མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་མཇུག་འབྲས། – ཨ་ཀ་སྤེན་པ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཀའ་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་གཉིས་བསླེབ་ལ་ཉེ་བའི་མཚམས་འདིར་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདི་ནི་ཆབ་སྲིད་ཀྱིས་འཁྲུགས་ཆ་དོད་ལ།  ལམ་འགྲམ་གཡས་གཡོན་གྱི་བརྩིགས་པ་ཐམས་ཅད་སྦྱར་ཡིག་གིས་གང་བའི་ཕྱི་ལོ ༡༩༣༠ སོ་གྲངས་ཡན་མན་གྱི་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ལྟ་བུ་ཞིག་རེད་འདུག་ཅེས་བཤད་པ་ལྟར་རེད།

འདི་ནི་ཕྱོགས་གཅིག་ནས་རང་ཉིད་རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་རང་དབང་དང་། རང་ཉིད་ཀྱི་དམངས་གཙོ་ཡོངས་རྫོགས་རང་ཉིད་ཀྱིས་ལོངས་སུ་སྤྱོད་པའི་མདུན་སྐྱོད་ཀྱི་རྣམ་པ་ཞིག་དང་།   དམངས་གཙོ་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་འགྲོ་བའི་རྣམ་པ།  བཙན་བྱོལ་བོད་མི་རྣམས་དེང་རབས་ཀྱི་རྗེས་སུ་སྙེགས་སྟེ།  བོད་མིའི་རྩ་དོན་དང་སྤྱི་ཚོགས་ལ་དོ་སྣང་ཆེ་རུ་ཕྱིན་པའི་རྣམ་པ་བཅས་དེ་རིང་གི་འཁྲུགས་ཆ་དོད་པའི་འོས་བསྡུ་འདིའི་གསེང་ནས་མཐོང་ཐུབ་པ་ཞིག་རེད།

འོན་ཀྱང་ཡང་ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན།  འཁྲུགས་ཆ་འདི་ནི་ཆོལ་ཁ་དང་ཆོལ་ཁའི་བར།  ཆོས་ལུགས་དང་ཚོགས་པ།  ལུང་ཚན་དང་ལུང་ཚན་བར་གྱི་ཕྱོགས་ཞེན་དང་།  འཐེན་ཁྱེར་ཀྱིས་བཞེངས་པའི་འཁྲུགས་ཆ་ཞིག་ཀྱང་མིན་མི་སྲིད་པ་རེད།   ད་དུང་འདིའི་ཁྲོད་ནས་དཔོན་པོས་དབང་ཤུགས་ཀྱིས་འོས་གཞི་སྒྱུར་བ།  གྲོགས་པོ་དང་ཉེ་འབྲེལ་གྱིས་འོས་གཞི་སྒྱུར་བ།  རྒྱུ་དང་དཔལ་འབྱོར་གྱིས་འོས་གཞི་སྒྱུར་བ་སོགས་གང་ཟང་སྒེར་གྱི་རང་དབང་དང་།  ཐོབ་ཐང་ཡོད་ཚད་འཕྲོག་པའི་འཇམ་རྩུབ་སྣ་ཚོགས་ཀྱི་ལས་འགུལ་འདྲ་མིན་ཞིག་ཀྱང་འཁྲུགས་ཆ་འདིའི་ཁྲོད་ནས་མཐོང་ཐུབ་པ་ཞིག་རེད།

ད་ལྟ་འཁྲུགས་ཆ་དོད་པའི་ལས་འགུལ་འདི་དག་ནི་སུས་ཀྱང་ཡག་ཉེས་ཕྱེ་མི་ཐུབ་ཀྱང་།  བསླེབ་ལ་ཉེ་བའི་སྐབས་གསུམ་པའི་བཀའ་ཁྲིའི་འོས་ཤོག་དེས་ཁ་ཚོན་གསལ་པོ་གཅོད་རྒྱུ་རེད། འདི་ལ་བརྟེན་ནས་རྒྱལ་སྤྱི་ཡི་སྤྱི་ཚོགས་དང་།  ང་ཚོའི་ཁ་ཐེག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ།  མ་ཟད་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་དམངས་བཅས་ནས།  བཙན་བྱོལ་བོད་མིའི་བཟང་ངན་གྱི་ངོ་གདོང་དངོས་གནས་དེ་བཀའ་ཁྲི་འོས་འདེམས་འདི་ལ་བརྟེན་ནས་མཐོང་ཐུབ་གྱི་རེད།

དེ་བརྟེན་ང་ཚོས་ངེས་པར་དུ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་འདི་ཡི་ཞབས་འདྲེན་མི་ཞུ་བའི་ཆེད་དུ་དང་།  མ་འོངས་པའི་བོད་ལ་བསམ་གཞིག་བྱས་ཏེ། མི་ངན་གྱིས་ཟེར་ཁ་རྗེས་དང་གཡོ་འོག་ཏུ་མ་ཚུད་པར་རང་ཉིད་ཀྱི་རང་དབང་རང་ཉིད་ཀྱིས་ལོངས་སུ་སྤྱད་དེ་བཀའ་ཁྲི་སྐབས་གསུམ་པ་དེ་འདེམས་སྟངས་མ་ནོར་བ་ཞིག་ངེས་པར་བྱ་དགོས་སྙམ།

༼ སྤེན་པ་ཚེ་རིང་གི་ཟིན་བྲིས་ལས་འདྲེན་བཀོད་བྱས ༽

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 3

  1. ཨ་ཀ་སྤེན་པ། says:
    ལོ་ 16 སྔོན།

    དབང་སྒྱུར་ཅེས་པ་ནི་མི་གྲགས་དང་དཔོན་གྲགས་སོགས་ཀྱིས་རང་ཉིད་ཀྱི་འདོད་ཕྱོགས་དེར་རང་མངའ་འོག་གི་མི་རྣམས་ཀྱང་དེར་ཞུགས་རྒྱུའི་སྐུལ་འདེགས་སྣ་ཚོགས་བྱེད་མ་ཟད། གལ་སྲིད་དེ་ལྟར་མ་བྱེད་ན་ཞེས་རྗེས་ཕྱོགས་ཁོང་དང་འབྲེལ་བ་མེད་ཅེས་བརྗོད་ལྟ་བུ་སྒེར་ཤུགས་ཅན་གྱི་དབང་སྒྱུར་བྱེད་སྟངས་ཤིག་རེད།
    དཔེ་ན་རྒྱ་རི་སྒྲོལ་མ་ལྷོ་ཕྱོགས་སུ་ནམ་རྒྱུན་རྒྱུ་དངོས་ཀྱི་འབྲེལ་ཡོད་ཚོར་སྐད་ཆ་བཤད་སྟངས་ཤིག་གི་མཚོན་ཆོག
    དཔོན་པོས་དབང་སྒྱུར་ནི་དཔེ་ན་ལྷོ་ཕྱོགས་མོན་གྷོ་གཞིས་འགོ་ཡིས་གཞུང་འབྲེལ་མིན་པའི་རང་ཉིད་ཀྱི་འདོད་ཕྱོགས་དང་མཐུན་པའི་མི་ཡིན་ཚེ་མི་དམངས་རྣམས་ཡོངས་དགོས་པའི་བཀའ་བཏང་བ་དང་།
    དགོན་པ་ཁག་ཏུ་གཞུང་འབྲེལ་མིན་པ་ལ་གཏམ་བཤད་བྱེད་མི་ཆོག་པར་ཁོང་གིས་ངོས་སྦྱོར་སྤྲད་དེ་གཞུང་འབྲེལ་དུ་བསྒྱུར་བ་སོགས་ཡོད།
    ད་དུང་ཡོད་རྗེས་མ་ནས།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    ད་ཆ་བྱེ་བྲག་དབྱེ་ནས་ཞིབ་མོ་རྣམ་འཐག་གིས་དཔྱད་དགོས་པ་ལས་བམ་བཤད་ཙམ་གྱིས་ཅི་ཕན། དཔེར་ན་ས་ཆ་གང་ན་དཔོན་པོ་སུས་གང་ལ་དབང་ཇི་ལྟར་བསྒྱུར་བ་ཁ་གསལ་འབྲི་དགོས་པ་ལས། ཇི་བཞིན་བརྗོད་པའི་རྩོམ་ཡིག་དག་ནི་མི་དཀྱུས་མ་གང་མང་ཞིག་ལ་འོས་བསྡུའི་ཆ་ཤས་ལེན་པའི་འགོག་རྐྱེན་ནོ།། ངའི་གྲོགས་པོ་ཉི་མ་དང་ཟླ་བ་གཉིས་ལ་མཚོན་ན། ཤེས་ཡོན་མེད་ཁར་དུས་རྒྱུན་དོ་སྣང་མེད། ངས་འོས་མ་བླུག་ན་བོད་མི་རིག་ལ་མཐོང་ཆུང་བྱས་ཚུལ། དེ་ཡང་གཞོན་སྐྱེས་ཤིག་ཡག་ཚུལ་སོགས་བཤད་པས་ད་ཆ་ཨང་གསར་རེད། འདི་ཡང་དབང་བསྒྱུར་ཅིག་གམ།

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 16 སྔོན།

    མགོ་ན་གིན་འདུག འོས་གཞི་འདོན་མཁན་མང་གྲགས་པས་མགོ་ན་གིན་འདུག
    བཟང་རབ་རྒྱན་རབ་གིས་རྒྱུ་མཚན་རི་འདྲ་རེ་བཤད་རྒྱུ་འདུག ལུས་ངལ་སོང་བས་མི་ལྕོག་གི ད་མགོ་ཐིམ་རྒྱབ་དེ་ཉལ་བསྡད་ན་ཏག་ཏག་རེད
    ཨ་ཀ་སྤེན་པ་ལགས་བདེན་གི་འདོད
    ད་འདི་ལྟར་ཆས་ན་འབྱུང་འགྱུར་སྤྱི་མཐུས་དག་ཕར་ཆེར་ཡིད་ལ་ཤར་ཡོང་ཚོད་དུ་འདུག
    བཀའ་སྤྱི་ཡང་དེ་མཚུངས་རེད
    རེ་བ་ཞིག་ཡོད་པ་ནི འབྱུང་འགྱུར་གྱི་བཀའ་སྤྱི་དེ་ རྒན་གཞོན་ཉམས་མྱོང་སོགས་མང་དག་ཞིག་བཤད་བཞིན་པ་འདི་རེད དེར་བརྟན་དེ་དག་གི་རྟགས་མཐའ་དང་ཆད་མཐར་མ་ལྷོང་བ་ཞིག་གིས་ཐོག་ནས་བཀའ་སྤྱི་འདེམས་རྒྱུ་དེ་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese