་་་་་་་་་་་་་་་་་་་་བོད་མི་དང་བོད་ཡིག
དོན་དངོས་ཐོག
ང་རང་ལ་ལོ་རྒྱུས་ཡོད
དེ་ཡང་བདེན་པ་ཡིན
མེས་པོ་དག་གིས་ངའི་ཆེད་དུ་རྔུལ་ཆུ་བཙག་ཡོད
ཤ་ཁྲག་གི་མཆོད་པ་འབུལ་མྱོང་
དེ་རིང་ང་རང་ལ་ཉེས་པ་མེད་བཞིན་དུ
རོ་སྒམ་དུ་འཇུག་རྩིས་འདུག
ང་རང་མི་ལོ་སྟོང་ཕྲག་སྔོན་དུ
ངའི་བདག་པོ་ཚོས
རང་དབང་གི་སྒོ་ནས་ང་རང་འཁུར་ནས་འོང་
དཀའ་སྤྱད་གྲངས་མེད་ཅིག་མྱོང་ནས
འགྲོ་སོང་མང་བོ་ཞིག་བཏང་ནས
དེ་རིང་རིན་མེད་དུ
འདི་བ་ཚང་གིས
ང་རང་རང་ཁྱིམ་ནས་འཕུད་རྩིས་འདུག
ང་ལ་བདག་པོ་ཡོད
བདག་པོ་ཚོས ང་རང་ལ་ཐག་གཅོད་བྱེད་ཆོག
ང་རང་གི་ཆེད་དུ་ཐོབ་ཐང་རྩོད་ཆོག
དེ་ནི་ང་དང་ཁོང་ཚོའི་བར་གྱི་གཏམ་རྒྱུད་ཡིན
གནའ་སྔ་མོ་ནས་བཟུང་
ཁོང་ཚོ་ངའི་རྫི་བོ་ཡིན
ཁོང་ཚོ་ངའི་གཟི་བརྗིད་ཡིན
ཁོང་ཚོ་ངའི་ལ་རྒྱ་ཡིན
ང་མེད་ན་ཁོང་ཚོ་ཡང་འཇིགས་འགྲོ
ཁོང་ཚོ་མེད་ན་ང་ལ་ཡང་སྙིང་བོ་ཅི
ང་མེད་པའི་ཁོང་ཚོ་ནི
རུས་པ་མེད་པའི་བེམ་པོ་གཞན་ཞིག་ཡིན
བྱམས་བརྩེ་དཔེན་པའི་གྲུབ་མཐའ་གསར་བ་ཡིན
ང་བོར་བའི་གཏོར་གཟུགས་ཀྱི་ཤོག་བུ་ཡིན
ཁོང་ཚོས་ང་སྐྱོབས་དགོས
དེ་ནི་ཁོང་ཚོས རང་གི་མེས་པོ་ལ་གུས་ལུགས་ཤིག
དེ་ནི་ཁོང་ཚོས བདེན་པ་དང་ལོ་རྒྱུས་ཤེས་པའི་རིགས་ཞེན་ཞིག
དེ་ལྟར་བྱས་ན ང་དང་ཁོང་ཚོའི་ལས་དབང་རྟོགས་པ་ཡིན





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)
ཤ ཁྲག་ལོ་ལོ། ད་ཐེངས་ད། ཚིགས་བཅད་ཟེར་ནོ་ཉོག་འདྲ་ཞིག་གཡོས་འདུག་ག ཐུང་ཐུང་རེ་ཕྲིས་ཡ།
ཐེ་བོ་བོད་ཀྱི་ཀ་ཁ་ག་ངའི་ཚེ་སྲོག་ཆེད།།
བསྐལ་བ་འཇིགས་ཀྱང་མི་འཇིག་གསུངས་པ་ཡག་གི་ར།།
གསལ་ལེ་ཐོན་ནས་དེ་མཚུངས་རྒྱབ་སྐྱོར་བྱེད་ཀི་ར།།
ང་ལ་ཁ་བརྡ་བྱས་པ་སེམས་ནས་དགའ་ན་ཡང་།།
སྲིད་གཞུང་དགྱ་ནག་ཚང་གི་ཁ་གཏད་སུ་ཡིས་འཇོག།
ཐེ་ཤེར་ཤི་ནས་ཐལ་བར་གྱུར་ནའང་།།
ཀ་ཁ་ག་ངའི་ཚེ་སྲོག་མི་འཆད་པས།།
ཤ་ཁྲག་རུས་བའི་སེམས་ཁ་བདེ་མོ་བྱོས།།
སློབ་ཕྲུག་ཁྲི་མ་འབུམ་གྱི་ང་རོར་ཉོན།།
ང་རང་ཤི་ནས་བེམ་པོ་རུལ་སོང་ཟེར་བའི་གཏམ་ཞིག་གོ་བ་ཡིན་ནམ་ཀྱེ།།
བློ་བདེ་བག་ཕེབས་གྱིས་ཤིག་ང་ཡི་རུས་པ་ད་དུང་ཧ་ཅང་མཁྲེགས་པོ་ཡིན།།
ནམ་ཞིག་ང་རང་ཤི་ནས་མགོ་རུས་སྐམ་པོ་ས་ལ་མ་ལྷུང་དེ་སྲིད་དུ།།
ཁྱོད་ཀྱི་ཚེ་སྲོག་ཆད་པ་མི་སྲིད་ང་ཡི་སེམས་ཀྱི་ཀ་ཁ་ག་ང་ལགས།།