མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨང་སིན་སུའུ་ཀེ་ཀློད་གྲོལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཕྱི་ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན། འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སིན་སུའུ་ཀེ་བཟང་བཙོན་ལས་ཀློད་གྲོལ་ཐོབ་ཡོད་འདུག སྐབས་དེར་མོ་རང་གི་རྗེས་འབྲང་བ་མི་སེར་སྟོང་ཕྲག་མང་པོ་ཁོང་མོའི་སྡོད་ཁང་གི་མཐའ་འཁོར་དུ་འཛོམས་ཏེ། དགའ་འབོད་ཤུགས་ཆེན་བྱས་ཡོད་འདུག་ལ། སྐབས་དེར་ཨང་སིན་སུའུ་ཀེ་མཆོག་གིས་ཀྱང་། ང་ཚོས་ད་བར་དཀའ་ལས་བརྒྱབ་པའི་དམིགས་འདུན་དེ་འགྲུབ་ཆེད་ཆིག་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་ཡིན་ལ། གནད་དོན་གང་འདྲ་ཞིག་ཡིན་རུང་ཁུ་སིམ་པོ་དང་ཞི་ལྷོད་པོའི་ཐོག་བསྒྲུབ་རྒྱུ་གལ་ཆེན་ཡིན། སྐད་ཆ་བཤད་རྒྱུ་དང་ལས་དོན་བསྒྲུབ་རྒྱུའི་དུས་ཚོད་མ་འདྲ་བའི་གནས་སྐབས་ལ་བལྟ་དགོས་པ་རེད། འོན་ཀྱང་ང་ཚོའི་དམིགས་ཡུལ་དེ་མི་མང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཁོ་ནའི་ཐོག་འགྲུབ་ཐུབ་པ་ཞིག་ཡིན། ཞེས་བརྗོད་འདུག

ཁ་སང་གཟའ་སྤེན་པའི་ཉིན་གུང་ཙམ་ལ་ནམ་རྒྱུན་འབར་མའི་དམག་དཔུང་གིས་ཨང་སིན་སུའུ་ཀེ་ཡི་སྡོད་ཤག་གི་མཐའ་བསྐོར་ཏེ་བཀག་སྡོམ་བྱས་ཡོད་པ་དེ་ཕྱིར་འཐེན་བྱས་ཡོད་འདུག འོན་ཀྱང་འབར་མ་དྲག་པོའི་གཞུང་གིས་ཁོང་མོ་རྦད་དེ་ཀློད་གྲོལ་བཏང་ཡོད་མེད་ཀྱི་གསལ་བསྒྲགས་གང་ཡང་བྱས་མི་འདུག་ལ། ཨང་སིན་སུའུ་ཀེ་ཡི་ཕྱོགས་གཏོགས་དམངས་གཙོ་ཚོགས་པ་སོགས་ནས་ཀྱང་ཁོང་མོ་ཀློད་གྲོལ་ཐོབ་ཡོད་མེད་ཀྱི་ཁུངས་གནས་གསལ་བོ་འདྲ་ད་སྔ་གསལ་བསྒྲགས་བྱས་མི་འདུག

གོང་གི་གནད་ཚུལ་དེའི་ཐད་༧གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཞཱི་མའི་ནང་གསར་འགོད་པ་ཚོར། ཐེངས་འདིར་ལྕམ་ཨང་སིན་སུའུ་ཀེ་ཁོང་ཀློད་གྲོལ་བཏང་ཡོད་ཚེ་འདི་ནི་ཧ་ཅང་གི་དོན་དག་ཡག་པོ་ཞིག་རེད། འོན་ཀྱང་མོ་རང་བཙོན་གྲོལ་ཐོབ་པ་འདི་ཁོང་མོ་སྒེར་གྱི་དོན་དག་ཅིག་མ་རེད། དམངས་གཙོ་དང་རང་དབང་ལ་འཐབ་རྩོད་གནང་མཁན་འབར་མའི་མི་དམངས་ཡོངས་ལ་རང་དབང་ཐོབ་པ་ཞིག་མཚོན་ཐུབ་ཀྱི་ཡོད་པ་མ་ཟད། འབར་མ་གཞུང་ལའང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཆེ་མཐོང་ཡོང་གི་རེད། ཅེས་སོགས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. ལི་སྔོ་བུ་ says:
    ལོ་ 15 སྔོན།

    རྩོམ་པ་པོ་འོད་ཟེར་ལགས་ཡང་ཨང་སིན་སུའུ་ལྟ་བུ་ཞིག་ཡང་བའི་རེ་བ་ཡོད་ལ་ཁོང་ནི་བོད་མི་རིགས་ཀྱི་མིང་དོན་མཚུང་པའི་དཔའ་མོ་ཞིག་ཡིན་པས་ན་གཞོན་ང་ཚོས་དུས་རྟག་ཏུ་སེམས་ཁོང་དུ་ཉར་ཡོད།

    Reply
  2. ལི་སྔོ་བུ་ says:
    ལོ་ 15 སྔོན།

    དངོས་གནས་གནས་ཚུལ་བཟང་པོ་ཞིག་རེད།་་་་་་་་་་་་་་་་་་

    Reply
  3. ནེ་ཤོད་གྲུ་ཁ། says:
    ལོ་ 15 སྔོན།

    འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སིན་སུའུ་ཀེ་བཙོན་ལས་ཀློད་གྲོལ་ཐོབ་པར་དགའ་བསུ་ཞུ། ཟླ་ངོ་ཁ་ཤས་ཞིག་གི་ནང་དུ་ལོ་འདིའི་ནོ་ཝེ་ཞི་བདེའི་གཟེངས་རྟགས་ད་ལྟ་དམར་པོ་གཞུང་གི་བཙོན་འོག་ཏུ་ཡོད་པའི་རྒྱ་རིགས་ལོས་ཞོ་པོ་ལ་ཐོབ་པ་དང་། ལྕམ་ཨང་སིན་སུའི་ཀེ་བཙོན་ལས་ཀློད་གྲོལ་བཏང་བ་སོགས་འགྱུར་བ་འདྲ་མིན་ཞིག་འགྲོ་མུས་སུ་འདུག་པས་གཅིག་བྱས་ན་མི་རིང་བར་དམངས་གཙོ་ཚོགས་པ་དང་རང་དབང་འཐབ་རྩོད་པ་ཡོངས་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་ལ་ཉེ་ཡོད་སྲིད།

    Reply
  4. བློ་བཟང་ཕུན་ཚོགས། says:
    ལོ་ 15 སྔོན།

    ནམ་འོག་འདིའི་དཔའ་མོ་ཞིག་བཙོན་འོག་ལས་ཐར་བ་འདི་ཧ་་ཅང་བཀྲ་ཤིས་པ་ཞིག་མ་ཡིན་ནམ། གོང་གི་༧གོང་ས་མཆོག་གིས་གསུང་བ་བཞིན་ཁོ་མོ་དང་ལས་དབང་གཅིག་པའི་མི་དམངས་ཚང་མ་ལ་བློ་སྤོབས་ཅིག་སྐྱེས་འཇུག་ཡོད་རེད།
    གོང་གི་པར་དེའི་སྟེང་གི་ཁོ་མོ་ལ་བསྐོར་ཡོད་པའི་མི་དམངས་རྣམས་ཀྱིས་དགའ་བསུ་བྱེད་བཞིན་པའི་རྣམ་འགྱུར་ལས་མཐོང་ཐུབ་གི

    Reply
  5. སངས་རྒྱས་རྡོ་རྗེ། says:
    ལོ་ 15 སྔོན།

    འོ་ཡ་ད་འབར་མ་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཟིགས་ནས་ཁོང་ཀློད་གྲོལ་བྱས་པ་ཡིན་ན་ཧ་ཅིང་གི་ཡག་པོ་རེད།
    ཡིན་ནའང་རྒྱ་ནག་གཞུང་དང་འབར་མ་གཉིས་གྱིས་སྲིད་དོན་ལ་ཡིད་ཆེས་ཐོབ་ཡ་དེ་ཧ་ཅིང་གི་དཀའ་མོ་རེད་བསམ་གི།

    Reply
  6. ཤག་སྒང་ཟིན་བྲིས། says:
    ལོ་ 15 སྔོན།

    བཀྲིས་བདེ་ལེགས། མི་རིང་བར་བོད་མིའི་འཐབ་རྩོད་ཀྱི་བདེན་མཐའང་རྣམ་པ་འདི་དང་འདྲ་བས་བཀྲ་ཤིས་པའི་གཏམ་འདི་འདྲ་བ་ཞིག་ཤར་ངེས་ཡིན།

    Reply
  7. སོག་ནག་ཚང་། says:
    ལོ་ 15 སྔོན།

    འབར་མ་དྲག་པོའི་གཞུང་གིས་ལྕམ་ཨང་སན་སུའུ་ཀེ་གློད་གྲོལ་བཏང་པ་ནི་འཛམ་གླིང་ཞི་བདེ་དང་རང་དབང་ལ་དགའ་བའི་མི་དམངས་ཡོངས་ལ་དགའ་འོས་པའི་དོན་བཟང་ཞིག་རེད། དཔེ་མཚོན་འདི་ལ་ལྟོས་ནས་རྒྱ་ནག་དབང་བསྒྱུར་བས་ཀྱང་ད་ལོའི་ནོ་ཝེའི་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ལོས་ཞོ་པོ་བཙོན་གྲོལ་གཏོང་ཐུབ་ན་རྒྱ་ནག་སྲིད་གཞུང་ལ་རྒྱལ་སྤྱིའི་སྟེང་ནས་ལྟ་སྟངས་བཟང་དུ་འགྲོ་རྒྱུ་མ་ཟད། རྒྱལ་སྤྱིའི་སྟེང་ནས་ཡིད་ཆེས་རྙེད་མཁན་ཇེ་མང་དུ་འགྲོ་རྒྱུ་རེད།

    Reply
  8. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་གསུང་དེ་འདྲ་གནང་ཡོད་པ་ཡིན་ན་དེ་ནི་རེ་བ་ཡིན་པའི་དགོངས་འགྲེལ་བྱེད་དགོས་འཁེལ་གྱི་རེད། དེ་མིན་ལྕམ་ཨང་སིན་སུའུ་ཀེ་གློད་གྲོལ་གྱིས་འབར་མའི་དམངས་གཙོ་ལ་གནས་སྐབས་འགྱུར་བ་ཅི་ཡང་འགྲོ་གི་མ་རེད་བསམ་གྱི་འདུག ལྷག་པར་དུ་འབར་མའི་ནང་དུ་དམངས་གཙོ་བཤད་མཁན་ལ་འཛམ་གླིང་ནང་མངོན་གསལ་དོད་པའི་གྲགས་འགུལ་མི་ཆུང་བ་ཡོད་ཀྱང་། འབར་མ་བ་བརྒྱ་ཆ་མི་ཉུང་བ་ཞིག་གིས་དེང་གི་སྲིད་བྱུས་ཐད་རྣམ་འགྱུར་བསྟན་མེད་པར་བཤད་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese