མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅན་ཚའི་སློབ་ཕྲུག་གི་སྐད་འབོད

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

 གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། གཉིས་པ་གཉིས་ཀྱི་སློབ་ཕྲུག་ཉིས་སྟོང་ ༢༠༠༠ ལས་བརྒལ་བ་ཞིག་གིས་སྐད་འབོད་ཁྲོམ་སྐོར་བྱེད་བཞིན་རྫོང་སྲིད་གཞུང་གི་སྒོ་ཁར་ཕྱིན་ཡོད་འདུག འོད་ཟེར་གྱི་ཟིན་བྲིས་ནང་དེ་རིང་གཅན་ཚའི་སློབ་ཕྲུག་གི་ཁྲོམ་སྐོར་ཁྲོད་དགེ་སློབ་གཉིས་ཀ་ཡོད་སྐོར་བཀོད་འདུག གཞན། སྐད་འབོད་ཀྱི་ནང་དོན་སོགས་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་ཐུབ་སོང་།

གསར་ལམ་གཞན་ཁག་ཅིག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཕྱི་ཚེས་ ༡༩ ཉིན་ཡང་གཅན་ཚ་རྫོང་ཐོག་ཏུ་སློབ་གསོ་བཅོས་བསྒྱུར་གྱི་རྒྱ་ནག་གི་སྲིད་ཇུས་དེར་འདོད་པ་མེད་པའི་སྦྱར་ཡིག་བཀྲམས་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་བོད་རིགས་སློབ་ཕྲུག་མང་པོ་ཞིག་གིས་སྐད་འབོད་ཁྲོམ་སྐོར་བྱས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༡༩ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 11

  1. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོ་ཆུ་ཚོད་ ༨ དང་སྐར་མ་ ༣༠ ཙམ་ལ། མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་མ་བརྒྱ་སྐོར་འགས་ཡང་སློབ་གྲྭའི་ཁོར་ཡུག་ནང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་སྲིད་ཇུས་གསར་བ་དེར་ངོ་རྒོལ་གྱི་སྐད་འབོད་ཁྲོམ་སྐོར་གྱི་མགོ་བརྩམས་ཡོད་མོད། དེ་མ་ཐག་འབྲེལ་ཡོད་མི་སྣ་དག་ཐོན་ནས་བཀག་འགོག་ཀྱིས་ཁྲོམ་སྐོར་བྱེད་བཅུགས་མི་འདུག

    Reply
  2. ནད་པ says:
    ལོ་ 15 སྔོན།

    ཕྱི་ལོ་ ༡༩༥༡ ལོའི་ཡར་སྔོན་ནས་བོད་ཀྱི་ཁམས་ཕྱོགས་ས་ཁུལ་དུ་རྒྱ་མིའི་བཙན་འཛུལ་དང་འཇིགས་སྐུལ་སླེབས་དུས་དབུས་གཙང་ཚོས་བལྟད་མོ་བལྟས།

    དབུས་གཙང་དུ་བཙན་གནོན་སླེབས་དུས་ཨམ་མདོ་ཚོས་ཡང་བལྟད་མོ་བལྟས།

    ཨམ་མདོར་བཙན་ཤེད་སླེབས་དུས་ཁམས་པས་བལྟད་མོ་བལྟས་ཏེ་ཆོལ་ཁ་གསུམ་གྱིས་གཅིག་ལ་རྒྱ་མིའི་བཙན་ཤེད་སླེབས་ཕྱོགས་ཚང་མས་མཉམ་རུབ་དང་གདུང་སེམས་མཉམ་སྐྱེད་ངང་བོད་ཆིག་བསྒྲིལ་མ་བྱས་པའི་ཉེར་ལེན་གྱིས་ང་ཚོས་རྒྱ་མིའི་བཙན་གནོན་མྱངས་དང་མྱོང་བཞིན་ཡོད།

    ཕྱི་ལོ་ ༢༠༠༨ ནས་བཟུང་ད་ལྟ་བོད་རིགས་ཚང་མ་གཅིག་ཏུ་བསྒྲིལ་བའི་བོད་སྤྱིའི་རྩ་དོན་ལ་ཆིག་སྒྲིལ་གྱི་སྟོབས་ཤུགས་གཅིག་མངོན་བཞིན་ཡོད།

    ཡིན་ནའང་ང་ཚོས་རྒྱ་མི་རིགས་ལ་གུས་བརྩི་དང་མཐུན་སྒྲིལ་བྱེད་དགོས་ལ་རྒྱ་ནག་གིས་གཡོན་ཐལ་ཆེ་བའི་སྲིད་ཇུས་དེ་དག་ལ་ཞི་བའི་ངོ་རྒོལ་ཕྱོགས་བཞི་མཚམས་བརྒྱད་དང་ཕྱི་ནང་བོད་རིགས་སྤྱི་ཡོངས་ཀྱིས་༸ གོང་ས་མཆོག་གི་བཀའ་དགོངས་སྤྱི་དང་མཐུན་པར་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་བེད་སྤྱད་དགོས་པའི་དགོས་འདུན་འདོན་དགོས།

    སློབ་དགེ་ཚོས་རྒྱ་བོད་མི་རིགས་འདྲ་མཉམ་དང་། སྐད་ཡིག་འདྲ་མཉམ། མཐུན་སྒྲིལ་གྱི་གོང་བུ་ས་ཞིང་བརྟན་ཕྱིར་ཆེས་རླབས་ཆེན་གྱི་བྱ་གཞག་འདི་འདྲ་རྩོམ་བཞིན་ཡོད་པར་དེར་དགའ་བསུ་དང་འབྲེལ་བསྔགས་བརྗོད་ཀྱི་མེ་ཏོག་འཛམ་གླིང་ས་ཕྱོགས་གང་ས་ནས་གཏོར་བཞིན་ཡོད།

    Reply
  3. norsang tsering says:
    ལོ་ 15 སྔོན།

    ངོ་མ་ཡིན།་་་་དེ་ཚོ་ནི་དངོས་གནས་ཧང་སང་དགོས་པ་ཞིག་མིན་ན་ཅི་ཡིན་་་་་་་་ཁོང་ཚོ་ནི་ཉིན་མཚན་ཀུན་ཏུ་འཇིགས་སྣང་ཁོ་ནའི་འོག་ཏུ་ཚུད་ཡོད་ཀྱང་དེ་ལྟར་བྱེད་ཐུབ་ཚེ་་་་་་་་་་ང་ཚོ་རང་དབང་ལུང་པའི་ཁྲོད་དུ་གནས་སྡོད་པ་རྣམས་ཀྱིས་དེ་ལས་ལྷག་པ་ཞིག་བྱེད་དགོས་ངེས་རེད་སྙམ།་་་་་་་་་་་ཁོང་ཚོའི་རེ་འདུན་བཞིན་གྲུབ་ཐུབ་ན་ཅི་མ་རུང་སྟེ་་་་་་་་་་་་དེ་ལྟར་གྲུབ་ཐུབ་པར་དུས་རྟག་ཏུ་སྨོན་བཞིན་གདའ།

    Reply
  4. བློ་བཟང་། says:
    ལོ་ 15 སྔོན།

    བོད་ནང་དུ་སློབ་ཕྲུག་དག་གིས་ལྷག་བསམ་ལ་དགའ་བའི་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། འོན་ཀྱང་རྒྱ་ནག་གིས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཞིག་རང་བཞིན་ཏུ་ཡོང་གི་འདུག དེ་བསྒྱུར་ན་གྲངས་ཉུང་མི་རིགས་དག་གི་སློབ་ཕྲུག་རྣམས་རྩ་མེད་བཏང་རྒྱུ་ལས་མེད་དོ།།

    Reply
  5. ཤིང་རྟ། says:
    ལོ་ 15 སྔོན།

    རང་དབང་གི་ཆེད་དུ
    བདེན་དོན་གྱི་རོལ་དབྱངས། ཇི་འདྲའི་བླ་སྲོག་འགུག་པའི་རོལ་དབྱངས་གསོན་པོ་ཞིག་རེད
    ཇི་འདྲའི་མི་སེམས་འདྲེན་པའི་བརྩེ་དུང་རྣལ་མ་ཞིག་རེད ཇི་འདྲའི་འཚོ་གནས་སྲུང་བའི་མི་སྐད་དྭངས་མ་ཞིག་རེད།

    དུ་སེམས་མཚོ་མོའི་རླབས་ཕྲེང་རྒོད་པ་ལས།།
    རིགས་ཀྱི་ཤ་ཞེན་སྤྲིན་དཀར་གཞོན་ནུ་འཛུམ།།
    ཕ་ཡུལ་གངས་རི་དཀར་པོའི་རྩེར་འཁྱུད་པས།།
    མ་བཅོས་སྙིང་གི་འཕར་རྩ་སླར་ཡང་བདོ།།

    Reply
  6. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་རྩ་མེད་དུ་གཏོང་བའི་རྒྱ་ནག་གི་༼སྐད་གཉིས་སློབ་གསོ་བཅོས་བསྒྱུར༽་ཟེར་བ་ལ་ངོ་རྒོལ་བྱེད་པའི་སྐད་འབོད་ཀྱི་ཚ་རླབས་དེ་གཅིག་རྗེས་གཉིས་མཐུད་ཀྱིས་བོད་ཁུལ་ཡོངས་སུ་ཁྱབ་ནས་མི་རིགས་ཀྱི་ལ་རྒྱ་དེ་མངོན་པར་བྱས་ཡོད། སྐད་གཉིས་སློབ་གསོ་ཟེར་བ་དེ་ནི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་ནང་དུ་རྒྱའི་སྐད་ཡིག་བེད་སྤྱོད་བྱེད་པ་ལས་བོད་ཡིག་བཀོལ་སྤྱོད་མི་ཆོག་པ་དང་རིན་ཐང་མེད་པར་བཟོས་ཏེ་མི་རབས་རྗེས་མ་རྣམས་འཚར་ལོངས་བྱུང་པར་འགོག་རྐྱེན་བཟོ་ཡི་ཡོད་པས་ངོ་རྒོལ་གྱི་ཚ་རླབས་དེ་བྱུང་བ་རེད། ཡིན་ནའང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་ཁག་རྣམས་འགུལ་སྐྱོད་ཅི་ཡང་མེད་པར་ཞལ་བཙུམས་ནས་བཞུགས་དགོས་པའི་རྒྱུ་མཚན་ཅི་རེད། །
    གཤམ་དུ་གསར་འགོད་པའི་དྲི་བ་ཞིག་ལ་ལྦང་ཡུ་པོས་ལན་འདེབས་བྱས་པ་ཞིག་དྲྭ་གྲོགས་ཤིག་གི་རེ་བ་ལྟར་བདག་གིས་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་ཡོད།
    གསར་འགོད་པས། རང་ཞིང་གི་༼སྐད་གཉིས༽་སློབ་གསོ་བཅོས་བསྒྱུར་ལག་བསྟར་བྱེད་པའི་རྩ་བའི་རྩ་དོན་དེ་གང་ཡིན་ནམ།
    ལྦང་ཡུ་པོས། ༼སྐད་གཉིས༽་སློབ་ཁྲིད་བཅོས་བསྒྱུར་གྱི་ཁ་ཕྱོགས་ངེས་གཏན་ཟིན་པ་ཡིན། ཡིན་ན་ཡང་། དེ་ལག་ལེན་དུ་བསྟར་བར་རིམ་བགྲོད་ཀྱི་གོ་རིམ་ཞིག་བརྒྱུད་དགོས་པ་སྟེ། འགྲུབ་སླ་བ་ཞིག་གཏན་ནས་མིན། བརྒྱུད་རིམ་དེའི་ཁྲོད་དུ་ངེས་པར་དུ་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཁྲིམས་ལྟར་གོ་རིམ་ལྡན་པ། ཡུལ་བབ་དང་བསྟུན་པ། གོམ་པ་བརྟན་པོས་སྐུལ་འདེད། ཆོས་ཉིད་བརྩི་སྲུང་། རེ་འདུན་བརྩི་བཀུར། ཧུར་བརྩོན་གྱིས་སྣེ་ཁྲིད་པ། ཆ་རྐྱེན་བསྐྲུན་པ་བཅས་ཀྱི་རྩ་འཛིན་སྲུང་དགོས་ལ། དྲང་ངོས་ནས་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱས་ཏེ། རིགས་སོ་སོའི་མི་དམངས་དང་དགེ་སློབ་ཚང་མས་༼སྐད་གཉིས༽་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གལ་གནད་ཤེས་རྟོགས་ཐུབ་པ་བྱེད་དགོས། དེར་མ་ཟད། བྱིས་པའི་དུས་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་དེ་བེད་སྤྱོད་ཀྱིས་རྒྱ་ཡིག་དང་མི་རིགས་ཀྱི་སྐད་ཡིག་སློབ་པར་ཤུགས་སྣོན་བརྒྱག་དགོས། རྨང་གཞི་དེའི་སྟེང་། ས་ཁུལ་མི་འདྲ་བའི་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ། བཅའ་ཁྲིམས་ལྟར་ནུས་པ་ལྡན་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཅས་ཀྱིས་རང་ཞིང་གི་༼སྐད་གཉིས༽་སློབ་གསོར་བཅོས་བསྒྱུར་བྱེད་དགོས། སློབ་གསོའི་སློབ་ཁྲིད་ཀྱི་ཆོས་ཉིད་དང་སློབ་མའི་སློབ་སྦྱོང་གི་འཚར་ལོངས་དང་ལེན་བྱེད་དགོས། སློབ་མ་དང་ཁྱིམ་བདག་གི་བསམ་ཚུལ་དང་རེ་འདུན་ལ་གང་ལེགས་ཀྱིས་ཉན་པ་དང་བརྩི་འཇོག་ཞུ་དགོས། ཆ་རྐྱེན་འཛོམས་སར་བདེ་བླག་ངང་སྐུལ་འདེད་དང་། ཆ་རྐྱེན་མི་འཛོམས་སར་དངོས་ཡོད་གནས་ཚུལ་ལ་བརྩི་འཇོག་བྱས་ཏེ། གྲི་གཅིག་གིས་ཚང་མ་གཏུབ་པའི་མཁྲེགས་བཟུང་གི་ལྟ་བ་མི་འཛིན་པར་སྐུལ་འདེད་གཏོང་དགོས། དེ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་དང་མཐོར་འདེགས་གཏོང་དགོས། མ་རྩ་མང་དུ་གཏོང་བ་དང་ཆ་རྐྱེན་ལེགས་བཅོས། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས། །

    Reply
  7. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཉི་ཟླའི་མགྲོན་བདག་གིས་བཤད་པ་ནང་བཞིན་བོད་ནང་གི་དགེ་སློབ་དེ་ཚོ་ནི་ངོ་མས་གཡུལ་སའི་གདོང་མཆོངས་དཔའ་པོ་དང་དཔའ་མོ་ཇི་བཞིན་སྲོག་འབེན་ལ་བཞག་ནས་རྒྱ་ནག་པོའི་མེ་མདའི་ཁ་གཏད་དུ་ལངས་འདུགབཙན་བྱོལ་སློབ་གྲྭ་དང་ཕྱི་གླིང་དུ་ཡོད་པའི་བྱེས་སྡོད་བོད་རིགས་སློབ་གྲྭ་པ་ཚོས་ག་འདྲ་བྱེད་ཀྱིན་ཡོད་དམ།བོད་ནང་གི་སྤུན་ཟླ་ཚོས་རང་སྲོག་ཀྱང་སྣང་མེད་དུ་དོར་བའི་སྐབས་སུའང་ཁྱོད་ཚོས་ཉིན་གཅིག་ལ་སྐད་འབོད་ཀྱང་རྒྱག་མི་ཐུབ་བམ།ཁྱོད་ཚོ་ལ་བོད་སེམས་དཀར་པོ་ཞིག་དང་བོད་སྣྙིང་གསོན་པོ་ཞིག་ལྡན་ཚེ་དུས་ད་ལྟ་ཉིད་དུ་ཡར་ལ་ལོངས་ཤོག་དང་།སློབ་མ་མ་ཡིན་པའི་བོད་པ་ཚོས་ཀྱང་ཡར་ལ་ལངས་རྒྱུ་མ་བརྗེད་ཅིག

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    ན་ཆུང་སློབ་ཕྲུག་ཁྱེད་ཅག་གི་སྙིང་སྟོབས་ནི། མ་འོངས་པའི་བོད་ཀྱི་སྙིང་སྟོབས་ཤིག་ཏུ་ངོས་འཛིན་ནམ་ཡང་ཡོད་ལ། ད་ཐེངས་ཀྱི་གནས་ཚུལ་འདི་དག་གི་ཐོག་ནས་ར་སྤྲོད་འདུག ཁྱེད་ཅག་ནི་རུལ་དྲི་མེད་པའི་མ་འོངས་བོད་ཀྱི་སོ་རྩ་སྐོར་ཞིག་རེད། ཁྱེད་ཅག་ལ་རེ་བ་ཡོད། སྨོན་ལམ་ཡང་བྱེད་ཀྱིན་ཡོད། ཁྱེད་ཅག་ཚེ་རིང་འོ་་་་་་་་་་་་་་་་

    Reply
  9. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    དུས་རབས་གསར་པའི་ནང་དུ་ང་ཚོ་བོད་ལ་མཁོ་བ་ནི་ཁྱེད་ཅག་ལྟ་བུའི་ལོ་ཆུང་དཔའ་བོ་དང་དཔའ་མོ་རེད།ཞི་བདེ་ལ་དགའ་ཞིང་རང་དབང་ལ་དུངས་པའི་མི་རབས་གསར་པ་ཁྱེད་ཅག་གིས་དཔའ་བོ་དང་དཔའ་མོའི་མཚན་ཉིད་གསར་པ་ཞིག་འཇིག་རྟེན་ལ་བཞག་སོང་།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ད་ཐེངས་སྐད་འབོད་བྱས་པ་ཚང་མའི་ནང་ནས་གཅན་ཚ་དང་ཁྲི་ཀའི་གནས་ཚུལ་ནི་ཅུང་ཁ་གསལ་མེད་པ་ཞིག་རེད་འདུག་སྙམ། དེས་ན་ང་ཚོས་ཅིས་ཀྱང་ས་གནས་འདི་གཉིས་གཙོས་ས་གནས་གཞན་དག་ཏུའང་ལས་འགུལ་སྤེལ་ཡོད་མེད་སོགས་གནས་ཚུལ་གསལ་བོ་རྒྱུས་ལོན་ཐུབ་པ་དགོས་སྙམ།

    Reply
  11. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ཁྱེད་ཚོ་སློབ་ཕྲུག་དང་དགེ་རྒན་ཚང་མ་ལ་གདུང་སེམས་མཉམ་བསྐྱེད་ཡོད།
    ཁྱེད་ཚོས་སོ་སོའི་གྲོ་ཁོག་ལྟོག་ནས་སྐད་འབོད་བྱེད་ཀྱི་ཡོད་པ་མ་རེད།མི་རིགས་ཀྱི་རིག་གཞུང་དང་མི་རིགས་འདྲ་མཉམ་སོགས་བདག་དབང་ཕྱིར་སྤྲོད་དགོས་ཅེས་སྐད་འབོད་བྱེད་བཞིན་ཀུན་གྱི་ཤེས་གསལ་རེད།ཧ་ཅང་གི་དགའ་འོས་བ་དང་ཁྱེད་ཚོས་སྙིང་སྟོབས་ལ་བསྟོད་བསྔགས་ཀྱི་མེ་ཏོག་ལན་བརྒྱར་འཐོར་བཞིན་ཡོད།
    བཙན་བ་ཚོས་ཡང་སློབ་ཕྲུག་འདི་ཚོ་ལ་གདུང་སེམས་མཉམ་བསྐྱེད་རེ་མི་བྱེད་པ་ཅི་ཡིན་ནམ།ཧ་ཅང་བློ་ཕམ་ཡོད།བཙན་བྱོལ་སློབ་གྲ་ཚོས་ག་རེ་བྱེད་ཀྱི་ཡོད།ཉལ་ནས་བསྡད་ཀྱི་ཡོད་དམ།ཡར་ལངས་ཀྱི་ཡོད།གཞི་སྡོད་སློབ་ཕྲུག་ཚོ་སེམས་ཤུགས་མ་ཆགས་པ་ཅིག་ངེས་དུ་དགོས།དེ་ལ་ཚང་མའི་བསམ་བློ་གནད་དུ་གཏོང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese