མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་དང་སྒྲིག་གཞི་བརྩི་རྒྱུ་གལ་ཆེན་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ས་གནས་ཁག་གི་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ལམ་སྟོན་ག་རེ་བྱེད་དགོས་ཀྱི་འདུག མང་ཚོགས་ལ་བཤད་དགོས་པ་ག་རེ་འདུག བཤད་མི་དགོས་པ་གང་འདུག དེ་ཚོར་ས་མཚམས་ཤིག་ཕྱེ་ཐུབ་ན་ཡག་པོ་འདུག་ཟེར།

ངྷ་ས་དབུས་འོས་བསྡུ་ལྷན་ཁང་གིས་དེ་སྔོན་ཟླ་རྗེས་མའི་ཕྱི་ཚེས་ ༡༢ ཉིན་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱ་གཏན་འཁེལ་ཡོད་ནའང་། སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་གྱི་ས་གནས་ཁག་གཉིས་ནས་འོས་སྒམ་ ༡༩ བལ་ཡུལ་ཉེན་རྟོག་པས་བཙན་འཕྲོག་བྱས་སྟབས། དབུས་འོས་བསྡུ་ལྷན་ཁང་གིས་གཅིག་བྱས་ན་འོས་བསྡུའི་གྲུབ་འབྲས་ཡོངས་བསྒྲགས་བྱ་རྒྱུར། གཏན་འབེབས་བྱས་པའི་དུས་ཚེས་ལ་འགྱུར་བ་འགྲོ་སྲིད་སྐོར་ཡང་གསུངས་ཡོད་པར་མ་ཟད། སྔོན་འགྲོའི་འོས་བསྡུ་གྲུབ་ཏེ་ཉིན་ཉི་ཤུ་ཉེ་བའི་རིང་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སྐོར་ལ་གང་ཡང་གསུངས་མེད། ཡིན་ནའང་། ས་གནས་ཁག་ཅིག་ནང་དབུས་འོས་བསྡུ་ལྷན་ཁང་གིས་བཀོད་ཁྱབ་དང་འོས་བསྡུའི་སྒྲིག་གཞི། བཅའ་ཁྲིམས་ཀྱི་འབྲི་དོན་བཅས་སྣང་མེད་ཐོག  ས་གནས་འོས་བསྡུའི་ཚོགས་མི་ཁག་ཅིག་གིས་འོས་བསྡུའི་གསང་བ་ཕྱིར་བསྒྲགས་བྱས་དང་བྱེད་བཞིན་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཨོ་སི་ཊི་ལའི་ཡ་དང་ཧོ་ལན་ཌི་གཉིས་ཀྱི་ས་གནས་འོས་བསྡུའི་འགན་འཛིན་དྭགས་པོ་བསོད་ནམས་ལགས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པའི་བཅར་འདྲི་དང་ལེན་སྐབས། གོང་གསལ་ས་གནས་གཉིས་ནང་བཀའ་བློན་ཁྲི་པའི་སྔོན་འགྲོའི་འོས་བསྡུའི་གྲངས་འབོར་མང་ཤོས་བློ་བཟང་སེངྒེ་རེད་ཅེས་ཡོངས་བསྒྲགས་བྱས་ཡོད། དེ་ནི་ད་བར་ས་གནས་ཁག་གི་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ཁག་ཅིག་གིས་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་གསང་བ་ཕྱིར་བསྒྲགས་བྱས་པ་ལས། ས་གནས་འོས་བསྡུའི་འགན་འཛིན་ཞིག་གི་མཚན་ཐོག་ནས་འོས་བསྡུའི་གསང་བ་ཕྱིར་བསྒྲགས་བྱས་པ་ཐོག་མ་ཆགས་ཡོད།

 

འདི་གའི་གསར་འགོད་པས་ཕྱི་ཚེས་ ༡༥ ཉིན་ངྷ་ས་དབུས་འོས་བསྡུའི་ལས་འཕར་འགན་འཛིན་རིན་འཛིན་ཆོས་གྲགས་ལགས་ལ་བཅར་འདྲི་ཞིག་གི་སྐབས། ཁོང་གིས་གསུངས་དོན། ས་གནས་འགའ་རེར་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་ལ་གནས་ཚུལ་གང་སར་ཁྱབ་བསྡད་པ་ལྟ་བུ་ཡོད་ས་རེད། དེ་རྩ་བ་ནས་འགྲིག་གི་མེད། འོས་བསྡུའི་སྒྲིག་གཞི་དང་བཅའ་ཁྲིམས་ནང་གསང་རྒྱ་བྱེད་དགོས་པའི་རིགས་ཡིན་སྟབས་མ་ནོར་བ་བྱེད་དགོས། ད་ལྟའི་ཆར་ས་གནས་འོས་བསྡུའི་འགན་འཛིན་དང་ཚོགས་མི་སུ་ཡིན་རུང་གསང་རྒྱ་བྱེད་དགོས་པ་དང་། འོས་བསྡུ་དང་བཅའ་ཁྲིམས་ཀྱི་སྒྲིག་གཞིར་བརྩི་དགོས་པ་གལ་ཆེན་པོ་རེད། དབུས་འོས་བསྡུ་ལྷན་ཁང་གིས་ས་གནས་ཁག་གི་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ལམ་སྟོན་ག་རེ་བྱེད་དགོས་ཀྱི་འདུག མང་ཚོགས་ལ་བཤད་དགོས་པ་ག་རེ་འདུག བཤད་མི་དགོས་པ་གང་འདུག དེ་ཚོར་ས་མཚམས་ཤིག་ཕྱེ་ཐུབ་ན་ཡག་པོ་འདུག་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཞུ་བཞིན་པ་ཡིན་གསུངས།

 

དེ་བཞིན་བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་མང་བོ་རྩིས་མེད་དུ་ཕྱིན་ཡོད་ལ། འོས་བསྡུའི་ལས་འཕར་འགན་འཛིན་གྱིས་དེའི་སྐོར་གསུངས་དོན། འོས་ཤོག་རྩིས་མེད་ཕྱིན་པའི་སྐོར་ལ་སྤྱི་ཚོགས་ནང་བསམ་ཚུལ་མ་འདྲ་བ་བཤད་མཁན་ཡོང་གི་འདུག སྤྱིར་ང་ཚོས་ལས་འགུལ་མགོ་བརྩམས་པ་ནས་འོས་ཤོག་རྩིས་མེད་གཏོང་ཕྱོགས་ཀྱི་སྐོར་ལ་དཀའ་ངལ་མང་བོ་འཕྲད་ཀྱིན་འདུག་ཅེས་བསམ་ཚལ་མང་བོ་བྱུང་བ་དང་། ངེད་ཅག་དབུས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གསུམ་རྒྱ་བལ་འབྲུག་གསུམ་དང་ལྷག་པར་དུ་རྒྱ་གར་ནང་ལོགས་ཀྱི་ས་གནས་ཁག་གི་འོས་བསྡུའི་འགན་འཛིན་རྣམས་ལ་ཐུག་འཕྲད་དང་། མང་ཚོགས་ལ་ཟབ་སྦྱོང་སྤྲོད་དུ་ཕྱིན་ཡོད། དེར་བརྟེན་གནད་འགག་ཆེ་ཤོས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་འོས་ཤོག་རྩིས་མེད་གཏོང་ཕྱོགས་ལྟར། དོན་ཚན་ང་བརྒྱད་པ། འོས་ཤོག་རྩིས་མེད་གཏོང་ཕྱོགས་ཞེས་པར། འོས་ཤོག་གྲངས་བཤེར་སྐབས་དོན་ཚན་ ༣༤ ནང་གསེས་ ༢ ནང་གསལ་ལྟར་རམ། འོས་བསྡུ་ལས་ཁང་གིས་གོ་སྒྲིག་བྱས་པའི་རྟགས་ཐེལ་ལམ་སྨྱུ་གུ་བེད་སྤྱོད་མ་བྱས་པའི་འོས་ཤོག་དེ་ཉིད་རྩིས་མེད་དང་། འོས་སྒམ་ནས་འོས་འཕེན་གྲངས་ཚད་ལས་བརྒལ་བའི་འོས་ཤོག་ཐོན་ཚེ། འོས་ཤོག་ཡོངས་རྫོགས་རྩིས་མེད་ཀྱིས་བསྐྱར་དུ་འོས་བསྡུ་བྱེད་དགོས། དོན་ཚན་སོ་བཞི་པ། འོས་ཤོག་གྲངས་བཤེར། ཤོག་ངོས་ ༢༧ དང་ ༢༨ ནང་གསེས་ ༢། ཀ འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མི་མིང་འཁོད་པ། ཁ། རང་མོས་འོས་འདེམས་སུས་བྱེད་མི་མིང་དང་རྟགས་གང་ཡང་མི་གསལ་བ། ག ཐོབ་ཁོངས་སོ་སོའི་ཐོབ་ཆའི་སྤྱི་འཐུས་ཀྱི་གྲངས་ལས་བརྒལ་བའི་མི་མིང་དང་འོས་རྟགས་བརྒྱབ་པ། ང་། འོས་འདེམས་སུ་དང་། སུར་བྱེད་ངོས་འཛིན་མ་བདེ་བའི་མི་མིང་དང་འོས་རྟགས་གང་བྱུང་བརྒྱབ་པ། ཅ། འོས་ཤོག་ནང་མ་གསལ་བའི་རང་མོས་འོས་གཞི་མིང་གསལ་བཀོད་རིགས། ཆ། འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་གྱི་རིགས་བཅས་གསལ་ཡོད་ལ། ཡང་ཤོག་ངོས་ ༧༡ གཤམ་གསལ་རེའུ་མིག་ཆ་ཚང་ངེས་པར་བསྐང་དགོས། ཞེས་སོགས་གསལ་ཡོད་ཅེས་གསུངས།

 

ཡང་ཁོང་གིས། གོང་གི་རེའུ་མིག་ཆ་ཚང་ངེས་པར་དུ་བསྐང་དགོས་ཞེས་པ་འོས་བསྡུའི་སྒྲིག་གཞིའི་ཟུར་རྒྱན་ནང་གསལ་ཡོད་ལ། དེ་གནད་འགག་ཆེན་པོར་མཐོང་སྟེ་འོས་ཤོག་རང་གི་སྟེང་དུ་ཡང་བཀོད་ཡོད་མོད། ཐེངས་འདིར་རེའུ་མིག་ཆ་ཚང་མ་བསྐང་པའི་འོས་ཤོག་མང་བོ་ཞིག་རྩིས་མེད་དུ་ཕྱིན་འདུག་ལ། དབུས་སྤྱི་ཁྱབ་འོས་བསྡུའི་ངོས་ནས་ས་གནས་སོ་སོར་རེའུ་མིག་ཆ་ཚང་བསྐང་མེད་པའི་འོས་ཤོག་རྣམས་རྩིས་མེད་དུ་གཏོང་དགོས་པ་རེད་ཅེས་བཤད་ཡོད། དེ་ནི་འོས་བསྡུའི་སྒྲིག་གཞིའི་ནང་འོས་ཤོག་རྩིས་མེད་དུ་འགྲོ་དགོས་རིགས་རྩིས་མེད་དུ་གཏོང་དགོས་པ་འཁོད་ཡོད་སྟབས། དབུས་ས་གཉིས་ཀྱིས་ལག་བསྟར་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས།

 

ཡང་ཁོང་ལ་སྔོན་འགྲོའི་འོས་བསྡུའི་སྐབས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་ཕྲུག་ཉིས་བརྒྱ་ལྷག་གིས་དེབ་སྐྱེལ་བྱས་མེད་པར་འོས་བསྡུ་བྱེད་མ་ཐུབ་པའི་དཀའ་ངལ་བྱུང་ཡོད་པའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་གསུངས་དོན། ང་ཚོས་སྦེལ་ཀོབ་ས་གནས་འོས་བསྡུ་འགན་འཛིན་ལ་འཕྲིན་ཡིག་བཏང་སྟེ། དེའི་སྐོར་ལ་ཞིབ་འཇུག་བརྟག་དཔྱད་གནང་རོགས། དངོས་ཡོད་གནས་སྟངས་གང་ཡིན་པ་དེ་ཡར་གཏོང་རོགས། དེ་ལ་བརྟེན་ཏེ་དངོས་ཡོད་གནས་ཚུལ་གང་ཡིན་པ་དང་ཕྲུ་གུ་ཉིས་བརྒྱ་སུམ་བརྒྱ་ལྷག་གིས་དེབ་སྐྱེལ་བྱས་མེད་པ་དེ། དོ་བདག་རང་གིས་ནོར་འཁྲུལ་བྱས་ཡོད་ཚེ་ཞུ་རྒྱུ་གང་ཡང་མེད་མོད།  མི་གཞན་ཞིག་གིས་བརྒྱུད་སྐུལ་ལྟ་བུའི་རིགས་ཡིན་ཚེ། ཁྲིམས་འགལ་ཆགས་ཡོད་ལ། དེ་ལ་གསལ་བོ་གནང་རོགས་ཞུས་ཡོད་ཅེས་གསུངས། ཕྱི་ཚེས་ ༡༩ ཉིན་འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལྷན་ཁང་ལ་འབྲེལ་བ་བྱས་ཏེ། བཀའ་སྤྱིའི་སྔོན་འགྲོའི་འོས་བསྡུའི་སྐབས་ས་གནས་གཉིས་ནས་འོས་སྒམ་ ༡༩ འཕྲོག་པའི་སྐོར་ལ་བཀའ་འདྲི་ཞུས་པར། ད་ལྟའི་ཆར་ད་དུང་འགྱུར་བ་གང་ཡང་བྱུང་མེད་ཅེས་གསུངས་ཡོད།

 

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

ཆུ་ཚོད་ ༥ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥

མཆན། 4

  1. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གང་ལྟར་ས་གནས་ཀྱི་འོས་བསྡུའི་ལས་བྱེད་རྣམས་ཀྱིས་ལས་ཀ་དྲང་པོར་བྱེད་ཀྱི་ཡོད་པའི་ཡིད་ཆེས་ཡོད་ སྲང་ལམ་གྱི་གནས་ཚུལ་ལ་གཞིགས་ན་དྲང་པོ་བརྒྱ་ཆ་བརྒྱ་བྱེད་ཀྱི་ཡོད་མེད་ཐེ་ཚོམ་ཡིན་ གང་ཡིན་ཟེར་ན་ སྦེལ་ཀོབ་གཞིས་ཆགས་རྙིང་པའི་ནང་བཀའ་ཁྲི་དང་ཆོས་ལུགས་ཀྱི་འོས་གྲངས་མཐོ་ཤོས་སུ་ལ་ཐོབ་མིན་དེ་ཕལ་ཆེར་མང་ཆེ་བས་གསལ་པོ་ཤེས་ཀྱི་འདུག་ དཔེར་ན་ བཀའ་ཁྲིའི་འོས་མཐོ་ཤོས་དེ་བློ་བཟང་སེང་གེ་དང་ དེ་ནས་དགེ་ལུགས་ཆོས་བརྒྱད་ཀྱི་འོས་ཁོངས་སུ་ཀརྨ་ཆོས་འཕེལ་ཡོད་པ་སོགས་གོ་རྒྱུ་འདུག་ དེ་བདེན་པ་ཡིན་མིན་མི་ཤེས་

    Reply
  2. འབྲུག་གྲགས་རྒྱལ་པོ། says:
    ལོ་ 15 སྔོན།

    འདི་ཚོ་ཚང་མ་ད་ལྟ་ང་ཚོའི་སྤྱི་ཚོགས་འདི་མང་གཙོ་ཡང་དག་གཅིག་བྱེད་པའི་ཚད་དུ་སླེབས་མེད་པའི་རྟགས་མཚན་རེད། རེ་བ་བྱེད་ཡུལ་ལམ་ལས་ཀྱི་སྣེ་མོར་ཡོད་པ་ཚོས་སྒྲིག་ཁྲིམས་ལ་རྩི་གི་མེད་དུས་གཞན་ཤེས་ཡོན་ཡོད་ལ་མེད་ལ་རྣམས་ནས་ག་འདྲ་བྱས་ཡོང་། ད་དུང་ང་ཚོས་ཤེས་ཡོན་ལ་དོ་སྣང་གནང་རྒྱུ་གལ་ཆེ། མང་ཚོགས་ལ་ཤེས་ཡོན་ཚད་ལོངས་པ་ཞིག་མེད་ན་འོས་གྲངས་ཕྱིར་བསྒྲགས་བྱས་པ་ལས་ལྷག་པ་གཞན་གྱི་མགོ་སྐོར་འོག་ཚུད་ནས་འོས་མི་དེའང་ག་འདྲ་ཞིག་ཡོང་མིན་བརྗོད་དཀའ།

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ང་རང་ས་གནས་འོས་བསྡུའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་་་་་་འོས་བསྡུའི་སྒྲིག་གཞིའི་ནང་གི་་་་ངོས་འཕྲོད་ཐུབ་པའི་ཁྱད་མིང་ཡོད་ན་ལས་་་་་ཞེས་པ་སོགས་དངོས་སུ་བཀླགས་ནས་་་་་་ཁ་པར་གྱི་བརྒྱུད་ལམ་ཚུན་ཆད་ནས་ཀྱང་གསལ་པོ་ཆགས་ཐབས་མང་པོ་བྱས་ཀྱང་་་་ད་དུང་ཡང་དཀའ་ངལ་སེལ་ཐུབ་མ་སོང་། ཟུར་རྒྱན་་་་་ཟུར་རྒྱན་་་་ག་རེ་ཟུར་རྒྱན་་་་་་་་་་་་་་་་་་་་་་་་་་་་་ཧྥུའུ་་ཤུའུ་་འུ་་་་་་

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཉིན་ང་ཧྥི་རན་ཁི་ཧྥོར་ཊི་ལ་འགྲོ་སྐབས་གྲོགས་པོ་ཞིག་དང་ཁ་བརྡ་ཡར་མར་བཅོ་བརྒྱད་བྱས་རྗེས་བཀའ་ཁྲིའི་སྔོན་འགྲོའི་འོས་གཞིའི་སྒང་ལ་བབས་སོང་། སྐབས་དེར་གྲོགས་པོ་ཞིག་གིས་སྔོན་འགྲོའི་འོས་མཐོ་ཤོས་ཏེ་བློ་བཟང་སེང་གེ་ལགས་སུ་འཐོབ་གི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ནས་བསྒྲགས་བྱུང་ཟེར། ངས་ལམ་སེང་ཡིད་མ་ཆེས་བའི་ངང་ད་དུང་གཞུང་འབྲེལ་གྱི་ངང་འོས་ཤོག་གི་གྲུབ་འབྲས་མ་བསྒྲགས་གོང་ཨེ་ཤེ་ཡ་ཚང་ལ་འདི་འདྲའི་བསྒྲགས་གཏམ་ཞིག་གང་ནས་རེགས་པ་ཡིན་ནམ་ཅེས་དྲིས་བ་ཡིན། སྐབས་དེར་གྲོགས་པོ་དེས་ཨེ་ཤ་ཡ་རང་དབང་ཚང་གིས་མི་ལས་དགུ་ཞིག་མ་གཏོགས་མི་བྱེད་ཀི་ཟེར། ཉེ་འཆར་ལྷ་ས་ནས་ཁྲིམས་ཐག་བཅད་པའི་ཚོང་བ་རྡོ་རྗེ་བཀྲ་ཤིས་ཟེར་བ་དེའི་སྐོར་ཕ་ཡུལ་རེབ་གོང་ནས་ཡིན་པའི་ཕྱི་སྡོད་བོད་པ་ཞིག་ལ་བཅར་འདྲི་བྱེད་བཞིན་འདུག་མོད། ཁོས་རྡོ་རྗེ་བཀྲ་ཤིས་ཟེར་བ་དེ་རྒྱ་དགའ་ཡིན་རབས་དང་བོད་པའི་ལ་རྒྱ་མེད་ཚུལ་ལུང་བ་གང་བཤད་སོང་། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན་ཚོང་བ་དེ་ཨ་མདོ་བླ་བྲང་ཕྱོགས་ནས་རེད་ཟེར། གསར་འགོད་པ་ཁ་ཤས་ལ་ལས་ཀ་མེད་ན་མི་ཆོ་མེད་གི་ཁ་སློགས་ནས་ཡུལ་ལུང་དང་སྡེ་ཁག་བར་དཀྲུགས་ཤིང་འཕེན་བཞིན་འདུག་ཟེར། ཨེ་ཤེ་ཡ་ཚང་ལ་ལས་རྒྱུ་མེད་ན་དྲ་ཐོགས་ཀྱི་བོད་ཡིག་གསར་འགྱུར་འདི་ལ་དག་བཅོས་ཞིག་བྱས་ན་ཅི་མ་རུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese