མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་གི་ཚེ་སྲོག་བརླག་རྒྱུར་ཐེ་ཚོམ་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

དགེ་རྒན་གྱི་འདུ་ཤེས་འཛིན་སྟངས་ནི་སློབ་མ་གཙོ་བོ་ཡིན་དགོས་པ་ལས་སོ་སོའི་མིང་གྲགས་དང་ཆེ་མཐོང་ཐད་བསམ་བློའི་འདུ་ཤེས་འཛིན་མི་རུང་། འདུ་ཤེས་རྣམ་དག་ཡིན་པ་ཁོ་ནས་ཀྱང་འགྲིག་གི་མེད། སློབ་ཚན་ཁྲིད་ཐབས་ནི་སློབ་མ་སྐྱེད་སྲིང་ཡོང་མིན་གྱི་འགག་རྩ་རེད། སོ་སོར་དགེ་རྒན་གྱི་ཉམས་མྱོང་ཡོད་སྟབས། ད་ལྟའི་སློབ་དེབ་དང་སློབ་ཚན་ཁྲིད་ཐབས་འདི་མུ་མཐུད་ལག་བསྟར་བྱས་ཚེ་དུས་ཡུན་རིང་པོ་ཞིག་མི་དགོས་པར་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་བརླག་རྒྱུར་ཐེ་ཚོམ་མི་འདུག་ཟེར།

དེ་རིང་ཕྱི་ཚེས་ ༡༣ ཉིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོིའི་ཚོགས་ཁང་དུ་༼ ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ ༽ ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འདུ་འཛོམས་ཤིག་གོ་སྒྲིག་ཞུས་འདུག་ལ། བགྲོ་གླེང་གཏམ་བཤད་གནང་མཁན་ལ་ས་ར་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་བསོད་ནམས་རྒྱན་མཚན་ལགས་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས། ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཆོས་དབྱངས་དོན་གྲུབ་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་བོད་དགེ་སྐལ་བཟང་ཉི་མ་བཅས་ཕེབས་འདུག་ལ། གཏམ་བཤད་ཀྱི་ལས་རིམ་རྫོགས་རྗེས་མང་ཚོགས་དང་ལྷན་དུ་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད།  

བགྲོ་གླེང་གི་ཐོག་མར་ཨ་རིག་འགྱུར་མེད་ཀྱིས་ངོ་སྤྲོད་དང་འབྲེལ་སློབ་སྤྱི་ཆོས་དབྱངས་དོན་གྲུབ་ལགས་ཀྱིས་གཏན་བཤད་གནང་དོན། ད་ལྟའི་ཆར་བོད་ཀྱི་སྐད་ཡིག་གི་གནས་སྟངས་འདི་ཛ་དྲག་པོ་ཞིག་ཏུ་གྱུར་ཡོད་པ་དངོས་ཡོད་རེད། དེའི་རྒྱུ་རྐྱེན་གཅིག་ཐབས་ལམ་ག་འདྲ་ཞིག་ལག་བསྟར་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་བར་རྒྱ་ནག་གཞུང་གིས་བོད་སྐད་2ཡིག་རྩ་མེད་བཟོ་བའི་སྲིད་ཇུས་དེ་རེད། བཙན་བྱོལ་ལ་མཚོན་ན་ཕྱིའི་སྐད་ཡིག་གིས་བོད་ཀྱི་སྐད་ཡིག་བེད་སྤྱོད་ཁོར་ཡུག་ལ་བཙན་འཛུལ་ཐེབས་ཀྱི་ཡོད། དེ་ནི་ལ་གཙོ་བོ་སྐད་དང་ཡི་གེ་གཉིས་ཀྱི་ཐད་ནས་བཙན་འཛུལ་ཡོང་གི་ཡོད་པ་སྟེ། བོད་རིགས་བཙན་བྱོལ་བ་རྒན་གཞོན་ཚང་མས་ཕྱིའི་སྐད་རིགས་ལ་དགའ་སྣང་དང་སྦྱང་འདོད་ཆེན་པོ་བྱེད་པ་དང་། ཡི་གེའི་ཐད་ནས་ཕྱིའི་རིག་གནས་ཀྱི་ཐ་སྙད་མང་པོ་ཞིག་བོད་སྐད་ཡིག་ཐོག་མེད་པ་དང་། ཡོད་ནའང་མང་པོ་ཞིག་གིས་ཤེས་རྟོགས་ཐུབ་ཀྱི་མེད་པར་བརྟེན་སྐད་ཡིག་གཞན་དང་སྲེ་ལྷད་ཅན་གྱི་བོད་སྐད་ཅིག་བཤད་ཡོང་གི་ཡོད་རེད། དེ་བཞིན། ཕ་མ་དང་སློབ་ཕྲུག་ཚོའི་ངོས་ནས་བོད་ཡིག་སྦྱང་ན་མདུན་ལམ་དེ་ཙམ་མེད་པའི་ཚོར་སྣང་ཐོག་ཕྱིའི་སྐད་ཡིག་ལ་སྦྱང་བརྩོན་བྱེད་ཀྱི་ཡོད་པ་བཅས་ཀྱི་གནས་བབ་འོག་བོད་ཀྱི་སྐད་ཡིག་གི་གནས་བབ་ཛ་དྲག་ཆགས་ཡོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

རྩོམ་པ་བོ་ཤེས་རབ་དར་རྒྱས་ལགས་ཀྱིས་བཙན་འོག་གི་བོད་སྐད་ཡིག་དང་དེའི་སྲུང་སྐྱོབ་སྐོར་ནས་བརྗོད་དོན། མི་རིགས་ཤིག་གི་སྐད་ཡིག་སྲུང་སྐྱོབ་དང་ཚད་ལྡན་དུ་གོམ་པ་སྤོ་རྒྱུར་དང་པོ་མི་རིགས་དེའི་རིག་གཞུང་གི་ཤེས་ཡོན་སྲིད་བྱུས་བརྟན་པོ་ཞིག་དགོས་ཀྱི་འདུག་ལ། ཤེས་ཡོན་སྲིད་བྱུས་དེ་གཏན་འབེབ་བྱེད་སྐབས་འགན་ཁུར་མཁན་དང་གཙོ་སྒྲིག་པ་དེ་ཚོ་ངེས་བར་དུ་སྐད་ཡིག་གཉིས་ཀྱི་སྟེང་ལ་ཚད་ངེས་ཅན་ཡོད་པ་གང་ཞིག་ལ། སྐད་ཡིག་ལ་དམིགས་བསལ་དུང་བ་དང་ཞེན་ཁོག རྒྱུས་མངའ་བཅས་ཡོད་མཁན་རྐྱང་ཡིན་དགོས། གཉིས་པ་མི་རིགས་དང་སྐད་ཡིག་བར་གྱི་འབྲེལ་བ་རེད། སྐད་ཡིག་རྩ་བརླག་ཏུ་ཕྱིན་ཚེ་མི་རིགས་བྱེ་བྲག་པ་དེ་འཚོ་གནས་ཐུབ་མིན་གྱི་གནད་དོན་ཐད་མང་ཚོགས་ལ་གོ་རྟོགས་སད་དགོས་པ། གསུམ་པ་དགེ་རྒན་རེད། དགེ་རྒན་གྱི་འདུ་ཤེས་འཛིན་སྟངས་ནི་སློབ་མ་གཙོ་བོ་ཡིན་དགོས་པ་ལས་སོ་སོའི་མིང་གྲགས་དང་ཆེ་མཐོང་ཐད་བསམ་བློའི་འདུ་ཤེས་འཛིན་མི་རུང་། ཅེས་དང་།

འདུ་ཤེས་རྣམ་དག་ཡིན་པ་ཁོ་ནས་ཀྱང་འགྲིག་གི་མེད། སློབ་ཚན་ཁྲིད་ཐབས་ནི་སློབ་མ་སྐྱེད་སྲིང་ཡོང་མིན་གྱི་འགག་རྩ་རེད། སོ་སོར་དགེ་རྒན་གྱི་ཉམས་མྱོང་ཡོད་སྟབས། ད་ལྟའི་སློབ་དེབ་དང་སློབ་ཚན་ཁྲིད་ཐབས་འདི་མུ་མཐུད་ལག་བསྟར་བྱས་ཚེ་དུས་ཡུན་རིང་པོ་ཞིག་མི་དགོས་པར་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་བརླག་རྒྱུར་ཐེ་ཚོམ་མི་འདུག དེ་བཞིན་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཐད་རྩོམ་པ་པོ་ཚོར་འགན་འཁྲི་ཆེན་པོ་ཡོད། རྩོམ་པ་པོ་ཚོ་སྤྱི་ཚོགས་དངོས་དང་ཁ་མ་བྲལ་བར་གཙོ་བོ་ཀློག་པ་བོ་ལ་ཁ་ཕྱོགས་རྒྱུ་དང་། རྩོམ་པ་པོ་ཞིག་ཡིན་ན་སྡེབ་སྦྱོར་ལེགས་པའི་ཡིག་ཚོགས་ཤིག་གི་སྒྲོམ་གཞི་ཙམ་བཟོ་ཐུབ་པ་དེས་འགྲིག་གི་མེད། རྩོམ་པ་བོ་ཞིག་ཡིན་ན་ངེས་བར་དུ་བསམ་བློ་བ་ཡིན་དགོས། ཞེས་བརྗོད་བྱུང་།

 

དེའི་རྗེས་དགེ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ཇི་ལྟར་འཐུས་ཤོར་དུ་ཕྱིན་པ་རེད་ཅེས་པའི་བརྗོད་གཞིའི་སྟེང་ནས་གསུང་དོན། གནད་དོན་འདིའི་ཐད་ནས་བསམ་བློ་གཏོང་དགོས་པ་ཞིག་ནི་བོད་ཀྱི་སྐད་ཡིག་ག་འདྲ་བྱས་ཏེ། རྒྱུན་འཛིན་འབྱུང་གི་ཡོད་པ་དེ་རེད། གཅིག་ཏེ། གཏན་ཚིགས་རིག་པ་དང་བརྡ་སྤྲོད་རིག་པ། མཚན་ཉིད་རིག་པ་བཅས་ཚུད་པའི་རིག་པའི་གཞུང་ལུགས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཡོང་གི་ཡོད་རེད། རྒྱུ་རྐྱེན་གཅིག་ནི་འཚོ་གནས་དང་འབྲེལ་བའི་ལས་རིགས་ཁག་རེད། རྒྱུ་རྐྱེན་གཞན་ཞིག་ནི་སྒྱུ་རྩལ་གྱི་སྟེང་ནས་རྒྱུན་འཛིན་བྱེད་ཡོང་གི་ཡོད་རེད། རྒྱུ་རྐྱེན་འདི་གསུམ་གྱི་སྟེང་ནས་མ་གཏོགས་བཙན་བྱོལ་ནང་བོད་སྐད་ཡིག་ཇི་ལྟར་འཐུས་ཤོར་ཕྱིན་ཡོད་མེད་ལ་མཛུབ་མོ་འཛུགས་ཁག་པོ་རེད། ཅེས་དང་།

ཁོས་མུ་མཐུད་དུ། རིག་པའི་གཞུང་ལུགས་ཐད་ནས་སྔར་ནང་བསྟན་ཆོས་ལུགས་བོད་སྒྱུར་བྱས་པ་དང་། དེའི་རྒྱབ་ལྗོངས་ལ་དཔྱད་ཞིབ་བྱེད་པའི་རིག་པའི་གཞུང་ལུགས། དེ་བཞིན་བོད་ལ་གསོ་བ་རིག་པའི་གཞུང་ལུགས་ཚད་ལྡན་ཞིག་ཡོད་པ་འདིས་བོད་སྐད་ཡིག་རྒྱུན་འཛིན་བྱེད་པ་ད་ལྟའི་བར་འཐུས་ཤོར་དེ་ཙམ་བྱུང་མེད་པ་རེད་ལ། མ་འོངས་པར་བོད་སྐད་ཡིག་རྒྱུན་གནས་ཐུབ་མིན་གྱི་གནད་དོན་ཡང་འདི་ལ་ཐུག་ཡོད་པ་ཞིག་ཡིན། ད་བཙན་བྱོལ་ནང་འཐུས་ཤོར་འགྲོ་ས་གཙོ་བོ་རྒྱུ་རྐྱེན་ཕྱི་མ་གཉིས་ཆགས་ཡོད་པ་རེད། ཉིན་རེའི་འཚོ་གནས་དང་འབྲེལ་བའི་ལས་རིགས་ཏེ། འཛིན་སྐྱོང་དང་འཚོ་གོས། སྒེར་དང་སྤྱི་ཚོགས་ཁོར་ཡུག་ནང་བོད་སྐད་ཡིག་གི་གནས་བབ་ལ་ཉམ་ཆགས་དང་འཐུས་ཤོར་ཕྱིན་པ་རེད། དེ་བཞིན་བོད་སྐད་ཡིག་གི་སྟེང་ནས་སྒྱུ་རྩལ་གྱི་ཟུར་ངོས་སྣ་ཚོགས་ནས་ཕར་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཕྱོགས་ནས་འཐུས་ཤོར་ཕྱིན་ཡོད་པ་རེད། འོན་ཀྱང་སྔོན་མའི་བཙན་བྱོལ་ནང་གི་བོད་སྐད་ཡིག་གི་གནས་བབ་དང་། ད་ལྟའི་གནས་བབ་བསྡུར་ཡོང་ཚེ་ད་ལྟའི་ཆར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འགྱུར་བ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

 

སྐལ་བཟང་ཉི་མ་ལགས་ཀྱིས་༼ བཙན་བྱོལ་དུ་བོད་སྐད་ཡིག་འཐུས་ཤོར་གྱི་རྩ་གནད་སྐོར ༽ ཞེས་པའི་ཐད་གཏམ་བཤད་གནང་དོན། སྤྱིར་བོད་སྐད་ཡིག་གི་འཐུས་ཤོར་གྱི་རྩ་གནད་ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་དང་། ནང་ཁུལ་མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་སོགས་རྒྱུ་རྐྱེན་གཅིག་གཉིས་ཤིག་མིན་རུང་། ཁ་ཡོད་ལག་ཡོད་ཀྱི་གནད་དོན་འགས་བོད་སྐད་ཡིག་གི་འཐུས་ཤོར་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། དེ་ནི་ང་ཚོས་ལོ་རྒྱུས་རང་བཞིན་གྱི་བོད་སྐད་ཡིག་གི་བྱེད་ལས་དང་འཕེལ་རྒྱས་ལམ་ལུགས་ལ་ངོས་འཛིན་དང་རྒྱུན་འཛིན་བྱས་མ་ཐུབ་པ། དེ་བཞིན་བོད་སྤྱི་ཚོགས་ཀྱི་ངོས་ནས་སྐད་ཡིག་ལ་འཛིན་པའི་འདུ་ཤེས་ནི་དགོན་སྡེ་གྲྭ་ཚང་གི་སྦྱང་བྱ་ཞིག་དང་། ཁ་འདོན་དགེ་སྦྱོར་དང་འབྲེལ་བའི་དཔེ་ཀློག་ལ་མཁོ་བ་ལས་མི་སྒེར་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དར་རྒུད་དང་འབྲེལ་བ་ཡོད་པའི་འདུ་ཤེས་ཀྱི་བསམ་བློའི་རྨང་གཞི་སྨིན་མེད་པ་དེས། མང་ཚོགས་བྱིངས་ངོས་ནས་བོད་སྐད་ཡིག་ལ་ཤེས་རྟོགས་བྱ་རྒྱུའི་འདུ་ཤེས་མེད་པ། ཅུང་ཙམ་སྦྱང་ཡང་དཔེ་ཀློག་ཐུབ་ཙམ་ལས་བརྩོན་སེམས་མི་བྱེད་པ་རེད།  ཕྱོགས་ངོས་གཞན་ཞིག་ནས། བོད་སྐད་ཡིག་ལ་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་གོམ་པ་སྤོ་ཕྱོགས་ནས་མི་སྒེར་རེ་ཟུང་དང་ཚོགས་སྡེ་རེ་ཟུང་ཙམ་མ་ཡིན་པར། གཞུང་དང་ཚོགས་སྡེ་ཁག མང་ཚོགས་སྤྱི་ཡོངས་ཀྱིས་ཉིན་རེའི་ལས་དོན་ཁྲོད་དངོས་སུ་ལག་བསྟར་བྱ་དགོས་པའི་གནད་དོན་ཞིག་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢༠ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 7

  1. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ཀརྨ་རྡོ་རྗེ་ཡིས་འདི་ཤེས་ཡོད་པ་མ་རེད་ངོ་ཚ༼ྩོམ་པ་པོ་ཚོ་སྤྱི་ཚོགས་དངོས་དང་ཁ་མ་བྲལ་བར་གཙོ་བོ་ཀློག་པ་བོ་ལ་ཁ་ཕྱོགས་རྒྱུ།༽

    Reply
  2. delekp says:
    ལོ་ 15 སྔོན།

    རེད་རེད།
    རྒྱ་དམར་གཞུང་ནས་ཆེད་གཉེར་གྱིས་བོད་པའི་སྐད་ཡིག་མེད་པ་བཟོས་དང་བཟོ་བཞིན་ཡོད་རེད་བཙན་བྱོལ་ནང་བོད་ཕྲུག་ཁྱིམ་སྡེ་ལ་སོགས་པས་ཤེས་ཡོན་སྲིད་ཇུས་ལ་བོད་ཡིག་མ་གཏོགས་མི་འདུག་ཟེར་ནས་ལག་བསྟར་ཞུ་རྒྱུར་གཡོལ་བཞིན་ཡོད།
    ཨ་ཁཱ་སེམས་པ་སྐྱོ་བ་ལ།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྒྱུ་རྩལ། སྡེབ་སྦྱོར་ནོར་བཅོས་ལ་ཐུགས་རྗེ་ཆེ། དེང་སང་རྒྱུ་ནོར་ཅན་མ་གཏོགས་བོད་མིའི་རྩོམ་པ་པོ་ཚོ་ལ་ཆེ་མཐོང་གང་ཡང་མ་མཐོང་བས་རེ་དོན་སྒྲུབ་མི་སྲིད་སྙམ།

    Reply
  4. གཟི་མིག་༣པ says:
    ལོ་ 15 སྔོན།

    ཧ་ཧའ་ང་ཚོ་ཡུལ་གྱར་བ་ཚོ་གནས་ཚུལ་གང་ཅིའི་ཐད་མུན་ནག་ཏུ་ལས་པ་རེད་པས་།
    བོད་ནས་ངར་སྐད་མ་བསྒྲགས་ཚེ་ང་ཚོ་ལ་ཐོབ་ཐང་མེད་རེད་པས་ཡང་ན་བོད་རྒྱལ་ཁབ་ཀྱི་ནས་འགན་ར་ཚོ་ལ་མེད་རེད་པས་

    Reply
  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 15 སྔོན།

    རེད་ཡ། རྣམ་པ་ཚོས་གོང་ནས་བགྲོ་གླེང་ཟབ་ཅིང་རྒྱས་པ་ཡག་པོ་ཞིག་གནང་འདུག བཀའ་དྲིན་ཆེ། འོན་ཀྱང་ད་ནས་བཟུང་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་འདི་ཉེན་སྐྱོབ་ཐུབ་མིན་དེ་བོད་ཀྱི་སྐད་ཡིག་འདི་ཞལ་འདོན་སྐྱོར་སྤྱད་ཙམ་མ་ཡིན་པར་འཇིག་རྟེན་པའི་འཚོ་གནས་རྣམ་དག་སྒྲུབ་སྤྱད་ཅིག་ཏུ་བསྒྱུར་ཐུབ་མིན་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད་སྙམ། སྐད་ཡིག་འདི་སྤྱོད་མཁན་གྱི་མི་རེ་རེ་ལ་སྐད་ཡིག་འདིའི་ཐོག་ནས་ཉིན་རེའི་འཚོ་གནས་དང་འབྲེལ་བའི་ཁེ་ཕན་ཞིག་རེག་གི་ཡོད་མེད་ལ་ཤུགས་ཆེན་པོ་ལྟོས་ཡོད་པ་རེད། དཔེ་དྲངས་ན། བཙའ་ཡིས་ཟིན་པའི་མེ་མདའ་ཞིག་ལག་ཏུ་བཞག་ནས་གཡུལ་སར་མངག་ཚེ་མི་སུས་ཀྱང་མེ་མདའ་དེ་འཁྱེར་ནས་འགྲོ་ཡི་མ་རེད་ལ། མི་དེས་ཀྱང་སོ་སོའི་ཚེ་སྲོག་སྐྱོབ་ཐུབ་པའི་ལག་ཆ་གཞན་པ་ཞིག་བཙལ་གྱི་རེད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ་་་། རྩོམ་པ་པོ་ཚོ་སྤྱི་ཚོགས་དངོས་དང་ཁ་མ་བྲལ་བར་གཙོ་བོ་ཀློག་པ་བོ་ལ་ཁ་ཕྱོགས་རྒྱུ་དང་། ་་ ཟེར་ན་ག་རེ་ཟེར་བགྱིད་ཡོད་རེད། དྲ་བདག་ལགས།

    Reply
  7. འགྱུར་མེད says:
    ལོ་ 15 སྔོན།

    སྐད་ཡིག་སླར་གསོ་དགོས་ན དང་པོ་རང་གཞུང་ལས་ཁུངས་སོགས་སུ་གང་ཐད་བོད་ཀྱི་སྐད་ཡིག་བདེ་སྤྱོད་ཡོད་པ་ཞིག་དང་ཐ་ན་སྙན་ཞུ་སོགས་གང་ཐད་བོད་ཀྱི་སྐད་ཡིག་ཡོད་པ་ཞིག་དང་ ་་
    གཉིས་ནས་ཕ་མ་དང་དགེ་རྒན་ལ་རེ་སྐུལ་གང་ལེགས་གནང་དགོས་ དེ་ནང་གཙོ་བོར་དགེ་རྒན་སོགས་ལ་བོད་སྐད་དང་བོད་ཡིན་བརྟེན་པོ་ཡོད་པར་དགོས་གལ་སུ་ ཐ་ན་
    ཆུ་ལ༼་བར་ནི་༽ཞེས་རྒྱ་གའི་སྐད་བེད་སྤྱོད་གཏང་མཁན་སོགས་རག་ལས་པར་མཐོང་་ རྟག་ཏུ་མི་ལ་སྐད་ཡིག་ཡར་རྒྱས་གཏང་དགོས་ཟེར་ནས་ རང་ངོ་ནས་ལག་ལེན་མེད་ཡིན་ན་ དེ་ནི་ཕྱོགས་གཅིག་ལས་མ་མཐོང་མི་ཞིག་ལ་ངེས་འཛིན་ནམ་ ་དེ་གང་དུ་འཇོག་གིན་ཡིན་ ཕྲན་རང་ལས་ཤེས་བྱའི་གནས་ལ་མཁས་པ་རྣམས་པ་དང་་ བཙན་བྱོལ་དུ་ཡོད་པའི་རངགི་་མི་རིགས་ལགས་སུ་འབུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese