མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་བྱེད་ཁོངས་སུ་འཛུལ་རྒྱུར་ངོས་འཛིན་བྱ་ཐབས་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁྱེད་ཚོས་གསལ་པོར་ཤེས་དགོས་པ་ཞིག་ལ། སློབ་གྲྭ་འདི་དམིགས་བསལ་གྱི་སློབ་སྦྱོང་སྤྲོད་ས་ཞིག་རེད། འདིའི་ནང་ཤེས་ཡོན་ག་རེ་སྦྱངས་ཡོད་ཀྱང་སློབ་ཚན་ཚང་མ་ཡིག་རྒྱུགས་འཕྲོད་པའི་ངོས་འཛིན་ཙམ་ལས་སློབ་གྲྭ་གཞན་དང་། ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་ངོས་འཛིན་ཡོད་པ་ཞིག་བཟོ་ཐུབ་ཀྱི་ཡོད་མ་རེད། ཅེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད།

དེ་རིང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པར་བཞུགས་སྒར་ཉེ་འཁྲིས་སུ་ཡོད་པའི་ཤེས་རབ་དགའ་ཚལ་སློབ་གླིང་གི་སྐབས བཅུ་དགུ་པའི་མཐར་ཕྱིན་སློབ་མའི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་ཡོད། མཛད་སྒོའི་ཐོག་མར་སློབ་གྲྭའི་དབུ་འཛིན་བུ་དྲུག་ཤཱིསྟི་ལགས་ཀྱིས་ཤེས་རབ་དགའ་ཚལ་སློབ་གླིང་ཕྱི་ལོ་ ༡༩༩༣ ལོར་༧གོང་ས་མཆོག་གི་དགོངས་གཞི་ལྟར། སྣེ་ལེན་ཁང་འོག་གསར་འཛུགས་གནང་ཚུལ་དང་། ༢༠༠༢ ལོར་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་སུ་བཅུག་རྗེས། སློབ་གྲྭའི་མཐུན་རྐྱེན་རྣམས་བསྒྲུབས་ཡོད་སྐོར། ད་ཆར་ལག་ཤེས་དང་ཤེས་ཡོན་བཅས་སྡེ་ཚན་གཉིས་རུ་བགོས་ཏེ། ཚེམ་བཟོ་དང་ལྷ་བྲིས། བོད་ཡིག་འཛིན་རིམ་བཅུ་གཉིས་དང་། དབྱིན་ཡིག་འཛིན་རིམ་བརྒྱད་པའི་བར་སློབ་སྦྱོང་སྤྲད་དེ། ད་བར་བོད་ནས་འབྱོར་བ་ ༦༤༢༦ བསླེབས་ཡོད་ཀྱང་། བསླབ་པ་མཐར་སོན་པའི་སློབ་མ་ ༨༠༥ ཙམ་ལས་མེད་སྐོར་ཡང་བརྗོད་བྱུང་།

སྐབས་དེར་བཀའ་ཁྲི་མཆོག་གིས་སྐབས་བཅུ་དགུ་པའི་མཐར་ཕྱིན་སློབ་མ་དང་སྐབས་བཅོ་བརྒྱད་པའི་བོད་ཡིག་མཐར་ཕྱིན་སློབ་མ་རྣམས་ལ་ཕྱག་འཁྱེར་བསྩལ་བ་དང་སྦྲགས་ཤེས་རབ་དགའ་ཚལ་སློབ་གླིང་དེ་སམ་བྷོ་ཊའི་ཁོངས་སུ་ཟླ་སྒྲིལ་གཏོང་རྒྱུ་ཡིན་སྐོར་གསུངས་དོན། དེ་རིང་གི་མཐར་ཕྱིན་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་སྐད་གཏོང་དགོས་དོན་གསལ་བཤད་གནང་སོང་ལ་ངས་ཀྱང་རྒྱུ་མཚན་ཞིག་ཡོད་རྒྱུ་རེད་བསམས་སོང་། ཤེས་རབ་དགའ་ཚལ་སློབ་གླིང་ཐོག་མར་འཛུགས་པའི་སྐབས། ང་རང་གིས་སློབ་གྲྭ་དེ་བཙུགས་ན་ཡག་པོ་མེད་ཚུལ་བཤད་མྱོང་ལ། སྐབས་དེར་ང་རང་སྤྱི་འཐུས་ཀྱི་ཚོགས་གཙོ་ཡིན། སྐབས་དེའི་སློབ་གྲྭའི་འཆར་གཞི་སྒྲིག་སྟངས་ཡག་པོ་བྱུང་མ་སོང་དྲན་བསྡད་མཁན་ཞིག་ཡིན་ལ། དྲན་བསྡད་པ་ཙམ་དུ་མ་ཟད་བསམ་འཆར་བཤད་མྱོང་མཁན་ཞིག་ཀྱང་ཡིན། སྐབས་དེའི་ཚོགས་འདུའི་ཐོག་ལ་ཡང་། སློབ་ལོ་བརྒལ་བའི་ན་གཞོན་ཚོར་དམིགས་བསལ་གྱིས་སྐད་ཡིག་དང་ལག་ཤེས། དེ་མིན་རིག་གནས་གང་རུང་ཐོག་ཛ་དྲག་གི་སྦྱོང་བརྡར་སྤྲད་དེ་བོད་དུ་ལོག་ཐུབ་ཐབས་བྱ་རྒྱུ་དང་། བོད་དུ་ལོག་རྗེས་སུའང་བོད་པའི་སྤྱི་ཚོགས་ནང་འཕྲལ་ཕུགས་ཀྱི་དོན་ཕན་ལྡན་པའི་ལས་དོན་བསྒྲུབ་རྒྱུའི་དམིགས་ཡུལ་བཅས་འགྲེལ་བརྗོད་བྱས་ཡོད་ཀྱང་། སྐབས་དེར་ངའི་སེམས་ལ་ལོ་གཅིག་ནང་སྐད་ཡིག་དང་ལག་ཤེས་སོགས་བསླབ་པ་དེས་སློབ་ཕྲུག་རྣམས་རང་མགོ་ཐོན་པ་དང་། སོ་སོས་མུ་མཐུད་རང་སྦྱོང་བྱ་ཐུབ་པའི་ཡིད་ཆེས་ཤིག་བརྙེད་མ་སོང་།

དེ་ནས་རང་བཞིན་གྱིས་ལོ་གཅིག་ནས་གཉིས་སུ་སྤར་བའི་གནས་སྟངས་ཞིག་བྱུང་འདུག འཛིན་སྐྱོང་དེ་སྣེ་ལེན་གྱིས་གནང་གི་ཡོད་ཐོག སྣེ་ལེན་གྱི་ལས་འགན་དེ་བོད་ནས་གསར་དུ་འབྱོར་མཁན་ཚོར་སྣེ་ལེན་ཞུ་རྒྱུ་དང་། ཁོང་ཚོ་སྡེ་ཚན་གང་དུ་གཏོང་དགོས་མིན་གོ་སྒྲིག་ཞུ་རྒྱུ་སོགས་རེད། ཡིན་ནའང་། དེ་ནི་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་པ་ལས་སློབ་གསོའི་ལས་དོན་ཆགས་ཀྱི་མེད་ལ། འགན་འཛིན་དང་མགོ་ཁྲིོད་སུ་ཡིན་རུང་འཛིན་སྐྱོང་ལས་ཤེས་ཡོན་ཐད་རྒྱུས་མངའ་དེ་ཙམ་ཡོད་པ་མ་རེད། ཤེས་རབ་དགའ་ཚལ་སློབ་གླིང་ནི་སློབ་གསོའི་ལས་དོན་གཙོ་བོ་ཆགས་པའི་སློབ་གྲྭ་ཞིག་ཆགས་ཡོད་སྟབས། སྣེ་ལེན་ཁང་གིས་འཛིན་སྐྱོང་བྱེད་མ་ཐུབ་པར་མཐར་བཀའ་ཤག་གིས་ཤེས་རིག་ལ་རྩིས་སྤྲད་པ་རེད། ད་ཆར་སམ་བྷོ་ཊའི་འཛིན་སྐྱོང་འོག་ཕྱིན་པ་ཡིན་ན་ལས་བྱེད་འདེམས་སྒྲིག་བྱེད་སྟངས་དང་། གནས་སྟངས་གཞན་མང་པོ་ཞིག་གི་ཐོག་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་སྟེ། འདི་ལྟར་སམ་བྷོ་ཊར་རྩིས་སྤྲོད་རྒྱུར་ཐག་བཅད་པ་རེད། ཅེས་གསུངས་བྱུང་།

 

ཡང་ཁ་ཁྲི་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཐོན་ལག་འཁྱེར་དེ་གཞུང་འབྲེལ་ཐོག་ངོས་ལེན་གནང་ཐབས་མེད་སྐོར་གསུངས་དོན། འདས་པའི་ལོ་བཅུ་དགུ་ཙམ་གྱི་རིང་ང་ཚོ་འདི་ལྟར་ཕྱིན་པ་རེད། དེའི་རིང་སློབ་མཐར་ཕྱིན་པའི་སློབ་ཕྲུག་ནང་རྩོམ་པ་པོ་དང་སྤྱི་འཐུས་སོགས་བྱུང་ཡོད་སྐོར་གསུངས་སོང་། དེ་འདྲ་བྱུང་ཡོད་ན་གཟི་བརྗིད་རེད། ཡིན་ནའང་། ཁོང་ཚོར་བོད་ནས་མ་ཕེབས་གོང་སློབ་སྦྱོང་གནས་ཚད་གང་ལེགས་ཡོད་པ་དེའི་ཐོག་ཕྲན་བུ་ཁ་གསབ་བྱས་ཏེ་མཁས་པ་ཆགས་པ་ཞིག་ལས། སློབ་གྲྭ་འདིར་བསླེབས་རྗེས་གཞི་ནས་དབྱངས་གསལ་ནས་སྦྱང་མགོ་བཙུགས་ཏེ། ལོ་ལྔའི་ནང་མཁས་པ་ཆགས་པ་དེ་འདྲ་ཡིན་རྒྱུ་མ་རེད། སྤྱི་འཐུས་ནི་ཆབ་སྲིད་ཀྱི་ཐོག་འགྲོ་དགོས་པ་ཞིག་ཡིན་པ་དང་ཆབ་སྲིད་པ་ཟེར་བ་དེ་གང་ནས་ཡོང་ཡོང་ཞིག་དང་གང་ལ་འགྲོ་འགྲོ་ལྟ་བུ་ཞིག་ཡིན་དུས། དེ་ནི་ཤེས་ཡོན་བསྟིོ་གནས་ཀྱི་གཟི་བརྗིད་ཆགས་ཐུབ་ཀྱི་མེད།

སློབ་གྲྭ་འདིའི་གནས་སྟངས་ ༢༠༠༨ ལོའི་རྗེས་སུ་འགྱུར་བ་ཆེན་པོ་ཞིག་བྱུང་བ་རེད། འགན་འཛིན་གྱི་ལས་སྡོམ་ནང་སློབ་ཕྲུག་ ༧༠༠ ནས་ ༤༠༠ བར་མར་ཟགས་ཡོད་ཅིང་། མ་འོངས་པར་སློབ་གྲྭ་འདིར་ཡོང་མཁན་གྱི་གཞོན་སྐྱེས་མུ་མཐུད་ཇེ་ཉུང་དུ་ཕྱིན་པ་ཡིན་ན། སློབ་གླིང་འདིའི་གནས་སྟངས་ཧ་ཅང་བརྗོད་དཀའ་བ་ཞིག་ཆགས་ངེས་ཡིན། དེ་རིང་འདིར་བཀའ་མོལ་གནང་མཁན་གྱི་ནང་ནས་ལག་འཁྱེར་ལ་ངོས་ལེན་མི་འདུག དེར་ངོས་ལེན་ཡོད་པ་ཞིག་བཟོ་དགོས་ཀྱི་འདུག་ཅེས་ཐེངས་གཉིས་གསུངས་སོང་། ལག་འཁྱེར་ངོས་ལེན་ཡོད་མེད་དེར་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་འགྲོ་སྟངས་ཤིག་ཡོད་ལ། འགྲོ་སྟངས་དེར་བལྟས་ཏེ་ལག་འཁྱེར་དེར་ངོས་ལེན་བྱེད་དགོས་ཀྱི་ཡོད། ལག་འཁྱེར་ངོས་ལེན་བྱེད་མཁན་ལ་སྡེ་ཚན་གཉིས་ཡོད། སྡེ་ཚན་གཅིག་ནི་ཤེས་ཡོན་སློབ་སྦྱོང་གི་བསྟི་གནས་ཁག་ཡིན་པ་དང་། དེ་དག་ལས་མཐོ་རིམ་དང་འབྲིང་རིམ། གཞི་རིམ་སློབ་གྲྭ་སོགས་ཀྱི་ནང་གསར་དུ་འཛུལ་ཞུགས་བྱེད་སྐབས། སྔོན་མའི་སློབ་སྦྱོང་གི་གནས་ཚད་ལ་བལྟས་ཏེ་སློབ་ཕྲུག་འཛུལ་ཞུགས་བྱེད་ཆོག་དང་མི་ཆོག་གི་དབྱེ་བ་འབྱེད་རྒྱུའི་དོན་དུ་ལག་འཁྱེར་ངོས་འཛིན་བྱེད་ཀྱི་ཡོད།

སྡེ་ཚན་གཉིས་པ་དེ་གཞུང་ཞབས་འདེམས་བསྐོ་ལྟ་བུ་རེད། ཁོང་ཚོའི་སྒྲིག་གཞིའི་ནང་གནས་རིམ་ལ་བལྟས་ཏེ་ཉུང་མཐའི་ཆ་རྐྱེན་འདི་དགོས་ཞེས་བཀོད་ཡོད་ཅིང་། ཁོང་ཚོར་འཛིན་རིམ་བཅུ་གཉིས་དང་བཅོ་ལྔ། ཡང་ན་བཅུ་བདུན་གྱི་ཤེས་ཚད་ལག་འཁྱེར་དགོས་ཀྱི་ཡོད། ལག་ཁྱེར་ངོ་མ་མེད་ན་དེ་དང་ཚད་མཉམ་པའི་ལག་འཁྱེར་ངོས་ལེན་ཞུ་རྒྱུའི་འགྲོ་སྟངས་ཞིག་ཡོད། འགྲོ་སྟངས་དེའི་ནང་དུ་གཞི་རིམ་གྱི་ལྟ་གྲུབ་ཅིག་ཡོད། དཔེར་ན། འཛིན་གྲྭ་བརྒྱད་པ་དང་གནས་ཚད་མཉམ་པའི་ལག་འཁྱེར་ཞིག་དགོས་ཀྱི་ཡོད་ན། སློབ་སྦྱོང་གི་དུས་ཡུན་དེ་ལོ་བརྒྱད་ལས་མི་ཉུང་བ་ཞིག་དང་སློབ་ཚན་དྲུག་ལས་མི་ཉུང་བ་ཞིག རྒྱུགས་ཤོག་བརྒྱད་ལས་མི་ཉུང་བ་བཅས་དགོས་ཀྱི་ཡོད། དེ་འདྲའི་ལག་འཁྱེར་ཞིག་ཡོད་ན། འཛིན་གྲྭ་བརྒྱད་པ་དང་མཉམ་པར་ངོས་ལེན་བྱེད་ཆོག་གི་ཡོད། དེ་འདྲ་མེད་པ་ཡིན་ན་ལམ་ཁ་གཞན་ཡོད་པ་མ་རེད། ཁྱེད་ཚོས་གསལ་པོར་ཤེས་དགོས་པ་ཞིག་ལ། སློབ་གྲྭ་འདི་དམིགས་བསལ་སློབ་སྦྱོང་སྤྲོད་ས་ཞིག་རེད། འདིའི་ནང་ཤེས་ཡོན་ག་རེ་སྦྱངས་ཡོད་ཀྱང་སློབ་ཚན་ཚང་མ་ཡིག་རྒྱུགས་འཕྲོད་པའི་ངོས་འཛིན་ཙམ་ལས་སློབ་གྲྭ་གཞན་དང་། ལས་བྱེད་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་ངོས་འཛིན་ཡོད་པ་ཞིག་བཟོ་ཐུབ་ཀྱི་ཡོད་མ་རེད། ཅེས་གསུངས་སོང་།

གསར་འགོད་པ། དོན་གོ་དང་དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 25

  1. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    དངོས་གནས་ཟམ་གདོང་རིན་པོ་ཆེས་གསོག་སློབ་ཀྱི་སློབ་གཉེར་བ་རྣམས་སེམས་ཤུགས་ཆག་བཅུག་སོང་། ཡིན་ནའང་ད་དུང་མུད་འཐུད་སློབ་སྦྱོང་བྱས་ན་རང་གི་མདུན་ལམ་རང་གི་ལག་ཏུ་ཡོད་པ་མ་བརྗེད་ནས་འབད་པ་གལ་ཆེ།

    Reply
  2. འབྲུག་སྒྲ་སྐྱབས། says:
    ལོ་ 15 སྔོན།

    བསམ་གདོང་བླ་ནི་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ནང་དུ་མཁོ་བའི་གང་ཟག་ཞིག་མ་རེད། ཁོས་བཤད་པ་ཚང་མ་སྤྱི་ཚོགས་དང་དུས་རབས་ལས་མི་འཚམས་པ་ཤ་སྟག་རེད

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་ཀྱིས་བམས་མནོ་ཡག་པོ་གཏོང་ནས་བསམ་འཆར་བཏོན་རོགས་ གསར་འབྱོར་གྱི་ལག་ཆ་དེ་འཕྱར་ནས་གཞུང་ལ་གང་བྱུང་སྐྱོན་བརྗོད་མ་བྱེད་ན་ལེགས་སྙམ་ ཡང་ན་ནིང་མ་སུ་རི་སློབ་མ་འགའ་ཞིག་གིས་འཁྲིག་སྤྱོད་ཀྱི་བྱས་ཉེས་རྐྱེན་པས་ཕྱིར་འབུད་བྱེད་པ་དེ་ལ་འགྲེལ་བཤད་ལོག་པ་སྣ་ཚོགས་ཤིག་སྤེལ་ནས་བོད་རིགས་ནང་ཁུལ་ལ་དོགས་པ་རྣམ་རྟོག་སྣ་ཚོགས་སློང་སོང་ ད་ཡང་སླར་ཡང་སློང་གིན་འདུག་ སྤྱིར་གཞུང་གི་སྲིད་བྱུས་གང་ཡིན་པ་དེ་སྒྲིག་འཛུགས་གཅིག་གི་འོག་ནས་འཚོ་དགོས་པ་ལས་མིང་མི་འདྲ་བ་བཏགས་ནས་དམིགས་བསལ་དང་ཐོབ་ཐང་རྩོད་པ་ནི་ཁྲིམས་དང་མཐུན་པ་གཅིག་ཨེ་ཡིན་སྙམ་ བླ་གཟུ་བོར་གནས་པའི་སྒོ་ནས་བསམ་འཆར་འདོན་པའི་རེ་བ་ཡོད་ གཞུང་གིས་སློབ་གྲྭ་གང་ཞིག་གི་ཕྱག་འཁྱེར་ངོས་འཛིན་བྱེད་པ་ལ་སྒྲིག་འཛུགས་ཤིག་ཡོད་པ་དེ་ཀུན་གྱིས་མངཁྱེན་གིན་ཡོད་ཤགས་ཡིན་ སློབ་གྲྭ་དེའི་ཕྱག་འཁྱེར་ངོས་འཛིན་བྱེད་མ་བྱེད་དེ་གསར་འབྱོར་དང་རྙིང་འབྱོར་གྱི་སྐད་ཆ་དང་འབྲེལ་བ་གང་ཡང་མེད་

    Reply
  4. གནས་བ་བསྟན་ནོར་ says:
    ལོ་ 15 སྔོན།

    མ་གཞི་དྲ་གྲོགས་ཚོས་གནད་དོན་དེ་འདྲའི་ཐོག་བསམ་ཚུལ་བཤད་པ་དེས་དངོས་གནས་སྐྱེ་བོ་གང་ཟག་ལ་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་དམ།

    Reply
  5. གཡག་རྒོད། says:
    ལོ་ 15 སྔོན།

    བརྒྱ་བཤད་ཚིག་གི་རྩ་བ།སྟོང་བཤད་འོ་མའི་མར་ལོ་ནི།གང་ལྟར་སྐུ་ངོ་ཟམ་གདོང་ལ་ཁག་གཏད་འཁྱོལ་མཁན་ཞིག་བཙན་བྱོལ་ནང་མེད་པ་འདྲ།
    དྲ་གྲོགས་ཚོས་ཀྱང་སྡང་སེམས་དང་ཁོང་ཁྲོ་ལངས་ཁུལ་བྱེད་འདུག་མོད།འོན་ཀྱང་སྐུ་ངོ་ཟམ་གདོང་ལ་གནད་ལ་འཁེལ་བའི་དགག་ལན་སུས་ཀྱང་བརྒྱབ་ཐུབ་མེད་པ་ནི་ཁ་སྐྱེངས་དགོས་པ་རང་རེད།

    Reply
  6. སེམས་པ་གཉོམ་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་དག་གིས་བཀའ་ཁྲི་མཆོག་ལ་སྡིགས་མོ་མ་གནང་རོགས། ཁོང་གི་བྱེད་ཐབས་དེ་ཁོང་རང་གིས་གསུངས་པ་བཞིན་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་རེད། གང་ཡིན་ཟེར་ན། རྒྱ་ནག་གི་སྲིད་ཇུས་ནི་བོད་པ་ཕྱི་གྱར་བ་དག་ཕྱིར་འགུག་བྱེད་རྒྱུ་དང་། གཞིས་བཞུགས་སྤུན་ཟླ་རྣམས་བཙན་བྱོལ་གཞུང་ལ་ཞེན་པ་ལོག་པ་ཞིག་བྱེད་རྒྱུ་དེ་མིན་ནམ། དེས་ན་ཁོང་གིས་རྒྱ་ནག་གི་མཐའ་སྲུང་དམག་མི་ཚོའི་དཀའ་སྡུག་ཆུང་དུ་གཏོང་གནང་གི་ཡོད་པ་རེད་ལ། རྒྱ་ནག་གི་སྲིད་ཇུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། རིང་བོར་མི་ཐོགས་པར་༼མེས་རྒྱལ་གྱི་ཕང་དུ་ལོག་༽རྒྱུར་མཐུན་རྐྱེན་སྒྲུབ་ཀྱིན་པ་རེད། དེས་ན་ཁོང་ལ་ནང་འགལ་ག་ལ་ཡོད།

    Reply
  7. མྱི་ལྟིག says:
    ལོ་ 15 སྔོན།

    ཟམ་གདོང་ཁོང་གིས་བཤད་རྒྱུར་ཆབ་སྲིད་པ་གང་ནས་ཡོང་ཆོག་ཆོག་དང་གང་དུ་སོང་ཆོག་ཆོག་ཡིན་ནི་རེད་ཟེར།དངོས་གནས་སྐད་ཆ་དེ་བདེན་པ་རེད་སྙམ།ལྟོས་དང་ཆབ་སྲིད་པ་མིན་པའི་གསོག་སྒར་ཚང་འགྲོ་ས་མེད།དམིགས་བསལ་ཞིག་ལ་དེང་སྐབས་འཛུགས་ཞུགས་བྱེད་མཁན་ཚོ་ལོ་ཚོད་སྔོན་སྐབས་ལས་ལྡབ་འགྱུར་གྱིས་ཆུང་དུ་སོང་འདུག་མོད
    ཡིན་ནའང་འུ་ཚང་གི་མི་དེ་ཚོས་ནང་མ་ཁང་གི་ཞི་མོ་ཚོའི་བརླ་ཤ་མ་གཏོགས་ཅང་མཐོང་ནི་མ་རེད་ལ།ལྷག་པར་དུ་རང་སྐད་ཡིག་གི་སྐོར་གླེང་དུས་ཁོ་ཚོ་ཉོབ་ནི་རེད།ཚོགས་པ་ཁག་ཅིག་གིས་ལས་འགུལ་སྐབས་སུ་གསོག་སྒར་མི་འབོད་པར་ཤེས་རབ་དགའ་ཚལ་ཞེས་བཅོས་འཛུམ་སྟོན་ཞོར་ཡོང་ནི་རེད།གསོག་སྒར་ཞེས་པའི་མིང་བྱང་འདི་ཡང་མི་འགྱངས་པར་ནུབ་ཕྱོགས་བདེ་བ་ཅན་དུ་འགྱོ་རྒྱུ་རེད་ཡ

    Reply
  8. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    ཟམ་གདོང་བླ་མས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་བྱས་ནས་དེའི་ཐོབ་ཐང་རྣམས་རྩོད་ལེན་བྱེད་ཀྱི་ཡོད་ཀྱང་གསར་དུ་བཙན་བྱོལ་ལ་ཕེབས་པའི་བོད་རིགས་གཞོན་སྐྱེས་ཚོའི་རྒྱ་ནག་གི་སློབ་ཐོན་ལག་འཁྱེར་ཁག་ངོས་ལེན་བྱེད་པར་བཀག་འགོག་བྱེད་ཅིང་སོ་སོའི་སྤྱི་དམངས་ཀྱི་དམངས་གཙོ་དང་རང་དབང་གི་ཐོབ་ཐང་ལ་ཚོད་འཛིན་བྱས་ནས་གཞུང་གི་ཞབས་ཞུའི་ཁོངས་སུ་འཛུལ་ཞུགས་བྱེད་པ་དང་གཞུང་གི་ལས་དོན་བསྒྲུབ་པར་འགོག་རྐྱེན་ཚབས་ཆེན་ཞིག་བཟོས་ཡོད་པ་འདི་ནི་ཁོ་རང་གི་ནང་འགལ་ཆེན་པོ་ཞིག་དང་འཛམ་གླིང་མིའི་རིགས་ཀྱི་ཐོབ་ཐང་དང་རྒྱབ་འགལ་བྱས་པ་མ་ཡིན་ནམ།

    Reply
  9. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བོད་ནས་བཙན་བྱོལ་དུ་ཕེབས་མཁན་ཚོ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུའང་ཚུད་དུ་མ་བཅུག་པ་དང་བོད་བཙན་བྱོལ་གཞུང་གི་བཅའ་ཁྲིམས་ཀྱི་འོག་ཏུའང་ཚུད་དུ་མ་བཅུག་པ་འདི་ནི་ཇི་འདྲའི་སེམས་སྐྱོ་བ་ལ་ཨང༌།

    Reply
  10. གནས་བ་བསྟན་ནོར་ says:
    ལོ་ 15 སྔོན།

    གསོག་སྒར་སློབ་གྲྭའི་ནང་ཡོད་པའི་སློབ་མ་རྣམས་བོད་ཀྱི་སྐད་ཡིག་ཐོག་ལ་གང་ལ་གང་ཙམ་ཡག་པོ་ཡོད་པ་ནི་བརྗོད་མི་དགོས་ཞིང། སློབ་གྲྭ་དེ་ནས་ཐོབ་པའི་སློབ་མ་རྣམས་རང་གཞུང་གི་ཤེས་ཡོན་སྲིད་བྱུས་ལ་མཁོ་བའི་མིའི་ནུས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུང་འགྱུར་རྒྱུའི་ཁྱད་ཆོས་ཆེན་པོ་ལྡན་ཡོད། དེ་འདྲ་སོང་ཙང་བོད་གཞུང་ནས་སློབ་ཕྲུག་དེ་ཚོའི་ཤེས་ཚད་ལ་དཔག་པའི་དམིགས་བསལ་གྱི་དགེ་རྒན་འོས་སྦྱོང་སོགས་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོའི་ཤེས་ནུས་བེད་སྤྱོད་གཏང་ཐུབ་པ་ཡིན་ན་སློབ་ཕྲུག་སྒེར་དང་ གཞུང་ཚང་མར་ཕན་པའི་དགེ་ཚན་ཆེན་པོ་ཡོད། དེས་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུ་འཁྲིད་གནང་པའི་བཙན་བྱོལ་བོད་གཞུང་ནས་ཆབ་འབངས་ཀྱི་གཟིགས་སྐྱོང་སྲིད་བྱུས་ལག་བསྟར་གནང་སྟེ་རང་གི་མི་མང་གི་བློ་འགུགས་ཐབས་གནང་དགོས་ཞིང། ད་མང་པོ་བཤད་ཀྱི་མིན། ཚང་མས་ཤེས་གསལ་རེད།།

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    བསམ་ཚུལ་འཕར་མ་ཞིག་ཞུ་འདུན་བྱུང་སོང་། གསོག་སློབ་ནང་དུ་བོད་ནས་འབྱོར་མཁན་མཐོ་སློབ་ལག་འཁྱེར་ཡོད་མཁན་ཡང་མི་ཉུང་བ་ཞིག་ཡོད་ཚོད་འདུག་པས། གསོག་སློབ་རང་གི་ལག་འཁྱེར་ལ་ངོས་ལེན་མེད་ཀྱང་དེ་དག་གི་ལག་འཁྱེར་ལ་ངོས་ལེན་བྱེད་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི་སྐུ་ངོ་བཀའ་ཁྲི་མཆོག་རྒྱ་ནག་གི་རྩ་ཁྲིམས་འོག་ནས་རང་སྐྱོང་འཚོལ་ཐབས་དེ་བཞིན་ཐོག་མར་ཏཱ་ལའི་བླ་མར་ཞུ་བསྐུལ་བྱེད་མཁན་དེ་ཡིན་པས། དངོས་གནས་རྩ་ཁྲིམས་འོག་འགྲོ་འདུན་འཆིང་གི་ཡོད་ན། རྩ་ཁྲིམས་འོག་གི་ཏང་གི་སློབ་གསོ་མྱངས་ནས་སླེབས་མཁན་ཚོའི་ལག་འཁྱེར་ངོས་ལེན་བྱེད་ཐུབ་མིན་དེ་ནི་རྩ་ཁྲིམས་འོག་ཏུ་འགྲོ་འདུན་འཆིང་ཡོད་མེད་ཀྱི་བརྡར་ཤ་གཅོད་བྱེད་དུ་གྱུར་ཡོད། དེ་བས། སྐུ་ངོ་བཀའ་ཁྲི་མཆོག་གི་སྲིད་དོན་བྱེད་སྟངས་འདི་དག་པེ་ཅིན་གཞུང་གི་ལག་ཆར་མི་འགྱུར་བར་སྨོན་ལམ་འདེབས་དགོས་ཐུག་ཡོད།

    Reply
  12. མངའ་རིས་བུ། says:
    ལོ་ 15 སྔོན།

    ཨ་ཁ་ད་ལམ་སློབ་གྲྭའི་ལས་བྱེད་རྣམས་ནས་སྐུ་ངོ་ཟམ་གདོང་རིན་པོ་ཆེ་གདན་ཞུས་པས་ལས་མ་ཞུས་པ་དགའ་བ་ཞིག་སྔོན་ཚུད་ནས་ཤེས་མེད་པ་དེ་ཁོང་ཚོར་དེ་ཙམ་གྱིས་རྣམ་དཔྱོད་མེད་པར་བསྟན་འདུག
    དོན་མེད་པར་སློབ་གྲྭའི་ལས་བྱེད་དང་སློབ་ཕྲུག་ཚོའི་སེམས་ཤུགས་ཆག་སྟེ་མ་འོང་པའི་མདུན་ལམ་ལ་བཀག་རྡོ་ཆེན་པོ་ཞིག་བཟོས་སོང།
    བཙན་བྱོལ་བོད་གཞུང་གི་ལས་བྱེད་ཁོང་དུ་བཞུགས་ཆོག་དང་མི་ཆོག་བཙན་བྱོལ་བོད་གཞུང་གི་ན་འཛིན་སྐྱོང་ནས་ཐག་ཆོད་བྱེད་ཐུབ་པའི་གནས་འགག་ཞིག་ལས་རྒྱལ་སྤྱིའི་ཁྲིམས་དང་མཐུན་དང་མི་མཐུན་ལས་སོགས་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་བྱེད་སྟངས་དང་བསྟུན་དགོས་ཚེ་ཤིན་ཏུ་ནས་ཁག་པོ་ཞིག་རེད།
    བཙན་བྱོལ་གཞུང་གིས་ཁྲིམས་ཁང་ནས་བཀའ་རྒྱ་བཏང་བར་བརྩིས་མེད་གཏོང་མཁན་ག་ཚོད་ཅིག་ཡོད།
    ད་ངོ་མ་སློབ་གྲྭ་དེ་འཇའ་ལྟར་ཡལ་རྒྱུ་ཉག་ཅིག་རེད།
    ལྡི་ལི་ཅན་དྷི་གྷར་ལྷོ་ཕྱོགས་ཀྱི་སློབ་ཕྲུག་དེ་ཚོས་་་་་་་ལྟ་རྒྱུ་རེད།
    ཝར་ནའི་སློབ་ཕྲུག་དེ་ཚོས་་་་་་ལྟ་རྒྱུ་རེད།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ༡༽
    མ་གཞི་ནས་ཤེས་རབ་དགའ་ཚལ་སློབ་གླིང་གིས་སློབ་མཐར་མཛད་སྒོ་དེར་བཀའ་ཁྲི་གདན་དྲངས་པ་རེ་བ་ཆེན་པོ་ཞིག་བརྒྱབས་ནས་དྲངས་བཤད་མ་དགོས་མོད། དེས་ནོར་འཁྲུལ་དང་གྱོང་རེག་པ་མ་ཟད། དགེ་སློབ་ཡོངས་དང་སློབ་ཟུར་ཚོར་ཡང་སྡུག་བསྔལ་མི་ཉུང་བ་ཞིག་སྦྱིན་འདུག
    ༢༽
    ཤེས་རབ་དགའ་ཚལ་སློབ་གླིང་ནས་ཐོན་པའི་སློབ་ཟུར་ཚོའི་ནང་ན་ཤེས་ལྡན་པ་མི་ཉུང་བ་ཞིག་ཡོད་མོད། བཀའ་ཁྲི་ཁོ་རང་གི་ཤེས་ཚད་དང་བསྡུར་ནས་བཤད་པ་འདྲ་ཞིག་འདུག
    ༣༽
    བོད་གཞུང་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ཡིན་ན་འདིས་རང་གི་སློབ་གྲྭ་དེ་ཚོ་རང་གིས་ཁས་མ་བླངས་ན་གཞན་གྱིས་ཁས་ལེན་གི་མ་རེད། ཟམ་གདོང་གི་ཤེས་ཡོན་སྲིད་ཇུས་དེ་ཤེས་ཡོན་ལས་ལག་ཁྱེར་གཙོ་བའི་སྲིད་ཇུས་ཤིག་ཏུ་གྱུར་མ་སོང་ངམ།

    Reply
  14. གནས་བ་བསྟན་ནོར་ says:
    ལོ་ 15 སྔོན།

    ངོས་རང་གསོག་སྒར་སློབ་གྲྭའི་སློབ་མ་ཞིག་མིན་ནའང་ ང་ཚོའི་བཀའ་ཁྲི་མཆོག་གིས་སློབ་གྲྭའི་ལག་འཁྱེར་ངོས་འཛིན་མེད་པའི་གསུང་གནང་བར་དངོས་གནས་སེམས་གཏིང་ནས་བློ་ཕམ་ཆེན་པོ་བྱུང། གསར་འབྱོར་དང་ ཡང་སྙིང་འབྱོར་གང་འདྲ་ཡིན་རུང་ རང་གཞུང་གིས་གནང་པའི་ལག་འཁྱེར་རང་གཞུང་གིས་ངོས་འཛིན་མ་གནང་ན་ལག་འཁྱེར་ཡོད་ན་དགོས་ག་ལ་ཆོད། བོད་གཞུང་ནས་ཁོང་ཚོའི་ལག་འཁྱེར་དེ་གཞུང་ཞུབས་ནང་འཛུལ་བཞུགས་ཆོག་པའི་ཆོག་མཆན་ངེས་པར་དུ་གནང་སྟེ་ཁོང་ཚོ་ཡིག་རྒྱུགས་ནང་ཞུགས་རྒྱུའི་གོ་སྐབས་ངེས་པར་དུ་ཕུལ་དགོས། ཚུད་མ་ཚུད་ཞེས་པ་ནི་ཡིག་རྒྱུགས་ནས་ཐག་ཆོད་ཐུབ་ཅིང། གལ་ཏེ་དབུས་གཞུང་གིས་དེ་འདྲ་གནང་མ་ཐུབ་ན་ གསོག་སྒར་སློབ་གྲྭ་སློབ་རྣམས་ནས་རང་ཉིད་ཀྱི་ལག་འཁྱེར་དེ་བཀའ་ཁྲི་མཆོག་ལ་ཕྱིར་སྤྲོད་བྱེད་དགོས། བོད་ལ་འཁྱེར་ཏེ་འགྲོ་ན་རྒྱ་གཞུང་གིས་ངོས་ལེན་བྱེད་རྒྱ་ཕར་ཞོག་བཙོན་དུ་བཅུག་ངེས་རེད། བཀའ་ཁྲི་མཆོག་ནས་ཁེངས་དྲེགས་སྤངས་ཏེ་བསྐྱར་དུ་བསམ་ཞིབ་གནང་བའི་རེ་བ་ཞུ་གི་ཡོད།

    Reply
  15. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ད་ནི་ངའི་སྙིང་ནས་གུས་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྒས་ནས་གཅོས་ཟིན་པ་འདྲ། གང་བཤད་རུང་༧གོང་ས་མཆོག་དང་ཁོང་གཉིས་ལྟ་འདྲ་ས་མི་འདུག ངས་ནི་འདི་ལྟར་བལྟ།

    Reply
  16. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    བཀའ་ཁྲི་ཧོན་ལོག་འདུག་སྙམ། མི་ལེགས་པ་དང་མི་འགྲིག་པ་ཞིག་ཡིན་ན་ཁྱེད་རང་བཀའ་ཁྲི་བསྡད་ནས་ལོ་བཅུའི་རིང་བཅོས་སྒྱུར་མ་བྱས་དོན་ཅི་ཡིན།
    རང་ཉིད་ཀྱི་ལས་ཤོར་སྐྱུར་ནས་ཅིག་མ་འགྲིག་མི་འདུག་ལ། ཉུག་འགྲིག་མི་འདུག་ཟེར་ནས་རང་ཉིད་ཀྱི་འགན་འཁྲི་ཡིན་པ་ཡིན་ཤེས་ཀྱིན་མེད་པ་འདྲ།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་་བརྒྱད་ཀྱི་མཆན་བུ་རྣམས་བརྗོད་བྱ་ཧ་ཅང་དགའ་དགོས་པ་དང་རྒྱབ་སྐྱོར་བྱེད་དགོས་པ་ཤ་དག་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་མེད།

    ངོ་མ་བཀའ་ཁྲི་ཡིས་ལག་ཁྱེར་འདིར་གཞུང་གིས་ངོས་ལེན་གནང་ཐབས་མེད་གསུངས་པར་སློབ་མ་ཚོས་ངོས་ནས་ཅི་ཞིག་བསམ་གྱི་ཡོད་ན།
    དཔེར་ན། ངའི་བཟའ་ཟླ་སུད་སི་རྒྱལ་ཁབ་ཆུང་ཆུང་འདིའི་ནང་དུ་སློབ་གྲྭར་འགྲོ་བཞིན་ཡོད། སློབ་གྲྭ་དེ་ནས་ཐོབ་པའི་ལག་ཁྱེར་དེར་ཡུང་རོལ་རྒྱལ་ཁབ་ཅོ་བརྒྱད་ཀྱི་ངོས་ལེན་ཡོད་པའི་ལག་ཁྱེར་རེད།

    བཙན་བྱོལ་གཞུང་བཙུགས་པའི་སློབ་གྲྭའི་ལག་ཁྱེར་དེར་རྒྱལ་ཁབ་གཞན་དག་གིས་ངོས་ལེན་མ་གནང་ཀྱང་རང་གཞུང་གི་ངེས་པ་ཏུ་ངོས་ལེན་གནང་དགོས་ཀྱི་རེད་འདོད།

    Reply
  18. གནམ་ལྕགས། says:
    ལོ་ 15 སྔོན།

    ད་བར་དུའམ། བཀའ་ཁྲིའི་ལས་རིམ་སྐབས་གཉིས་ལ་འདི་རྐྱང་རྐྱང་བཤད་ནས་བསྡད་པ་རེད། ངས་ཟམ་གདོང་བླ་མའི་དགོངས་གཞི་འདི་གོ་ལོག་ཆེན་པོ་ཞིག་རེད་ཅེས་བཤད་མྱོང་ཡོད། ག་དུས་ཡིན་ནའང་གསོག་སྒར་སློབ་གྲྭའི་སློབ་མ་དག་སྲུང་སྲུང་བར་འདུག་གི་ཡོད། མདོར་བསྡུས་ནས་བཤད་ན། ཟམ་གདོང་བླ་མའི་རིང་བཙན་བྱོལ་གཞུང་ལ་ཕན་ག་རེ་ཐོགས་ཡོད་མེད་མ་ངེས་ཏེ། གསར་འབྱོར་བར་གནོད་མང་བོ་བསྐྱལ་ཡོད།

    ༡ གསར་འབྱོར་བ་དག་བཙན་བྱོལ་དུ་ཡོང་ནས་གསོག་སྒར་དང་སུ་ཇཱ་ནས་ལོ་གཅིག་དང་གཉིས་ལ་སློབ་སྦྱོང་ཙམ་བྱས་ཏེ་ཕྱིར་བོད་དུ་ལོག་རྒྱུའི་འཆར་གཞིའི་སྟེང་ནས་སྐྱབས་བཅོལ་ལག་ཁྱེར་སོགས་བཟོ་རུ་མ་བཅུག་པར། ཉམ་ཆུང་སྐྱབས་བཅོལ་བ་རྣམས་ཀྱིས་ཐབས་ཤེས་འདྲ་མིན་འོག་བཟོས་པའི་དཀའ་ངལ་དང་། ཁ་ཤས་ལམ་འགྲོ་མ་རྒྱུག་པར་བཙོན་དུ་ཚུད་པ་སོགས་ཡོད། དེ་ནི་བྱས་ཉེས་ཆེན་པོ་གཅིག་དང་།
    ༢ གསོག་སྒར་སློབ་གྲྭར་བོད་ནས་སློབ་ཆེན་ནམ་འཛིན་གྲྭ་བཅུ་གཉིས་ནས་བཅོ་ལྔ་ཐོན་མཁན་མང་བོ་ཡོད་ལ། སློབ་གྲྭའི་དགེ་རྒན་དང་སྲིད་འཛིན་སྡེ་ཁག་ནས་ལས་ཀ་བྱས་མྱོང་མཁན་ཡང་མང་བོ་ཡོད། ཁོང་ཚོ་འདིར་ཡོང་ནས་དབྱིན་ཡིག་ཏོག་ཙམ་སྦྱོང་དུ་བཅུག་ནས་བཙན་བྱོལ་གཞུང་གིས་ངེས་པར་དུ་རང་རང་གི་འཇོན་ཐང་སོགས་ལ་དཔག་ནས་ལས་ཀ་ཞིག་སྤྲོད་དགོས་ཀྱང་། དེ་ལས་ལྡོག་སྟེ་ལས་ཀ་སོགས་ལ་བཀག་འགོག་འདྲ་མིན་བྱེད་ཀྱི་ཡོད། ཐ་ན་བོད་རང་གི་ལས་ཁུངས་སོགས་སུ་བོད་ཡིག་གིས་ཁུངས་མི་འཁྱོལ་བ་དག་ཕུང་གསོག་བརྒྱབ་ནས་གོ་ལོག་རྐྱང་རྐྱང་བྱེད་ཀྱི་ཡོད་པ་མངོན་སུམ་ཡིན། ཐ་ན་སློབ་གྲྭའི་དགེ་རྒན་དག་ལའང་སློབ་དེབ་ཙམ་ངོ་སྤྲོད་བྱེད་རྒྱུའི་ཆུ་ཚད་མེད་ན། ཤེས་ཡོན་འཐུས་ཤོར་ཟེར་ནས་སྐད་བརྒྱབ་པས་མི་ཚད་མགོ་བོ་ཐང་ལ་གཡུག་ཀྱང་ཅི་ལ་ཕན། དེ་ཡང་ཟམ་གདོང་བའི་བྱས་ཉེས་སུ་ངོས་འཛིན་མི་བྱ་ག་མེད་ཡིན།
    ༣ ཟམ་གདོང་བླ་མ་ཁོང་གིས་ག་དུས་ཡིན་ནའང་། གཏམ་བཤད་སོགས་གནང་སྐབས། མང་ཚོགས་རང་ཉིད་ལ་དགའ་རུ་འཇུག་པ་དང་། རང་ཉིད་མཁས་པ་ཡིན་པ་ངོ་འཕྲོད་ཐབས་ཀྱིས་དགོས་མཁོར་མི་བལྟ་བར་ཆོས་བཤད་སར་ཆབ་སྲིད་དང་ཆབ་སྲིད་བཤད་སར་ཆོས་ཁོ་ན་བཤད་ངེས། དེ་ལྟར་ན་མི་མང་གིས་བཀའ་ཁྲི་མཁས་པ་རེད་ཟེར་རྒྱུ་ལས། བཀའ་ཁྲིའི་དམིགས་བསལ་གྱི་ལས་འཆར་འདི་རེད། གནད་དོན་འདིའི་སྒང་ནས་མང་ཚོགས་ཀྱིས་ལམ་ཁ་འདི་བདམས་དགོས་ཟེར་རྒྱུ་ཞིག་རྙེད་མི་བཏུབ། དེ་ཡང་སྲིད་བློན་ཞིག་ལ་མཚོན་ན་བྱས་ཉེས་ཆེན་པོར་ངོས་འཛིན་ཆོག

    གོང་གི་དོན་ཚན་དེ་དག་ལ་བརྟེན་ནས་ཟམ་གདོང་བས་གསར་འབྱོར་རྣམས་ལ་ཕན་ལས་གནོད་བསྐྱལ་ཡོད། ད་ཐེངས་ཀྱང་ཅག་ཅག་ག་འདྲ་བྱས་འདུག སྤྱིར་བཏང་གིས་གསར་འབྱོར་མེད་ན། བཙན་བྱོལ་གཞུང་འདི་གནས་ཐུབ་མིན་བརྗོད་དཀའ་བའི་གནས་མ་ཡིན་ནམ།

    Reply
  19. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    བཀའ་ཁྲི་མཆོག་གི་བཀའ་སློབ་མདོར་བསྡུས་ན།
    ༡ ཤེས་རབ་དགའ་ཚལ་སློབ་གླིང་ལ་ཐོག་མ་ནས་རེ་བ་ཆེན་པོ་མེད་ལ་ད་ལྟའང་དེ་བཞིན་ཡིན་ཟེར་གྱི་འདུག
    ༢ མ་འོངས་པར་ཤེས་རབ་དགའ་ཚལ་སློབ་གླིང་སམ་བྷོ་ཊའི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་ཟེར་གྱི་འདུག
    ༣ ཤེས་རབ་དགའ་ཚལ་སློབ་གླིང་གི་མཐར་ཕྱིན་ལག་འཁྱེར་བརྒྱུད་དེ་གཞུང་ཞབས་ཁོངས་འཛུལ་ཐུབ་མེད་ཟེར་གྱི་འདུག རྡོ་རྡོག་འདི་རེད།

    Reply
  20. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ནུབ་ཕྱོགས་ཡུལ་གྲུ་མང་པོའི་ནང་དུ་ལོ་ན་སོན་རིམ་བཞིན་སློབ་ཡོན་དང་ཤེས་ཚད་ངོས་འཛིན་སོགས་ལ་གུ་ཡངས་ཆེན་པོ་འདུག ང་ཚོའི་བཙན་བྱོལ་གཞུང་དང་དེ་འབྲེལ་གྱི་ཚོགས་སྡེ་ཚོས་ལོ་ན་ཡར་སོན་རིམ་བཞིན་ཉེས་ཆད་གཅོད་ཀྱིན་འདུག བོད་དུ་ལོག་དགོས་པ་དེ་དེ་འདྲའི་གལ་ཆེན་ཡིན་པ་ཤེས་ཡོད་ན་ཟམ་གདོང་སྤྲུལ་སྐུ་ཁོ་རང་བོད་དུ་མི་ལོག་དོན་ག་རེ་ཡིན་ནམ།

    Reply
  21. ཤེས་རབ། says:
    ལོ་ 15 སྔོན།

    ལག་ཁྱེར་གྱིས་ཕན་མི་ཐོགས ངོས་འཛིན་མེད། སློབ་གྲྭ་གཞན་དང་ལས་ཁོངས་སུ་འཛུལ་ཞུགས་བྱ་རྒྱུར་ངོ་སྤྲོད་ཙམ་ཡང་མི་ཕན་ན་ལག་ཁྱེར་དེ་སྤྲོད་ཕྱིར་བཀའ་ཁྲི་མཆོག་ཀྱང་གདན་འདྲེན་ཞུས། དེའི་སྒང་ལ་ཡང་ཕན་མེད་ཀྱི་བཀའ་སློབ་གཟི་བརྗིད་ཁོག་སྟོང་རེ་གནང་སྟངས་ལ་བལྟས་ན་བཀའ་ཁྲི་མཆོག་ལ་ཡང་ཁ་སང་དེ་རིང་དུས་ཚོད་སྟོང་པ་མང་པོ་ཡོད་པ་འདྲ།

    Reply
  22. ཐོ་རེངས། says:
    ལོ་ 15 སྔོན།

    རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་ལྟར་སྣང་ནའང་དོན་དངོས་ཐོག་ནས་འདི་རྒྱལ་ཁམ་འདི་གཉིས་ཀྱི་མཛའ་མཐུན་དང་འབྲེལ་ལམ་གོང་འཕེལ་འགྲོ་མི་ཐུབ།
    རྒྱ་ནག་གིས་ནི་ཟ་རྒྱུ་ཞིག་གཅོད་རྒྱུ་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། རྒྱ་གར་པའི་ཕྲག་དོག་དང་ང་རྒྱལ་ཞེན་ལྟ་སུས་འདྲན་དཀའ།

    Reply
  23. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    སློབ་ལོ་བརྒལ་བའི་ན་གཞོན་་་་་ཟེར་བ་དེ་ཡང་སྤྱི་ཚོགས་ཉམས་ཉེས་སུ་བཏང་རྒྱུའི་སྐད་ཆའི་གྲས་རེད། ཡར་ཐོན་རྒྱལ་ཁབ་ཁག་གི་ནང་སྤོ་རྨོ་སློབ་གྲྭར་འགྲོ་ཆོག་ལ་འཇོན་ན་འཛིན་གྲྭ་བཅུ་གཉིས་དང་མཐོ་སློབ་ཐོན་པའི་ལག་འཁྱེར་ཡང་བླངས་ཆོག ངའི་ངོ་ཤེས་ལོ་ན་བཞི་བཅུ་ཞེ་གྲངས་ཅན་གཉིས་ན་ནིང་འཛིན་གྲྭ་༡༢ ཐོན་ནས་འདི་ལོ་མཐོ་སློབ་ནང་ physiotherapy སློབ་བཞིན་པ་རེད། དེ་ཚོར་ཁ་མིག་ཡར་བལྟ་བྱེད་དགོས་འདུག །

    Reply
  24. གནས་ཚང་། says:
    ལོ་ 15 སྔོན།

    གཞིས་ལུས་བོད་མི་ལག་ཆ་དང་། བྱེས་བོད་བཀོད་འདོམས་གནང་མཁན་གྱི་གནས་སྟངས་འདིར་ངེས་པར་དུ་འགྱུར་བ་གཏོང་དགོས་པས། ལྷན་རྒྱས་ནས་སྤྱི་འཐུས་གདམ་ག་མ་ནོར་བ་གནང་ནས་སྲིད་ཇུས་འདི་རིགས་ལོ་རྒྱུས་ཀྱི་གད་སྙིགས་ནང་གཡུགས་འཇུག་རོགས། དེ་ལྟ་མིན་ན་གསར་འབྱོར་ག་དུས་ཀྱང་བཀའ་ཁྲིའི་མཚོན་པའི་ཁེ་ཕན་ཕྱོགས་ཁག་གི་རྩེད་ཆས་དང་། ཚོང་རྫས། སྲིད་ཁེ་ཟ་བྱེད་རེད་མ་གཏོགས་ལམ་ཁ་ལྷག་མེད་པས། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་སྤང་ནས་སྲིད་ཇུས་འདི་རིགས་ལ་འགྱུར་བ་གཏོང་བར་འདུན་ཡོད་པའི་སྤྱི་འཐུས་སྐོར་ཞིག་གདམ་རྒྱུ་ནི་གསར་འབྱོར་ཚོས་རང་ཉིད་ཀྱི་ཁེ་དབང་དངོས་དེ་ལེན་འདོད་ཡོད་མེད་ལ་ཐུག་ཡོད་འདོད། དྲ་མཁན་ཚོར་ཁུ་སིམ་མེར་འདུག་རན་རེད་དམ།

    Reply
  25. གསལ་ལེ་རྒྱལ། says:
    ལོ་ 15 སྔོན།

    (སྤྱི་འཐུས་ནི་ཆབ་སྲིད་ཀྱི་ཐོག་འགྲོ་དགོས་པ་ཞིག་ཡིན་པ་དང་ཆབ་སྲིད་པ་ཟེར་བ་དེ་གང་ནས་ཡོང་ཡོང་ཞིག་དང་གང་ལ་འགྲོ་འགྲོ་ལྟ་བུ་ཞིག་ཡིན་དུས། དེ་ནི་ཤེས་ཡོན་བསྟིོ་གནས་ཀྱི་གཟི་བརྗིད་ཆགས་ཐུབ་ཀྱི་མེད།)

    བཀའ་ཁྲི་ལོ་ལོ། སྐད་ཆ་འདི་བོད་པ་བཙན་བྱོལ་བ་ཚོ་དང་ཤེས་རབ་དགའ་ཚལ་གྱི་སློབ་ཕྲུག་ཚོའི་ཁ་འགོག་བྱེད་དུ་དམིགས་ནས་བཤད་པ་ཡིན་ཡང། མི་རིགས་གཞན་གྱིས་གོ་ན་ངོ་ཚ་བ་ལ། བཟང་ན་ངན་ན་བཀའ་ཁྲི་ཞིག་གི་གསུང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese