མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འབྲེལ་གྱི་དྲ་འབུ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བའི་སྐབས་འདིར། འབར་མའི་དྲ་ཚིགས་ཁག་ལ་དྲ་འབུ་ computer virus མང་པོ་འཛུལ་ཏེ་གཏོར་རྒོལ་ཚབས་ཆེན་ཐེབས་ཀྱི་ཡོད་པ་དང་། དྲ་འབུའི་གནོད་འཚེ་འདི་ཕྱི་ཟླ ༡༠ ཚེས་ ༢༥ ཙམ་ནས་བྱུང་ཡོད་ཅིང་། འོས་བསྡུ་བསླེབ་ལ་ཉེ་པའི་ཉིན་འདི་འགར་དྲ་འབུའི་གཏོར་རྒོལ་ཤུགས་ཆེ་རུ་ཕྱིན་ཏེ། ད་ལྟ་སྤྱི་སྤྱོད་དྲ་ཁང་དང་སྒེར་གྱི་གློག་ཀློད་མང་ཆེ་བའི་ནང་གི་ཡིག་ཆ་ཁག་ཁ་འབྱེད་མི་ཐུབ་པ་ཆགས་ཡོད་འདུག གློག་ཀླད་ཆེད་མཁས་པ་དང་དཔྱད་ཞིབ་པ་དག་གིས་དྲ་འབུ་དེ་དག་གཏོང་མཁན་གྱི་གཏེ་བོ་སུ་ཡིན་ངོས་འཛིན་གསལ་བོ་ཐུབ་ཀྱི་མེད་ཀྱང་། དོན་རྐྱེན་འདིའི་རྒྱབ་ན་ད་ལྟའི་འབར་མ་གཞུང་གི་ངན་བྱུས་ཡོད་སྐོར་དང་། འབར་མའི་དངོས་གཞིའི་འོས་བསྡུའི་སྐབས། གནས་ཚུལ་ཕྱིར་མི་ཤོར་བའི་ཆེད་བཟོས་སྲིད་ཇུས་ཤིག་ཡིན་སྐོར་རྗོད་ཀྱི་ཡོད།

 

ཕྱི་ཚེས་ ༧ ཀྱི་འབར་མའི་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། དེ་ནི་ལོ་ ༢༠ རྗེས་སུ་བསྐྱར་དུ་ཐེངས་དང་པོར་དམངས་གཙོའི་འོས་བསྡུ་མགོ་འཛུགས་བྱས་པ་ཞིག་ཡིན་འདུག དེ་སྔོན་ཕྱི་ལོ་ ༡༩༩༠ ལོར་རྒྱལ་ཡོངས་འོས་བསྡུ་ཞིག་བྱས་པའི་ཁྲོད། ད་ལྟ་བཟང་བཙོན་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལྕམ་ཨིང་སན་སོ་ཀེ་ཡི་རྒྱལ་ཡོངས་དམངས་གཙོ་ཐུན་ཚོགས་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། དམག་འཛིན་སྲིད་དཞུང་གིས་སྐབས་དེའི་འོས་བསྡུ་རྩིས་མེད་ཀྱིས་རྒྱལ་ཡོངས་དམངས་གཙོ་མཐུན་ཚོགས་ལ་དབང་འཛིན་གྱི་ལས་གནས་སྤྲད་མེད།

ཐེངས་འདིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས་འོས་གཞིར་འཛུལ་ཞུགས་ཀྱིས་སྲིད་དབང་རྩོད་ལེན་བྱེད་པའི་ཆབ་སྲིད་ཚོགས་པ་གྲངས་ ༣༧ ཡོད་ཅིང་། དེ་དག་གི་འོས་མི་ ༣༠༠༠ ལས་གསུམ་ཆའི་གཉིས་ད་ལྟའི་དམག་འཛིན་ཚོགས་པའི་ཕྱོགས་གཏོགས་ཆགས་ཡོད་ཅིང་། ཚེས་ ༧ ཉིན་དངོས་སུ་འོས་ཤོག་འཕེན་རྒྱུར་ཆ་རྐྱེན་ཚང་པའི་མང་ཚོགས་ས་ཡ ༢༩ ལྷག་གིས་དེབ་སྐྱེལ་ཐོ་འགོད་བྱས་ཟིན་འདུག་ཀྱང་། གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་མང་ཚོགས་ས་ཡ་ ༡་༥ ཙམ་གྱི་འོས་འཕེན་ཐོབ་ཐང་ཕྱིར་བསྡུ་བྱས་ཡོད་འདུག རྒྱུ་མཚན་ནི། ས་ཁུལ་དེ་དག་ཏུ་དངོས་གཞིའི་འོས་བསྡུ་ལག་བསྟར་བྱ་རྒྱུར་ཉེན་ཁ་ཆེ་སྐོར་བརྗོད་འདུག་ལ། ཐེངས་འདིའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ལ་ཕྱི་ཕྱོགས་ཀྱི་བལྟ་ཞིབ་པ་དང་གསར་འགོད་པ་ཚོའི་ཐོག་ལ་དམ་དྲག་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

ཆུ་ཚོད་ ༡༣ སྔོན་ལ།
Demonstrators gather outside Nepal’s parliament during a protest in Kathmandu on Monday. Photograph: Prabin Ranabhat/AFP/Getty Image
Mobile App

བལ་ཡུལ་ནང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པས་སྲིད་འགྱུར་སློང་ཉེན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
གློག་བརྙན་གསའ་ཡི་མདུན་ངོས།
Mobile App

བོད་ཀྱི་གློག་བརྙན་གསའ་གཟེངས་རྟགས་མི་འདྲ་བ་བཞིའི་ནང་མིང་འདོན་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
Anadolu Agency ASIA
Mobile App

རྒྱ་གཞུང་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༨
Mobile App

བོད་པའི་སྤྱི་ཚོགས་ནང་དེབ་སྐྱེལ་བྱས་པའི་ཚོགས་པ་ཁག་ ༡༦༠ ནས་ ༡༧༠ བར་ཡོད་པ་རྣམས་ཀྱིས་གང་ཐུབ་ཀྱིས་རྒྱ་གར་གྱི་ཁྲིམས་ལྟར་ཕྱི་རྒྱལ་ནས་དངུལ་ལེན་ཆོག་པ་བཟོ་གལ་ཆེ་སྐོར་གསུངས་སོང་།

༢༠༢༥/༠༩/༠༨
བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། ༢༠༢༥།༠༩།༠༢ མི་ཎི་སོ་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་པར།
Mobile App

བཙན་བྱོལ་བོད་མི་རྣམས་བོད་ནང་གཉེན་འཕྲད་དུ་ཕྱིན་སྐབས་རྒྱ་ནག་གི་དྲིལ་བསྒྲགས་རིགས་ཀྱི་བརྙན་ཐུང་སྤེལ་རྒྱུ་མེད་པའི་ལམ་སྟོན་གནང་།

༢༠༢༥/༠༩/༠༨

མཆན། 5

  1. བློ་དགའ། says:
    ལོ་ 15 སྔོན།

    གཞུང་འབྲེལ་གྱི་དྲ་འབུ། ཧ་ཧ་ཧ་་་་་་་་་་ཁ་བྱང་ལ་དངོས་ནས་ནུས་པ་ཆེན་པོ་འདུག

    Reply
  2. Rabga says:
    ལོ་ 15 སྔོན།

    གསར་འགྱུར་འདིའི་ཁ་བྱང་མཐོང་མ་ཐག་དགོད་ཁ་ཤོར་བ་ཞིག་རེད། ཁ་བྱང་གི་ནང་དོན་ལ་ཞིབ་ཏུ་བསམ་བློ་བཏང་ན་རྒྱུ་མཚན་ཆེན་པོ་འདུག་ལ། གསར་འགོད་པའི་ཆུ་ཚད་མཐོན་པོར་སླེབས་ཡོད་པའི་ཁྱད་ཆོས་ཤིག་ཀྱང་འདུག ཧ་ཅང་ཡག་པོ་འདུག

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    འབར་མའི་འོས་བསྡུའི་ཁོངས་སུ་ལྕམ་ཨན་སང་སུ་སྐྱིའི་ཚོགས་པ་འཛུལ་ཞུགས་བྱེད་མེད་སྙམ་།

    Reply
  4. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    འབར་མའི་རྒྱ་ཡོངས་འོས་བསྡུ་ཆེན་མའི་བར་ཆད་ཐམས་ཅད་ཞི་ནས་ལྕམ་ཨ་ཅེ་ཨིང་སན་སོ་ཀེ་ལགས་སྐབས་དེའི་རྒྱལ་ཡོངས་དམངས་གཙོ་ཐུན་ཚོགས་སུ་རྒྱལ་ཁ་ཐོབ་པར་ཤོག།།

    Reply
  5. གནམ་ལྕགས། says:
    ལོ་ 15 སྔོན།

    འབར་མའི་ལྕམ་ཨ་ཅེ་བསོད་སྐྱིད་རྒྱལ་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese