགས་བྱེད་ཐེངས་རེར།།
ཟིན་བྲིས་རང་གི་ཟ་བཏུང་ལྟ་བུ་རེད།།

མེད་ན་མི་སྐྱིད་སེམས་ཀྱི་ཟས་ཤིག་རེད།།
ཡོད་ན་དཀའ་ཡི་དུས་ཚོད་ཁོམ་ལོང་དཀོན།།
ཡོད་མེད་དགའ་སྡུག་བསྲེས་པའི་འཚོ་བའི་ནང་།།
གཉིས་ཀྱི་བར་མཚམས་ཤིག་ན་གསོན་ཙམ་རེད།།

བོད་ཀྱི་སྙིང་རྩ་ཡོད་པར་འདོད་ན་ཡང་།།
བོད་དོན་ཏུལ་འབྲུ་ཙམ་ཡང་མ་སྒྲུབ་པར།།
ཁ་དང་ལྟོ་བའི་ཆེད་དུ་ཕྱི་ལ་ཉུལ།།
ཕྱི་ཡི་གྲོང་ནས་གཞན་མིའི་བྲན་དུ་གྱུར།།

དངུལ་སྒོར་ཡོང་བབས་ཡོད་པ་བདེན་ན་ཡང་།།
ཟ་བཏུང་འགྲོ་འདུག་ཕྱོགས་ཀྱི་ཆ་རྐྱེན་ནི།།
ཡུལ་ལུང་རྒྱ་གར་དང་ཡང་བསྡུར་ཐབས་མེད།།
འགྲོ་འདུག་གང་ཅིའི་ཐད་ལ་སྟབས་བདེ་ཡིན།།

ཕྱི་ལ་འགྲོ་ན་མཛའ་མོའི་རླངས་འཁོར་ཡོད།།
ནང་དུ་བསྡོད་ན་འཕྲུལ་བཟོས་ཟས་རིགས་མང་།།
ཕྱི་ལ་གོམ་པ་རྒྱག་དགོས་དཀའ་ངལ་མེད།།
ནང་ལ་ཟས་གོས་མི་འདང་སེམས་འཁྲལ་མེད།།

ཕྱི་ཡུལ་སྐྱིད་རབས་བཤད་ན་འདི་འདྲ་རེད།།
ཕྱི་ཡུལ་བཟང་རབས་བཤད་ན་དེ་འདྲ་རེད།།
ཡིན་ཡང་རང་དབང་ཟེར་བའི་ལྷོད་ལྷོད་དང་།།
མི་དང་མི་ཡི་བར་གྱི་འདུ་ཤེས་ཤིག།

ཉེ་དུ་གྲོགས་པོ་འཛོམ་ནས་དགའ་སྐྱིད་དང་།།
སེམས་དང་བསམ་པ་བསྲེས་ནས་གླེང་མོལ་དང་།།
གཅིག་གྲོགས་གཅིག་གིས་བྱེད་པའི་གོམ་གཤིས་སོགས།།
འདི་ན་བཙལ་ཡང་རྙེད་པ་རི་བོང་རྭ།།

སྐར་ཆའི་རྗེས་སུ་སེམས་ཀྱིས་མ་ཆོད་པར།།
སེམས་ཀྱི་རྗེས་ལ་ལུས་པོའི་མ་གཉོབ་པར།།
ཉིན་མཚན་མེད་པར་མི་ཚེ་ཐུང་ཐུང་དེ།།
རྟག་དུ་བྲན་གཡོག་བྱེད་པ་ཨ་རེ་སྐྱོ།།

ཉིན་ཁ་ཤས་ཤིག་གི་རིང་ལ་གུང་གསེང་དུ་མཚོ་དམར་པོའི་འགྲམ་དུ་སོང་བ་ཡིན། དེར་འགྲོ་ཁར་མཛའ་མོའི་ང་ལ་རེ་སྐུལ་ཞིག་ཞུས་པ་དེ་ནི་ལག་ཁྱེར་གློག་ཀླད་མ་འཁྱེར་རོགས། ང་ཚོ་སོང་ནས་ལྷོད་ལྷོད་ཅིག་བསྡོད་ཟེར་བའི་ངོ་གདོང་ལ་བལྟས་དེ་བཞག་པ་ཡིན། དོ་ནུབ་ཕྱིར་སླེབས་དུས་དངོས་ནས་ཐང་ཆད་ཡོད་ཀྱང་། དྲ་ཐོག་གི་གནས་ཚུལ་དག་ཤེས་འདོད་ཀྱིས་འདྲུད་དེ་འོང་བའི་སྙན་ངག་འདི་གཉོབ་སྣང་དང་བཅས་དེ་བྲིས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༥ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. sha tak ri sim says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་འཚོ་ལགས། བདག་གིས་སྐད་ཆ་ཞིག་ཉིད་ལ་བཤད་ནོར་བྱས་པ་ལྟ་བུ་ཞིག་ཉིད་ནས་གསུངས་ཀྱི་འདུག གལ་སྲིད། ཉིད་ལ་ཚིག་དེ་འདྲ་ཞིག་གིས་འཕོག་ཐུག་འདྲ་ཤོར་ཡོད་ན་དགོངས་དག་ཞུས་པ་ཡིན། བདག་གིས་དུས་རྒྱུན་དུ་བུད་མེད་ཀྱི་ལས་དབང་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་ཀྱི་ཡོད་པ་ལས། ནམ་ཡང་ངན་དུ་བལྟ་བ་དང་མཐོང་ཆུང་བྱེད་འདོད་མེད་ལགས། ཉིད་ནི་དངོས་ནས་བུད་མེད་ཅིག་ཡིན་ཚེ། དེ་བས་ཀྱང་དགའ་བསུ་ཡོད། ངེད་ཀྱི་ཟིན་བྲིས་སུ་ཡང་ཡང་ཕེབས་པ་དེར། ངས་དེ་ལྟར་ཞུ་དོན་ནི་དེང་སང་དྲ་ངོས་འདི་ན་སྐྱེ་བ་བུད་མེད་ཀྱི་མིང་འཁུར་མཁན་མི་ཉུང་བ་ཞིག་ཡོད་པས་ཡིན། དེ་མིན་གང་ཡང་མེད།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    ཕུན་ཚོགས་ལགས། ཉིད་ནས་དེ་ལྟར་གསལ་བཤད་ལྷུག་པོར་བྱས་པ་སྐུ་དྲིན་ཆེ་ལགས། རྗེས་སུ་ཡང་དེ་ལྟར་ལམ་སྟོན་རེ་དང་བསམ་ཚུལ་ལྷུག་པོར་གསུང་དུ་ཕེབས་ཤོག་ཨ་་་ སྒོ་ཕྱེ་ནས་བཞག་ཡོད་

    Reply
  3. Tentsetso says:
    ལོ་ 15 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ཉིད་ཀྱིས་<མཚམས་རེར་ཉིད་ཀྱིས་སྐད་ཆ་བཤད་ཕྱོགས་སུ་བལྟས་ན་བུད་མེད་ཅིག་ལོས་ཡིན་བསམ་པ་ཞིག་གི་ཚོར་བ་སྟེར་གྱི་འདུག་>ཞེས་གསུངས་པ་དེ་ལ། ང་རང་ཅུང་ཐེ་ཚོམ་དང་ཡིད་མ་རངས་བ་ཞིག་བྱུང་། གང་ཡིན་ཟེར་ན་ཉིད་ནས་བུ་མོ་རྣམས་དྲ་ཐོག་ལ་ཡོང་དཀོན་པ་དང་། ཡང་ན་ཡོང་བའི་འཇོན་ཐང་མེད་པ། ཡོད་ཀྱང་ལབ་གླེང་གི་སྐད་ཆ་ཉུང་བ་ཞིག་ལ་གཞི་བཅོལ་ནས་ང་མོ་ཞིག་ཡིན་མེད་ཀྱི་དོགས་པ་སྐྱེ་བ་ཡིན་ནམ། འོ་ན་ལྟ་ཚུལ་གང་གི་ཐོག་ནས་ཐེ་ཚོམ་བྱེད་དགོས་པ་བྱུང་ངམ། གང་ལྟར་ཉིད་ནས་ཀྱང་བུ་མོ་ཚོ་ལ་ལྟ་ཚུལ་ཧ་ཅང་དམའ་བོ་ཞིག་བཟུང་འདུག སྐབས་འདིར་ངས་ང་བུ་མོ་ཞིག་ཡིན་ཞེས་དྲ་ཐོག་ལ་གསལ་བཤད་བྱེད་དགོས་པ་མིན་ནམ་སྙམ།

    Reply
  4. phuntsok says:
    ལོ་ 15 སྔོན།

    སེམས་ཀྱིས་དྲུད་དེ་ཟེར་དགོས་རྒྱུ་རེད་པ། སེམས་ཀྱིས་འདྲུད་དེ་ལབ་ན་ཅུང་བདེ་བོ་མི་འདུག་སྙམ། རྩོམ་བྱང་མཐོང་འཕྲལ་སྐད་འདི་བཞག་པ་ཡིན། དེ་མིན་དྲ་ཚིགས་ལ་ཞུགས་རྒྱུ་ཞེ་དྲག་དགའ་བོ་ཡོད་པ་ནི་སུས་ཀྱང་དགའ་བསུ་བྱ་དགོས་ས་དེ་ཡིན།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    ནཱ་གྷཱ་རཀྵ་ལགས། ཉིད་རང་སྐུ་མགྲོན་ཐོག་མ་བྱས་དེ་ཕེབས་པ་དེར་དགའ་ཡོད་ལགས། རྗེས་སུ་ཡང་ཕེབས་རྒྱུ་མ་བརྗེད་ཅིག བསམ་ཚུལ་བཟང་ངན་གང་ཡིན་ཡང་ཡག་ཉེས་ཤིག་གསུང་རོགས་ཞུ།

    ཨ་བཙན་པོ་ལགས། ཉིད་ཀྱིས་བརྡ་འཕྲིན་ཐུང་ཐུང་འདི་ཀློག་ཟིན་པ་ཡིན། བཀའ་དྲིན་ཆེ། རྒྱང་རིང་ས་ཞིག་ནས་ཡོད་དུས། ཚོགས་ཐོག་དངོས་ལ་འགྲོ་རྒྱུའི་བསྐལ་བ་མེད་ཀྱང་། དུས་ཚོད་དམ་འཛིན་གྱིས་དྲ་ངོས་ནས་ཀློག་ཐུབ་པར་ཡིད་ཆེས་ཡོད།

    བསྟན་འཛིན་ཚེ་འཚོ་ལགས། མཚམས་རེར་ཉིད་ཀྱིས་སྐད་ཆ་བཤད་ཕྱོགས་སུ་བལྟས་ན་བུད་མེད་ཅིག་ལོས་ཡིན་བསམ་པ་ཞིག་ཚོར་བ་སྟེར་གྱི་འདུག ཡིན་ཡང་། ཉིད་ནས་བུད་མེད་ཀྱི་མིང་ཞིག་འཁུར་ནས་ངེད་ཀྱི་ཟིན་བྲིས་སུ་ཐེངས་མི་ཉུང་བ་ཞིག་ལ་ཕེབས་པ་དེར་དགའ་ནས་ཡོད། རྗེས་ཕྱོགས་ཀྱང་སྐྱེ་བ་དང་བུད་མེད་ཀྱི་བར་ལ་བཤད་འདོད་པའི་སྐད་ཆ་གོང་གི་དེ་འདྲ་ཡོད་ན་གསུང་རྐྱང་བྱོས། ངས་ཉན་ནས་འདུག

    Reply
  6. Tentsetso says:
    ལོ་ 15 སྔོན།

    གྲོགས་ལགས། ངོ་མ་ཨ་ཐང་ཆད་འདུག དྲང་མོར་ཡིན་ཚེ་གྲོགས་ཀྱི་འདོད་ཕྱོགས་དང་བསྟུན་དགོས་པ་རེད། སྐྱེས་པ་ཚོ་ལ་ངན་ཞིག་དང་འཁྱོག་ཞིག་ཡོད་པ་ནི། རང་ཉིད་ཁོ་ན་ལ་བསམ་བློ་གཏོང་བ་ལས་ཚེ་ཡ་ལ་བསམ་ཞིབ་དེ་འདྲ་མི་བྱེད་པ་དེ་ཡིན། ད་ཐེངས་ཁྱོད་ཀྱིས་བསྒྲུབ་པ་འགྲིག་འདུག

    Reply
  7. crowboy says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཕྱི་ལོ་ 2010 ཟླ 9 ཚེས་ 26 རེས་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོ་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་བོད་གཞུང་ཟློས་གར་ཁང་དུ་སཱ་ར་མཐོ་སློབ་དང་། ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ་བཅས་ཀྱི་དང་བླངས་སློབ་མ་ཁག་གིས་མི་རབས་གསར་པའི་བཀའ་ཁྲིའི་བགྲོ་གླེང་ཞེས་པ་ཞིག་བཀོད་བསྒྲིགས་བྱས་འདུག ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་གུས་པས་ཟིན་བྲིས་སུ་ཕེབས་པར་ཞུ། ཟིན་བྲིས་ཁ་བྱང་https://tibettimes.net/wordpress/blogs.php?id=305&post_id=11689

    Reply
  8. lingkalsang says:
    ལོ་ 15 སྔོན།

    ཕྱིར་དྲ་ཐོག་ཡོང་བར་དགའ་ཡོད། ཁྱེད་རང་མེད་དུས་རྩོམ་ཡིག་ཀློག་རྒྱུར་ཇེ་ཉུང་ལ་སོང་བ་རེད། ཁྱེད་རང་ཡོད་དུས་རྩོམ་ཡིག་ཀློག་རྒྱུར་ཇེ་མང་ལ་སོང་བ་རེད། ང་རྩོམ་ཡིག་མང་པོ་ཀློག་རྒྱུར་དགའ་བོ་ཡོད། དེ་ཙང་ཕྱིར་སླེབས་པ་དགའ་ཡོད། གུང་སེང་སྐྱིད་ཞིག་བྱུང་ཡོད་པའི་སྨོན་མདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese