མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་བརྒྱད་ཁྲི་ལྷག་རྙེད་ནས་ཕྱིར་བདག་པོར་སྤྲད་པ།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་དགོང་མོར་ངྷ་ས་མེག་གྷན་དུ་མིང་ལ་ཚེ་འཛིན་འབོད་པའི་བོད་མི་གཞོན་སྐྱེས་ཤིག་གིས་མེག་གྷན་འཁོར་ཁང་ཉེ་འགྲམ་གྱི་ཚོང་ཁང་ཞིག་ནས་ཧིན་སྒོར་རྐྱང་པ་ ༧༥༧༧༠ དང་ཧིན་སྒོར་ ༥༤༠༠ གོང་ཚད་གནས་པའི་འཛིན་བྱང་ཞིག་བཅས་ཁྱོན་སྡོམ་ཧིན་སྒོར་ ༨༡༡༧༠ རྙེད་དེ། དེ་རིང་ཞོགས་པར་ཕྱིར་བདག་པོར་རྩིས་སྤྲོད་བྱས་འདུག
མིའི་ལྷད་མེད་པའི་རང་གཤིས་རྣལ་མ་ནི་ཤོག་བུར་རི་མོ་བྲིས་པ་བཞིན་མཐོང་ཐུབ་པ་ཞིག་མིན་པར། གནད་འགག་གི་སྐབས་སུ་སླེབས་སྐབས་ད་གཟོད་ཕྱི་ལ་མངོན་ཡོང་བ་ཞིག་ཡིན་ལ། དེ་ནི་སྙིག་མས་མ་སྦག་པའི་འགྲོ་བ་མིའི་ལྷད་མེད་པའི་རང་གཤིས་དྭངས་མ་དེ་ཡིན་ཨང་།
དེ་རིང་ཞོགས་པར་བཞུགས་སྒར་ངྷ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་པ་ཞིག་གིས་ཁ་པར་འབྱོར་ཏེ། ཁ་སང་དགོང་མོར་བོད་མི་གཞོན་སྐྱེས་ཤིག་གིས་སྒོར་ཁུག་ཅིག་དང་མཉམ་དུ་ཧིན་སྒོར་རྐྱང་པ་བདུན་ཁྲི་ལྷག་ཅིག་རྙེད་དེ་ད་ནངས་ཞོགས་པར་ཕྱིར་བདག་པོར་རྩིས་སྤྲོད་བྱས་ཡོད་སྐོར་བརྗོད་པ་ལྟར། ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་འདི་གའི་གསར་འགོད་པ་མེག་གྷན་དུ་སྒོར་ཁུག་རྙེད་མཁན་གྱི་བོད་མི་དེ་བཙལ་དུ་ཕྱིན།
བོད་མི་དེའི་མིང་ལ་ཚེ་འཛིན་ཟེར་ཞིང་ཕ་ཡུལ་མདོ་སྨད་རྔ་པ་ནས་ཡིན་ལ་ཕྱི་ལོ་ ༢༠༠༡ ལོར་རྒྱ་གར་དུ་འབྱོར་ཏེ་ད་ལྟ་ངྷ་སར་ཡོད་པའི་རྒྱལ་སྤྱིའི་བོད་གནས་ལྟ་ཞིབ་ཁང་གི་ལས་བྱེད་ཡིན། ངས་ཁོང་དང་ཧིན་སྒོར་རྙེད་པའི་སྐོར་གླེང་མོལ་བྱེད་སྐབས་ཁོང་གིས་གསུངས་དོན། ཕལ་ཆེར་ཁ་སང་དགོང་མོའི་ཆུ་ཚོད་བརྒྱད་པ་ཡས་མས་རེད། ངས་ལས་མཚམས་བཞག་སྟེ་ང་དང་ཆུང་མ་གཉིས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་བར་དུ། ངེད་གཉིས་ཀྱིས་མེག་གྷན་འཁོར་ཁང་ཉེ་འགྲམ་གྱི་ཚོང་ཁང་ཞིག་ཏུ་སྐོམ་ཆུ་ཞིག་ཉོས་པ་ཡིན། སྐབས་དེར་ཚོང་ཁང་དེའི་ཅ་ལག་བརྩིགས་པའི་ཚུར་ཕྱོགས་དེར་སྒོར་ཁུག་མཐུག་པོ་ཞིག་ཟགས་འདུག་ལ། ཕར་བལྟས་ཚོད་ལ་དེའི་ནང་དུ་དངུལ་མང་བོ་ཡོད་པར་མ་ཟད། དེ་ནི་ཚོང་ཁང་བདག་པོའི་མིན་པར་མི་ཞིག་གི་བོར་བརླག་བྱུང་བ་གསལ་བོར་ཤེས་ཐུབ་ཀྱི་འདུག དེར་བརྟེན་ངས་ཚོང་ཁང་བདག་པོར་སྐད་ཆ་མ་དྲིས་པར་སྒོར་ཁུག་དེ་བླངས་པ་ཡིན་ལ། ཚོང་ཁང་ཕྱིར་བསླེབས་རྗེས་ངས་རང་གི་ཆུང་མར་དེ་རིང་འུ་གཉིས་ལ་གློག་ཀླད་ཉོ་བྱེད་ཀྱི་དངུལ་རེག་སོང་ཞེས་བརྗོད་པ་ཡིན། དེ་ནི་ངེད་གཉིས་ཀྱིས་གློག་ཀླད་ཅིག་མངགས་གཏོང་བྱས་ཏེ་བསྒུགས་ནས་བསྡད་ཡོད་སྟབས་ཡིན། ཡིན་ནའང་། ཆུང་མས་ང་ལ་ཡིད་ཆེས་བྱེད་ཀྱི་མི་འདུག
ངེད་གཉིས་རང་ཁྱིམ་དུ་འབྱོར་རྗེས་ངས་ཆུང་མར་སྒོར་ཁུག་ཅིག་རྙེད་པའི་སྐོར་བརྗོད་པ་དང་། སྒོར་ཁུག་བཏོན་ནས་ནང་གི་ཧིན་སྒོར་རྣམས་རྩིས་བརྒྱབས་པས་ངེད་གཉིས་ཧང་སང་བྱུང་། དེའི་ནང་དུ་སྟོང་ལོ་རྐྱང་པ་ ༧༠ དང་ལྔ་བརྒྱ་ལོ་ ༡། བརྒྱ་ལོ་ ༢། ལྔ་བཅུ་ལོ་ ༡། ཉི་ཤུ་ལོ་ ༡ བཅས་བསྡོམས་ཧིན་སྒོར་ ༧༥༧༧༠ འདུག
སྐབས་དེར་ངེད་གཉིས་ཀྱིས་བསམ་པར་འདི་ལྟ་བུའི་དངུལ་མང་བོ་འབོར་མཁན་དེ་སྙིང་རྗེ། གལ་སྲིད་དངུལ་འདི་དག་འབོར་མཁན་དེ་ངེད་གཉིས་ཡིན་ཚེ། ཅི་འདྲའི་བརྗོད་མི་ཤེས་པའི་སྡུག་བསྔལ་ཞིག་མེད་དམ་སྙམ་སྟེ་ཕྱིར་སྟེར་རྒྱུའི་ཐག་གཅད་པ་ཡིན་ལ། དེའི་རྗེས་ངེད་གཉིས་ཀྱིས་སྒོར་ཁུག་དེའི་ཟུར་ཁུག་ཆུང་ངུ་དག་བསྔོགས་སྐབས་ནང་དུ་པར་མགོ་ཞིག་འདུག པར་སྟེང་གི་མི་ནི་ངྷ་ས་མེག་གྷན་དུ་གནས་སྡོད་བྱེད་མཁན་བོད་མི་ངག་དབང་ལགས་རེད་ལ། ཡང་སྒོར་ཁུག་ནང་ཧིན་སྒོར་ ༥༤༠༠ ཅན་གྱི་འཛིན་བྱང་ཞིག་ཀྱང་འདུག ངེད་གཉིས་ཀྱིས་འབྲེལ་ཡོད་ཀྱི་མི་ཞིག་བརྒྱུད་ནས་ངག་དབང་ལ་འབྲེལ་བ་བྱེད་ཐུབ་པ་བྱུང་སྟེ་ཁོང་གི་དངུལ་རྙེད་པའི་སྐོར་བརྗོད་པ་ཡིན་ལ། དེ་རིང་ཞོགས་པར་དངུལ་ཚང་མ་ཕྱིར་སྤྲད་པ་ཡིན། སྐབས་དེར་ཁོང་གིས་ཐུགས་རྗེ་ཆེ་གསུངས་གི་འདུག་པར་མ་ཟད། ལམ་སང་སྒོར་ཁུག་ལས་ཧིན་སྒོར་སུམ་སྟོང་ཙམ་བཏོན་ཏེ་རྔན་པར་སྤྲོད་རྒྱུ་བྱས་ནའང་བླངས་མེད་ཅེས་ཟེར།
དེ་ལྟར་མ་བརྐུས་མ་འཕྲོག་པར་ལག་ཏུ་ཧིན་སྒོར་རྐྱང་པ་བརྒྱད་ཁྲི་ལྷག་རྙེད་ནའང་། ཉམ་ཆུང་ཞིང་སྤྱིར་བཏང་བའི་འཚོ་བ་དཀྱུས་མར་རོལ་མཁན་གྱི་བཟའ་ཟླ་ལོ་ཆུང་འདི་གཉིས་ཀྱིས་རང་ཉིད་དངུལ་འབོར་མཁན་གྱི་ས་ནས་བསྡད་དེ། གལ་སྲིད་རང་གིས་ཁབ་གསོག་འབུག་གསོག་བྱས་ཏེ་བསགས་པའི་དངུལ་རྣམས་དུས་ཡུན་སྐད་ཅིག་ཙམ་ནང་མེད་པར་གྱུར་ཚེ། རང་ཉིད་ལ་ཅི་འདྲའི་སེམས་སྡུག་ཅིག་ཡོད་ཨང་སྙམ་པའི་ངེས་ཤེས་རྙེད་ཐོག དངུལ་དངོས་གཅིག་ཀྱང་མ་ཆད་པར་ལྷག་བསམ་རྣམ་དག་གིས་ཕྱིར་བདག་པོར་སྤྲད་པ་དེས་རྒྱ་མཚོ་ལས་གཏིང་ཟབ་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། ༧གོང་ས་མཆོག་གིས་བོད་མི་རྣམས་ལ་དུས་རྒྱུན་མི་བཟང་བོ་ཞིག་དང་། ལྷག་པར་དུ་བོད་མིའི་ཡབ་མེས་ཡང་མེས་ནས་བརྒྱུད་པའི་མི་གཤིས་ཀུན་སྤྱོད་བཟང་བོ་དག་མ་བརླག་པ་བྱ་དགོས་པའི་བསླབ་བྱ་གནང་གི་ཡོད་པར་སློབ་སྦྱོང་དང་། གནད་འགག་གི་སྐབས་སུ་ལག་ལེན་དངོས་ལ་ཐེངས་ཤིག་བསྟར་བ་ཡིན་ཨང་།
དེའི་རྗེས་གསར་འགོད་པས་སྒོར་ཁུག་འབོར་མཁན་གྱི་བོད་མི་ངག་དབང་ལགས་དང་ཐུག་འཕྲད་ཀྱིས་ཁོང་ལ་སྐད་ཆ་དྲིས་པར་ཁོང་གིས་བརྗོད་དོན། ཁ་སང་དགོང་མོར་ང་ལ་གྲོགས་པོ་ཞིག་གིས་ཁ་པར་བསླེབས་ཏེ་གཞན་གྱིས་ངའི་སྒོར་ཁུག་རྙེད་འདུག་ཟེར་སྐབས་གཞི་ནས་ངས་རང་གི་སྒོར་ཁུག་མེད་པ་ཤེས་བྱུང་། ཡིན་ནའང་། སྐབས་དེར་ཁ་པར་ལས་སྒོར་ཁུག་རྙེད་ཟིན་པ་མ་ཟད་ཕྱིར་སྤྲོད་རྒྱུ་ཡིན་སྐོར་ཡང་བརྗོད་སྟབས། སེམས་བདེ་བོ་ཆགས་སོང་།
དེ་རིང་ཞོགས་པར་དངུལ་བསྐྱལ་ནས་བསླེབས་སོང་ལ། སྐབས་དེར་ངས་ཧིན་སྒོར་སུམ་སྟོང་བླངས་ནས་རྔན་པར་བྱིན་ཡང་རྩ་བ་ནས་བླངས་མ་སོང་། དངོས་གནས་ཧང་སང་དགོས་པ་རང་རེད། སྤྱིར་ཁ་སང་དེ་རིང་ང་རང་ཉིད་ཕྱི་རྒྱལ་དུ་འགྲོ་གྲབས་ཡོད་སྟབས་ཧིན་སྒོར་དེ་དག་ལག་ཏུ་ཉར་ཡོད་ལ། དངུལ་དགོས་མཁོར་ཐུག་ཡོད་པ་མ་གཏོགས། ཁ་སང་ངས་མ་མཐར་ཡང་ཧིན་སྒོར་ཆིག་ཁྲི་ཞིག་རྔན་པར་སྤྲོད་དགོས་བསམ་ཡོད། ཡིན་ནའང་། སྐྱོན་མི་འདུག ངས་མ་འོངས་པར་སེམས་ནས་བརྗེད་ཀི་མ་རེད་ལ། དུས་ནམ་ཞིག་ངས་ཁོང་བཟའ་ཟླ་གཉིས་ལ་ཕན་ཞིག་ཐོགས་ཀི་རེད་བསམ་ཡོད་ཅེས་ཟེར།
ཡང་ཁོང་ལ་ཐེངས་འདིར་བོར་བརླག་བྱུང་བའི་དངུལ་ཚང་མ་ཕྱིར་རེག་པར་ཚོར་སྣང་གང་འདྲ་བྱུང་མིན་སྐོར་དྲིས་པར། ཁོང་གིས། སེམས་ནང་ཁོང་བཟའ་ཟླ་གཉིས་ནི་དངོས་གནས་མི་ཚད་ལྡན་ཟེར་བ་རེད་དྲན་སོང་། མི་སུ་ཡིན་རུང་གནད་འགག་གི་སྐབས་སུ་བསླེབས་ན་ད་གཟོད་མི་གཤིས་རྣལ་མ་དེ་ཕྱི་ལ་མངོན་གི་རེད། ལྷག་པར་དུ་ཁོང་བཟའ་ཟླ་གཉིས་ལ་མཚོན་ན་འབྱོར་ལྡན་པ་དང་དཔལ་འབྱོར་ཐོག་དཀའ་ངལ་མེད་པ་མིན་པར་ནམ་རྒྱུན་གྱི་འཚོ་བ་དཀྱུས་མར་རོལ་མཁན་རེད།  དེར་བརྟེན་དངོས་གནས་ཁོང་གཉིས་མི་ཚད་ལྡན་རེད་བསམ་ནས་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་ཞེས་ཟེར།
ཡང་ཁོང་གིས་སྒོར་ཁུག་བོར་བརླག་བྱུང་བའི་སྐོར་བརྗོད་དོན། ད་ལྟ་ངས་ཕྱིར་འདང་བརྒྱབ་ན་ཁ་སང་དགོང་མོར་ངོ་ཤེས་ཤིག་གིས་སྐད་བཏང་བ་ལྟར་ཟ་ཁང་དུ་ཟ་མ་ཟ་རུ་ཕྱིན་ཏེ་ཕྱིར་རང་ཁྱིམ་དུ་ལོག་སྐབས་བུ་མོ་ ༼ མཚེ་མ། ༽ གཉིས་ལ་ཚོང་ཁང་ཆུང་ཆུང་ཞིག་ནས་མངར་ཁུ་རེ་ཉོས་རྗེས། སྒོར་ཁུག་ཕྱིར་གློ་ཁུག་ནང་ཡག་པོ་བཅུག་ཐུབ་མི་འདུག་ཅེས་སྒོར་ཁུག་བོར་རྐྱེན་འགྲེལ།
མཇུག་མཐར་ཁོང་གིས། སྤྱིར་དངུལ་འབོར་མཁན་མང་བོ་ཡོད་ནའང་། ཕྱིར་རང་ལག་ཏུ་རེག་མཁན་ཉུང་ཉུང་མ་གཏོགས་ཡོང་གི་མེད། ལོ་འདི་འགར་ངྷ་སའི་གཡས་གཡོན་གྱི་གྱང་ངོར་དངུལ་བོར་བའི་སྐོར་གྱི་གསལ་བསྒྲགས་མང་བོ་མཐོང་རྒྱུ་ཡོད་ནའང་། ཕྱིར་བདག་པོར་སྤྲད་སྐོར་གྱི་གསལ་བསྒྲགས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེར་བརྟེན་འདི་དང་འདི་ལྟ་བུ་དག་ཧ་ཅང་གི་གལ་ཆེན་པོ་རེད་ལ་མིག་དཔེར་ལྟ་དགོས་པ་རང་རེད། ཅེས་གསུངས།
 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 55

  1. ཨ་མྱེ says:
    ལོ་ 15 སྔོན།

    འདིའི་ཞོར་ལ་བཤད་རྒྱུ་ཞིག་ལ་ཕོ་གསར་འདི་དང་འདི་ལྟ་བུ་ཚོས་རྗེས་སུ་གཟབ་གཟབ་ཀྱིས། ཧ་ཧ་ཧ་ཧ།

    Reply
  2. ཨ་མྱེ says:
    ལོ་ 15 སྔོན།

    འདི་ནི་བསྟོད་འོས་པའི་བྱ་བཞག་ཡག་པོ་ཞིག བོད་མི་རིགས་ཀྱི་ཡ་བར་སྤྱོད་བཟང་ཟེར་ན་འདི་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས། དེ་མིན་ཁ་ཤས་འཇོང་ཐང་ཡོད་ཁུལ་གྱིས་གང་སར་ཉུལ་ནས་མི་མགོ་སྐོར་མཁན་དེ་ཚོ་བོད་མིའི་ཞབས་འདྲེན་རེད། ང་ངྷ་ས་ཐོན་ན་ངས་འདི་གཟའ་གཉིས་ལ་ཞིག་ལྡུད་དགོས། ངོ་མ་ཡིན། ཁ་དྲོ་བཀྲ་ཤིས།

    Reply
  3. དཔའ་རྩལ་སྟོང་འབར། says:
    ལོ་ 15 སྔོན།

    གནས་ཚུལ་བཟང་པོ་འདི་ཕ་མ་ཡིན་ན་བུ་ཕྲུག་ལ་བཤད་དགོས་པ་དང་། དགེ་རྒན་ཡིན་ན་སློབ་མ་ཚོར་སློབ་གསོའི་ཚུལ་དུ་བཤད་ན་་ངོ་མ་འོས་འཚམ་རེད།

    Reply
  4. གངས་ལྗོངས། says:
    ལོ་ 15 སྔོན།

    ངས་དེ་སྔོན་གནས་ཚུལ་དེ་འདྲ་ཞིག་གོ་མྱོང་ཡོད། ལོ་མང་པོའི་སྔོན་ལ་རྡ་རམ་ས་ལའི་བོད་པ་ལོ་གཞོན་ཞིག་ལ་ཨ་མི་རི་ཀ་བ་ཡུལ་སྐོར་བ་ཞིག་གིས་འབོར་རླགས་སོང་བའི་དངུལ་ཁུག་དང་ཨ་རིའི་མི་ཁོངས་ཀྱི་ལག་འཁྱེར་སོགས་རྙེད་སོང་བ་དང༌། དངུལ་ཁུག་དེའི་ནང་ཨ་མ………….ཊོ་ལོར་མང་པོ་ཡོད་པ་འདྲ། དངུལ་ཁུག་རྙེད་མཁན་ན་གཞོན་ཁོང་སྐབས་དེ་དུས་སློབ་ཕྲུག་བྱས་ཏེ་ལག་དངུལ་དཀོན་པའི་དུས་སྐབས་ཡིན་ནའང༌། བོད་མི་རིགས་ཀྱི་བཟང་སྤྱོད་ཀྱི་དར་ཆ་ཐོན་པོར་འགྲེངས་ཏེ། ཕྱི་རྒྱལ་བ་དེ་རྩད་གཅོད་བྱས་ཏེ། དངུལ་ཁུག་དང་ལག་འཁྱེར་ཕྱིར་སྤྲོད་བྱས་འདུག་ འོན་ཀྱང་ཕྱི་རྒྱལ་བ་དེས་ལག་འཁྱེར་རྙེད་པ་དགའ་ཐག་ཆོད་ནས་ན་གཞོན་དེའི་ངོ་གདོང་ལ་འོ་ཞིག་བྱས་ཤག

    Reply
  5. བཀྲ་ཤིས་འགྱུར་མེད། says:
    ལོ་ 15 སྔོན།

    ངག་དབང་ལགས་་་་ཕྱི་རྒྱལ་ལ་སླེབས་ཚར་དུས་་་་ཚེ་འཛིན་གཟའ་མི་གཉིས་་་་་དྲན་པ་མ་བརྗེད་་་་་དྲ་གྲོགས་ཚོ་་་་གནས་ཚུལ་འདི་་་་མགོ་འཕང་མཐོན་པོ་དང་སྤོབས་པ་ཆེན་པོའི་ངང་ནས་་་་་མི་རིགས་་་་གཞན་ལ་བརྒྱུད་བསྒྲག་བྱེད་དགོས་་་་

    Reply
  6. རི་བོང། says:
    ལོ་ 15 སྔོན།

    ཚེ་འཛིན་བཟའ་མི་གཉིས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། དངོས་གནས་རླབས་ཆེན་རེད། རྗེས་སུ་ཡི་རངས་ཡོད།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ང་གསར་འགྱུར་འདི་བཀླགས་ནས་རྙེད་མཁན་དེའི་བྱེད་སྟངས་ལ་རྗེས་སུ་ཡི་རང་དང་བོར་མཁན་དེའི་དངུལ་ཁུག་ཕྱིར་རྙེད་པ་ལ་ཡང་དགའ་བ་སྐྱེས་སོང་། ཡིན་ན་ཡང་ངག་དབང་ལགས་ཕྱི་རྒྱལ་དུ་འགྲོ་རན་སྟབས་སེམས་པ་ཟང་ཟིང་ཆགས་ནས་དངུལ་ཕོན་ཆེན་དེ་འདྲ་ཞིག་བོར་བ་ཡང་མ་ཤེས། མི་ཞིག་གིས་རྙེད་ཟིན། ཚུར་ཁ་པར་བཏང་ཡོང་དུས་གཞི་ནས་དྲན་པ་འདིས་ཀྱང་བཙན་བྱོལ་བོད་མིའི་རང་གཟུགས་ཤིག་གསལ་སྟོན་བྱས་འདུག་སྙམ་ནས་གད་མོ་འདྲ་ཞིག་ཀྱང་ཤོར། གང་ལྟར་ཡག་པོ་བྱུང་འདུག

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    མི་ངན་བློ་ཆུང་ཁོང་སྒོར་ཁྲི་བརྒྱད་ཚུར་རག་པ་ལ་རྔན་པ་ཆུང་ཆུང་དེ་འདྲ།ད་དུང་ངོ་ཚ་རྒྱུ་མེད་མཁན་སོ་སོ་ལ་དངུལ་གྱི་དཀའ་ངལ་ཡོད་མདོག་བཤད།ཚུར་མ་སྤྲད་ན་སྒོར་ཐམས་ཅད་ཤོར་ཚར་ལེ་རེད།ཁྱོད་ཀྱི་མ་འོངས་པར་ཁོང་བཟའ་མི་གཉིས་ལ་རོགས་པ་བྱ་རྒྱུ་ཟེར་བ་ཁ་ཡག་ངོ་དགའ་རང་རེད།གཞན་གྱི་དེ་ལྟར་བསམ་བློ་ཡག་པོ་བཏང་འདུག།ཁྱོད་ཀྱི་སྒོར་གཅིག་ཁྲི་ཡང་དུས་ཐོག་ཆར་བ་མ་ཐུབ་པ་ནི་ངོ་མ་བློ་ཆུང་གི་མྱི་ངན་ཞིག་རང་རེད།

    Reply
  9. ཚྭ་སྒང་ཕོ་ཉ། says:
    ལོ་ 15 སྔོན།

    ཧ་ཧ་ཧ་ད་དངོས་གནས་མི་འདི་ཚོས་འཁྲབ་སྟོན་བྱེད་ཀྱི་འདུག་ལ་འཁྲབ་སྟོན་བྱེད་ས་དེ་ཡང་དུས་བབ་དྲ་བའི་ཐོག་ལ་དགོད་དྲོ་བ་ལ།

    Reply
  10. ལུང་རྟོགས། says:
    ལོ་ 15 སྔོན།

    དངོས་གནས་སེམས་འགུལ་ཚད་མེད་ཐེབ་སོང་། ང་ཚོ་བོད་མི་རིགས་ལ་ངོམ་ཡ་གཅིག་ཡོད་པ་ནི་བཟང་སྤྱོད་ཡིན་ལ། ཚེ་འཛིན་གཟའ་ཚང་གཉིས་ནས་ང་ཚོའི་བཟང་སྤྱོད་དེ་ཕྱིར་མངོན་པར་བྱས་པ་མ་ཟད། ང་ཚོའི་མི་རབ་གསར་པ་ཚོར་མིག་དཔེ་བཟང་པོ་ཞིག་ཀྱངབསྟན་འདུགས། དངོས་གནས་ཐུགས་རྗེ་ཆེ།

    Reply
  11. རྒྱ་རགས། says:
    ལོ་ 15 སྔོན།

    ཁྱེད་བཟའ་མི་གཉིས་ཀྱི་ཁ་དྲོ། ཚེ་རིང་། ལོ་བརྒྱ། བྱ་བ་ལམ་དུ་འགྲོ། བསམ་པའི་དོན་འགྲུབ།

    དེ་འདྲ་ཡིན་ན་དངོས་གནས་ང་མི་ཡིན་ཟེར་ཆོག་གི་རེད་ལ། ལྷག་པར་བོད་མི་ཞིག་གི་བཟོ་ལྟའང་ཡོད་པ་རེད།

    Reply
  12. Ngawang Norbu says:
    ལོ་ 15 སྔོན།

    ༄༅༎སྐུ་ཞབས་ངག་དབང་ལགས་ནི་ཕྱི་རྒྱལ་ལ་ཕེབས་རྒྱུའི་རྔམ་དྲགས་ཀྱི་རང་གི་འབའ་ཁུག་རླག་པ་ཡང་འཚོར་མིན་འདུག་པས་ད་དུང་ཡང་ཟབ་ཟབ་མ་གནང་ན་རང་གི་དབུ་ཡང་རླག་ཉེན་ཆེ། རྔམ་དྲགས་ཞེ་དྲག་མ་གནང་། ཌོ་ལར་ཤིང་སྡོང་གི་ལོ་མ་རེད། ཌོ་ལར་ཐང་གི་གེ་སྙིགས་མ་རེད། ཌོ་ལར་གསོགས་པར་དཀའ་ངལ་མང་པོ་རྒྱབ་དགོས་འདུག་ལས་སླ་པོ་མིན་འདུག སོང་ཙང་རྔམ་དྲགས་ཞེ་དྲག་མ་གནང།

    Reply
  13. Ngawang Norbu says:
    ལོ་ 15 སྔོན།

    ༄༅། །སྐུ་ཞབས་ཚེ་འཛིན་སྟེང་ཞལ་གཉིས་ལ་སྙིང་ཐག་པ་ནས་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་གཅིག བསྔགས་བརྗོད་གྲངས་མེད་དང་རྗེས་སུ་ཡི་རང་ཞུ། འདི་ལྟའི་བྱས་རྗེས་བཟང་པོ་ཡོང་སྐབས་ས་གནས་སུ་ཡོད་པའི་ཚོགས་པ་སྒྲིགས་ཚུགས་ཁག་གིས་མང་ཚོགས་བསྡུ་བཀོང་ཐོག་བྱ་དགའ་ཕྱག་འཁྱེར་སོགས་གནང་རྒྱུའི་ལས་འགུལ་གནང་ནས་ཆེས་མཐོང་ཞུས་ན་མ་འོངས་པར་བོད་མི་ཡོངས་ལ་མིག་དཔེ་བཟང་པོ་ཞིག་དང་སེམས་འགུལ་ཡང་ཡོང་ངེས་པས་བཞུགས་སྒར་རྡ་སར་གནས་བཞུགས་རྣམས་ལ་འབོད་བསྐུལ་ཡིན། ཐུགས་རྗེ་ཆེ༎

    Reply
  14. གངས་ལྗོངས། says:
    ལོ་ 15 སྔོན།

    ངས་གནས་ཚུལ་དེ་ཀློག་པའི་སྐབས་སེམས་ཚོར་དྲག་པོས་མིག་བཞག་འཁོར་བྱུང་བ་ནི། གཞོན་ནུ་བཟའ་མི་དེ་གཉིས་ཀྱི་བསམ་བློ་གཏོང་སྟངས་ཀྱི་མཚམས་དེར་ཡིན། ཁོང་གཉིས་ཀྱིས། གལ་ཏེ་དངུལ་འཕོན་ཆེན་པོ་དེ་འདྲ་ང་གཉིས་ཀྱིས་འབོར་རླགས་སོང་ན་སེམས་སྡུག་ཇི་ཙམ་ཡོང་རྒྱུ་ཡིན་པ་རང་གིས་རང་ལ་དཔེ་བཞག་ཏེ་བསམ་བློ་གཏོང་བ་དེ་དང༌། དངུལ་གྱི་བདག་པོས། ངས་མ་འོངས་པར་ཁོང་གཉིས་སེམས་ནས་བརྗེད་ཀྱི་མེད་རེད་ལ། དུས་ནམ་ཞིག་ངས་ཁོང་གཉིས་ལ་ཕན་ཞིག་ཐོགས་ཀྱི་རེད་བསམ་གྱི་ཡོད་ཅེས་བཤད་པའི་ཚིག་དུམ་དེས་སེམས་འགུལ་ཆེན་པོ་ཐེབས་བྱུང༌།

    Reply
  15. གངས་ལྗོངས། says:
    ལོ་ 15 སྔོན།

    དངོས་གནས་མི་རབ་སྤྱོད་བཟང་ཟེར་ན་དེ་ལ་གོ་དགོས་པ་ཡིན། བཟའ་ཟླ་ལོ་གཞོན་དེ་གཉིས་ཀྱིས་བསམ་བློ་བཏང་སྟངས་ནོར་མིན་འདུག རང་སྡོད་སར་མི་དང་མི་སྡོད་སར་རང་བཞག་ཏེ་བསམ་བློ་བཏང་ན། གཞན་ལ་སྙིང་རྗེ་དང་བརྩེ་སེམས་སླེབས་ཡོང༌། དངོས་གནས་ཀྱིས་དམིགས་དཔེ་ལྟ་འོས་པའི་ལས་བཟང་པོ་བྱས་འདུག རྗེས་སུ་ཡིད་རངས་དང་སྔགས་བརྗོད་ཞུ་རྒྱུ་ཡིན།

    Reply
  16. བཀྲ་ཤིས་འགྱུར་མེད། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་དགའ་བསུ་ཞུ་
    བོར་མཁན་དང་རྙེད་མཁན་གཉིས་སྙིང་སྟོབས་འདྲ་མཉམ་རེད་མི་འདུག་་་གལ་སྲིད་རྙེད་མཁན་གྱི་སྙིང་སྟོབས་དེ་་་་བོར་མཁན་ལ་ཡོད་ན་མ་མཐའ་ཡང་སྒོར་ཁྲིག་གཅིག་་་་ཁོང་ལ་ཐོབ་པ་ཤོད་མི་དགོས་་་་་་

    Reply
  17. ཨ་འཇིགས། says:
    ལོ་ 15 སྔོན།

    གནས་ཚུལ་འདི་མཐོང་བས་སེམས་ལ་སྤོབས་པ་འདྲ་ཞིག་སྐྱེས་སོང༌། ངོ་མ་རླབས་ཆེན་རེད། ཁྱེད་གཉིས་ཁ་བྲོ་བཀྲ་ཤིས།

    Reply
  18. བཀྲ་ཤིས་འགྱུར་མེད། says:
    ལོ་ 15 སྔོན།

    ཁེ་དང་རྒྱལ་ཁ་གཞན་ལ་སྤྱོད།།
    གྱོང་དང་ཕམ་ཁ་རང་གིས་ཁུར་་ཞེས་སྔོན།།
    བཀའ་གདམ་པའི་དགེ་བཤེས་རྣམས་ཀྱིས་གསུངས་པ་བཞིན་་་་་་དེ་རིང་ཨ་མའི་བུ་ཞིག་གིས་བྱས་རྗེས་བཞག་འདུག་་་་་་ངས་བསམ་ན་བཀའ་སྡུག་གི་བརྒྱུད་རིམ་མང་པོ་ནས་བརྒལ་ཟིན་པའི་སྐྱེ་བོ་རྣམ་དཔྱོད་ཅན་ཞིག་གིས་་་་རང་དཔེ་གཞན་ལ་བྱས་ནས་སྒོར་མོ་ཁྲི་བརྒྱད་བདག་པོའི་ཕྱག་ལ་ཕར་སྤྲད་པ་འདི་་་་་བསམ་ཤེས་མེད་པའི་འབྱོར་ལྡན་ཞིག་གི་ལག་ལ་ཐེབས་སོང་བ་ཡིན་ན་་་ཕལ་ཆེར་ཁག་པོ་རེད་་་བཀྲ་ཤིས་བདེ་ལེགས་་་་་བསྔགས་བརྗོད་ཡོད་ཨ་མ་ལས་སྐྱེས་པའི་དོན་གོ་ཆོད་འདུག་་་་་་་་་་་་་་

    Reply
  19. ཨ.བཙན་པོ། says:
    ལོ་ 15 སྔོན།

    དེ་རིང་གི་གསར་འགྱུར་འདིས་ང་ཧང་སང་བཅུག་སོང་། དེ་ཡང་རྒྱུ་མཚན་གཉིས་ཡིན་ཏེ། གཅིག་ནི་ཚང་མ་གཅིག་པ་རེད། ཁོང་གཟའ་ཚོ་གཉིས་ཀྱི་སྤྱོད་པའི་སྐོར་རེད། དེ་ལས་གཞན་པ་ཞིག་ནི་ལོ་ངོ་གང་འཚམས་ཀྱི་རིང་ལ་གསར་འགྱུར་ཞིག་ལ་གཅིག་གྱུར་གྱིས་བསྟོད་པ་བྱས་པ་ཞིག་མཐོང་མ་སོང་ཀྱང་། དེ་རིང་འདི་ལ་གཅིག་གྱུར་གྱིས་སྟོད་བསྔགས་བྱས་པ་དེས་ང་ཧང་བཅུག་སོང་།

    Reply
  20. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    དངོས་གནས་ང་ཚོའི་བོད་མི་རིགས་ཀྱི་བཟང་སྤྱོད་རེད་ལ་བཅོས་མིན་ངང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།་་ད་སྐབས་བོད་མའི་བཟང་སྤྱོད་ཉམས་འགྲོ་བཞིན་ཡོད་པའི་བཤད་རྒྱུན་ཞིག་ཡོད་པའི་སྐབས་ཁྱེད་བཟའ་མི་གཉིས་ཀྱིས་བཟང་སྤྱོད་ལ་བརྟེན་ནས་སེམས་གཏིང་ནས་དགའ་པོ་བྱུང་།
    དངུལ་བདག་ཀྱིས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཨེ་ཐུབ་ལྟ་དགོས་ངེས་རེད

    Reply
  21. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲང་མོར་བཤད་ན། ཚང་མས་དངུལ་གྱི་དོན་དུ་ཞབས་འདྲེན་ཞུ་ཡི་ཡོད་མོད། མི་བུ་སྒལ་ཚིགས་ཅན་འདི་ལྟ་བུས་དངུལ་ལ་ཐུག་དུས་སྐད་གྲགས་འཇོག་གི་ཡོད།
    རླབས་ཅེན་རེད་ཐུགས་རྗེ་ཆེ་མི་ཟེར་ན་འདི་འདྲ་ཞིག་དགོས་པ་རེད།

    Reply
  22. ཨ་ལ་ལ says:
    ལོ་ 15 སྔོན།

    ཁ་དཔེ་ལ། ཁ་ནས་བཤད་ན་ལྷ་བཟོ། ལག་ཏུ་བཞག་ན་སྣབས་འཕྱི་དཀའ། ཟེར་བ་བཞིན། ཚེ་འཛིན་བཟའ་མི་གཉིས་ཀྱི་མཛད་རྗེས་དང་ཕྱག་ལས་འདི་ལྟ་བུ་ནི་སྤྱིར་བཏང་རང་ག་བ་ཞིག་ག་ནས་ཡིན། དོན་དག་གང་མང་ཞིག་ལག་ལེན་ངོ་མའི་ཐོག་ནས་འདི་འདྲ་ཡོང་དཀའ་བ་ཀུན་ལ་གསལ་ངེས་ཡིན། དེ་ལས་ཀྱང་གཞོན་སྐྱེས་བཟའ་མི་གཞིས་ཀྱིས་འདི་འདྲ་ཞིག་གནང་ཡོང་དུས་དངོས་ནས་གཟི་བརྗིད་རེད། ལས་དོན་འདི་ནི་བོད་མི་རིགས་འདིའི་མ་འོངས་པའི་དོན་ཆེན་འགྲུབ་པའི་ལེགས་འགྲུབ་ཡོང་ཐུབ་པའི་སྔ་ལྟས་བཟང་པོ་ཞིག་རེད། ངག་དབང་གིས་ཀྱང་ཁོང་རྣམ་པ་གཉིས་ལ་མ་འོངས་པར་ཕན་ཏན་ཏན་ཐོགས་པའི་རེ་བ་ཡོད།

    Reply
  23. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    ཚེ་འཛིན་བཟའ་ཟླ་གཉིས་ལ་མ་གཞི་ཁ་དྲོ་བཀྲ་ཤིས་ཞུ་འདོད་བྱུང་སོང་།
    ཕྱོགས་གཞན་ཞིག་ནས་བཤད་ན་སྒོར་མོ་བོར་བ་མི་ཤེས་པའི་ངག་དབང་ཁོང་ལྟ་བུ་ཞིག་ལ་སྒོར་མོ་ཕར་སྤྲད་ན་ཡང་དེ་འདྲ་ཞིག་རེད། ཁོས་སླར་ཡང་བོར་བརླག་སུ་འགྲོ་ངེས་པས། དེ་བས་ཁྱེད་བཟའ་ཟླ་གཉིས་ནས་ཐུགས་སྤྲོ་སྐྱིད་པོ་གཏོང་སྤྱད་བྱས་ན་ཅི་མ་རུང་། ཡང་མིན་ན་དངུལ་ཕྱེད་ཀ་ཕྱེད་ཀ་བསྒོས་ཀྱང་ཆོག་མོད་ཁྱེད་ཀྱིས་དེ་ཡང་མ་འཇོན། མ་མཐར་ཡང་སྒོར་ཁྲི་གཅིག་ལེན་དགོས་མོད་དེ་ཡང་འཇོན་མི་འདུག ང་ཚོས་བཤད་སྲོལ་ཤིག་ལ་མི་དྲང་མོ་བླུན་པོའི་ཞེ་ས་ཡིན་ཟེར་བ་འདི་ལ་ངེས་ཤེས་གསར་བ་ཞིག་རྙེད་སོང་། ཡང་ངག་དབང་ཟེར་བ་འདིས་ཁོང་གི་གནས་ཚུལ་འདི་བརྗེད་ཀི་མ་རེད་ཟེར་མོད། དེ་ཁོས་མ་བཤད་ཀྱང་མི་བརྗེད་པ་ངས་གསལ་བོར་ཤེས་ཡོད། འོན་ཀྱང་མ་བརྗེད་པ་ཙམ་གྱིས་ག་ལ་འགྲིག ཉུང་མཐར་ཡང་ཁོང་གཉིས་ལ་ཁས་ལེན་ཞིག་བྱེད་དགོས་མོད། དེ་ཡང་བྱས་མི་འདུག ངོ་མ་དངུལ་འབོར་མཁན་དང་རྙེད་མཁན་གཉིས་དེ་འདྲའི་རིགས་འདྲ་བ་ལ་ཨང་

    Reply
  24. འདྲེ་རྣམ་རྒྱལ། says:
    ལོ་ 15 སྔོན།

    གྲོགས་པོ་ཚེ་འཛིན་ལགས་ཀྱི་དངོས་གནས་རླབས་ཆེན་གྱི་ཕྱག་ལས་གནང་འདུག་རྗེས་སུ་ཡི་རང་ཡོད། འདི་ལྟར་བྱས་ཚེ་ང་ཚོ་བོད་མི་རིགས་འདི་གཞུང་རྒྱུད་དྲིང་ཤིང་ལྷག་བསམ་ཆེ་བ་མཚོན་ཐུབ།

    Reply
  25. གྲྭ་རྒོད says:
    ལོ་ 15 སྔོན།

    དྷ་སའི་འཚོ་བ་ལས་མེད་ཀྱི་མི་རྐྱང་གཟའ་མི་གཉིས་ལ་མཚོན་ན་དཀའ་ངལ་ཡོད་ཀྱང་དངུལ་དེ་དག་ཕྱིར་སྤྱོད་བྱས་པ་ཧང་སང་དགོས་པ་ཞིག་རེད།ཁོང་གཟའ་མི་གཉིས་ཀྱི་ཨ་མདོ་བའི་མི་རྐྱང་དག་གང་འདྲ་ཞིག་ཡིན་པ་གསལ་བྱེད་ཞིག་རེད།རང་ལ་མ་བསམ་གཞན་ལ་བསམ་པ་དེ་སྐྱེ་དཀའ་བ་ཞིག་མིན་ནམ།ཨ་མདོ་བ་ཚོ་ཡག་པོ་རེད།

    Reply
  26. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    ཁྱེད་བཟའ་མི་གཉིས་ནས་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར་བོད་མི་རིགས་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་རྗེས་སུ་ཡི་རངས་ཞུ་བ་ཡིན་ལགས།

    ང་ཡིན་ན་ཕྱིར་སྤྲོད་ས་མ་རེད། ཧ་ཧ་ཧ་ཧ་ཧ་ རྩེད་མོ་ཡིན་དཱ།

    Reply
  27. མཚོ་པདྨ། says:
    ལོ་ 15 སྔོན།

    བོད་མི་ཁྱོ་ཤུག་གཞོན་སྐྱེས་གཉིས་ཀྱིས་དེ་རིང་བཟང་སྤྱོད་ཀྱི་མིག་དཔེ་རྩེར་ཐོན་བསྟན་པ་དེ་ལ་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག་བོད་ཀྱི་དུས་བབ་དྲྭ་རྒྱ་ལའང་མིའི་བཟང་པོའི་ཀུན་སྤྱོད་ཀྱི་གནས་ཚུལ་འདི་འདྲ་ཐེར་བཏོན་གནང་བར་བསྔགས་བརྗོད་ཡོད། རྒྱ་གར་བ་ཚོང་ཁང་བདག་པོ་དེ་ལ་མ་འདྲི་བར་སྒོར་ཁུག་བླངས་བ་དེ་ད་ལྟ་ལེགས་པའི་ཆར་གྱུར་འདུག ཕྱིན་ཆད་ཀྱང་རིགས་རུས་དབྱེ་མེད་ཐོག་བཟང་སྤྱོད་བསྐུལ་མ་གཏོང་བའི་གནས་ཚུལ་འཐོན་ན་གདོན་གནང་ཡོད་པར་དགའ་བསུ་ཞུ།

    Reply
  28. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    དེང་སངས་ང་ཚོའི་སྤྱི་ཚོགས་ནང་དགེ་བཤེས་གི་མིང་ཡོད་མཁན་ཚོ་ཡང ་ཚེ་འཛིན་གཟའ་མི་གཉིས་གི་སྤྱོད་པ་འདྲ་བོ་མཐོང་དཀོན་པོ་རེད་ད་ མི་རབ་ཟེར་ན་དེ་འདྲ་རེད།།
    ཐུགས་རྗེ་ཆེ་ཞུ

    Reply
  29. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ་དགའ་སོང་བའི་ཡིན་ནམ་ཧང་སང་སོང་བ་ཡིན། ངོ་མ་ཅི་ཞིག་བཤད་དགོས་མིན་ཡང་ཤེས་ཀྱིན་མི་འདུག
    ༧་གོང་ས་མཆོག་གིས་་་་རང་གི་བདེ་བར་འདོད་ལ་སྡུག་བསྔལ་མི་འདོད་པ་བཞིན་གཞན་གྱི་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད
    ཅེས་པས་གསུངས་དེའི་དགོངས་དོན་དེ་་་་་འདི་བཟའ་ཟླ་གཉིས་ཀྱི་ལག་ལེན་ལ་ཁེལ་བ་གནང་འདུག་ན་་་་་་་་་་་རྗེས་སུ་ཡི་རིང་བྱེད་བཞིན་ཡོད།
    ངོ་མ་ཐུགས་རྗེ་ཆེ་་་་དགའ་འོས་པ་ཞིག་རེད།

    Reply
  30. སྲེན་སྡེར says:
    ལོ་ 15 སྔོན།

    ཨ་་་ཨ་་་་་ཨཨཨ

    རྨད་བྱུང་སྤྱོད་པ་ཀུན་གྱི་མིག་དཔེར་བཞག་སོང་ད

    ཐུགས་རྗེ་གྲངས་མེད་ཞུ །

    Reply
  31. ཐོ་རེངས། says:
    ལོ་ 15 སྔོན།

    ཚེ་འཛིན་གཟའ་མི་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབ་གཅིག་ཚེ་རིང་ལམ་འགྲོ་འོངས་བས་སྨོན་འདུན་ཞུ

    Reply
  32. གངས་རིའི་ཟེགས་མ says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་རྟག་ཏུ་བོད་མི་རིགས་དེ་ཡ་རབ་བཟང་སྤྱོད་ལྡན་པ་ཞིག་ཡིན་གསུང་བ་འདི་འདྲ་ལ་གསུང་བ་ཡིན་ཤིང་དུ་ལེགས་ཕ་བཟང་བུ་བོད་པའི་བུ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཁྱེད་ཀྱི་བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་བདག་གི་སྐྱབས་ཡུལ་ལ་བསོལ་འདེབ་ཤུག་དྲགས་ཞུ་བཀྲ་ཤིས་ཁ་དྲོ།

    Reply
  33. ནད་པ says:
    ལོ་ 15 སྔོན།

    དེ་རིང་ངས་གོ་བའི་གསར་འགྱུར་ནང་ནས་དགའ་ཤོས་དེ་ཚེ་འཛིན་ལགས་ཀྱིས་རྙེད་པའི་དངུལ་བདག་པོར་ཕྱིར་སྤྲོད་གནང་བའི་གནས་ཚུལ་འདི་ཡིན།

    ང་ཚོ་མི་ཡུལ་དུ་སྐྱབས་བཅོལ་གྱི་འཚོ་བར་རོལ་བཞིན་སེམས་སྐྱོ་བའི་གནས་བབ་གཅིག་ཏུ་གྱུར་ནའང་འཛམ་གླིང་སྟེང་ང་ཚོར་ངོམ་རྒྱུ་ཡོད་པ་གཅིག་ནི་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན།

    གང་ཉིད་ཀྱི་ཐུགས་རྗེའི་ཞབས་བཟུང་པདྨོའི་བཀའ་དྲིན་འོག་བོད་མི་རིགས་འདི་འཛམ་གླིང་ས་ཕྱོགས་གང་དུ་སོང་ན་ཡང་ཡ་རབས་དང་། བཟང་སྤྱོད། གཤིས་བཟང་། དྲང་པོ། སྙིང་རྗེ་ཆེན་པོ་བཅས་ཀྱི་མི་རིགས་གཅིག་ཡིན་སྟབས་དེ་ནི་ང་ཚོས་ངོམ་རྒྱུ་ཡོད་པའི་བོད་མི་རིགས་ཀྱི་རིག་གཞུང་ཡིན་ལ་ང་ཚོའི་སྟོབས་ཤུགས་ཀྱང་ཡིན་པ་མ་ཟད་ང་ཚོའི་བདེ་སྐྱིད་ཀྱང་ཡིན།

    ཚེ་འཛིན་ནང་མི་ཟུང་གིས་ལྷན་སྐྱེས་ཀྱི་གཤིས་སྤྱོད་བཟང་པོ་དེར་ང་ཚོས་སྙིང་དབུས་ནས་དགའ་འོས་པའི་གཏམ་བཟང་ཞིག་ཡིན་ལ་བོད་མི་རིགས་ཀྱི་སེམས་ཁམས་དངྭས་མའི་སྤོབས་པ་ཞིག་ཀྱང་ཡིན།

    Reply
  34. བཤད་སྒྲུབ says:
    ལོ་ 15 སྔོན།

    ཁོ་རེ་དངོས་གནས་ཡག་པོ་རེད་། ༧གོང་ས་མཆོག་གི་བཀའ་སློབ་ནང་ཡག་རབས་སྤྱོད་བཟང་བྱེད་དགོས་གསུངས་པ་དེ་ལག་ལེན་གནང་བ་རེད་ཐུགས་རྗེ་

    Reply
  35. ཐ་ཧྭར་སྐལ་བཟང་། says:
    ལོ་ 15 སྔོན།

    ངོ་སོ་བསྟོད་རྒྱུའི་མི་རང་རེད་འདུག ཁ་དྲོ་བཀྲ་ཤིས།

    Reply
  36. ཕུན་ཚོགས ། says:
    ལོ་ 15 སྔོན།

    དེ་ནི་ད་གཟོད་སྤྱི་ཚོགས་ཀྱི་མྱི་ཡ་རབ་ཟེར་བ་དེ་རེད། དྲང་བདེན་གྱི་འཚོ་བ་རོལ་མཁན་གྱི་མི་ཞིག་ལ་མཚོན་ན། རང་ཉིད་ཀྱི་ངལ་རྩོལ་གྱིས་བསགས་པའི་དངུལ་ལས་གཞན་བེད་སྤྱོད་མི་གཏོང་། འདི་ནི་ད་གཟོད་དྲང་བདེན་གྱི་འཚོ་བ་ཟེར་བ་དེ་ཡིན་པ་མ་ཡིན་ནམ། འདི་ལྟར་དྲང་བདེན་གྱི་མཇུག་མཐུད་ཐུབ་མཁན་གྱི་འཚོ་བ་ནི་ཞི་ཞིང་བདེ་སྐྱིད་ལྡན་པའི་འཚོ་བ་ངོ་མ་དེ་ཡིན། ཁྱོད་བཟའ་ཟླ་གཉིས་ཀྱི་བྱ་བ་ལམ་དུ་འགྲོ་བར་ཤོག

    Reply
  37. གནམ་ལྕགས། says:
    ལོ་ 15 སྔོན།

    དེ་རིང་ཁྱེད་བཟའ་ཟླ་གཉིས་ཀྱིས་སྐད་གྲགས་བཞག་འདུག མ་གཞི་ཁོང་བཟའ་ཟླ་གཉིས་ཆ་ང་ལ་རྒྱུས་ཡོད་ཡིན་ལ། ནམ་རྒྱུན་བླ་མ་དཀོན་མཆོག་དེ་འདྲ་ཡིན། ཁོང་གཉིས་ཀྱིས་ད་རེར་དངུལ་ཕྱིར་སྤྲད་པ་དེས་མི་ཐམས་ཅད་ཅུང་ཧང་སངས་སུ་བཅུག་ཡོད། དྲང་མོར་བཤད་ན། ཚང་མས་དངུལ་གྱི་དོན་དུ་ཞབས་འདྲེན་ཞུ་ཡི་ཡོད་མོད། མི་བུ་སྒལ་ཚིགས་ཅན་འདི་ལྟ་བུས་དངུལ་ལ་ཐུག་དུས་སྐད་གྲགས་འཇོག་གི་ཡོད།

    འདི་ནི་ད་གཟོད་ང་ཚོས་སློབ་སྦྱོང་བྱེད་དགོས་པ་དེ་རེད། མཐའ་མཇུག་བཤད་རྒྱུ་ཞིག་ཡོད་པ་ནི་ཡག་གི་ཟེར་རྒྱུ་དེ་ཡིན། ཁྱེད་གཉིས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  38. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    རྐྱེན་ངན་གྲོགས་ཤར་རང་རེད། ཡག་པོ་ཞེ་དྲག་རེད། དངུལ་རྙེད་མཁན་གྱིས་དངུལ་ཚང་མ་དུས་ཐོག་ཏུ་བདག་པོར་ཕྱིར་སྤྲད་པ་དང་། དངུལ་བོར་མཁན་གྱིས་་རང་གི་གནམ་གྲུ་གླ་ཆ་འདང་མིན་ལ་མ་བལྟོས་པར་ཁོང་གི་བཀའ་དྲིན་མཚོན་ཆེད་ཧིན་སྒོར་སུམ་སྟོང་ཕུལ་བ་སོགས་ནི་བསྔགས་པའི་གནས་སུ་མཐོང་ཡང་། གཙོ་ཆེ་བ་ནི་གནས་ཚུལ་འདི་ཐོག་མར་གསར་འགོད་པར་སྙན་སེང་ཞུ་མཁན་དང་། གསར་འགོད་པས་ཀྱང་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་གནས་ཚུལ་བརྩད་གཅོད་བྱས་ཤིང་། མང་ཚོགས་ལ་ཁ་གསལ་ངོ་སྤྲོད་གནང་བ་དེ་ཤིན་ཏུ་ཡག་པོ་རེད། དེ་ལྟར་མ་བྱས་ཚེ་རང་རིགས་དང་མི་རིགས་གཞན་གྱིས་ཡོངས་ཁྱབ་ཐོག་ཤེས་རྟོགས་ཐུབ་ཀྱི་མ་རེད། འདི་ནི་རང་མི་རིགས་ཀྱི་ནང་གི་རིན་ཐང་ངོ་མ་དེ་ཡིན་པས་གཞན་ལ་ངོམས་སོ་བྱས་ན་ཅིས་ཀྱང་འོས་པར་རིགས། མཐར། ཁོང་བཟའ་ཟླ་གཉིས་གཙོ་བྱས་པའི་འབྲེལ་ཡོད་རམ་འདེགས་ཞུ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ།

    Reply
  39. གངས་ཕྲུག་བཀྲ་ཤིས། says:
    ལོ་ 15 སྔོན།

    དངོས་དགའ་འོས་པའི་གནས་ཚུལ་རང་རེད།
    ཚེ་འཛིན་ལགས་དང་བཟའ་ཟླ་གཟའ་གཉིས་ལ་ཐུགས་རྗེ་ཆེ་ཞུ།
    ༧གོང་ས་མཆོག་གི་བཀའ་གསུང་སྒྲུབ་པ་རང་རེད།

    Reply
  40. དོན་གོ says:
    ལོ་ 15 སྔོན།

    ཚེ་འཛིན་ལགས་ལ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ཀྱིས་ང་ཚོའི་མི་རིགས་འདིར་ལྷན་སྐྱེས་སུ་ཡོད་པའི་གཤིས་ཀ་ངོ་མ་ཞིག་སྤྱི་ཚོགས་འདིར་གསལ་སྟོན་བྱས་སོང་བ་རེད། མ་འོངས་པའི་མི་རབས་གསར་བ་དག་ལའང་མིག་དཔེ་ཞིག་བསྟན་སོང་།
    རླབས་ཆེན་གྱི་མི་གཤིས། ཡ་རབས་ཀྱི་ཀུན་སྤྱོད། འདི་ནི་མི་བུ་དངོས་ཤིག་གི་མངོན་སྟངས་ཤིག་རེད།
    ཁྱེད་བཟའ་མི་གཉིས་ལ་བཀྲ་ཤིས་ཁ་གཡང་ཡོད།

    Reply
  41. ལྷ་ལུང་ says:
    ལོ་ 15 སྔོན།

    ཨ་རི ་ནེའུ་ཡོག་ནས་ང་ཡི་གྲོགས་པོ་གཉིས་ཀྱི་སྔ་རྗེས་བྱས་ནས་དངུལ་ཁུག་གསུམ་ཙམ་རྙེད་སོང་ གཅིག་ནང་ཨ་སྒོར་༣༠༠༠དང་གཅིག་ནང་༢༠༠༠གཞན་ཞིག་ནང་༢༠༠ འདུག་ ལྔ་སྟོང་དང་སུམ་སྟོང་དོ་བདག་ལ་ཕར་སྤྲོད་ས་རག་སོང་ ཉིས་བརྒྱ་དེ་ཕར་སྤྲད་ག་འགྲོ་དུས་ཁང་པ་སྤོས་ནས་སྤྲད་ས་རག་མི་འདུག

    Reply
  42. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    དེའི་མྱིང་ལ་ད་མྱི་ཟེར་ནི་རེད་ཡ། མྱི་ཟེར་ན་དེ་འདྲ་ཟིག་དགོས་གི

    Reply
  43. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    འདི་ཚོ་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དངོས་རེད་ཅེས་བཤད་ནའང་མི་ཆོག་པ་མི་འདུག སྤྱི་ཚོགས་ཀྱི་གྲལ་མགོ་དང་ལས་ཁུངས་ཀྱི་མཐོ་སར་བཞུགས་མཁན་མང་པོ་ཞིག་གིས་དངུལ་མཐོང་ན་རང་ཚུགས་བོར་འགྲོ་བ་དེ་དག་སྤྱི་ཚོགས་ཀྱི་སྣེ་ཁྲིད་ཡིན་ན་ང་ཚོའི་སྤྱི་ཚོགས་འདི་གང་ཞིག་ནས་གང་ཞིག་ཏུ་འཁྲིད་རྒྱུ་རེད་དམ།
    ཚེ་འཛིན་དང་ཁོང་གི་བཟའ་ཟླ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བཟའ་ཟླས་བཀག་འགོག་བྱས་ཡོད་ན་ཁོང་གིས་ཀྱང་ཕྱིར་སྤྲོད་ཐུབ་རྒྱུ་མ་རེད། དེར་བརྟེན་ཁོང་བཟའ་ཚོ་གཉིས་གཅིག་ལས་གཅིག་སེམས་པ་བཟང་པོ་ཡོད་པ་ཤེས་ཐུབ། ཁྱེད་གཉིས་ལ་བྱ་བ་ལམ་ཡོང་བར་ཤོག ཁ་དྲོ་བཀྲ་ཤིས།

    Reply
  44. Rinchen Gonpo says:
    ལོ་ 15 སྔོན།

    ཨ་རོ། བཟང་གི་ ཤི་ལུ
    God ཡི་གློག་ཀླད་ཉོ་བྱེད་གཏེར་ན་ ཁྱོས་མ་བླངས་དུས་ ད་ཐབ་ཤེས་མེད་ཀི
    གུ་རེ་ཡིན། གྲོགས་པོ་བཟང་བ་པོ།

    Reply
  45. འཇམ་དབྱངས says:
    ལོ་ 15 སྔོན།

    ཨ་ཕའི་བུ་རྒོད་ སེམས་གཏིང་ནས་ཐུགས་རྗེ་ཆེ།

    Reply
  46. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དེང་སང་གི་དུས་ན་མི་འདི་འདྲ་རེ་ཡོད་པར་ཡིད་ཆེས་ཀྱང་བྱེད་མ་མྱོང་། དེ་རིང་ངས་ཐུགས་སྤྲོ་ཞིག་གཏོང་གི་ཡིན། འདི་འདྲ་ཡིན་ན་རྒྱལ་བ་རིན་པོ་ཆེས་ཆོས་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་བསླབ་བྱ་གནང་བ་དེ་འཕྲོ་བརླགས་ལ་སོང་མི་འདུག

    Reply
  47. མངའ་རིས་བུ། says:
    ལོ་ 15 སྔོན།

    དངུལ་ཁུག་སྟོར་མཁན་དང་དངུལ་ཁུག་བརྙེད་མཁན་གསུམ་གར་བཀྲ་ཤིས་བདེ་ལེགས་ཡོད།
    ཁྱེད་གསུམ་ནི་༧གོང་ས་༧་མཆོག་གི་བཀའ་དགོངས་ཇི་བཞིན་སྒྲུབ་མཁན་གྱི་བོད་རིགས་ཀྱི་དཔེ་མཚོན་བཟང་པོ་ཞིག་བྱས་སོང།
    ཐུགས་རྗེ་ཆེ།
    དངུལ་ཁུག་སྟོར་མཁན་གྱི་བདག་པོས་བཟང་ལ་བཟང་ལན་སྦྱིན་རྒྱུ་ནམ་ཡང་མི་བརྗེད་ཅེས་པའི་ཚིག་དེ་བརྟན་པོར་གནང་རོགས་དངོས་གནས་ཡག་པོ་རེད།
    གསར་འགོད་པ་དང་དེ་ཡི་སྐོར་གསར་འགོད་པ་ལ་འབྲེལ་ཐུག་བྱེད་མི་རྣམས་ལའང་ཐུགས་རྗེ་ཆེ།
    འདི་ལྟར་གནས་ཚུལ་ཡང་ཡང་གསར་འགྱུར་སོགས་མིང་དམངས་ཀྱི་རྣ་སྒོར་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན་རིམ་གྱིས་རྗེ་མང་ནས་རྗེ་མང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་རེད།
    གཞི་ནས་༧གོང་ས་༧་མཆོག་གིས་བོད་རིགས་ནི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་ཅེས་ཕྱི་རྒྱལ་ཁག་ཏུ་ངོ་སྤྲོད་གནང་བ་ཁག་ལ་བདེན་ཆ་ཡོད་པ་ཕྱི་མིས་ཚོས་ངེས་པ་རྙེད་ངེས་རེད།

    Reply
  48. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    སེམས་གཏིང་ནས་རྗེས་སུ་ཡི་རངས་ཡོད། བཀའ་དྲིན་ཆེ།

    Reply
  49. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    ཚེ་འཛིནབཟའ་ཟླ་གཉིས་ལ་ངས་ཀྱང་ཁ་དྲོ་བཀྲ་ཤིས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངོ་མ་མི་དྲང་མོ་མདའ་འདྲ་འདྲ་ཞེས་པ་དེ་ཁྱེད་བཟའ་མི་གཉིས་རེད། འདི་འདྲའི་སྒོར་འཔོར་ཆེན་ཞིག་མ་བརྐུས་མ་འཕྲོག་པར་ལག་ཏུ་རེག་པ་དེ་ཕར་དོ་བདག་ལ་སྤྲད་པ་དེ་བསྟོད་འོས་པ་དང་བསྟོད་དགོས་པ་ཞིག་ཀྱང་རེད། ཡང་བསྐྱར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    Reply
  50. གླང་དར་མ། says:
    ལོ་ 15 སྔོན།

    ཚེ་འཛིན་ལགས་ཀྱི་མཛད་རྗེས་དེར་སྔགས་བརྗོད་ཞུ་འདོད་བྱུང་ལ་ཁྱེད་བཟའ་ཚང་གཉིས་བྱ་བ་ལམ་འགྲོ་ཡོང་བར་སྨོན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese