མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༡༠།༡༠།༡༠ ཉིན་མོ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp
ད་ལྟའི་གོ་ལའི་ཚ་དྲོད་ཨང་ ༣༩༠ ལས་ ༣༥༠ ལ་མར་ཆག་སྟེ་གོ་ལའི་ཚ་དྲོད་རྒྱུན་ལྡན་དུ་འགྱུར་རྒྱུར་རེ་བ་རྒྱག་གི་ཡོད་ཟེར།
དེ་རིང་ནི་ཕྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཅུ་བའི་ཚེས་བཅུ་ཉིན་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་པའི་ཚོགས་སྡེ་ཁག་དང་མི་སྒེར་བ་རྣམས་ཀྱིས་ས་ཕྱོགས་གང་སར་དེ་རིང་གི་ཉིན་མོ་འདི་སྲུང་གཙི་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་ངོས་ནས་ཀྱང་དེ་རིང་གི་ཉིན་མོ་འདི་སྲུང་གཙི་བྱས་ཡོད་ཅིང་། ཉིན་དེར་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ལྕགས་རྟ་སུམ་ཅུ་སོ་ལྔ་ཙམ་གྱིས་ངྷ་ས་མེག་གྷན་རླངས་འཁོར་ས་ཚིགས་ནས་བྷག་སུ་བར་དང་། དེ་ནས་ཕྱིར་འཁོར་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་དུ་བསྐོར་སྐྱོད་བྱས་ཡོད།
དེ་ནི་འཛམ་གླིང་འདིར་རླངས་འཁོར་དང་འཕྲུལ་རྟའི་རིགས་མང་དུ་དར་ཏེ། དུ་བས་ཁོར་ཡུག་ལ་སྦག་བཙོག་བཟོ་བ་དང་གོ་ལའི་ཚ་དྲོད་འཕར་བཞིན་པར་བརྟེན། དེ་ལ་སྔོན་འགོག་བྱེད་པའི་ཆེད་དུ་ཡིན་འདུག
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ནི་མིས་བཟོ་གི་ཡོད་ལ། འདི་ལ་བདག་པོ་རྒྱག་མཁན་ཡང་མི་ཡིན་པས་ངེས་པར་དུ་གནམ་གཤིས་དང་གོ་ལའི་ཚ་དྲོད་འཕར་བཞིན་པར་བདག་པོ་རྒྱག་དགོས། ཐེངས་འདིའི་ལྕགས་རྟ་བསྐོར་སྐྱོད་ཀྱི་ལས་འགུལ་ལྟ་བུར་མཚོན་ན་འཛམ་གླིང་གི་ཁོར་ཡུག་ལ་དོ་ཕོག་མི་འབྱུང་བ་དང་གོ་ལའི་ཚ་དྲོད་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། ལྕགས་རྟ་ཞོན་ན་དུ་བས་སྦག་བཙོག་མི་བཟོ་བ་དང་གཟུགས་པོ་བདེ་ཐང་ཡོང་བ་བཅས་ལ་ཕན་གྱི་ཡོད་སྟབས། འདི་ནི་དཔེ་མཚོན་ཆུང་ས་ནས་མགོ་བཙུགས་ཏེ་རྒྱ་ཆེ་སར་ཁྱབ་ཐུབ་པའི་རེ་བ་ལྟ་བུ་ཡིན་ཞེས་གསུངས།
ཚན་རིག་པས་གོ་ལའི་ཚ་དྲོད་ཀྱི་ཨང་རིམ་ ༣༥༠ ལྔ་བཅུ་ཡིན་ན་རྒྱུན་ལྡན་ཡིན་ཡང་། ད་ལྟ་ ༣༩༠ ཡིན་ཞེས་བརྗོད་ཡོད་པར་བརྟེན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མ་འོངས་པར་བསྐྱར་དུ་གོ་ལའི་ཚ་དྲོད་ཨང་ ༣༥༠ ལ་མར་ཆག་རྒྱུར་རེ་བ་རྒྱག་གི་ཡོད་ཟེར།
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༠ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

མཆན། 2

  1. གངས་རིའི་ཟེགས་མ says:
    ལོ་ 16 སྔོན།

    ཡག་པོ་རེད་ཡིན་ན་ཡང་ཞི་མེ་ཤོར་རྗེས་ཁུང་བུ་བཀག་ཟེར་བ་དང་ཧ་མ་ལོག་གོང་ནི་ཧ་མི་གོ་ཟེར་བ་དེ་རེད་འདུག།
    ཧ་ཧ་ཧ་འོ་རེད་་་་་་་་་་་་

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    གོ་ལའི་རླུང་ཁམས་ནང་སྣ་ཚོགས་རྡུལ་རྫས་ཀྱི་གྲངས་འབོར་ས་ཡ་རེ་རེའི་ནང་ནག་རྫས་འབར་རླངས་[Carbon Dioxide]ཀྱི་ཆ་གྲངས་༣༩༠ལྷག་འདུག་ཟེར་གྱིན་ཡོད།
    འདི་ལྟར་རྫས་རྡུལ་ས་ཡ་རེ་རེའི་གྲངས་ཚད་ནང་ནག་རྫས་འབར་རླངས་ཀྱི་ཆ་གྲངས་དེ་སུམ་བརྒྱ་ལྔ་བཅུ་བརྒལ་བའི་སྐབས་ནག་རྫས་ཀྱིས་ཉི་དྲོད་སིམ་ཉར་བྱེད་ཚད་མང་དུ་ཕྱིན་ཏེ་རླུང་ཁམས་ཀྱི་ཕྱི་རོལ་དུ་གློད་གཏོང་བྱེད་ཐུབ་ཀྱིན་མེད་པ་རེད། ནག་རྫས་ནི་ཉི་དྲོད་སིམ་ཉར་བྱེད་པའི་ནུས་པ་ཆེ་ལ་ཚེ་ཚད་ཀྱང་ཧ་ཅང་རིང་པོ་ཡིན་སྟབས། གོ་ལའི་ཚ་དྲོད་འཕེལ་ཚད་ཀྱི་ཆ་ནས་བཤད་ན་ན་རླངས་དང་ཆུ་རླངས་སོགས་ཀྱི་རྫས་རྡུལ་ལས་འཇིགས་ཉེན་ཆེ་བར་བརྩི་ཡིན་ཡོད།

    འདི་ལ་དབྱིན་སྐད་ཀྱི་བསྡུས་ཚིག་ནང་འདི་ལྟར་འབོད་ཀྱིན་ཡོད། [350 ppm CO2]
    འདིས་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་བྱེད་ཀྱིན་ཡོད་ཀྱང་། གྲངས་ཚད་འདི་ཚ་དྲང་གི་ཚད་གཞི་འཛིན་སར་བེད་སྤྱོད་བྱེད་ཀྱི་མེད། ཚ་དྲང་གི་ཚད་གཞི་ནི་Celsiusདང་ Fahrenheitགཉིས་ཀྱི་ཚད་གཞིའི་སྟེང་ནས་བརྩི་བཞིན་པ་ཡོངས་གྲགས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese