མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་ཞི་བདེ་གཟེངས་རྟཊ་རྒྱ་རིཊ་ལིག་ཞོ་པོ་ལ་ཐོབ་ཐལ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བྷེལ་གཟེངས་རྟགས་དེ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྲིད་དོན་བཙོན་པ། རྩོམ་པ་པོ་ལིག་ཞོ་པོ་ལ་སྤྲོད་རྒྱུའི་ཐག་གཅོད་བྱུང་མ་ཐག འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་གིས་དགའ་བསུའི་རྟེན་འབྲེལ་ཞུ་ཡིག་ཕུལ་ཡོད།  

ཁ་སང་ཕྱི་ཚེས་ ༨ ཉིན་ཕྱི་ལོ་ ༢༠༡༠ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་ད་ལྟ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྲིད་དོན་བཙོན་པ། རྩོམ་པ་པོ་ལིག་ཞོ་པོ་ལ་སྤྲོད་རྒྱུའི་གསལ་བསྒྲགས་བསྐྱངས་མ་ཐག ༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་གཉིས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་བསྩལ་ཡོད་ཅིང་། ནོར་ཝེ་སྲིད་འཛིན་གཙོས་པའི་འཇར་མན་དང་ཧྥ་རན་སི། ཐེ་ཝན། བྷེལ་རྗམ་སོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་བཅས་ནས་གཅིག་རྗེས་གཉིས་མཐུད་དུ་རྟེན་འབྲེལ་ཞུ་ཡིག་ཕུལ་ཡོད།

 

ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་བཀོད་དོན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེ་གཉིས་བར་འབྲེལ་བ་ཟབ་མོ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། འདས་པའི་མི་ལོ་བཅུ་ཕྲག་འགའི་རིང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། དཔལ་འབྱོར་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆ་སྙོམས་ཐོག་ཡར་རྒྱས་ཕྱིན་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ཆར་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨང་གཉིས་པར་བསླེབས་ཏེ། མི་དམངས་ས་ཡ་མང་པོ་དབུལ་ཕོངས་ཀྱི་དཀའ་སྡུག་ལས་གྲོལ་བཞིན་ཡོད་ཅིང་། གོ་སྐབས་འདི་དང་བསྟུན་ཏེ་ཆབ་སྲིད་གནས་བབ་ཀྱང་གུ་ཡངས་སུ་གཏོང་རྒྱུའི་གོ་སྐབས་ཡོད་པ་མ་ཟད། འདི་དང་ཆབས་ཅིག་རྒྱ་ནག་གི་ཆབ་སྲིད་ལ་འགན་འཁྲི་ཆེན་པོ་ཞིག་ཀྱང་ཡོང་གི་ཡོད། ཅེས་དང་།

རྒྱ་ནག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཆོད་མང་པོར་ས་རྟགས་བསྐྱོན་པའི་གྲས་སུ་ཡོད་ཀྱང་། དུས་ཡུན་རིང་པོར་རྩིས་མེད་རྡོག་རོལ་དང་ཆབ་སྲིད་ཐོབ་ཐང་ལ་གཏོར་བཤིག་གཏོང་གི་ཡོད། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༣༥ ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡོངས་ལ་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་རྒྱུ་དང་། གསར་འགོད་རང་དབང་། འདུ་འཛོམས་རང་དབང་། དེ་བཞིན་བསམ་ཚུལ་མི་མཐུན་པ་དང་ལྟ་གྲུབ་མི་མཐུན་པའི་རིགས་ཀྱིས་གཞུང་ལ་གཏུག་བཤེར་དང་། ངོ་རྒོལ་སྐད་འབོད་སོགས་ཀྱི་ཐོབ་ཐང་ཡོད་པ་སོགས་བཀོད་ཡོད། ཅེས་བསྟན་འདུག

 

དེར་མུ་མཐུད་བཀོད་དོན། འདས་པའི་མི་ལོ་བཅུ་ཕྲག་གཉིས་རིང་། ལིག་ཞོ་པོ་ཡིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་སུ་ལས་དོན་ཤུགས་ཆེན་སྤེལ་ཞིང་ ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་ནང་ཞུགས་ཡོད། ༢༠༠༨ ལོར་བརྩམས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་། ཆབ་སྲིད་ལམ་ལུགས་བཅོས་སྒྱུར་དགོས་པའི་རྩོམ་ཡིག་སྤེལ་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ཏེ། མི་ལོ་ ༡༡ གི་ཁྲིམས་ཆད་དང་ལོ་ ༢ ཀྱི་ཆབ་སྲིད་དབང་ཆ་འཕྲོགས་ཡོད། དེ་ནི་རྒྱ་ནག་གཞུང་གིས་མུ་མཐུད་རྩ་ཁྲིམས་ཀྱི་ནང་དོན་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་འཛོལ་བྱེད་ཀྱི་ཡོད། གནས་སྟངས་དེ་དག་འོག་ལིག་ཞོ་པོ་ནི་མིག་དཔེར་བལྟ་འོས་པའི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་རླབས་ཆེན་ཞིག་ཡིན། ཞེས་བཀོད་ཡོད།

 

ལིག་ཞོ་པོ་ཡི་བཟའ་ཟླ་ལིག་ཞོ་ཞཱ་ཡིས་ཐེངས་འདིར་ལིག་ཞོ་པོ་ལ་རྒྱབ་སྐྱོར་གནང་མཁན་ཅཱེག་སྤྱི་མཐུན་རྒྱལ་ཐུབ་ཀྱི་སྲིད་འཛིན་ཟུར་བ་བཱ་ཟི་ལ་ཧྭ་ཝར་དང་། ༧གོང་ས་ཏཱ་ལའི་བླ་མ། ཡུ་ཤེའི་བླ་ཆེན་ཁྲོའུ་ཁྲོའུ་བཅས་ལ་ཐུགས་རྗེ་ཆེ་ཞུས་འདུག་ལ། ཁོང་མོས་བཟའ་ཟླ་ལིག་ཞོ་པོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་འདི་ལ་བརྗོད་མི་ཤེས་པའི་དགའ་ཚོར་ཞིག་བྱུང་ཞིང་། འདི་དང་མཉམ་དུ་སྐྱོ་སྣང་ཞིག་ཀྱང་སྐྱེས་བྱུང་། དེ་ནི་ལིག་ཞོ་པོ་ཁོང་དང་མཉམ་དུ་གཏམ་བཟང་འདིར་རོལ་བའི་གོ་སྐབས་མེད་སོང་བ་དེ་རེད་ཅེས་དང་། རྒྱ་ནག་གཞུང་ལ་ལིག་ཞོ་པོ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལིག་ཞོ་པོ་ཁོང་ད་ལྟ་རྒྱ་ནག་བྱང་ཤར་ལེའོ་ཉིན་ཞིང་ཆེན་ནང་ཁྲིད་ཡོད་པའི་གནས་ཚུལ་ཉེན་རྟོག་པའི་ཁ་ནས་གོ་སོང་། ཟླ་རྗེས་མར་ང་ཁོང་ལ་ཐུག་འཕྲད་དུ་བསྐྱོད་རྒྱུ་ཡིན་ལ། སྐབས་དེར་ཁོང་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད་པ་བཤད་ཐུབ་གི་རེད། ཅེས་བརྗོད་འདུག

 

རྒྱ་རིགས་རྩོམ་པ་པོ་ལིག་ཞོ་པོ་ལགས་ནི་ད་ལྟ་རང་ལོ་ ༥༤ ཡིན་ཞིང་། ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྐབས་ཁོང་ཨ་རིར་ཡོད་ཀྱང་། གནས་ཚུལ་དེ་ཐོས་མ་ཐག་འཕྲལ་དུ་རྒྱ་ནག་ནང་ཕྱིར་ལོག་བྱས་ཤིང་། ལས་འགུལ་དེའི་ནང་མཉམ་ཞུགས་ཀྱིས་སྣེ་འཁྲིད་པའི་འགན་བཞེས་ཡོད།  འོན་ཀྱང་། སྐབས་དེར་རྒྱ་གཞུང་གིས་ལས་འགུལ་དེར་དྲག་གནོན་བྱས་ཏེ་སློབ་ཕྲུག་སྟོང་ཕྲག་མང་པོ་བསྡེབས་གསོད་བྱས་ཤིང་། ལིག་ཞོ་པོ་ཡང་འཛིན་བཟུང་བྱས་ཏེ་ལོ་གཉིས་ལ་བཀག་ཉར་གྱིས་ ༡༩༩༡ ལོར་ཀློད་གྲོལ་བཏང་ཡོད། ཁོང་གིས་དུས་རྒྱུན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་གཏོང་དགོས་པ་དང་། ཚོགས་པ་གཅིག་གིས་སྒེར་སྡོམ་བྱས་པའི་སྲིད་ལུགས་དེར་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་ཏེ་ ༡༩༩༦ ལོར་སླར་ཡང་འཛིན་བཟུང་བྱས་ཏེ་ལོ་གསུམ་ལ་ཏེ་ངལ་རྩོལ་བསྒྱུར་བཀོལ་གྱི་བཙོན་དུ་བཅུག

༡༩༩༩ ལོར་ཀློད་གྲོལ་ཐོབ་ཀྱང་མུ་མཐུད་དེ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་དང་། ལྷག་པར་དུ་བོད་ཀྱི་གནད་དོན་གཙོས་པའི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་དེ་དྲང་བདེན་མིན་པའི་སྐྱོན་བརྗོད་སྔར་ལས་ཤུགས་ཆེ་རུ་བཏང་ཞིང་། ཕྱི་ལོ་ ༢༠༠༨ ལོར་ ༼ ཕྱི་ལོ་ ༢༠༠༨ ལོའི་རྩ་འཛིན་ཡིག་ཆ ༽ ཞེས་པའི་ཡིག་ཆ་དེ་རྩོམ་སྒྲིག་བྱས་ཏེ། ཁོང་གཙོས་པའི་རྒྱ་རིགས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་བ། དེ་བཞིན་ལས་རིགས་འདྲ་མིན་སྟེང་གི་ཤེས་ཡོན་ཅན་དང་། གཞི་རིམ་མང་ཚོགས་དཀྱུས་མ་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་གིས་ས་རྟགས་བསྐྱོན་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་སྟབས། རྒྱ་གཞུང་གིས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ལེའོ་ཉེན་ཞིང་ཆེན་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན་གྱི་ཉེས་མིང་བཏགས་ཏེ་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 50

  1. དུག་མདའ། says:
    ལོ་ 15 སྔོན།

    མི་ཤེས་མི་ཤེས། དགྱ་རྒན་ཁ་སྣ་ཚང་བ་ཞིག་འདུག་ཟེར་བར་ཧ་ལས་ནས་རྒྱུས་ལོན་བྱེད་རྒྱུ་མ་བྱུང་།

    Reply
  2. བརྩེ་ཀུན་ཁྱབ། says:
    ལོ་ 15 སྔོན།

    རྒྱ་ནག་གི་སྐུ་ཞབས་ལིག་ཞོ་པོ་ལ་འཛམ་གླིང་ཆེ་མཐོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་ཁོང་ལ་དགའ་བསུའི་བརྟེན་འབྲེལ་སྙིང་ནས་ཞུ་བཞིན་ཡོད།

    Reply
  3. བརྩེ་ཀུན་ཁྱབ། says:
    ལོ་ 15 སྔོན།

    སྐུ་ཞབས་ལིག་ཞོ་པོ་ནི་དམངས་གཙོ་དང་རང་དབང་དོན་གཉེར་བ་ཚད་ལྡན་ཡིན་པའི་དཔང་རྟགས་སུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་གནང་བ་ལ་ང་ཚོ་ཤར་ཕྱོགས་ཨེ་ཤ་ཡ་དང་འཛམ་གླིང་ཞི་བདེ་ལ་སྐྱོད་ཐུབ་པའི་མོས་པ་ཡོད་མཁན་ཡོངས་ཀྱི་སེམས་ནང་ལ་ཞི་བདེའི་མེ་ཏོག་གསར་བ་ཞིག་འཁྲུངས་སུ་གཅུག་ཡོད་པས་སྐུ་ཞབས་ཁོང་ལ་དགའ་བསུ་དཔག་མེད་ཞུ་རྒྱུ་དང་ཁོང་གི་མ་འོང་པའི་མདུན་སྐྱོད་ལ་བར་ཆད་མེད་པར་སྨོན། བཀྲ་ཤིས་བདེ་ལེགས་ཁྲི་ཁྲི་འབུམ་འབུམ་ཞུ།

    Reply
  4. བློ་བཟང་། says:
    ལོ་ 15 སྔོན།

    རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལེའོ་ཞོ་པོ་མཆོག་ལ་ཞི་བདེའི་གཟེང་རྟགས་ཐོབ་པར་དགའ་སུ་ཞུ།

    Reply
  5. རྨེ་གླིང་གདོང་ནག says:
    ལོ་ 15 སྔོན།

    བཀུར་བར་འོས་པའི་སྐུ་ཞབས་ལིག་ཞོ་པོ་ལ་རྟེན་འབྲེལ་ཞུ།།

    Reply
  6. རིག་འཛིན། says:
    ལོ་ 15 སྔོན།

    དོན་དངོས་ཐོག་ནས་སྐུ་ཞབས་ལིག་ཞོ་པོར་འཚམས་འདྲི་ཞུ་བཞིན་ཡོད་ད།

    Reply
  7. རྨོངས་སད་སྒྲོན་མེ། says:
    ལོ་ 15 སྔོན།

    དྲང་བདེན་གྱི་་གནས་ལུགས་རང་སྲོག་ལྟར་འཛིན་མཁན་རྩོམ་པ་པོའམ་མང་གཙོ་འཐབ་རྩོད་པ་གྲགས་ཅན་ལེའོ་ཞུ་པའུ་ལགས་ལ་་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བ་དེར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྩོམ་པོ་ཁོང་ལ་་བཅོས་མིན་གྱི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

    Reply
  8. དགྲ་འདུལ། says:
    ལོ་ 15 སྔོན།

    རྩོམ་པ་པོ་ལིག་ཞོ་པོ་ལ་མཆོག་ལ་ལོ་འདིའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཁོང་མྱུར་དུ་ཀློད་གྲོལ་ཡོང་བའི་རེ་བ་ཡོད།

    Reply
  9. གནས་ཚང་། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་ཙམ་མ་ཡིན་པར་རྒྱ་ནག་མཁས་པའི་ཁྲོད་ལྟ་སྟངས་གཉིས་ཐོན་ཡོད་པ་རྒྱ་ཡིག་གི་བརྒྱུད་ལམ་ཁག་ཏུ་འདུག ཕྱོགས་གཅིག་གིས་རྒྱ་ནག་མང་གཙོ་བསྒྱུར་བའི་དེད་དཔོན་དུ་བཤད་ཀྱི་ཡོད་པ་དང་། ཕྱོགས་གཅིག་གིས་ཁོང་གི་བརྩམས་ཆོས་དང་གཏམ་བཤད་གཙོ་བོ་འགའ་ལུང་དྲངས་ནས་རྒྱ་ནག་དམར་ཤོག་ཚོགས་པར་མཉམ་འབྲེལ་གྱིས་སྲིད་དབང་དེ་ཡུན་བསྲིངས་ཐབས་ཀྱི་ལག་ཆ་གཞན་ཞིག་ཏུ་འགྱུར་སྲིད་པར་བརྗོད་བཞིན་པས། ཉུང་མཐར་རྒྱ་ནག་པ་ཡོངས་ལ་གུས་བརྩི་ཡོད་མཁན་ཞིག་ཏུ་འགྱུར་ཁག་པོ་རེད། ཀློག་པ་པོ་ཡོངས་དང་དྲ་མཁན་ལྷན་རྒྱས་ནས་དེ་ལུགས་ཞོར་དུ་ཤེས་གལ་ཆེ་བར་འདོད།

    Reply
  10. སྐྱ་ཀ says:
    ལོ་ 15 སྔོན།

    དེ་རིང་གནས་ཚུལ་དགའ་སྐྱོ་འདྲས་མའི་ངང་ཚུལ་ཞིག་མངོན་འདུག

    Reply
  11. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    རྩོམ་པ་པོ་ལེའོ་ཞོ་པོ་ལགས་ཁྱེད་ཀྱིས་དངོས་སུ་གཟེངས་རྟགས་འདི་བཞེས་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་ཡོད།
    དྲང་བདེན་དང་གནས་ལུགས་ཀྱི་ཞི་བདེ་ཡི་གཟེངས་རྟགས་ཁྱེད་ངོ་མ་གོམ་ཁ་གང་ལ་སྤོ་ན་ང་ཚོའི་མི་རིགས་འདི་ཁྱེད་ཀྱི་རྗེས་བསྙེགས་ཡོང་ངེས་ཡིན།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ལིའུ་ཞའོ་པོ། ལེའུ་ཞོ་པོ། ལི་ཞ་བོ། ལི་ཞོ་པོ། ལིའུ་ཞོ་པོ། ལི་ཞི་པོ། ལེའོཞོ་པོ། ལེའོ་ཞོལ་པོ། ལིག་ཞོ་པོ། ལོའོ་ཞོ་པའོ།
    གཟེངས་རྟགས་གཅིག་རང་དེ་མི་འདི་འདྲའི་མང་པོ་ཞིག་ལ་ཇི་ལྟར་སྤྲོད་དགོས་སམ། རྩེད་མོ་ཡིན།
    འདི་ལྟར་བསྟུན་མེད་རང་མགོ་གང་མཐོ་བྱས་ནས་འགྲོ་རྒྱུ་ཡིན་ན་བརྡ་ཆད་གཅིག་གྱུར་ཟེར་བ་ཕ་རིའི་སྤང་རྒྱན་མེ་ཏོག་རེད་དོ། །འབྲི་ཚུལ་མི་འདྲ་བ་འདི་དག་རྩོམ་ཡིག་འདི་དང་འོག་མཆན་འདི་དག་གཅིག་པུའི་ནང་ནས་རྙེད།

    Reply
  13. མིག་གསུམ་པ། says:
    ལོ་ 15 སྔོན།

    རྒྱ་ནག་གི་བཙོན་འོག་ཏུ་མནར་གཅོད་སྡུག་གྱོང་མྱོང་བཞིན་པའི་བཙོན་པ་ཞིག་ལ་ཞི་བདེ་གཟེངས་རྟགས་ཐོབ་པ་འདིས་དྲང་བདེན་ཟེར་བ་ཞིག་བཙལ་ན་རྙེད་རྒྱུ་ཡོད་པ་ཞིག་བསྟན་འདུག་ལ ཕྱོགས་གཞན་ཞིག་ནས་བརྗོད་ན་སྐུ་ཞབས་ལིག་ཞོ་པོའོ་ཡིས་ཀྱང་ལོ་མང་རིང་དཀའ་ངལ་མོད་པོ་གདོང་དུ་བླངས་པར་གྲུབ་འབྲས་བླ་ན་མེད་པ་ཞིག་ཐོབ་པ་རེད། གང་ལྟར། རྒྱ་ནག་གི་ལོ་རྒྱུས་སུ་ནམ་ཡང་བསུབ་ཏུ་མེད་པའི་མི་བུའི་ཐོབ་ཐང་གི་སྒོ་མོ་ཞིག་གསར་དུ་བྲིས་པར་འདོད་ཡོད།

    Reply
  14. གངས་རི། says:
    ལོ་ 15 སྔོན།

    ཁ་སང་རྒྱ་རིགས་ལོའོ་ཞོ་པའོ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་གནས་ཚུལ་བཙན་བྱོལ་གྱི་གསར་ལམ་དུ་སླེབས་པ། བོད་ཀྱི་དུས་བབ་ཨང་དང་པོ་ཆགས་ཡོད་ལ། དེ་རིང་ཞིབ་ཕྲའི་གནས་ཚུལ་བཀོད་པ་ཡང་ཧ་ཅང་རྒྱས་བསྡུས་འཚམས་པ་ཞིག་ཆགས་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    བོད་རྒྱལ་ལོ།
    ལོའོ་ཞོ་པའོ་རྒྱལ་ལོ།

    Reply
  15. ཀ་ཉག་ཚེ་རིང་། says:
    ལོ་ 15 སྔོན།

    སྐུ་ཞབས་ལིག་ཞོ་པོ་ལ་རྟེན་འབྲེལ་ཞུ། གཟེངས་རྟགས་འདི་ལིག་ཞོ་པོ་ལ་ཐོབ་པ་རེད་ལ། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དེ་ལའང་ཐོབ་པ་རེད། དེ་བས་ཀྱང་ཚོགས་པ་གཅིག་གི་སྒེར་སྡོམ་འོག་གི་ལུས་ངག་ཡིད་གསུམ་བསྡམས་བཀྱིགས་བྱས་ཀྱང་འགུལ་གྱིན་པའི་དམངས་གཙོ་དང་རང་དབང་དོན་དུ་གཉེར་པའི་རྒྱ་བོད་ཀྱི་དཔའ་བོ་དཔའ་མོ་ཡོངས་ལ་ཐོབ་པ་ཞིག་ཀྱང་ཡིན་པས་དངོས་གནས་དགའ་འོས་པ་ཞིག་རེད།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ཁ་སང་ཕྱི་དྲི་ནས་༼ཞིབ་ཕྲའི་གནས་ཚུལ་ད་ལྟ་འབྲི་བཞིན་ཡོད།༽ཅེས་བྲིས་འདུག དྲ་བ་གཞན་པ་ཚང་མས་གནས་ཚུལ་ཅུང་ཞིབ་ཕྲའི་ངང་བཀོད་ཚར་འདུག ཁྱེད་ཚང་གིས་ད་དུང་ཡང་ཞིབ་ཕྲ་མ་ཕྲིས་སམ།
    དྲ་གྲོགས་གསར་འགྱུར་ལ་བལྟས་ཏེ་མཆན་བུའང་སུམ་ཅུ་སོ་གྲངས་ལ་སླེབས་འདུག ད་ཞིབ་ཕྲའི་གནས་ཚུལ་ནམ་འབྲི་གི་ཡིན། ཧ་ཧ་ཧ
    རྩེད་མོ་ཡིན་ལགས།
    ད་ལོའི་ཞི་བདེ་གཟེངས་རྟགས་སྐུ་ཞབས་ལེའོ་ཞོ་པོ་ལ་ལགས་ལ་སྤྲད་དེ་ནོར་མི་འདུག་སྙམ། ན་ནིང་ཨོ་བྷ་མར་སྤྲད་པ་དེ་ད་ཅིག་ཅིག་ནོར་སོང་བར་སྙམ། ནག་རྡོ་བོ་དེར་ད་སྟེར་དགོས་ནས་མིན་མོ། ཧེ་ཧེ་ཧེ

    Reply
  17. ལྷ་ལུང་ says:
    ལོ་ 15 སྔོན།

    འཛམ་གླིང་ཞི་བདེའི་དེད་དཔོན་སྐུ་ཞབས་ལེའོ་ཞོ་པོ་ལ་བཀྲིས་བདེ་ལེགས་ཞུ།།

    Reply
  18. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    fཁོང་གི་བཟའ་ཟླ་ལོའུ་ཞ་ཡིས་དེ་རིང་་AFPགསར་ཁང་ལ་ཁ་པར་བརྒྱུད་བཤད་པ་ལྟར་ན་མོས་ཧ་ཅང་གི་གཏམ་བཟང་འདི་ཐོས་བས་དགའ་སྤོབས་ཀྱིས་བསྡོད་ཐུབ་ཀྱི་མི་འདུག དེར་བརྟེན་དེ་རིང་གི་གཏམ་བཟང་འདི་བརྒྱུད་ནས་ལོའུ་ཞོ་པོ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། གོ་སྐབས་འདི་བརྒྱུད་ནས་ངས་རྒྱ་ནག་གཞུང་ལ་ཡང་བསྐྱར་ཚ་འདྲི་ཐེངས་གཅིག་བྱེད་ཟེར། ད་དུང་མོས་བཤད་པ་ལྟར་ན་ཉེན་རྟོགས་པས་སང་ཉིན་མོ་ལོའི་ཉིན་ལ་ཁྲིད་ཟེར། དེར་བརྟེན་གཟའ་སྤེན་པའི་ཉིན་མོས་ཁྱོ་

    Reply
  19. འཇམ་གྲགས says:
    ལོ་ 15 སྔོན།

    རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལེའོ་ཞོ་པོ་ལ་ཞི་བདེའི་གཟེང་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཡོད། རྒྱ་ནག་གི་གནོན་ཤུགས་ལ་མི་འཇིགས་པར་ཞི་བདེའི་ཚོགས་ཆུང་ལ་ཡང་བཀྲ་ཤིས་བདེ་ལེགས་ཞུ། ད་ལན་རྒྱ་མིའི་གནོན་ཤུགས་ནུས་མེད་གྱུར་པ་དེའི་སླད་ཕྱིན་རྒྱལ་སྤྱིའི་ལས་འགུལ་གཞན་ལ་ཡང་འགྱུར་བ་ཐེབས་སྲིད་ལ་བོད་དོན་ལ་ཡང་ཕན་སྲིད།

    Reply
  20. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    རྩོམ་པ་པོ་ལེའོ་ཞོ་པོ་ལགས་ཁྱེད་ཀྱིས་དངོས་སུ་གཟེངས་རྟགས་འདི་བཞེས་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་ཡོད།
    དྲང་བདེན་དང་གནས་ལུགས་ཀྱི་ཞི་བདེ་ཡི་གཟེངས་རྟགས་ཁྱེད་ངོ་མ་གོམ་ཁ་གང་ལ་སྤོ་ན་ང་ཚོའི་མི་རིགས་འདི་ཁྱེད་ཀྱི་རྗེས་བསྙེགས་ཡོང་ངེས་ཡིན།

    Reply
  21. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཞབས་ལེའོ་ཞོལ་པོ་ལ་ནོ་བྷོལ་ཞི་བདེ་གཟེངས་རྟགས་པར་དགའ་བསུ་ཞུ།

    བོད་ཀྱི་བུད་མེད་ཚེ་རིང་འོད་ཟེར་ལགས་ཀྱིས་མུ་མཐུད་དེ་འབད་འབུངས་བྱས་ན་ཁོང་ལ་སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་ཐོབ་པའི་རེ་བ་ཆེས་ཆེར་ལྡན།

    Reply
  22. རྟུལ་ཕོད། says:
    ལོ་ 15 སྔོན།

    ལེའོ་ཞོ་པོར་ནོ་ཝེའི་གཟེངས་རྟགས་ཐོབ་པ་ནི་རྒྱ་མི་རིགས་ཀྱིས་མིའི་རིགས་ལ་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དཔལ་ཡོན་ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་བ་ཡིན་པས།རྒྱ་མི་རིགས་གཙོས་འགྲོ་མི་ཡོངས་ཀྱིས་དགའ་བསུ་ཞུ་དགོས་པ་ཞིག་ཡིན་ཡང་།སྒེར་གཅོད་སྲིད་གཞུང་གིས་དེ་ལས་ལྡོག་སྟེ་རྒྱ་ནག་གི་ཁྲིམས་ལ་གཏོར་བཤིག་རྒྱག་མཁན་ཞིག་ལ་ནོ་ཝེའི་ཞི་བདེའི་གཟེངས་རྟགས་སྤྲད་པ་གཟེངས་རྟགས་ཀྱི་ཆེ་མཐོང་ལ་གནོན་ཚུལ་བཤད་པ་ནི་སྐྱུག་དྲི་ཁ་བའི་སྨྱོ་གཏམ་བསྒྲགས་པ་རང་རེད

    Reply
  23. འཇམ་དབྱངས says:
    ལོ་ 15 སྔོན།

    དངོས་གནས་ཡག་པོ་ཞེ་དྲག་རེད་རྗེས་སུ་ཡི་རངས་ཡོད། ལེའོ་ཞོ་པོ་ལ་རྟེན་འབྲེལ་གྲངས་མེད་ཞུ།།

    Reply
  24. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    རྒྱ་རིགས་རྩོམ་པ་པོ་ལེའོ་ཞོ་པོ་ལ་བཀྲ་ཤིས་བདེ་ལེགས་ཡང་ཡང་ཞུ།

    Reply
  25. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    འདི་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་རྒྱ་རིགས་ཤིག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཨང་དང་པོ་ཡིན་ལ། འདི་ནི་རྒྱ་རིགས་དུང་ཕྱུར་བཅུ་གཉིས་ཁྲོད་ཀྱི་མི་གཅིག་ལ་ནོ་བྷེལ་གཟེངས་རྟགས་ཐོབ་པ་ཐོག་མ་དེའང་ཆགས་ཡོད།

    Reply
  26. མངའ་རིས་བུ། says:
    ལོ་ 15 སྔོན།

    ཆུ་ཐིག་སྔོན་མོ་ལགས།
    བོད་གཞུང་སྣེ་ལེན་ཁང་དུ་དོན་རྐྱེན་ཅི་ཞིག་ལྷག་འདུག་གམ།
    ཁྱེད་ཀྱིས་གསང་བ་མིན་པའི་སྐད་ཆ་ཞིག་ཡིན་ན་ང་ཚོར་གསར་འགྱུར་གོ་རྒྱུར་གུགས་ནས་བསྡད་ཡོད་པས་གསུང་རོགས།

    Reply
  27. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ།
    རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ།

    Reply
  28. གླང་དར་མ། says:
    ལོ་ 15 སྔོན།

    རྒྱ་རིགས་དམངས་གཙོ་ཐབས་རྩོད་པ་ལེའོ་ཞོ་པོ་ལ་འཛམས་གླིང་ཞི་བདེའི་བྱ་དགའ་གནང་རྒྱུའི་ཁྱབ་བསྒྲགས་་གནང་བའི་ཉིན་མོ་དེར་ང་རྒྱལ་པོ་གླང་དར་མས་སྙིང་དབུས་ནས་མཚམས་འདྲི་བཀྲིས་བདེ་ལེགས་ཞུ།།།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟཊ་རྒྱ་རིགས་ལེའོ་ཞོ་པོ་ལ་ཐོབ་པར་དགའ་བསུ་ཡོད།

    Reply
  30. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    སྐུ་ཞབས་ཁོང་ལ་བཀྲ་ཤིས་བདེ་ཞུ་རྒྱུ་ཡིན། འདི་ནི་འཛིན་གླིང་ལ་སྲིད་དོན་གྱི་ས་ཡོམ་ཆེན་པོ་ཞིག་རྒྱག་རྒྱུའི་སྔོན་བརྡ་ཞིག་ཡིན་ལ། བོད་མི་རིགས་གཙོས་དྲང་བདེན་གྱིས་འཕུང་པའི་མིའི་རིགས་ཡོངས་ལ་རྒྱལ་ཁ་ཐོབ་པའི་སྔོན་རྟགས་ཤིག་ཀྱང་ཡིན། ཧ་ཅང་དགའ་པོ་བྱུང་། དྲང་བདེན་ལ་རྒྱབ་བསྐྱོར་བྱེད་མཁན་རྣམས་ལ་བཀྲིན་ཆེ་ཞུ་བ་ཡིན།

    Reply
  31. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    རྒྱ་རིགས་ལེའོ་ཞོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བཀྲིས་བདེ་ལེགས་གྲངས་མེད་ཞུ། འདི་ནི་དགའ་དགོས་པའི་གནས་ཚུལ་རེད།

    Reply
  32. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྩོམ་པ་པོ་ཁོང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཡག་པོ་རེད་དངོས་གནས་ཡག་པོ་རེད།
    དྲ་གྲོགས་ཚོ་་་་དེང་སང་བོད་གཞུང་དབུས་སྣེ་ལེན་ཁང་དུ་དོན་རྐྱེན་ཞིག་ལྷག་འདུག་ཟེར་བ་ཞིག་གོ་ཐོས་འདུག་པས་ཁྱོད་ཚོས་གོ་སོང་ངམ། དོན་ཐག་འདི་སྐུ་ངོ་ཚོས་གཅིག་རྒྱབ་གཅིག་གིས་བཀབ་ཡོད་པས་ད་དུང་ཡོངས་ཁྱབ་ཅིག་བྱུང་མེད་པ་འདྲ།

    Reply
  33. རྟུལ་ཕོད། says:
    ལོ་ 15 སྔོན།

    ༢༠༡༠ལོའི་ནོ་ཝེའི་ཞི་བདེའི་རྟགས་མ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལེའོ་ཞོ་པོ་ལ་ཐོབ་པར་དགའ་བསུ་གྲངས་མེད་ཞུ་རྒྱུ་ཡིན།ཁོང་ལ་རྟེན་འབྲེལ་ཡོད།དྲང་བདེན་ལ་རྒྱབ་སྐྱོར་ཞུ་པ་ནོ་ཝེའི་ཞི་དབེའི་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།འདི་ནི་རྒྱ་མི་རིགས་ཀྱིས་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ཡང་རྒྱ་གཞུང་གིས་ངོས་ལེན་མི་ཐུབ་པ་ནི་ངོ་ཚ་ཞིག་ཅི་ལ་མིན།

    Reply
  34. མངའ་རིས་བུ། says:
    ལོ་ 15 སྔོན།

    རྒྱ་རིགས་དམངས་གཙོ་དོན་གཉེར་དེ་ལ་ཞི་བདེའི་གཟེང་རྟགས་ཐོབ་པར་དགའ་བསུ་ཞུ།
    འོན་ཀྱང་དེ་ཙམ་གྱིས་དགའ་སྣང་ཐོབ་གྱི་མི་འདུག
    དེ་ནི་རྒྱ་ནག་རྒྱལ་ཁབ་འདི་ཁྱབ་གྲགས་ཀྱི་གྲོགས་ལྟ་བུ་ཞིག་ལས་ཕན་ཐོགས་དེ་ཙམ་ཡོང་མདོག་ཁ་བོ་མ་རེད།
    དཔེར་ན།་མི་ཚོས་ཏིང་ཤི་རྗེས་རྒྱ་ནག་དེ་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང།
    གང་ཡང་བྱུང་མ་སོང།
    དེ་ནས་ཧོང་ཀོང་ལེན་དུས་རྒྱ་ནག་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    དེ་ནས་ཧུ་ཅིན་ཐའོ་ལོ་གཞོན་ཞིག་རྒྱ་ནག་གི་སྲིད་སྟེགས་སུ་སླེབ་པར་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    དེ་ནས་རྒྱ་ནག་དམར་པོའི་གཞུང་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བར་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    དེ་ནས་རྒྱ་ནག་ལ་ཨོ་ལིམ་བྷིག་རྩེད་འགྲན་སྐབས་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    ད་རྒྱ་རིགས་ལི་ཞ་བོ་དེ་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོ་པར་ཡང་བོད་རེ་བ་ཅན་དེ་ཚོས་གནམ་ས་བླ་ལོག་རྒྱབ་རྒྱུའི་རེ་བ་བཅང་སོང་དེ་ཡང་གང་ཡང་འབྱུང་གི་མ་རེད།
    དཔེར་ན།
    རྒྱ་གར་ལ་མཚོན་ན་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དང་སྨྲ་བརྗོད་རང་དབང་ཆེ་ཤོས་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ཀྱང་ཀ་ཤི་མིར་རི་དང་འབྲས་ལྗོངས་སོགས་ལ་ཇི་ལྟར་བྱེད་ཀྱི་མི་འདུག་གམ།
    ད་བོད་རེ་བས་ཕོངས།
    བོད་རེ་བས་ཕོང།
    བོད་རེ་བས་ཕོངས།
    བོད་རེ་བས་ཕོངས།
    བོད་རེ་བས་ཕོངས།

    Reply
  35. མངའ་རིས་བུ། says:
    ལོ་ 15 སྔོན།

    རྒྱ་རིགས་དམངས་གཙོ་དོན་གཉེར་དེ་ལ་ཞི་བདེའི་གཟེང་རྟགས་ཐོབ་པར་དགའ་བསུ་ཞུ།
    འོན་ཀྱང་དེ་ཙམ་གྱིས་དགའ་སྣང་ཐོབ་གྱི་མི་འདུག
    དེ་ནི་རྒྱ་ནག་རྒྱལ་ཁབ་འདི་ཁྱབ་གྲགས་ཀྱི་གྲོགས་ལྟ་བུ་ཞིག་ལས་ཕན་ཐོགས་དེ་ཙམ་ཡོང་མདོག་ཁ་བོ་མ་རེད།
    དཔེར་ན།་མི་ཚོས་ཏིང་ཤི་རྗེས་རྒྱ་ནག་དེ་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང།
    གང་ཡང་བྱུང་མ་སོང།
    དེ་ནས་ཧོང་ཀོང་ལེན་དུས་རྒྱ་ནག་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    དེ་ནས་ཧུ་ཅིན་ཐའོ་ལོ་གཞོན་ཞིག་རྒྱ་ནག་གི་སྲིད་སྟེགས་སུ་སླེབ་པར་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    དེ་ནས་རྒྱ་ནག་དམར་པོའི་གཞུང་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བར་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    དེ་ནས་རྒྱ་ནག་ལ་ཨོ་ལིམ་བྷིག་རྩེད་འགྲན་སྐབས་གནམ་ས་བླ་ལོག་རྒྱབ་ཀྱི་རེད་ཅེས་བཤད་སོང་གང་ཡང་བྱུང་མ་སོང།
    ད་རྒྱ་རིགས་ལི་ཞ་བོ་དེ་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཐོ་པར་ཡང་བོད་རེ་བ་ཅན་དེ་ཚོས་གནམ་ས་བླ་ལོག་རྒྱབ་རྒྱུའི་རེ་བ་བཅང་སོང་དེ་ཡང་གང་ཡང་འབྱུང་གི་མ་རེད།
    དཔེར་ན།
    རྒྱ་གར་ལ་མཚོན་ན་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དང་སྨྲ་བརྗོད་རང་དབང་ཆེ་ཤོས་ཅན་གྱི་རྒྱལ་ཁབ་ཞིག་ཡིན་ཀྱང་ཀ་ཤི་མིར་རི་དང་འབྲས་ལྗོངས་སོགས་ལ་ཇི་ལྟར་བྱེད་ཀྱི་མི་འདུག་གམ།
    ད་བོད་རེ་བས་ཕོངས།
    བོད་རེ་བས་ཕོང།
    བོད་རེ་བས་ཕོངས།
    བོད་རེ་བས་ཕོངས།
    བོད་རེ་བས་ཕོངས།

    Reply
  36. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ཞི་བདེའི་གཟེངས་རྟགས་ཀྱི་གོང་ཚད་ནི་དངོས་ནས་གང་ལ་ཐུག་ཡོད་པ་དེ་ལ་བསམ་བློ་ཞིབ་མོ་ཞིག་གཏོང་ཁག་པོ་འདུག མཚམས་རེར་ཆབ་སྲིད་ཀྱི་ལག་ཆ་ཁོ་ན་ལྟ་བུ་ཞིག་ཆགས་འདུག ན་ནིང་ཨོ་བྷ་ལ་མ་སྤྲད་སོང་། ད་ལོ་རྒྱའི་བཙོན་དུ་ཡོད་པའི་གཞོན་སྐྱེས་རྒྱ་རིགས་རྩོམ་པ་པོ་ཁོང་ལ་སྤྲད་པ་རེད། སང་ལོ་བོད་ནང་གི་ཉེས་མེད་བཙོན་པ་ལོ་མང་རིང་དུ་ཤི་གསོན་གར་གནས་མི་ཤེས་པའི་བྱིས་པ་ལོ་དྲུག་སྐབས་དུ་བོར་ཟིན་པའི་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཡི་ཡང་སྤྲུལ་ལ་གནང་ཐུབ་ན་ད་གཟོད་དངོས་ནས་ལྟད་མོ་ཡོད་པ་རེད། ཁོང་གིས་ལས་ཀ་གང་ཡང་བྱས་མེད་ཟེར་ན། ལས་ཀ་གང་ཡང་བྱས་མེད་ན་ཁོང་ཉིད་དོན་མེད་ཤི་གསོན་གར་ཡོད་མི་ཤེས་བཙོན་དུ་འགྲོ་དོན་མེད་པ་དེའོ།

    Reply
  37. ཟླ་བ་གཞོན་ནུ། says:
    ལོ་ 15 སྔོན།

    ལིའུ་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ཐོབ་པ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།

    Reply
  38. མེ་རི says:
    ལོ་ 15 སྔོན།

    འདི་ནི་བདེན་དོན་གྱི་དར་ཆ་བསྒྲིང་བའི་དཔའ་རྒོད་ཁོང་གི་ཚེ་སྲོག་ལ་རིན་ཐང་ཡོད་པའི་རྣམ་འགྱུར་ཞིག་དང་། བདོན་དོན་དང་གནས་ལུགས་ནི་སུས་ཀྱང་བཅོས་སུ་མེད་པ་ཞིག་ཡིན་པའི་རྟགས་མཚན་དུ་གསལ་བ་རེད།

    Reply
  39. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    རྒྱ་རིགས་དེ་ལ་ནོ་སྦེལ་ཞི་བའི་བྱ་དགའ་ཐོབ་པར་དགའ་པོ་བྱུང་། ད་ལྟ་ཁོ་རང་དང་འདྲ་བའི་བོད་པའི་སྲིད་དོན་བཙོན་པ་སྒྲོལ་མ་སྐྱབས་དང་། ཞོགས་དུང་སོགས་བོད་གངས་ཅན་པའི་བདེ་སྡུག་གླེང་མཁན་དེ་དག་ལ་ཡང་ནོ་སྦེལ་ཞི་བའི་བྱ་དགའ་དང་། ཡང་ན་ནོ་སྦེལ་རྩོམ་རིག་བྱ་དགའ་སོགས་སྤྲོད་དགོས་པའི་ལས་འགུལ་སྤེལ་དགོས་ཀྱི་འདུག དེ་འདྲ་ཞིག་མ་རེད་དམ། ལི་ཞོ་པོ་ཁོ་རང་ལ་ཆ་བཞག་ན་རྒྱ་ནག་གི་སྡུག་བསྔལ་རྩོམ་རིག་གི་ལམ་ནས་གླེང་མཁན་ཞིག་རེད། དེ་ནི་བོད་མི་དེ་ཚོ་དང་གཅིག་པ་རེད། མ་རེད་པས།

    Reply
  40. གནམ་ལྕགས། says:
    ལོ་ 15 སྔོན།

    ཨོ། དགྱ་ནག་གི་ཡ་ཁོག་ན་སྙིང་ཡོད་པ་དག་གིས་བསམ་བློ་གཏོང་ཤེས་ན། སྐུ་ཞབས་ཁོང་གིས་ལོ་ངོ་ལྔ་སྟོང་གི་ཟིན་ཐོ་གཏོར་བ་རེད་ལ། མི་གྲངས་དུང་ཕྱུར་བཅོ་ལྔའི་ཟིན་ཐོ་གཏོར་བ་རེད།

    Reply
  41. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་རྩོམ་སྒྲིག་པ་དོན་འགྲུབ་བཀྲིས་ཀྱིས་ད་ལྟ་རང་ཁ་པར་ཡོང་ནས་གབ་ཚིག་བཤད་པ་དེ་རེད་འདུག འདིས་ནི་དངོས་གནས་ཧུའུ་ཅིན་ཐའོ་ཡི་སྣ་གདོང་ལ་གཞུས་ནས་ཁྲག་དམར་ཙར་སེ་བཏང་བ་ལས་ཡན་རེད། དཔའ་རྒོད་ཁོང་གིས་མི་རིགས་དུང་ཕྱུར་བཅུ་ཕྲག་ཅིག་དང་ལྷག་པར་དུ་བོད་རང་གི་དོན་ལ་དྲང་བདེན་གྱི་སྐད་ཆ་བཤད་པ་དང་སྙན་ཞུ་བྲིས་པའི་གྲུབ་འབྲས་ལ་གནམ་རྒན་མས་ཁ་གྲག་པ་རེད་འདུག

    མི་འདི་ལྟ་བུ་ལ་སྤྲོད་པ་ནི་ང་ཚོའི་དྲང་བདེན་གྱི་ཕྱོགས་ལ་བསམ་བློ་གཏོང་མཁན་དག་གི་རྒྱལ་ཁ་རེད།

    Reply
  42. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དངོས་གནས་དྲང་གནས་དེ་རིང་ཡིན་ན། འཛམ་གླིང་དྲང་བདེན་གྱི་ལམ་ཁར་བསྐྱོད་པའི་བརྡ་རྟགས་ཤིག་ཐོན་འདུག ཁོང་་ལ་ཐོབ་པ་སེམས་གཏིང་ནས་དགའ་ཡོད་ལ། མང་གཙོ་དོན་གཉེར་གྱི་རྒྱ་རིགས་ཤིག་ལ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  43. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ད་ལྟ་རང་བྷེ་བྷེ་སི་ཚང་གིས་༧གོང་ས་མཆོག་གིས་ནོར་བྷེལ་ཞི་བདེའི་གཟེངས་རྟོགས་སྐོར་ལ་བཀའ་སློབ་གནང་བ་དང་ཁོང་གི་དགོངས་ཚུལ་སྐོར་ཞིག་བཤད་ཀི་འདུག གང་ལྟར་དེ་རིང་བྷེ་བྷེ་སི་ཚང་གིས་རྒྱ་ནག་ལ་སྡིག་པ་དང་ལི་ཞོ་པོ་ལ་བསྟོད་པ་མཉམ་དུ་འཐེན་གི་འདུག ལྟོས་དང་ལྟད་མོ་ཡོད་ཁུ།

    དེ་མིན་ང་བོད་རིགས་ཡིན་རུང་ངས་རྒྱལ་ཁོངས་གཅིག་ཡིན་པའི་མང་གཙོ་དོན་གཉེར་བ་ལི་ཞི་པོ་ལ་འཚམས་འདྲི་ཞུས་པ་ཡིན། ཁྱེད་ཞལ་བྲོ། མང་གཙོ་རྒྱལ་གྱུར་ཅིག

    Reply
  44. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ། འདི་ནི་དགའ་བ་བརྒྱ་སྟོང་སྒོམ་དགོས་པའི་གནས་ཚུལ་རེད། བྱེད་སྟངས་འདི་ལ་སྙིང་ནས་དགའ་གི སེམས་ནས་དད་གི

    Reply
  45. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ངོ་མ་དགའ་སོང་། ཚེ་རིང་རྒྱུ་བོ་ཁྱེད་ལ་འདི་ལོས་འབབ། དྲང་བདེན་གྱི་ཕྱོགས་ནས་ཁྱོད་ལ་ད་ཐེངས་ཁ་ཡ་ཞིག་བྱས་སོང་བ་དེར་སྙིང་ནས་དགའ་འོ།

    Reply
  46. ནད་པ says:
    ལོ་ 15 སྔོན།

    རྒྱ་ནག་ནི་ལོ་རྒྱུས་ཡུན་རིང་ལ་ལྟ་གྲུབ་དང་རིག་གཞུང་གཏིང་གཟབ་གཅིག་ཡོད་པའི་རྒྱལ་ཁབ་ཞིག་ཡིན། རྒྱ་མི་རིགས་གཅིག་གི་ངོས་ནས་བཤད་ན་ཆེས་དགའ་སྤྲོ་སྐྱེ་དགོས་པའི་གསར་འགྱུར་གཅིག་ཀྱང་ཡིན།

    ངས་སྔ་ཕྱི་མ་གཏོགས་ཨ་རིས་གཙོས་པའི་ནུབ་ཕྱོགས་ཚོས་རྒྱ་རིགས་བློ་མཐུན་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་སྤྲད་རྒྱུར་ཚོད་གམ་བྱས་པ་ཏག་ཏག་འཐིབས་སོང་།
    འཛམ་གླིང་ཞི་བདེ་དང་ཞི་བའི་སྤྱི་ཚོགས་འཕེལ་རྒྱས་གཏོང་ཐབས་ཀྱིས་ངོས་ནས་བརྗོད་ན་ད་རེས་རྒྱ་ནག་དབུས་གཞུང་གིས་བཀྲིས་བདེ་ལེགས་ཞུ་དགོས་ཀྱང་དེ་ལས་ལྡོག་སྟེ། ཁོང་ལ་དགག་བྱ་དང་གདོན་བཙིར་མང་དག་གཅིག་བྱུང་དང་འབྱུང་ངེས་ཡིན།

    ཡིན་ནའང་ང་ཚོ་བོད་རིགས་ཏེ་༸ སྟོན་པ་དང་། ཀླུ་སྒྲུབ། གྷན་དྷི། གོང་ས་མཆོག་བཅས་ཀྱི་འཚེ་མེད་ཞི་བདེའི་རྗེས་འཇུག་གཅིག་གིས་ངོས་བཤད་ན་སྙིང་དབུས་ནས་ཁོང་ལ་བཀྲིས་བདེ་ལེགས་ཞུ་དགོས།

    Reply
  47. རི་བོང། says:
    ལོ་ 15 སྔོན།

    ལེའོ་ཞོ་པོ་ལ་བཀྲ་ཤིས་བདེ་ལེགས་ཞུ། དྲང་བདེན་ལགས་ཤུགས་རྒྱོབ་ཁྱོད་ལའང་ལམ་ཞིག་ཡོད་ས་རེད།

    Reply
  48. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གནས་ཚུལ་འདི་འདྲ་མཐོང་ཡོང་སྐབས། འཛམ་གླིང་འདི་ན་བདེན་དོན་ལ་བདག་པོ་ཞིག་ཡོད་པར་མཐོང་སོང་། རྒྱ་ནག་གི་གདོང་པར་ཁུ་ཚུར་གཅིག་གཞུས་སོང་། ཞི་བདེ་གཟེངས་རྟགས་ཚོགས་ཆུང་ཐུགས་རྗེ་ཆེ།
    བཟང་བོར་དཔའ་དར་དང་། ངན་པར་སྐྱོན་བརྗོད་ཟེར་བ་འདི་རེད།

    Reply
  49. མེ་རི། says:
    ལོ་ 15 སྔོན།

    དགའ་བསུ་ཞུ། ང་ཤིན་ཏུ་དགའ་སོང་། སྐད་ཆ་ག་རེ་བཤད་དགོས་མིན་ཤེས་གི་མི་འདུག དངོས་གནས་དྲང་གནས་དགའ་གི

    Reply
  50. ཨ་མྱེ says:
    ལོ་ 15 སྔོན།

    རྒྱ་རིགས་ལེའོ་ཞོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བཀྲིས་བདེ་ལེགས་གྲངས་མེད་ཞུ། དེར་བརྟེན་ཁྱོད་ཀྱིས་དམར་པོའི་གཞུང་ལ་འགུལ་སྐྱོད་བྱེད་བྱས་ཏེ་ཤར་ཕྱོགས་ལ་ཞི་བདེ་བསྐྲུན་པའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese